ཨེ་མ་ཧོ།
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དཔལ་བཟང་པོའི་བསྟོད་གསོལ་གཉུག་མའི་རང་སྒྲ་ཞེས་བྱ་བ།།
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་།།
མདོ་སྔགས་བསྟན་པའི་བདག་པོ་ཞི་བ་འཚོ།།
བསྟན་སྲིད་རིག་པའི་རྒྱལ་པོ་ཁྲི་སྲོང་རྗེ།།
ཀུན་འདུས་ཀུན་མཁྱེན་བླ་མ་རྒྱལ་གྱུར་ཅིག །
མགོན་ཁྱེད་ཆོས་རྗེ་བླ་མའི་ཐུགས་སྲས་མཆོག །
ཟབ་རྒྱས་གདམས་པའི་མཛོད་འཛིན་རྒྱལ་བ་དངོས།།
བསྟན་འགྲོར་ཕན་བདེ་སྒྲུབ་པའི་དེད་དཔོན་རྗེ།།
འཇིག་རྟེན་མུན་པ་བསལ་བའི་ཉི་ཟླར་མཚུངས།།
མཁས་བཙུན་བཟང་པོའི་མཚན་ལྡན་དགེ་བའི་བཤེས།།
འཆད་རྩོད་རྩོམ་པའི་ལེགས་བཤད་སྒྲ་བརྒྱའི་དབྱངས།།
ཐོས་བསམ་སྒོམ་པའི་གྲུབ་འབྲས་མཐར་སོན་པའི།།
ཀུན་མཁྱེན་རྒྱལ་བ་གཉིས་པ་ཁྱེད་མིན་སུ།།
ཆོས་བརྒྱད་དྲི་མས་མ་གོས་བླ་མ་རྗེ།།
ཆོས་ཀུན་དེ་ཉིད་གཟིགས་པའི་ཆོས་ཀྱི་རྗེ།།
ཆོས་སྲིད་ལམ་བཟང་སྟོན་པའི་སྐྱབས་གནས་རྗེ།།
རྗེ་བཙུན་རིག་འཛིན་བླ་མ་ཞབས་བརྟན་གསོལ།།
མཚོ་སྐྱེས་རྒྱལ་བ་འཁྲུངས་པའི་དུས་བཟང་དང་།།
ཚོགས་གཉིས་བསགས་པའི་དུས་ཆེན་རྟེན་འབྲེལ་ལ།།
སྐུ་ཉིད་མཚན་དཔེ་བཞད་པའི་བསྐལ་བཟང་འདི།།
སྐྱེ་དགུ་བསོད་ནམས་སྨིན་པའི་དགེ་ལེགས་ཕུལ།།
འཛམ་གླིང་གོ་ལ་ཟླུམ་པའི་ཡོངས་སྟེང་རུ།།
ཆོས་བཞིན་སྤྱོད་པའི་རྒྱལ་བ་གཉིས་པ་ཁྱེད།།
གསང་གསུམ་བསྟན་པའི་རྒྱན་དུ་ཡོངས་ཤར་བ།།
མཇལ་བའི་སྐལ་བཟང་ངེད་ཅག་བསོད་ནམས་ཆེ།།
ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་ཆེ།།
བློ་གྲོས་མཚུངས་མེད་རྗེ་བཙུན་འཇམ་དཔལ་དབྱངས།།
མཁས་གྲུབ་རིག་འཛིན་རྒྱལ་པོ་ཀུན་ཏུ་བཟང་།།
ཀུན་མཁྱེན་བླ་མའི་བཞེད་དོན་ལྷུན་གྲུབ་ཤོག །
སྐུ་མཆོག་གཡོ་མེད་རྟག་བརྟན་རྡོ་རྗེའི་སྐུ།།
གསུང་དབྱངས་འགགས་མེད་ཚངས་དབྱངས་དྲུག་ཅུའི་གསུང་།།
ཐུགས་རྗེ་དྲི་མེད་སྤངས་རྟོགས་ཡེ་ཤེས་དཔལ།།
ཕྲིན་ལས་ཟླ་མེད་འཁོར་འདས་རྒྱན་ཏུ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་ཉིན་སྤྲུལ་སྐུ་པདྨ་དབང་ཆེན་རིགས་པའི་རྒྱལ་པོའི་གསུང་བསྐུལ་བཞིན་དུ་གང་དྲན་བཅོས་བསྒྱུར་མེད་པར་མགོན་པོ་གང་གི་སློབ་བུ་ཐ་ཤལ་བ་ཤྲྰི་སྨྱོན་པས་ཝ་ཡེལ་ཚན་རིག་དུས་སྟོན་ཚོགས་གྲལ་ནས་གསོལ་བ་འདེབས་པར་ཁ་པར་ནང་ནས་མགྱོགས་བྲིས་བགྱིས་པར་དགེའོ།།
(1)སྟོན་པ་ཐུགས་རྗེ་ཅན་གྱི་ཡན་ཆད་ཀྱི་ཆོས་ཁྲིམས་བཅོས་ནས་གསེར་རྟ་མི་མང་སྡུག་ལ་སྦྱོར་མཁན་གྱི་མཁས་པ་ཆེན་པོ།།
(2)བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྔར་བྱུང་མ་མྱོང་བའི་ནང་ཆོས་ཀྱི་གཡམ་རྒྱུགས་པ་ཆེན་པོ།།
(3)སྐྱེ་བ་སྔ་ཕྱིའི་བརྟགས་ཐབས་རྒན་མོ་མགོ་རྡོ་མ་ཕུགས་སུ་བཟུང་ནས་མ་ཡིན་ཡིན་མདོག་གི་རྫུན་ཚིག་བསྒྲིགས་པའི་ཚན་རིག་པ་ཆེན་པོ།།
(4)བོད་ཀྱི་མཛངས་བློན་རྣམ་པས་བོད་མིའི་འཚོ་རྟེན་དུ་རི་ནས་མར་ཕབས་པའི་གནག་ཕྱུགས་རྣམས་བཙན་གྱིས་རི་རྒྱག་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ།།
(5)འགྲོ་བ་མིའི་རང་དབང་གི་བཟའ་བཏུང་ཙམ་ཡང་ལོངས་སུ་སྤྱོད་དབང་མེད་པར་རང་ཉིད་ཀྱི་ཕྱོགས་མཐུན་མཐོ་དགའ་དམན་འདང་ཆེ་བའི་གླེན་པ་ཁྱི་འདྲ་བ་དག་དང་ལྷན་ཅིག་ཏུ་བཙན་ཚོད་སྣ་ཚོགས་བྱེད་པའི་སྒེར་གཅོད་པ་ཆེན་པོ།།
(6)ནང་ཆོས་ཀྱི་གཞུང་གང་ནའང་ཟུར་ཙམ་ཡང་མེད་བཞིན་དུ་བཙན་གྱིས་ཆོས་ཁྲིམས་འཇོག་པ་དང་དེ་དང་འགལ་ན་ཆོས་སྒོ་རྒྱག་པའི་སྒེར་གཅོད་པ་ཆེན་པོ།།
(7)ཕྱི་སྣ་ནང་ཁྲིད་དང་ཆར་སྣ་རླུང་ཁྲིད་ཀྱི་སྒོ་ནས་རང་གི་སྦྱིན་བདག་དགྱ་མི་རྣམས་ཀྱིས་བོད་ས་གནད་ཆེན་ལྷ་ས་ལྟ་བུ་ནས་བཟོ་གྲྭ་གང་འདོད་བཙུགས་དུས་དེར་ཅུང་ཟད་ཙམ་མི་འདོད་པ་བྱེད་མཁན་བོད་ཀྱི་ན་གཞོན་རྣམས་ལ་{ང་ཚོ་ཀྲུང་དབྱང་ནས་ཐུག་}ཟེར་ནས་འཇིགས་སྐུལ་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ།།
(8)[བོད་ཀྱི་འཚོ་བའི་ཐོན་ཁུངས་ཉག་གཅིག་ནི་འབྲོག་ལས་]རེད་ཅེས་ཕྱི་རྒྱལ་མཁས་པས་སྡོམ་ཚིག་བཞག་པ་ཡིན་ན་འབྲོག་པ་རྩ་མེད་དུ་བཏང་ནས་གྲོང་རྡལ་ནས་མི་རིགས་གཞན་ལ་ལག་པ་འཛེད་དུ་འཇུག་པར་སྲིད་གཞུང་ལས་ཀྱང་ནུས་པ་ཆེན་པོ་འདོན་བཞིན་པ་ཕྱི་ནང་གང་ཡིན་མི་ཤེས་པའི་མཁས་པ་ཆེན་པོ།།
(9)སྟོན་པས་བདུད་ཀྱི་མཚོན་ཆ་བྱམས་པའི་མེ་ཏོག་ཏུ་བསྒྱུར་བར་ལད་མོའི་ཚུལ་དུ་བོད་ལ་མཚོན་ཆ་ཁབ་ཙམ་ཡོད་ནའང་མིག་ལ་མི་རན་པར་དགྱ་གཞུང་གི་གསུང་ཇི་བཞིན་མེར་སྲེག་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ།།
(10)མདོར་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གནོད་པ།བོད་བརྒྱུད་ནང་བསྟན་གྱི་མིག་ལྟོས་ལ་གནོད་པ།བོད་མི་རིགས་ཀྱི་འཚོ་རྟེན་ལ་གནོད་པ།གནོད་པ་མང་བའི་བྱ་བ་འདི་དག་ད་ནས་མཚམས་འཇོག་མ་བྱས་ན།ཚུལ་བློ་འཁོར་དང་བཅས་པ། མི་རིགས་ཀྱིས་ཀུ་ཡང་ལ་མི་གཏོང་།ཆོས་ལུགས་ཀྱིས་ཀུ་ཡང་ལ་མི་གཏོང་།ལོ་རྒྱུས་ཀྱིས་ཀུ་ཡང་ལ་གཏོང་མི་སྲིད་དོ།།
ཞེས་མི་རིགས་འདིའི་སྤྲང་བོ་རྣམས་ཀྱི་བདེན་དོན་གྱི་ཆེད་དུ་རང་གི་ཡོད་ཚད་དོར་བའི་
སད་རྟོགས་པ་ཏོག:ཚ་མདའ་སྨྱུག་གིས
ཚུལ་བློའི་འཁྲུངས་སྐར་ལ།
ལྔ་རིག་མཁས་པའི་དབང་ཕྱུག་ཆེན་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་།
ཉིད་ཀྱི་སྐུ་ཚེ་གང་བོར་མཁས་བཙུན་ལྡན་པའི་སློབ་བུ་ཁྲི་ཕྲག་མང་པོར་འཆད་ཁྲིད་ཀྱིས་རྒྱུན་བསྲིང་བ་དང་རོང་འབྲོག་མང་ཚོགས་གང་སར་སྡིག་རྒྱུན་བཅད་ནས་རྣམ་དག་དགེ་བའི་སྐུལ་མ་ཕྱོགས་སོ་སོར་གནང་།
བོད་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་མང་པོར་རིག་པའི་གནས་གང་མང་སློབ་ཁྲིད་མཛད།
སྔར་མེད་གསར་དར་གྱི་ཐ་སྙད་ཡོད་ཚད་མིང་དུ་གདག་ནས་གཏན་ཁེལ་དང་དེ་མཚུངས་ཀྱི་ཚིག་མཛོད་ཀྱང་བསྐྲུན།
མདོར་ན་ཉིད་ཀྱི་མཛད་པ་རླབས་ཆེན་དག་ལ་དགའ་མགུ་གུས་གསུམ་གྱི་ལམ་ནས་ཉིད་ཀྱི་སྐྱེ་སྐར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མཛད་འཕྲིན་དང་སྐུ་ཚེ་ནུབ་པ་མེད་པའི་སྨོན་ལམ་ཡང་ཡང་འདེབས། དྲ་འབུ་ཁ་ཤས་ཞིག་གིས་མཁན་ཆེན་ལ་ཟུར་ཟ་དང་ཕྲག་དོག་བྱས་ན་རང་གིས་རང་ལ་དཀའ་ངལ་མ་ཏོག་སྤུ་རྩེ་ཙམ་ཡང་ཐུབ་་ནི་མ་རེད་།མཁན་ཆེན་མཆོག་ཉིན་རེ་ནས་ཉིན་རེ་མཚན་སྙན་ཇེ་ཆེ་རེད་ལོ་།དྲ་འབུ་མགོ་ནག་
དགྱེས་རྡོར་བཀའ་དྲིན་ཆེ་ཡག་པོ་གསུངས་འདུག ཀུན་མཁྱེན་བླ་མའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། དྲ་འབི་ཚོས་ཅི་ཟེར་ནཟེར། རྒྱལ་བ་རིན་པོ་ཆེས་འཁྲུངས་སྐར་བསུས་འདུག ༄༅། །ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན།།
ཨོཾ་སྭྰ་སྟི། །
སྨྲ་བའི་ཉི་མ་འདྲེན་མཆོག་ཟས་གཙང་སྲས། །
གངས་རིའི་གཉེན་གཅིག་འཕགས་མཆོག་ཞི་ཁྲོའི་ཚོགས། །
མཁན་སློབ་ཆོས་རྒྱལ་བརྒྱུད་པར་ཅས་པ་ཡིས། །
དགེ་ལེགས་བྱེ་བའི་དངོས་གྲུབ་དེང་འདིར་སྩོལ། །
རབ་རྒྱས་པད་དཀར་ཟླ་བའི་གདན་གྱི་སྟེང་། །
བརྒྱད་གཉིས་ཡིད་འོང་ལང་ཚོའི་དཔལ་འཛིན་པའི། །
ཏཱྃ་ཡིག་ལས་བྱུང་རྒྱལ་ཡུམ་ཏ་རེ་མས། །
འཆི་མེད་གྲུབ་པའི་བྱིན་བརྒྱ་དེང་འདིར་ཕོབས། །
རླབས་ཆེན་ཐུགས་བསྐྱེད་གྲངས་མེད་སྨོན་ལམ་མཐུ། །
དུས་སུ་སྨིན་པས་གངས་ཅན་བསྟན་འགྲོའི་སྲོག །
འཛིན་པའི་ཆོས་རྗེ་འཇིག༵ས་མེད༵་ཕུན༵་ཚོག༵ས་ཞབས། །
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་བསྙིལ། །
མ་སྨད་ཚུ༵ལ་ཁྲིམ༵ས་དག་པའི་དབྱིག་གི་ནོར། །
ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ། །
རྒྱ་ཆེན་བློ་གྲོས་མཚུངས་པ་མེད་པའི་སྡེ། །
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །
ཡོངས་རྫོགས་གངས་ཅན་རྒྱལ་བསྟན་ས་ཆེན་པོ། །
དུས་ཀྱི་མུན་པའི་ཀློང་དུ་བྱིང་བ་ན། །
མཛད་པའི་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས། །
བསྟན་པའི་སྲོག་མཐུད་མཛད་པ་རྨད་དུ་བྱུང་། །
ཐོས་བསམ་སྒོམ་པས་ངེས་དོན་ལེགས་རྙེད་ནས། །
རིས་སུ་མ་མཆིས་རྒྱལ་བའི་བསྟན་པ་མཆོག །
འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་མཛད་པའི། །
གཤེས་གཉེན་མཆོག་ཁྱེད་ཞབས་པད་བརྟན་པར་མཛོད། །
སྲས་བཅས་རྒྱལ་བ་རྒྱ་མཚོས་བྱིན་རླབས་དང་། །
ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །
མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་བདེན་པའི་མཐུས། །
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག །
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས།
ཞེས་པ་འདི་ཡང་རྫོགས་ཆེན་པ་པདྨས་དྲ་ཐོག་ནས་བཤུས་སོ། །
ཚ་བ་མདའ་སྨྱུག་ལྟ་བུའི་མཁས་པ་རྣམ་དཔྱོད་ཅན་ཞིག་གིས་མཁས་པའི་དབང་པོ་ཞིག་ལ་ངན་སྨོད་འདི་ལྟར་བྱེད་མི་སྲིད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། འདི་ནི་ཕྱོགས་རིས་དང་ཕྲག་དོག་གི་དུག་ཆུས་མྱོས་པའི་མི་ངན་ཁྱི་ལྟ་བུ་ཞིག་གི་ཀླག་བཅོལ་ཡིན་པ་ལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་འདུག
དངོས་གནས་མཆན་དང་པོ་དེ་སད་རྟོགས་པ་ཏོག:ཚ་མདའ་སྨྱུག་གིས་རེད་དམ། གོ་ཡ་འདུག
“འདི་དག་གཙོ་བོ་མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཞུས་པ་ཡིན། མཁས་དབང་ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་ང་རང་དགའ་ཞིང་གུས་པ་ལ་ནི་ཚོད་གཅིག་མེད་མོད། ངན་མཚང་ཡོད་རྒུ་ཤི་སྦས་རོ་སྦས་གནང་བའི་ཁོང་གི་རིགས་ཞེན་ཆོས་ཞེན་དེ་ལ་ང་དེ་ཙམ་མི་དགའ་ཞིང་། ངས་བོས་པའི་གཏམ་ལ་ཡ་ལན་ཞིག་ཡོང་བའི་རེ་བའང་ཁོང་གཅིག་པུ་ལ་ཆེ་བས་ཡིན། དེ་འོག་ཨ་མདོའི་དུ་ཨ་ལགས་དོར་ཞི་ཞུ་བའི་སྐྱ་བོ་ཆོས་སྨྲ་ཞིག་འདུག་པ་དེ་ལའང་སྤྲིངས་པ་ཡིན། ཁོང་ནི་བོད་སྔ་ཕྱི་གཉིས་ཀྱི་བར་ན་ཡང་ཆགས་སྡང་མེ་ལྟར་འབར་བའི་ཕྱོགས་རིས་ཅན་ཞིག་ཡིན་པས། གདོན་འདྲེ་མི་ཡུལ་དུ་སླེབ་པ་ལྟ་བུའི་ཁོ་བོ་གཟིགས་པ་ཡིན་ན་འཕག་འཚག་སྟོབས་ཅན་ཞིག་བརྒྱབ་རྒྱུ་ལོས་ཡོད་འདོད་པ་ཡིན། དེ་མིན་ལྡོང་ཡོན་ཏན་དང་ཀླུ་ཚང་རྒྱ་གྲོལ་སོགས་ལ་ཡང་གོ་ཙམ་བྱེད་དགོས་”་་་་ཚ་བ་མདའ་སྨྱུག་་་་
ལོག་རྟོགས་ཚ་བ་མདའ་སྨྱུག་ནི་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་གར་གྲུབ་ཆེན་བརྒྱད་ཅུ་ལ་དགག་པ་རྒྱག་མཁན་ཞིག་ཡིན་ཏེ་་་་་་གོང་གི་་་་་་མཁས་དབང་ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་ང་རང་དགའ་ཞིང་གུས་པ་ལ་ནི་ཚོད་གཅིག་མེད་མོད།་་་
ཏོག་ཚ་མདའ་སྨྱུག་་་་་་་་ཏོག་ཚའི་རིགས་་་་་་་་་
༼༡༽སྟོན་པ་ཐུགས་རྗེ་ཅན་གྱི་ཡན་ཆད་ཀྱི་ཆོས་ཁྲིམས་བསྐྱར་གསོ་གནང་སྟེ་གསེར་རྟ་མི་མང་གཙོར་བྱས་པའི་ཡུལ་སྡེ་རྣམས་ནང་དམེ་འཁྲུགས་རྩོད་ཀྱི་སྲོལ་ངན་ཞི་བདེའི་ལམ་དུ་བསྒྱུར་བའི་དོ ན་དམ་ཀྱི་སློབ་གསོ་བ་ཆེན་པོ།
༼༢༽བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྔར་བྱུང་མ་མྱོང་བའི་གཅན་གཟན་ཤུན་ལྤགས་ཀྱི་རྒྱན་གོས་གྱོན་མི་རུང་ཚུལ་གྱི་བསྟན་བཅོས་ཐོག་མར་རྩོམ་མཁན་གྱི་མཁས་པ་ཆེན་པོ།
༼༣༽སྐྱེ་བ་སྔ་ཕྱིའི་རྣམ་བཞག་དང་གནའ་དེང་རིག་པའི་རྣམ་གཞག་སོགས་ཚན་རིག་དང་ནང་རིག་གི་རིགས་པའི་གསང་གནད་ཚང་བའི་བསྟན་བཅོས་རྩོམ་མཁན་གྱི་ཚན་རིག་པ་ཆེན་པོ།།
༼༤༽བོད་ཀྱི་མཛངས་བློན་རྣམ་པས་བོད་མིའི་འཚོ་རྟེན་དུ་རི་ནས་མར་ཕབས་པའི་གནག་ཕྱུགས་རྣམས་འཚོ་སྐྱོང་སོགས་འབྲོག་པའི་ཕྱུག་ལས་སྤྱི་ལ་དུས་ནམ་ཡང་ངོ་རྒོལ་མཛད་མྱོང་མེད་ཀྱང་། བཤས་ཉོ་བཤས་ཚོང་བྱེད་མཁན་སྒེར་པ་འགའ་ལ་ཉོ་ཚོང་དེ་ཁོ་ནས་དཔལ་འབྱོར་ཡར་རྒྱས་ཀྱི་ལམ་བུར་སྐྱོད་མི་ཐུབ་པའི་སློབ་གསོ་གནང་མཁན་གྱི་དཔལ་འབྱོར་སློབ་གསོ་བ་ཆེན་པོ།
༼༥༽འགྲོ་བ་མིའི་རང་དབང་དང་ཞི་བདེའི་རྩ་བ་མཐུན་སྒྲིལ་ཡིན་པར་དགོངས་ཏེ་བོད་ཡུལ་ཕྱོགས་མཚམས་ཀུན་ཏུ་འཚེ་མེད་དཔའ་བོའི་འཐུས་ཚོགས་བཙུགས་ཏེ་ད་སྐབས་བོད་རིགས་ས་ཡ་གཅིག་ལྷག་གིས་བོད་པ་ནང་ཁུལ་ལ་ནང་དམེ་འཁྲུག་རྩོད་མི་བྱེད་པ་ཁས་ལེན་དམ་བཅའ་བྱེད་མཁན་བྱུང་བའི་ངོ་མཚར་མཛད་རྗེས་སུས་ཀྱང་འགྲན་དུ་མེད་པའི་དོན་དམ་གྱི་བཤེས་གཉེན་ཆེན་པོ།
༼༦༽ནང་ཆོས་ཀྱི་གཞུང་གང་ནའང་ཉིང་ཁུ་བསླབ་བྱ་ནི་སེམས་ཅན་འཚེ་བ་སྤངས་པ་དང་སྲོག་གི་འཇིགས་སྐྱོབ་དགོས་པ་བསྟན་དོན་བཞིན་མགོན་མེད་སེམས་ཅན་དུང་ཕྱུར་གྲངས་མེད་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་ནས་ཐར་བའི་ས་བོན་བསྐྲུན་པའི་སེམས་དཔའ་ཆེན་པོ།
༼༧༽ཕྱི་སྣ་ནང་ཁྲིད་དང་ཆར་སྣ་རླུང་ཁྲིད་ཀྱི་སྒོ་ནས་དགྱ་མི་རྣམས་ཀྱིས་བོད་ས་གནད་ཆེན་ཁག་ཏུ་བཟོ་གྲྭ་གང་འདོད་བཙུགས་པ་དང་ཁེ་ལས་གཉེར་བ་བྱས་པ་ལ་བོད་ཀྱི་ན་གཞོན་རྣམས་ཀྱིས་དེ་ལ་ལྟད་མོ་བལྟ་ནས་མི་སྡོད་པ་བོད་ཀྱི་ས་ཐོག་ནས་བོད་རིགས་རྣམས་ཀྱིས་ཁེ་ལས་གཉེར་དགོས་པའི་བསླབ་བྱ་དང་སློབ་གསོ་ཡིག་ངག་གཉིས་ཀྱི་སྒོ་ནས་གང་སར་ངུ་འབོད་གནང་བའི་རིགས་ཞེན་པ་ཆེན་པོ།
(8)[བོད་ཀྱི་འཚོ་བའི་ཐོན་ཁུངས་ཉག་གཅིག་འབྲོག་ལས་གཅིག་པུས་འཛམ་གླིང་མི་གྲལ་དུ་མི་ཚུད་པ་དང་སྔོན་ཐོན་དཔལ་འབྱོར་གྱི་རྗེས་ནམ་ཡང་མི་ཟིན་པར་དགོངས་ཏེ་རོང་འབྲོག་གི་བྱིས་པ་གྲངས་མེད་ཅིག་ཤེས་རིགས་ཀྱི་གནས་སུ་བསྐྱལ་བ་དང་། ཤེས་རིག་གི་ཐོབ་སྐལ་ཆད་པའི་བྱིས་པ་རྣམས་སློབ་གྲྭར་བསྐྱལ་དགོས་པའི་སློབ་གསོ་ཤུགས་ཆེན་གནང་བའི་བོད་ཀྱི་འདྲེན་པ་ཆེན་པོ།།
(9)སྟོན་པས་བདུད་ཀྱི་མཚོན་ཆ་བྱམས་པའི་མེ་ཏོག་ཏུ་བསྒྱུར་བར་ལད་མོའི་ཚུལ་དུ་ཕྲག་དོག་གིས་ངན་སྨྲས་ཅན་སུ་ལ་ཡང་ཨ་ལན་དུས་ནམ་ཡང་མཛད་མྱོང་མེད་ཅིང་སེམས་ཅན་གཞན་གྱི་བདེ་སྐྱིད་ཀྱི་ཆེད་དུ་རང་ཉིད་ཤི་ཡང་འགྱོད་པ་མེད་ཚུལ་གྱི་བཀའ་སློབ་རྒྱུན་དུ་གནང་མཁན་གྱི་དཔའ་བོ་ཆེན་པོ།།
(10)མདོར་ན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕྲིན་ལས་ཀྱི་ཁ་ལོ་བ། ཆོས་སྲིད་ལུགས་གཉིས་ཀྱི་རྩ་བ་འཆི་ལ་ཉེ་བའི་གངས་ཅན་པའི་སྐད་ཡིག་ལ་སྲོག་གི་ལྷག་མ་སྦྱིན་པའི་ལོ་ཙྭ་བ་ཆེན་པོ། ལུང་རིག་ཀྱི་གཤོགས་ཟུང་མངའ་བའི་སློབ་བུ་ས་ཡིའི་རྡུལ་དང་མཉམ་པ་བསྐྱེད་བསྲིང་གནང་མཁན་གྱི་དགེ་རྒན་ཆེན་མོ། རི་བོ་གངས་ཅན་པ་རྨོང་པའི་གཉིད་ལས་བསླང་བའི་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། མིང་གི་གཡོ་ཟོལ་མེད་པ་གྲགས་སྙན་འཛམ་གླིང་དུ་ཁྱབ་པའི་མཁས་དབང་དམ་པ། ཆབ་སྲིད་ཀྱི་དམིགས་ཡུལ་མེད་པ་ངེས་དོན་གྱི་རིས་མེད་དམ་པ། ཁ་བཤད་ལས་བརྒལ་བའི་དོན་དམ་པ་ཉིན་མཚན་དབྱེར་མེད་བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་བའི་གཞིས་ལུས་ཁྲོད་ཀྱི་རྒྱལ་སྲས་ཆེན་པོ།
སད་རྟོགས་པ་ཏོག་གི་གཏམ་ལན་དུ་ཤིང་རྟས་མཛད་རྗེས་ཟུར་ཙམ་སྒྲིག་སྦྱོར་བྱས།
སྟོན་པའི་ཆོས་ལེགས་པར་ཤེས་ནས། རང་གིས་ཉམས་ལེན་གང་ལེགས་ཐོག བསླབ་པ་གསུམ་ཡ་མ་བྲལ་བར་རྒྱུད་ལ་བཞུགས་ཤིང་། གཞན་ལ་འདོམ་མཁན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བ་གོང་ས་མཆོག་དང་མཁན་ཚུལ་ཁྲིམས་བློ་གྲོས་ལྟ་བུ་ནི། གངས་ལྗོངས་ནང་བསྟན་གྱི་མིག་ལྟ་བུ་ཡིན་པས། བཀུར་བར་འོས་སོ།
དེ་མིན་དེང་གི་དུས་ལ། བླ་མ་ཟོག་པོ། བསྟན་པའི་ལུང་རྟོགས་ཀྱི་ཡོན་ཏན་མེད་པར། ཕྱི་གསེར་དངུལ་གྱི་ལྕགས་ཤོག་ནང་ལ་རུལ་འགྲོ་མཁན་གྱི་བླ་མ་ཟོག་པོ་མི་ཉུང་བ་འཐོན་བཞིན་པ་དེ་དག་ལ། ཁ་གཏད་ཡག་ཤོས་ནི། བསླབ་པ་གསུམ་དང་ལྡན་ཞིང་། མཁྱེན་བརྩེ་ནུས་པ་ཕྱོགས་བཞིར་འཕྲོ་བར་མཛད་མཁན་མཁན་པོ་ཁོང་ལྟ་བུ་ལ་རྒྱབ་སྐྱོར་མཛད་ན། ཞར་ལ་ཟོག་པོ་དེ་ཚོ་ནུབ་བཏུབ་སྙམས།
ཨེ་མ་ཧོ་སྙིགས་དུས་འདི་འདྲ་ལ་ཚུལ་ཁྲིམས་བློ་གྲོས་ལ་ཀུན་མཁྱེན་བླ་མ་ཞེས་མཚན་གསོལ་བ་ངོ་མ་ཡ་མཚན་རེད།
བླ་སྐུ་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་མི་རྣམས་འཆི་ལམ་དུ་འདེབས་བྱེད་རེད།
ཤིང་རྟ་མཆོག་གིས་དོན་ལན་ཞིག་གསུངས་པར་ཡི་རང་ཡོད། ཚ་སྨྱུག་གིས་རྩོམ་དངོས་ཅི་མ་རེད། ཚ་སྨྱུག་གཞོང་སྨྱོན་གྱིས་རང་ཤི་བརྒྱབས་ནས་ལོ་ལྔ་འགྲོ་ཚར་བ་རེད། དེ་རིང་འདི་ན་ཐོན་མི་སྲིད་པ་དང་འཁྲུངས་བསྐར་སྐོར་བྲིས་པ་འཆལ་རྩོམ་ཀུན་ཏུ་མ་གསལ་བས་དྲ་འབི་སེང་སྟག་ཡིན་པ་འདྲ། མདོར་ན་མ་ཉེས་ཁ་གཡོགས་རྐྱང་པ་རེད་འདུག ཤི་བོ་ཚ་སྨྱུག་སྙིང་རྗེ། བདེ་སྨོན་རེ་འདེབས་པ་ལས་ཤི་བླ་རྡུང་བ་མང་དྲག་སོང་།
དྲ་འབུ་འདི་ཚོ་ངོ་མ་ཁོང་ཁྲོ་གིས་ཤི་ཐག་ཆོད་རེད་།མཁན་ཆེན་མཆོག་ཉིན་རེ་ནས་ཉིན་རེ་མཚན་སྙན་ཇེ་ཆེ་རེད།ད་གང་ཡང་བྱ་ཐབ་ཡོད་མ་རེད་།
དྲ་གྲོག་ཤིང་རྟའི་གསུངས་པ་ལ་་ཡིད་རང་ཞུ་།དྲ་འབུ་ཁ་གིས་མིང་རྫུན་ཀྱིས་འོག་ནས་ཆོས་ལུགས་ཕན་ཚུལ་ལ་སྤྲུག་ཤིང་རྒྱག་།ས་ཐོག་གིས་སེམས་པ་ཆེན་པོ་མཁན་ཆེན་འདི་ལྟར་བུ་ལ་སྐུ་འདེབ་བྱེད་།དྲ་འབུ་ཁྱོད་རང་གིས་དམར་མདོག་ཞིག་གྱོན་ནས་བྱ་སྤྱོད་འདི་ངོ་མ་ངོ་ཚར་དགོས་པ་ཞིག་རེད་།དེ་ལས་ཉམས་ལེན་ཐུབ་ན་ཡག་པོ་ཡོད་རེད་།རྫོང་ས་མཁྱེན་བརྩེ་རིན་པོ་ཆེའི་གསུང་ལ་ང་ཚོའི་ས་སྐྱ་དགེ་ལུགས་ཀྱིས་བརྩོད་པ་མ་ཏོག་ཡོད་མ་རེད་།བཀའ་རྒྱུད་དང་རྙིང་མའི་ཆོས་ཕྱག་ཆེན་དང་རྫོགས་ཆེན་ང་ཚོའི་ངོ་མ་ཉམས་སུ་བླང་དགོས་ཡ་རེད་།དེ་དག་་དཔེ་ལྟོས་གསུང་འདུག་ཨ་།
སྒོ་ཕྱུགས་བཤས་ཚོང་མ་བརྒྱབས་ན་འབྲོག་པ་འཚོ་ཐབས་མེད་པར་འདོད་མཁན་དག་ལ། ཁོང་གི་བཀའ་སློབ“དུས་ཐོག་ཆར་པ་”ལས་“དྲང་བདེན་གྱི་འཚོ་ཐབས་”ཁོལ་དུ་ཕྱུང་སྟེ་འདིར་སྤེལ་བ་ལགས་ན། ཕྲག་དོག་གདོན་གྱིས་ཡིད་མ་དཀྲུགས་པའི་སྤུན་ཟླ་ཡོངས་ཀྱིས་བཟན་ངན་བདེན་རྫུན་ཤན་འབྱེད་ཀྱི་གསོས་སུ་འགྱུར་བའི་རེ་སྨོན་དོན་དང་ལྡན་པར་མཛད་དུ་གསོལ།
ང་ཚོས་མི་མང་ལ་བཤས་ཚོང་མ་རྒྱག་ཅེས་བཤད་པར་རྒྱུ་མཚན་ཡོད། དེ་ཡང་ངས་བསམ་ན། ང་ཚོ་དཔལ་འབྱོར་ཡར་རྒྱས་མེད་པ་དང་དཔལ་འབྱོར་མཐའ་བརྡིབས་ནས་བྱ་ཐབས་མེད་པ་ཆགས་སྤྱད་ཀྱི་འགག་རྩ་ངོ་མ་དེ་བཤས་ཚོང་ལ་མགོ་འཁོར་བཅུག་ནས་རིག་གནས་ལག་རྩལ་སོགས་འཚོ་ཐབས་གཞན་སློབ་པར་སྐུལ་འདེད་མ་བྱས་ཤིང་དེའི་ཕྱོགས་ལ་བསམ་བློ་གཏོང་མ་བཅུག་པས་རེད། ལས་ཀ་ལས་སྟངས་འདིར་ང་ཚོས་དོགས་པ་སློང་དགོས་ཤིང་། དཔལ་འབྱོར་ཡར་རྒྱས་མི་འགྲོ་བའི་རྩ་བའི་གནད་འགག་གཅིག་འདི་ལ་ཐུག་ཡོད་པ་དེ་ཚང་མས་ཧ་གོ་དགོས། དེ་ངའི་བསམ་བློ་དང་ལྟ་གྲུབ་ཡིན། གལ་ཏེ་གཞན་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་ན་དེ་རེད། མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་མེད།
དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་ལས་ཅི་ཡང་མ་ཤེས། བུའི་རིང་ལ་ཡང་དེ་ལས་མ་ཤེས། བུའི་བུའི་རིང་ལ་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་ཡིན་ན་སྒོ་རྩ་ན་བཤས་ཚོང་གི་མ་རྩ་ཅི་ཙམ་འདུག འབྲོག་པ་ཧ་ཅང་ཕྱུག་པོའི་གྲས་ཤིག་ཡིན་ན་ཡང་ཟོག་གནག་སུམ་བརྒྱ་ཡར་མར་རེ་ལས་ཨེ་ཡོད་མི་ཤེས། ཟོག་གནག་སུམ་རྒྱ་ཟེར་ན་དོས་སྐྱེལ་རླངས་འཁོར་བཅུ་ཐམས་པ་རེད། དེ་ཡང་ཟོང་འཁོར་ཆེ་གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།
ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་བཙོངས་ཟིན་པའམ། དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་རླངས་འཁོར་ལྔ་དང་། ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད། ཉག་རོང་ལུང་པའི་ནང་གི་ཤིང་ནགས་གཅིག་པུ་ལ་བསམ་བློ་བཏང་ན་ཡང་ཅི་འདྲའི་གཞི་རྒྱ་ཆེན་པོ་ཡོད་པ་རེད་དེ། རྒྱལ་ཁབ་ཀྱིས་ཡུན་རིང་པོར་བཅད་ནས་མཐར་འབྲི་ཆུའི་སྨད་རྒྱུད་ལ་ཆུ་ལོག་རྒྱུག་ཏེ་མི་རྣམས་རྩ་བ་ནས་འདུག་མ་བཅུག་པའི་དབང་གིས་ད་ལྟ་སྒེར་གྱི་ཁང་ཤིང་ཙམ་ཡང་གཅོད་མི་ཆོག་པ་བཟོས་ཡོད་པ་ཡང་ཤིང་ནགས་ཟད་སོང་བའི་དབང་གིས་རེད། ཤིང་ནགས་ཀྱང་དེ་ལྟར་ཟད་འགྲོ་བ་ཡིན་ན་འབྲོག་པའི་སྒོ་རྩ་ན་ཡོད་པའི་ཕྱུགས་ཟོག་ཉུང་ཉུང་དེ་དག་དེ་བས་ཀྱང་ད་ལྟ་ད་ལྟ་ཟད་འགྲོ་གི་རེད། འོན་ཀྱང་ང་ཚོ་འཕེལ་རྒྱས་དགོས་སམ་མི་དགོས་ཟེར་ན། ང་ཚོ་བནྡེ་དག་གིས་ཀྱང་བོད་ཀྱི་ཁྱིམ་ཚང་དག་ལ་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ཟེར་བ་ལས་མི་དགོས་ཟེར་རྒྱུ་མེད། འོན་ཀྱང་ཡར་རྒྱས་གཏོང་སྟངས་དེ་བཤས་ཚོང་གི་འཚོ་ཐབས་མིན་པ་གསལ་པོ་བྱེད་དགོས།
དེང་སང་འཛམ་གླེང་གིས་རྒྱུན་སྲིང་གི་འཕེལ་རྒྱས་ཟེར་བ་ཞིག་བཤད་ཀྱིན་ཡོད་ཅིང་། དེ་ཚོ་ཚང་མས་ཡང་ནས་ཡང་དུ་ཡུན་རིང་པོའི་བར་དུ་རྒྱུན་བསྲིངས་ནས་འཕེལ་རྒྱས་འགྲོ་ཐུབ་པ་དེ་འདྲ་ཞིག་ལ་བསམ་བློ་གཏོང་གིན་ཡོད་པ་རེད། འོན་ཀྱང་བཤས་ཚོང་འདི་རིགས་ལ་རྒྱུན་བསྲིང་མི་ཐུབ་པའི་འཕེལ་རྒྱས་ཟེར་བ་རེད། དེས་ན་ད་ནས་རབ་ན་རིག་གནས་སྦྱོང་། དེ་མིན་ན་ལོ་བཞི་བཅུ་མན་ཆད་ཀྱིས་ལག་རྩལ་སྦྱོང་། དེ་ཡང་མ་འཇོན་ན་ངལ་རྩོལ་བྱས་ནས་ཁ་གསོ་བ་འདི་རྒྱུན་བསྲིངས་ཐུབ་པའི་འཕེལ་རྒྱས་རེད། དེས་ན་ཚང་མས་བསམ་ལུགས་དང་བཤད་ལུགས་ལས་ལུགས་ངོ་མ་གང་ཡིན་དེ་གོ་དགོས།
དེ་ཡང་། བོད་ཀྱི་མགར་བ་དང་ཚེམས་གྲུབ་ཤིང་བཟོ་སོགས་སྦྱོང་དགོས། ཆུང་ས་ནས་བཤད་ན་ཉག་རོང་ལྟ་བུའི་ཤིང་ཆ་མོད་ས་ཞིག་ལ་མཚོན་ན་ཤིང་གི་རྩ་བ་སྐམ་ཟིན་པའི་འཛེར་ཐོ་འདི་དག་གིས་ཅ་ནེ་འཇོག་ས་དང་དབྱིབས་གཟུགས་འདྲ་མིན་བརྐོ་གཞོག་བྱས་ནས་བཙོང་པ་ཡིན་ན་ཡང་མི་མང་པོ་ཞིག་གི་ཁ་སོས་ཐུབ། རྒྱ་ཡུལ་དུ་མི་མང་པོ་ཞིག་གི་འཚོ་བ་འདི་འདྲ་ལ་བརྟེན་ཡོད་པ་རེད།
མདོར་ན་ད་ནས་ང་ཚོས་ཤེས་རིག་དང་ལག་རྩལ་གྱིས་ཁ་གསོ་བ་ལས་ཞིང་ཁའི་ནང་དུ་ཚེར་མ་བཏབ། སྒོ་ཕྱུགས་ཚང་མ་བཤས་ཚོང་བྱས། རིག་གནས་དང་ལག་རྩལ་གང་ཡང་མ་བསླབས་ན་ནམ་ཞིག་སྒོ་ཕྱུགས་དག་ཟད་པ་དང་མུ་གེའི་འཆི་རྒྱུ་མ་གཏོགས་མེད། ཕར་ཐད་ཀར་ལྟས་ན་བཤས་ཚོང་ཞིག་བརྒྱབ་པ་ཡིན་ན་དེ་མ་ཐག་སྒོར་མོ་ཁྲི་ཁ་ཤས་རག་གི་རེད་དེ། ཕུགས་ལ་ལག་རྩལ་སྦྱངས་ནས་ལས་ཀ་ལས་ན་དེ་ཕན་ཐོགས་ཆེ། དེ་ཡང་ང་ཚོ་བོད་པ་ལྟ་བུ་ས་རྒྱ་ཆེན་པོ། མི་ཉུང་ཉུང་། གཏེར་ཁ་དང་ཐོན་ཁུངས་རྒྱ་ཆེན་པོ་ཡོད་པའི་མི་རིགས་ཤིག་གིས་བཤས་ཚོང་ཞིག་རྩ་བ་ནས་རྒྱག་དགོས་དོན་ཡོད་པ་མ་རེད། གོང་དུ་བཤད་པ་ལྟར་ཐ་ན་ཤིང་གི་འཛེར་ཐོ་རྐྱང་པ་བརྐོ་བཞོག་བྱས་བསྡད་ན་ཡང་ཁ་སོས་འགྲོ་གི་རེད།
ལག་རྩལ་གཞན་མ་ཤེས་ཀྱང་རྡོ་རྩིག་རྩིག་རྒྱུ། གྱང་རྡུང་རྒྱུ་སོགས་དང་། དེ་མིན་ལམ་ལས་ས་སོགས་སུ་ཨར་འདམ་གྱི་ལས་ཀ་མང་པོ་ཡོད་རེད་ལ་ཨར་འདམ་གྱི་ལས་ཀ་ལས་རྒྱུ་འདི་དག་ལ་མི་ཤེས་རྒྱུ་ཞིག་རྩ་བ་ནས་མེད་ན་ཡང་། ད་ལྟ་ང་ཚོར་མཚོན་ན་འདི་དག་ཚང་མ་རྒྱ་རིགས་ཀྱིས་བྱེད་ཀྱིན་ཡོད་པ་རེད། དེ་ཡང་རྒྱ་རིགས་ཤིག་གིས་ལས་ན་ཉིན་གླ་སྒོར་མོ་བརྒྱ་དང་བཞི་བཅུ་ལྔ་བཅུ་དགོས་པ་དང་། བོད་པ་ཞིག་གིས་ལས་ན་སྒོར་མོ་ལྔ་བཅུ་དྲུག་བཅུ་ལས་མི་ལོན་པ་རེད། ལས་ཀ་ལས་དགོས་པ་འདྲ་འདྲ་ཡིན་བཞིན་གོང་ཆེ་ཤོས་ལོན་ན་དེར་མི་དགའ་མཁན་སུ་ཡོད། ཁང་པ་ཞིག་ལས་དགོས་ན་ཡང་ཇུས་འགོད་བྱེད་རྒྱུ་སོགས་ལག་ཤེས་ཅུང་དཀའ་མོའི་རིགས་དེ་དག་ནི་རྒྱ་རིགས་ལས་བཟོ་བ་དེ་དག་གིས་ཀྱང་མང་ཆེ་བས་ཤེས་ཀྱི་མེད་པར་གཞན་ཞིག་གི་ཇུས་འགོད་ཟིན་པའི་རི་མོར་ལྟས་ནས་ལས་གིན་ཡོད་པ་ལས་དེའི་ནང་ན་ཤེས་མཁན་གཅིག་གཉིས་རེ་ལས་ཡོད་པ་མ་རེད།
དེ་བཞིན་གསེར་རྟ་ལྟ་བུར་མཚོན་ན་མཛུབ་མོ་ལ་སྐོན་རྒྱུའི་འཛུབ་དཀྲིས་ཐེབས་ཆག་ཅིག་ཡིན་ན་ཡང་བོད་པ་མགར་མཁན་མེད་པར་ཡུན་ནན་ནས་ཡོང་བའི་རྒྱ་རིགས་རྐྱང་པས་མགར་གྱིན་ཡོད་པ་རེད། ལྷ་སར་མཚོན་ན་ཡང་ཁྲོམ་བར་ན་མགར་བྱེད་ཀྱིན་ཡོད་པ་ཡོངས་རྫོགས་རྒྱ་ཁོ་ན་རེད།
དེ་བཞིན་ཁྲིན་ཏུ་ན་ཡོད་པའི་བོད་ཀྱི་ས་གདན་ལས་སར་མཚོན་ན་ཉི་མ་རེ་རེ་བཞིན་ས་གདན་ཟོང་འཁོར་ཧ་ཅང་མང་པོ་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ཀྱི་ཅ་ལག་ཡིན་པས་དར་རྩེ་མདོ་དང་འབར་ཁམས་ལྟ་བུ་བོད་ཀྱི་ས་གནས་ཞིག་གམ། ཐ་ན་ཉག་རོང་རྫོང་ནས་འཐག་བཞག་ན་ཡང་ཆོག་གི་རེད་དེ། ཚང་མ་རྒྱ་རིགས་ཁོ་ནས་འཐག་གིན་ཡོད་པ་དང་། བོད་ཀྱི་སྤོས་ཀྱང་། དང་པོ་བོད་ཀྱིས་ལས་ཁུལ་བྱས་ན་ཡང་ད་ལྟ་རྒྱ་རིགས་ཁོ་ནས་ལས་ཀྱིན་ཡོད་པ་འདི་རེད། དེས་ན་འདི་རིགས་ཀྱི་ཐོག་ལ་བསམ་བློ་བཏང་ནས་འདི་དག་ལ་སློབ་སྦྱོང་མ་བྱས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་མི་ཟེར་བར་ཡིན་གཅིག་མིན་གཉིས་བཤས་མ་བཤས་ན་དཔལ་འབྱོར་ཡར་རྒྱས་འགྲོ་གི་མ་རེད་ཟེར་དགོས་པའི་རྒྱུ་མཚན་ཅི་རེད། ངས་བསམ་ན་སྐད་ཆ་འདི་ནོར་བ་རེད། གལ་ཏེ་དེ་ལྟར་བསླབ་མཁན་ཞིག་ཡོད་ན་དེ་ནི་བསམ་ནག་གི་བསླབ་བྱ་ཞིག་གམ་བསམ་པ་ཕྱིན་ཅི་ལོག་གི་བསླབ་བྱ་ཞིག་རེད།
དེས་ན་བོད་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ད་ཕན་ཆོད་བཤས་ཚོང་རྒྱག་རྒྱུ་མིན། དཔལ་འབྱོར་ཡར་རྒྱས་ལ་འགྲོ་རྒྱུ་ཡིན་ཞེས་པའི་སློབ་གསོ་འདི་གཏོང་དགོས། འདི་ཧ་ཅང་གལ་ཆེན་ཡིན།
འོན་ཀྱང་ང་ཚོས་ཁྲིམས་བཞག་ནས་འདི་ཆོག་དང་མི་ཆོག་ཟེར་རྒྱུ་མེད། རྒྱལ་ཁབ་ཀྱིས་ཀྱང་བཤས་མ་བཤའ་ཟེར་ནས་བསླབ་བྱ་རྒྱག་ཆོག་ཀྱང་བཤའ་མི་ཆོག་ཟེར་ནས་ཁྲིམས་འཇོག་མི་ཆོག་ཟེར་གྱི་ཡོད་པ་ཡིན་དུས་སློབ་གསོ་སྤྲོད་རྒྱུ་ཙམ་ང་ཚོའི་འོས་འགན་རེད། ཅེས་བཀའ་བསྩལ་ཏོ།།
ཤིང་རྟ་ལགས་བཀའ་དྲིན་ཆེ་
ཤིང་རྟ་ལགས་་ཐུགས་རྗེ་ཆེ་་་་་་ཁོ་ལྟ་ལོག་ཕྲག་དོག་བདོན་གྱི་སྨྱོ་བའི་སེང་རྟག་གི་རྩོམ་ལ་དགག་ལན་ཚ་པོ་ཞིག་གསུང་འདུག་གོ།
དྲྭ་འབུ་ཚོ་རི་བོང་གནམ་་རྡིབ་ཀྱི་སྡུག་བསྔལ་མ་བྱེད། ཚ་བ་མདའ་སྙུག་དང་། ཏོག་ཚ་མདའ་སྙུག་ཕྱེ་ཤེས་བར་གྱིས།
རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མ་བྱེད། ཚ་བ་མདའ་སྙུག་དང་། ཏོག་ཚ་མདའ་སྙུག་གཉིས་ཕྱེ་ཤེས་བར་གྱིས།
མདའ་སྙུག་རྫུན་མ། བོན་རྒན་ཞིག་ཡིན་ཐག་ཆོད་རེད།
སྤྲུལ་སྐུ་རྫུན་མ། ཚིག་ཚོན་མ་གཅོད་སྔོན་ཚ་བ་མདའ་སྨྱུག་གིས་ཚུལ་བློ་སོགས་ལ་དགག་པ་རྒྱབ་དུས་དྲ་འབུ་མང་པོ་ཅིག་གིས་ཚ་བ་མདའ་སྨྱུག་བོན་པོ་རེད་ཟེར་བ་དང་གཅིག་མཚུངས་རེད།
ཚ་བ་མངའ་སྨྱུག་དེ་འདྲའི་བླུན་པོ་ཞིག་མ་རེད། ཁོའི་ཁ་ནས་ཚིག་ངན་འདི་འདྲ་ཡོང་མི་སྲིད་པ་རེད། འདི་ནི་གྲུབ་མཐའི་གནད་མ་རྟོགས་པའི་བླུན་པོ་ཞིག་ལས་མ་འདས་སོ།།
བོད་ཕྱི་ནང་གཉིས་སུ། བོད་པས་ལག་ཤེས་ཀྱུ་ལག་རྩལ་མི་སྦྱོང་བ་འདི་རྗེས་ལུས་ཆེ་ཤོས་ཅིག་རེད་འདུག་གདའ།
ད་ཡིན་ན་བོད་མི་རིགས་གིས་རེ་བ་དེ་རྒྱ་གར་ནང་དུ་ཡོད་པའི་བླ་སྤྲུལ་དགེ་བཤས་སུ་གང་ཡང་ལ་རེ་བ་མེད་།མཐར་ན་རིགས་མེད་སྨོན་ལམ་ཞིག་ད་ལྟར་བར་དུ་ཚོགས་ཐུབ་ཡོད་མ་རེད་།ན་ནང་ནོར་གླིང་དུ་ཆོས་བརྒྱུད་ཁག་གྲོལ་གླེང་ཚོགས་འདུས་སྐབས་སུ་བླ་ཆེན་༧རྒྱལ་བ་ཀརྨ་པ་དང་༧ས྄་སྐྱ་གོང་མ་རིན་པོ་ཆེ་་གཉིས་མ་ཏོག་ཕེབས་མ་སོང་།སློབ་གྲ་ཁག་གིས་སློབ་མ་ཚོའི་བོད་སྐད་གཙང་མ་ཞིག་གལ་ལ་བཤད་ཤེས་་ད་དུང་སྨྱོ་རྫས་འདྲ་མིན་་་ཐ་མག་ནག་པོ་ལ་སོགས་ཚུལ་མིན་ངན་གོམས་ཀྱི་སྤྱོད་རིགས་ཁྱབ་ཚར་འདུག་།དྲ་འབུ་ཁྱོད་ཚོ་བོད་ཀྱི་ཤ་དང་རུས་པ་ཞིག་ཡིན་ན་།དེ་ཚོ་ལ་བསམ་བློ་རེ་མ་གཏོང་ག་རེ་རེད་།ཤེས་རིགས་ལས་ཁང་གིས་ད་དང་འཛིན་རིམ་༥དང༦ནས་སློབ་ཚན་ཚང་མ་དབྱིན་ཡིག་ཐོག་སློབ་བྱེད་ཡ་རེད་འདུག་།ངོ་མ་རེད་སྔོན་ཿཀཐོག་འབྲུག་བྲག་སྤྲུལ་སྐུའི་བོད་འདི་རང་གིས་མི་རིགས་རང་མེད་པ་བྱེད་གི་རེད་གསུང་འདུག་།ཧ་ཅང་གིས་བློ་ཕམ་དགོས་ཡ་རེད་།ལོ་ཤས་སྔོན་ལ་༧རྒྱལ་བ་ཀརྨ་པའི་རྒྱ་གར་ནང་དུ་བོད་ནང་དང་མ་འདྲ་བ་ཆོལ་ག་དང་ཆོས་ལུགས་ཀྱིས་ཐེན་ཁྱེར་འདུག་གསུང་འདུག་།དེ་ཚོ་དངོས་གནས་རེད་།རྒྱལ་གར་ནང་དུ་ཡོད་མཁན་བོད་པ་ཚོ་ལ་ཆོས་འཇིག་བརྟེན་ཀྱིས་ཐོག་ནས་རེ་བ་གང་ཡང་མེད་།སྐད་ཆ་དྲང་མོ་ཡིན་།རེ་བ་ཡོད་ས་དེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བོད་ནང་གིས་དགེ་བའི་བཤེས་གཉན་རྣམ་ཡིན་་།འདྲ་འབུ་ཚོ་མི་རིགས་གིས་གནས་བབ་འདི་ལ་ཅིག་གཟིགས་དང་།
དེང་སྐབས་དཀྲོག་གཏམ་མང་བའི་སྐབས་འདིར། གོང་དེར་“སད་རྟོགས་པ་ཏོག:ཚ་མདའ་སྨྱུག་”ཅེས་པས་ཚུལ་ཁྲིམས་བློ་གྲོས་ལ་སྐྱོན་བརྗོད་བྱས་པ་དེ། ཚ་བ་མདའ་སྨྱུག་དང་ཁག་ཅིག་གིས་ནོར་ཡོད་ས་རེད། གོང་གི་དེར་ཏོག་ཚ་མདའ་སྨྱུག་ཅེས་བྲིས་འདུག་ལ། ཚ་བ་མདའ་སྨྱུར་བོར་བརླག་སོང་ནས་རྒྱུན་རིང་ཡིན། ཁོང་དེ་ལྟར་རྒྱུ་མཚན་གཅིག་ཀྱང་མེད་པར་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན་ཚོད་མི་འདུག
ཏོག་ཚ་མདའ་སྨྱུག་ཞེས་པ་བླ་བྲང་དགོན་པར་རྒྱུན་རིང་སྡོད་མྱོང་བའི་གྲྭ་པ་ཞིག་རེད་འདུག ད་ལྟ་ཡང་བླ་བྲང་དུ་ཡོད་ཚད་འདུག སྤྱིར་བཏང་ཞིག་ཡག་པོ་ཆགས་ཡོང་ན། དེའི་རྒྱབ་ཏུ་ཆོས་བརྒྱུད་ཀྱི་ན་ཚ་ཁྱེར་དེ་འདྲ་མིན་བཤད་པ་ནི་བོད་ཀྱི་ཉེན་ཁ་ཆེ་ཤོས་རེད།
གོ་ནོར་མ་ཐེབས་ཆེད་རྩོམ་སྒྲིག་པས་འདི་གཏོང་རོགས།
ངས་མཆན་དེ་བཏང་རྗེས་མཆན་མང་པོ་སླེབས་སོང་ཡང་། ངའི་དེ་བཏང་མ་སོང་། རྩོམ་སྒྲིག་པའི་དངོས་ཡོད་གནས་ཚུལ་མ་བཏང་བཏང་བར། སོ་སོའི་ཕྱོགས་རྐྱང་རྐྱང་མ་གཏོང་རོགས། བསྐྱར་དུ་འབོད་སྐུལ་ཡིན
མི་གཞན་ཞིག་གིས་ཟེར་བ་ལྟར་ན་གོང་གི་ཚ་སྨྱུག་གི་མིང་ཐོག་ནས་འདྲ་མིན་འབྲི་མཁན་དེ་བོན་པོ་མ་རེད་ཟེར། གང་ལྟར་ཡང་མི་བླུན་པོ་བླུན་ནག རང་སྐྱག་གསེར་དུ་སྒོམ་པ་ལས། བསྟན་པ་སྤྱི་དང་བྱེ་བྲག བོད་མི་རིགས་ལ་བསམ་བློ་རྩ་བ་ནས་མེད་མཁན་ཞིག་ལས་མ་འདས་སོ།
་་་་་ རྒྱལ་གར་ནང་དུ་ཡོད་མཁན་བོད་པ་ཚོ་ལ་ཆོས་འཇིག་བརྟེན་ཀྱིས་ཐོག་ནས་རེ་བ་གང་ཡང་མེད་།སྐད་ཆ་དྲང་མོ་ཡིན་།རེ་བ་ཡོད་ས་དེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཙོས་པའི་བོད་ནང་གིས་དགེ་བའི་བཤེས་གཉན་རྣམ་ཡིན་་།འདྲ་འབུ་ཚོ་མི་རིགས་གིས་གནས་བབ་འདི་ལ་ཅིག་གཟིགས་དང་། ་་་་ཟེར།
# 19 Time:2013-4-11 13:33:59 Ip:27.98.246.174
? གསེར་རྟ་སྒར་ནི།ཞིབ་དུ་དཔྱད་ཡོང་ན།དོན་གྱིས་ཡེ་ཤེའི་ཆོས་སྤེལ་བའི་ཚོགས་པ་ཞིག་དང་འདྲ་བོ་འདུག།དེ་མིན་དགོན་གསར་གྱི་ཚུལ་དུ།བྱེད་ཚུལ་ཀྱང་ཨག་གསར་དེ་འདྲ་མང་པོ་འདུག།ཉི་མ་གཅིག་ལ་ཆེད་དུ་ཞིབ་དཔྱོད་ཀྱིས་འདི་དག་གི་ལོ་རྒྱུས་དྲང་མོ་ཞིག་ཀྱང་འབྲི་མི་དགོས་བར་སྙམ་ཀིན་ཡོད། བོང་རྫི།
? བོད་ཕུང་ཆོས་དཀྲུགས་སྒེར་གཅོད་གསེར་རྟ་བ། རང་ལྟ་འཁྱོགས་འཛིན་སྒེར་གཅོད་གསེར་རྟ་བ། མཐུན་སྒྲིལ་གཏོར་གཤིགས་སྒེར་གཅོད་གསེར་རྟ་བ། ། མི་སེམས་རྐུ་བའི་ལོག་འཁྲིད་གསེར་རྟ་བ། ། ཞོགས་ཉི་ནས།
འོ་འདི་འདྲའི་མང་པོ་མང་པོ་ཅིག་སེང་རྡོར་དྲ་བ་ན་གྲམ་པའི་རྡོ་བཞིན་བགྲང་གིས་མི་ལོང་ཀི དེ་ལ་སོགས་པའི་རང་སྐྱག་གསེར་དུ་སྒོམ་པ་ཡིན་ནའང་ཐང་། ཁྱོད་ཚོའི་རང་སྐྱག་གསེར་དུ་སྒོམ་པ་ཡིན་ནའང་ཐང་། བོད་མི་རིགས་ལ་བསམ་བློ་རྩ་་བ་ནས་མེད་མཁན་ཅིག་རེད་ཟེར་ནས་ཚིག་ཚོན་བཅད་ན་མཆན་བུ་འདེབས་མཁན་མང་པོ་ཞིག་ལ་ཕོག་འགྲོ་བས་དེ་ཡང་མི་འགྲིག་པར་སེམས།
“སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན༔ དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད༔ པདྨ་ང་ལ་གསོལ་བ་རྒྱུན་དུ་ཐོབ༔ ཉིན་མོ་བྱུང་དུས་ཐུགས་རྗེ་ཆེན་པོ་སྒོམས༔ སེམས་ཅན་དོན་དུ་སྙིང་པོ་མ་ཎི་དྲོངས”ཨོ་རྒྱན་པདྨས་མཛད་པའི་བཀའ་ཐང་བསྡུས་པ། །.” i
རྫུན་ནག་བདེན་དོན་དུ་བརྫུ་བའི་ཏོག:ཚ་མདའ་སྨྱུག་ཅེས་པར་སྤྲིངས་པ།
༡༽དུས་ཀྱི་མཐའ་འདིར་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་རིན་པོ་ཆེ་དམངས་ཁྲོད་དུ་ཡང་རྒྱ་
ཆེར་སྤེལ་ཏེ་འདི་ཕྱི་གཉིས་ཕན་ཆོས་ལྡན་བོད་པ་ཞེས་མིང་དོན་མཚུངས་པའི་ལམ་དུ་གོམ་པ་ཙམ་ཕྱོགས་པ་ལ་གསེར་རྟ་མི་མང་སྡུག་ལ་སྦྱོར་མཁན་ཞེས་དམོད་ཅིང་སྒྲོག་མཁན་དེ་ཀླ་ཀློ་གདུག་པའི་ཕོ་ཉ་མིན་ན་སུ་ཡིན།
༢༽སྐྱེ་བ་སྔ་ཕྱིའི་རྣམ་གཞག་གནའ་དེང་གི་རིགས་པ་དང་འཛམ་གླིང་ཤར་ནུབ་ཀྱི་དངོས་བྱུང་
གྲངས་མེད་པ་དཔང་པོར་བྱས་ཏེ་གཏན་ལ་ཕབ་པ། གྲྭ་སའི་དགེ་བཤེས་རྩེ་ཕུད་ནས་དེང་རབས་
ལས་རིགས་ཀྱི་འབུམ་རམས་པ་དག་གིས་ཀྱང་བསྟོད་པའི་མཐེ་བོང་བསྒྲེངས་བའི་གནས་སུ་གྱུར་པ་ཙམ་ཡང་མ་ཤེས་པར་མ་ཡིན་ཡིན་མདོག་གི་རྫུན་ཚིག་བསྒྲིགས་པ་ཞེས་དམོད་མཁན་དེ་ལ་གནས་ལུགས་ལ་དཔྱོད་པའི་མིག་ཟུང་བྲལ་བའི་ཉེར་གཅིག་དུས་ཀྱི་དམར་སྲུང་དམག་ཅེས་མི་འབོད་ན་
ཅི་འབོད།
༣༽བོད་འདི་ལས་རྒྱུ་འབྲས་ཁས་ལེན་མཁན་ཞིག་ཡིན་པ་གཞིར་བཞག སླས་ར་གཅིག་དང་རྫ་ལུང་གཅིག་ཏུ་མཉམ་དུ་ནར་སོན་ཅིང་འོ་ཞོ་དང་མར་ཕྱུར་གྱིས་གསོས་མཁན་མ་འབྲི་སྒོ་ཟོག་འདི་དག་བཤས་ར་དམར་ནག་གི་ནང་དུ་མ་ཕབ་རོགས་ཞེས་བྱམས་བརྩེའི་འབོད་སྐུལ་གནང་བ་ལ་བོད་ཀྱི་མཛངས་བློན་རྣམ་པས་བོད་མིའི་འཚོ་རྟེན་དུ་རི་ནས་མར་ཕབ་པའི་གནག་ཕྱུགས་རྣམས་བཙན་
གྱིས་རི་རྒྱག་བྱེད་མཁན་ཞེས་དམོད་ཅིང་སྒེར་གཅོད་པའི་ཞྭ་མོ་འགེབས་མཁན་དག་ལ་ནི་སྙིང་
རྗེའི་དྲི་ཙམ་ཡང་མི་བྲོ་བ་དགེ་མེད་སྡིག་མེད་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་དྲིལ་སྒྲོག་མཁན་
མིན་ན་སུ་ཡིན།
༤༽སྡིག་ཟས་ཤ་ཁྲག་ཁོ་ན་འཚོ་རྟེན་དུ་འདོད་པ་ནི་ནོར་འཁྲུལ་ཡིན་ལ་དུས་རབས་ཀྱི་འཕེལ་
ཕྱོགས་དང་བསྟུན་ནས་འཚོ་ཐབས་བྱེད་དགོས་པར་བསླབ་བྱ་གནང་བ་ལ་འགྲོ་བ་མིའི་རང་དབང་གི་བཟའ་བཏུང་ཙམ་ཡང་ལོངས་སུ་སྤྱོད་དབང་མེད་པར་རང་ཉིད་ཀྱི་ཕྱོགས་མཐུན་མཐོ་དགའ་
དམན་འདང་ཆེ་བའི་གླེན་པ་ཁྱི་འདྲ་བ་དག་དང་ལྷན་ཅིག་ཏུ་བཙན་ཚོད་སྣ་ཚོགས་བྱེད་པའི་སྒེར་གཅོད་པ་ཆེན་པོ་ཞེས་རང་ཉིད་ཀྱི་བཤས་ཚོང་ཁེ་ལས་ལ་ཅུང་ཟད་གནོད་པས་ཡིན་ནམ་གང་ལྟར་སྡུག་ཡས་ཆེན་པོས་ཁ་ནས་གང་ཡོང་གིས་སྡིག་དམོད་བྱེད་མཁན་དེ་ཆོས་འཇིག་རྟེན་གང་གི་སློབ་སྦྱོང་བརྒྱུད་མ་མྱོང་བའི་གླེན་པ་ཁོག་ནག་ཅིག་མིན་ན་ཅི་ཡིན།
༥༽ནང་ཆོས་ཀྱི་གཞུང་ནས་བསྟན་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་གཞི་རྩའི་ཐོག་ནས་དགེ་བཅུའི་ཁྲིམས་སྲོལ་ལག་ལེན་དུ་བསྟར་ནས་སྤྱི་ཚོགས་བདེ་འཇགས་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་བཟང་ཕྱོགས་མེད་དུ་སྤེལ་བ་ལ་གང་ཟག་རང་འདོད་ཅན་རེ་ཟུང་གི་འདོད་བློ་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་ཆོས་གཞུང་གང་ནའང་ཟུར་ཙམ་ཡང་མེད་བཞིན་དུ་བཙན་གྱིས་ཆོས་ཁྲིམས་འཇོག་པ་དང་དེ་དང་འགལ་ན་ཆོས་སྒོ་རྒྱག་པའི་སྒེར་གཅོད་པ་ཆེན་པོ་ཞེས་འུར་རྒྱག་མཁན་དེ་སྤྱི་དོན་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་འཁོར་མ་མྱོང་བའི་རང་དོན་ཁོག་བཅུག་པ་ཞིག་ཡིན་པ་སུས་མི་ཤེས།
༦༽ དུས་ནམ་ཡང་མིའི་རིགས་ལ་ཤེས་རབ་ཀྱི་འོད་སྣང་སྩོལ་ཐུབ་པ་དང་། སྲོག་ལྡན་སྤྱི་ལ་འདྲ་ མཉམ་གྱི་བདེ་སྐྱིད་ཅིག་སྦྱིན་ཐུབ་ན་ཅི་མ་རུང་སྙམ་ནས་ཐུགས་གཞིགས་གཏོང་མཁན་གྱི་མི་བུ་
ཚུལ་ཁྲིམས་བློ་གྲོས་ལྟ་བུ་ལ་ཕྱི་སྣ་ནང་ཁྲིད་དང་ཆར་སྣ་རླུང་ཁྲིད་ཅེས་མི་དཀར་པོ་དེ་ནག་པོར་ བཟོ་བའི་གཡོ་ཇུས་ཤིག་རྩོམ་བཞིན་པ་འདི་འདྲའི་རིགས་ནི་བོད་མི་མང་འཕུང་ལ་སྦྱོར་བའི་
དཀྲུག་འདྲེ་མིན་ན་ཅི་རེད།
༧༽བོད་ཀྱི་འཚོ་བའི་ཐོན་ཁུངས་རོང་པའི་གྲོ་ནས་སྲན་གསུམ་སོགས་དང་འབྲོག་པའི་མར་ཕྱུར་
རྩིད་གསུམ་སོགས་ཡིན་བཞིན་དུ་ཕྱི་རྒྱལ་མཁས་པས་སྡོམ་ཚིག་ཅིག་བཞག་ཡོད་མདོག་མདོག་གིས་འུར་རྒྱག་པ་དང་། འབྲོག་པ་རྩ་མེད་དུ་བཏང་ནས་གྲོང་རྡལ་ནས་མི་རིགས་གཞན་ལ་ལག་པ་
འཛེད་དུ་འཇུག་པར་སྲིད་གཞུང་ལས་ཀྱང་ནུས་པ་ཆེན་པོ་འདོན་བཞིན་པ་ཕྱི་ནང་གང་ཡིན་མི་
ཤེས་པའི་མཁས་པ་ཆེན་པོ་ཞེས་སྒྲོ་སྐུར་གནམ་ལ་མི་ཤོང་བ་རེ་གཏོང་ཕོད་པའི་སྙིང་ཁམས་ཅན་
འདི་དག་གིས་རྡུང་རྒྱུ་རྔ་རྡུང་རུང་དམིགས་རྒྱུ་འདྲེ་དམིགས་ཡོད་པ་ཤེས་སླ། དྲ་ཡོལ་གྱི་ཕག་ཏུ་
ཡིབ་ནས་དཀྲོག་གཏམ་སྤེལ་བས་ཉི་མ་འཛད་མཁན་འདི་རིགས་ཀྱི་རྒྱབ་ལྗོངས་ཡང་ཤེས་སླའོ། །
༨༽སྟོན་པས་བདུད་ཀྱི་མཚོན་ཆ་བྱམས་པའི་མེ་ཏོག་ཏུ་བསྒྱུར་བར་ལད་མོའི་ཚུལ་དུ་བོད་ལ་མཚོན་ཆ་ཁབ་ཙམ་ཡོད་ནའང་མིག་ལ་མི་རན་པར་དགྱ་གཞུང་གི་གསུང་ཇི་བཞིན་མེར་སྲེག་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ་ཞེས་ན་ནིང་དོ་ཚིགས་བོད་ནང་དུ་མཚོན་འཛིང་དང་ཕུ་ནུ་ནང་གསོད་ཀྱི་གྲངས་ཀ་ལྡབ་དུ་མས་ཉུང་ངུར་སོང་བ་མ་བཟོད་ནས་ཆོ་ངེ་འདོན་པ་ལྟ་བུ་དེ་ཅིའི་ཐ་ཚིག
༩༽མདོར་ན་འགྲོ་བ་མི་དང་སྲོག་ཆགས་ཡོངས་ཀྱི་གཞི་རྩའི་ཐོབ་ཐང་ལ་ཕན་པ།བོད་བརྒྱུད་ནང་
བསྟན་གྱི་མིག་ལྟོས་ལ་ཕན་པ།བོད་མི་རིགས་ཀྱི་འཚོ་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།ཕན་པ་མང་བའི་བྱ་བ་འདི་དག་ལ་གཏོར་བཤིག་དང་དཀྲོག་གཏམ་བྱས་ན། ཏོག:ཚ་མདའ་སྨྱུག་ཅེས་པའི་ལུག་ལྤགས་གྱོན་པའི་སྤྱང་ཀི་འཁོར་དང་བཅས་པ། བོད་མི་རིགས་ཀྱིས་ཀུ་ཡངས་སུ་མི་གཏོང་། ཆོས་ལུགས་ཀྱིས་ཀུ་ཡངས་སུ་མི་གཏོང་། ལོ་རྒྱུས་ཀྱིས་ཀུ་ཡངས་སུ་གཏོང་མི་སྲིད་དོ།།
ཞེས་རྫུན་ནག་བདེན་དོན་དུ་བརྫུ་ཞིང་རྨོངས་གཉིད་ལས་མ་སད་པར་ལོག་རྟོག་གིས་རྒྱུད་ཡོངས་
སུ་གང་བའི་ཏོག:ཚ་མདའ་སྨྱུག་ཅེས་པ་ལ ་གསེར་ཐོག་མདས་སྤྲིངས་སོ། །
༧ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་ཞེས་པ་རྒྱལ་བ་རིན་པོ་ཆེ་གསུངས་འདུག ངོ་དེབ་ལས་དྲངས་་་་་
Jurme Dorje ༄། །༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན་སྨོན་ཚིག ། ཨོཾ་སྭྰ་སྟི། སྨྲ་བའི་ཉི་མ་འདྲེན་མཆོག་ཟས་གཙང་སྲས། །གངས་རིའི་གཉེན་གཅིག་འཕགས་མཆོག་ཞི་ཁྲོའི་ཚོགས། །མཁན་སློབ་ཆོས་རྒྱལ་བརྒྱུད་པར་བཅས་པ་ཡིས། །དགེ་ལེགས་བྱེ་བའི་དངོས་གྲུབ་དེང་འདིར་སྩོལ། །རབ་རྒྱས་པད་དཀར་ཟླ་བའི་གདན་གྱི་སྟེང་། །བརྒྱད་གཉིས་ཡིད་འོང་ལང་ཚོའི་དཔལ་འཛིན་པའི། །ཏཱཾ་ཡིག་ལས་བྱུང་རྒྱལ་ཡུམ་ཏ་རེ་མས། །འཆི་མེད་གྲུབ་པའི་བྱིན་བརྒྱ་དེང་འདིར་ཕོབས། །རླབས་ཆེན་ཐུགས་བསྐྱེད་གྲངས་མེད་སྨོན་ལམ་མཐུ། །དུས་སུ་སྨིན་པས་གངས་ཅན་བསྟན་པའིསྲོག །འཛིན་པའི་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཞབས། །གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་བསྙིལ། །མ་སྨད་ཚུལ་ཁྲིམས་དག་པའི་དབྱིག་གི་ནོར།། ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ། །རྒྱ་ཆེན་བློ་གྲོས་མཚུངས་པ་མེད་པའི་སྡེ། །ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །ཡོངས་རྫོགས་གངས་ཅན་རྒྱལ་བསྟན་ས་ཆེན་པོ། །དུས་ཀྱི་མུན་པའི་ཀློང་དུ་བྱིང་བ་ན། །མཛད་པའི་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས། །བསྟན་པའི་སྲོག་མཐུད་མཛད་པ་རྨད་དུ་བྱུང་། །ཐོས་བསམ་སྒོམ་པས་ངེས་པ་ལེགས་རྙེད་ནས།།རིས་སུ་མ་མཆིས་རྒྱལ་བའི་བསྟན་མཆོག །འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་མཛད་པའི། །བཤེས་གཉེན་མཆོག་ཁྱེད་ཞབས་པད་བརྟན་པར་མཛོད། །སྲས་བཅས་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་བདེན་པའི་མཐུས། །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག། །། ཅེས་དེང་རབས་གངས་ལྗོངས་ཀྱི་ཆར་ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དགུང་དུ་སྒྲེང་བ་ལ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུས་སྨིན་པ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན་སྨོན་ཚིག་འདི་བཞིན་། གསེར་རྟ་བླ་རུང་སྒར་ཁའི་འདུས་ཚོགས་དང་། །འཛམ་གླིང་ཡུལ་གྲུ་དུ་མར་ཉིད་ཀྱི་སློབ་མར་གཏོགས་པ་ཀུན་དང་། གསེར་རྟ་བླ་རུང་སྒར་ནས་འབྱོར་བའི་མཁན་པོ་ཐུབ་བསྟན་ཉི་མ་དང་ཚེ་རིང་བཀྲ་ཤིས་གཉིས་ནས་རེ་བསྐུལ་བགྱིས་དོན་དང་། མཁན་ཆེད་ཉིད་ཀྱི་བསྟན་འགྲོར་སྨན་པའི་མཛད་བཟང་ཐག་རིང་ཡུལ་ནས་རྣ་བར་སོན་བས་ཡི་རང་སྤྲོ་བ་དང་བཅས་འདུ་བགྱིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན་པའི་ས་གླང་ལོའི་ཟླ་༡༡ཚེས་༢༠དང་། ཕྱི་ལོ་༢༠༡༠ཟླ་༡ཚེས་༥ལ།
གངས་སྤྲེལ་ཚ་ལགས་བཀའ་དྲིན་ཆེ་ཞུ་།
གླིང་ཕྲུག་ལ་སྐད་ཆ་ཚིག་རེ་གཉིས་ཤོད་འདོད་སྐྱེས། ཉིད་ནས་རྫོང་གསར་མཁྱེན་བརྩེའི་གསུང་ཡིན་ཟེར་བ་ཞིག་དྲངས་ནས། ས་སྐྱ་དང་དགེ་ལུགས་ལ་བརྩོད་པ་རྒྱག་རྒྱུ་མ་གཏོགས་མེད། བཀའ་བརྒྱུད་དང་རྙིང་མར་ཕྱག་ཆེན་དང་རྫོགས་ཆེན་འདུག་ཟེར་བ་འདི་རྫོང་གསར་མཁྱེན་བརྩེའི་གསུང་ངོ་མ་ལུང་ཡང་དག་དང་ཁུངས་དང་བཅས་དྲངས་རོགས།
ངས་གོ་བའི་རྫོང་གསར་མཁྱེན་བརྩེའི་གསུང་འགའ་ཤས་དེ་ལས་ལྡོག་ཕྱོགས་ཡིན་པ་ལྟ་བུ་འདུག དཔེར་ན། རྫོང་གསར་མཁྱེན་བརྩེས་ཐེངས་གཅིག་དབྱིན་ཡུལ་ལ་རྫོགས་ཆེན་ཉམས་ལེན་པའི་ཆོས་སྒྲུབ་པ་འགའ་ལ་གསུངས་འདི་འདྲ་ཞིག་གནང་བ་ཐོས།
སྔར་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་འཁྲུངས་པའི་མཁས་གྲུབ་ཚོའི་རྣམ་ཐར་མཇལ་དུས། མང་ཆེ་བ་སྐུ་ཚེ་གང་བོ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བསྐྱངས་ནས་ལམ་མཐོན་པོར་ཕེབས་པ་ཤ་སྟག་ལས། བླ་མ་ག་གེ་མོ་ཞིག་གི་དྲུང་ནས་མན་ངག་ཡིན་ཞེས་ཚིགས་བཅད་ཤོ་ལོ་ཀ་རྐྱང་པ་ཞིག་བསྣམས་ནས་རི་ཁྲོད་ལ་ཕེབས། རྗེས་སུ་རྟོགས་པ་འཁྲུངས་སོང་ཞེས་ནམ་མཁའ་འུར་སྒྲས་རྒྱང་མཁན་ཧ་ལམ་མེད་པ་ལྟ་བུ་རེད།
བརྩོད་མེད་ཀྱི་རྙིང་མའི་མཁས་གྲུབ་དཔེར་ན། ཀློང་ཆེན་རབ་འབྱམས་པ་དང་། ཟུར་ཆོས་དབྱིངས་རང་གྲོལ། དེ་བཞིན་རྫ་དཔལ་སྤྲུལ། ཀོང་སྤྲུལ་རིན་པོ་ཆེ། དེ་བཞིན་འཇུ་མི་ཕམ་སོགས་ཀྱིས་བཤད་གྲྭ་འགྲིམས་ནས་ཐོས་བསམ་ལ་དཀའ་ལས་དང་དུས་ཚོད་མང་པོ་བཏང་ཡོད། ང་ཚོ་རྫོགས་ཆེན་པ་ཚོའི་མི་ག་དཔེ་ཁོང་ཚོ་རེད། རྙིང་མའི་གདན་ས་ཆེན་པོ་དེ་དག་ལས་ཕེབས་པའི་མཁས་གྲུབ་གཉིས་ལྡན་གྱི་རྫོགས་ཆེན་ཉམས་ལེན་པ་དག་གི་གསུང་ལ་ཚད་མ་རིག་པ་དང་། དབུ་མའི་གཞུང་ཆེན་ཁག དེ་བཞིན་རྒྱ་གཞུང་གི་གསུང་མ་ལུས་པ་འགྲེལ་བ་མཛད་མཁན་ཤ་སྟག་རེད། དེ་ན་ཁྱེད་ཚོ་རྫོགས་ཆེན་ཉམས་ལེན་པ་རྣམས་ཀྱི་ཁྲོན་པའི་ནང་གི་སྦལ་པ་བཞིན་མ་བསྡད་པར་ཐོས་བསམ་རྒྱ་ཆེ་བར་སྐྱོང་དགོས། དཔེ་ཆ་ལྟ་འདོད་ན་རྒྱ་གར་ལ་རྙིང་མའི་གདན་ས་རྣམས་ཀྱི་སློབ་ཁྲིད་ཆ་རྐྱེན་ཡག་ཐག་ཆོད་ཡོད་ཅེས་བཀའ་བརྩལ་བ་འདི་ལ་བལྟས་ན། ཁྱེད་ཀྱིས་དྲངས་པའི་ལུང་དེ་ལ་འགལ་བ་ཏོག་ཙམ་མེད་འགྲོ་སྙམས།
ལྷག་པར་དུ་རྫོང་གསར་མཁྱེན་བརྩེ་ནི་ས་སྐྱའི་ལམ་འབྲས་ཀྱི་རྒྱུད་པ་འཛིན་མཁན་ཞིག་ཡིན་པ་དང་། ལམ་འབྲས་ཀྱི་ཁྱད་ཆོས་དང་ཆེ་བ་ལེགས་པར་ཤེས་མཁན་ཞིག་གིས་ས་སྐྱ་པ་ལ་བརྩོད་པ་མ་གཏོགས་མིན་འདུག་ཅེས་ཁ་ནས་འཐོན་མི་ཐུབ་པ་ལྟ་བུ་ཞིག་རེད། སྤྱིར་ཕྱག་ཆེན་ལྟ་བུ་ནི་ས་དགེ་བཀའ་རྙིང་ཚང་མའི་ནང་ལ་ཕྱག་ལེན་ཡོད་པས་དམིགས་བསལ་གྱི་སྒེར་ཆོས་ཤིག་མ་རེད། འོན་ཀྱང་ལམ་འབྲས་ཀྱི་གཞུང་དང་ཉམས་ལེན་གྱི་གནད་ནི་ས་སྐྱ་པའི་གྲུབ་མཐའ་འཛིན་པ་མ་གཏོགས་ཆོས་ལུགས་གྲུབ་མཐའ་གཞན་ལ་མེད། དཔེར་ན་རྫོགས་ཆེན་ནི་རྙིང་མ་དང་བོན་གཉིས་ཀྱི་ཐུན་མོང་གི་ཉམས་ལེན་ཞིག་རེད། དེ་བཞིན་རྒྱའི་གསམ་གཏན་སྒྲོན་མེའི་གཞུང་ལུགས་སྐྱོང་མཁན་རྣམས་ཀྱིས་ཀྱང་རྫོགས་ཆེན་ཉམས་ལེན་བྱེད། དེ་ལས་ལྡོག་ཏེ་ས་སྐྱའི་ལམ་འབྲས་ཀྱི་གཞུང་ནི་ས་སྐྱ་གཅིག་པུས་མ་གཏོགས་ཆོས་ལུགས་གྲུབ་མཐའ་གཞན་གྱི་ནང་ལ་ད་ལྟ་འཐིམས་མེད་པས། དེའི་གནད་འགག་མཁྱེན་པར་མཛོད་ཅིང་།
་་་་ དཔེར་ན་རྫོགས་ཆེན་ནི་རྙིང་མ་དང་བོན་གཉིས་ཀྱི་ཐུན་མོང་གི་ཉམས་ལེན་ཞིག་རེད། དེ་བཞིན་རྒྱའི་གསམ་གཏན་སྒྲོན་མེའི་གཞུང་ལུགས་སྐྱོང་མཁན་རྣམས་ཀྱིས་ཀྱང་རྫོགས་ཆེན་ཉམས་ལེན་བྱེད། ་་་་ཟེར།
འདི་ན་དགྱེས་རྡོར་གྱིས་གོ་རྒྱུ་ཅན་ཞིག་བྲིས་འདུག བཀའ་དྲིན་ཆེ།
http://blog.amdotibet.cn/Amaho/archives/93387.aspx
རྙིང་མའི་རྗོགས་ཆེན་དང་བོན་གཅིག་པ་ཡིན་ལབ་ན་ས་སྐྱའི་ལམ་འབྲས་དང་རྒྱང་འཕེན་པའི་ལམ་འབྲས་གཅིག་ཡིན་ལབ་པ་དང་གཅིག་མཚུངས་རེད། གྲུབ་མཐའ་ལ་རྒྱུས་མེད་ན་རྒྱུས་གཏམ་ཡོད་འདོད་མ་སྟོན་ལོ། གོ་ཨེ་ཐལ་བསམ་ཤེས། དེང་སང་འཇམ་དབྱངས་མཁྱེན་བརྩེ་སྤྱོད་པ་གཤེགས་ཟིན་པ་ཞིག་རེད་འདུག་ག འཛིན་མཚམས་མེད་པའི་མཐོ་ཟེར་དམའ་ཟེར་དང་ལས་རྒྱུ་མང་དྲག་འདུག ད་མི་བཤད་་་་་་་
དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་བླ་མ་ཆེན་པོ་དང་སྙན་གྲགས་དང་སྟོབས་འབྱོར་གྱིས་ཕྱུག་པ་མང་པོ་སྣང་ཀྱང་། དོན་དུ་དེ་དག་ཕལ་མོ་ཆེ་ནི་སྤྲུལ་སྐུའི་ཆོ་ལོ་དང་། ཆབ་སྲིད་སོགས་གཡོ་ཐབས་སྣ་ཚོགས་ཀྱིས་ཆོས་ཀྱི་ཁྲིར་འགྱིངས་པ་ཙམ་དུ་མ་ཟད། རྗེ་སྨྲྀ་ཏི་ཛྙཱ ན་ཀིརྟི་ཞབས་ཀྱིས་བོད་སྟོན་དག་ནི་ཆུ་ནང་གི་ཟླ་གཟུགས་དག་འདྲའོ་ཞེས་དྲང་བོར་བརྗོད་པ་ལྟར་ལས་མ་འདས་པས། ད་ནི་ཡང་དང་ཡང་དུ་དཔྱད་ཚེ། གྲུབ་མཐའི་ཕྱོགས་ཞེན་དང་རང་གཞན་ཆགས་སྡང་དང་མ་འདྲེས་པར་སྨྲས་ན། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་ཉིད་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། ཡར་ངོའི་ཟླ་བ་བཞིན་དུ་མཛད་འཕྲིན་གོང་འཕེལ་དུ འགྲོ་བཞིན་པར་གཞིགས་ཚེ། དམ་པ་ཉིད་ཁོ་ན་གངས་ཅན་ཆོས་ཀྱི་རྒྱལ་པོར་བཀུར་བར་བྱའོ། །