གནས་ཚུལ་མཁོ་སྤྲོད་པ། ཨ་རིག་འགྱུར་མེད།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ། མདོ་ལ་རྫོང་། ཨ་རིག་བྲག་དཀར་སྡེ་བ་དང་རྒྱ་ནག་ཀན་སུ་ཞིང་ཆེན། མེན་ལི་རྫོང་། ཚོ་མེན་གྲོང་བརྡལ་གཉིས་ཀྱི་བར་དུ་ས་མཚམས་རྩོད་ཉོག་བྱུང་སྟེ། བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་གཙོས་བོད་མི་བཅུ་བདུན་ཙམ་ལ་ཚབས་ཆེའི་རྨས་སྐྱོན་ཕོག་སྟེ་ད་ལྟ་ཛ་དྲག་མྱུར་སྐྱོབ་བྱེད་ཀྱིན་ཡོད་འདུག
ལོ་བཅུ་ཕྲག་འགའི་སྔོན་ནས་བཟུང་བོད་རིགས་མདོ་ལ་རྫོང་དང་རྒྱ་རིགས་མེན་ལི་རྫོང་གཉིས་ཀྱི་བར་དུ་ས་མཚམས་རྩོད་ཉོག་གིས་འཁྲུག་འཛིང་ཐེངས་མང་ཤོར་མྱོང་ཡོད་པ་ལྟར། ཐེངས་འདིར་ཡང་ཟླ་འདིའི་ཕྱི་ཚེས་བཅུ་བདུན་ཉིན་བོད་རིགས་ས་སྲུང་བའི་སྡོད་གུར་བརྒྱབ་སར། ཚོ་མེན་གྲོལ་བརྡལ་གྱི་རྒྱ་རིགས་རྣམས་ཀྱིས་ཀན་སུའུ་གྲང་ཡང་ས་ཁུལ་ནས་དངུལ་སྒོར་སྤྲད་དེ་གླས་ནས་ཡོང་བའི་རྒྱ་མི་བརྒྱ་ལྷག་ཡོང་སྟེ་བོད་མི་ས་སྲུང་བ་རྣམས་ལ་རུབ་རྡུང་བྱས་ཏེ། བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་གཙོས་བོད་མི་བཅུ་བདུན་ཙམ་ལ་ཚབ་ཆེའི་རྨས་སྐྱོན་བཟོས་ཡོད་འདུག
སྐབས་དེར་བོད་པའི་ས་སྲུང་ཁུལ་དུ་བོད་མི་སུམ་ཅུ་ཙམ་ཡོད་ཀྱང་བཅུ་ཙམ་རི་མགོར་བྲོས་ནས་ཐར་བ་དང་། རེ་འགར་ཚབ་ཆེའི་རྨས་སྐྱོན་ཕོག་མི་འདུག་མོད། སྡེ་དཔོན་གྱི་ལག་པ་གཉིས་དང་རྐང་པ་གཉིས་ཀ་བཅག་ཡོད་པ་དང་། བོད་མི་བསམ་འགྲུབ་དང་ཞོའོ་གྲང་ཟེར་བ་གཉིས་ཀྱང་མགོ་དང་རྐང་ལག་ལ་ཚབས་ཆེའི་རྨས་སྐྱོན་ཕོག་ནས་ཚེ་སྲོག་གི་ཉེན་ཁར་ཐུག་སྟེ། ད་ལྟ་ཀན་སུའུ་གྲང་ཡས་ཟེར་བའི་སྨན་ཁང་ཆེན་པོ་ཞིག་ཏུ་མྱུར་སྐྱོབ་བྱེད་ཀྱིན་ཡོད་འདུག གཞན་མི་བཅུ་བཞི་ཙམ་ལའང་མགོ་བཅག་པ་དང་རྐང་ལག་བཅག་པ་སོགས་ཚབ་ཆེའི་རྨས་སྐྱོན་ཕོག་ཡོད་པར་བརྟེན་ད་ལྟ་རྫོང་མི་མང་སྨན་ཁང་དུ་སྨས་བཅོས་བྱེད་ཀྱིན་ཡོད་འདུག
ཕ་ཡུལ་གྱི་ཡུལ་མི་ཞིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ལོ་མང་རིང་མདོ་ལ་རྫོང་ཨ་རིག་དང་མེན་ལི་རྫོང་གི་ཚོ་མེན་གྲོལ་བརྡལ་གཉིས་ཀྱི་བར་དུ་ས་མཚམས་རྩོད་ཉོག་བྱུང་སྟེ། འཁྲུག་འཛིང་ལན་མང་ཤོར་ནས་ཕན་ཚུན་གཉིས་ཀར་མི་རྒྱུ་གཉིས་ཀྱི་གྱོང་གུད་ཆེན་པོ་ཕོག་མྱོང་ནའང་། བོད་མི་རྣམས་ལ་ད་ཐེངས་ནང་བཞིན་གྱིས་ཚབ་ཆེའི་ཉེས་རྡུང་རེག་མྱོང་མེད་པ་དང་། ཐེངས་འདིར་ཚོ་མེན་གྲོལ་བརྡལ་གྱི་རྒྱ་མི་རྣམས་ཀྱིས་གྲང་ཡས་ས་ཁུལ་ནས་མི་བརྒྱ་ལྷག་ལ་མི་རེར་རྒྱ་སྒོར་སྟོང་རེ་སྤྲད་དེ་གླས་ནས་ཡོང་སྟེ། བོད་མི་ས་སྲུང་བའི་སྡོད་གུར་ཡོད་སར་དམག་བླུགས་ཏེ་རུབ་བརྡུང་བྱས་ཡོད་འདུག་ཟེར།
ཡང་ཁོང་གིས་མུ་མཐུད་དེ་བརྗོད་དོན། ཐེངས་འདིར་དམིགས་བསལ་གྱིས་ལྕགས་ཁེམ་གྱི་ཡུ་བའི་ཤིང་གི་སྟེང་ལ་ལྕགས་འཛེར་བརྡབ་སྟེ་རྩེ་མོ་ཚུར་བཀུག་ཡོད་པའི་ལག་ཆ་ཞིག་བཟོས་ཡོད་པ་དེས། བོད་མི་རྣམས་ཀྱི་བརླ་ཤ་དང་ཨོང་ཤ་སོགས་ཤ་མཐུག་སར་བརྒྱབ་ནས། ལྕགས་འཛེར་ཤ་གསེང་དུ་ཟུག་བཅུག་རྗེས་ཕྱིར་འཐེན་ཏེ་རྐང་བཙུག་ནས་ཤ་གཙབ་རལ་དུ་གཏོང་བ་སོགས་ཚབ་ཆེའི་ཉེས་རྡུང་བཏང་ཡོད་པར་མ་ཟད། རྡོ་དང་གཡུག་པ་སོགས་ལག་ཏུ་མཚོན་ཆ་གང་ཡོད་ཀྱིས་ཉེས་རྡུང་བཏང་ཡོད་འདུག ཐེངས་འདིར་བོད་མི་ས་སྲུང་བའི་སྡོད་སྒར་སྟེང་རྒྱ་མི་རྣམས་ཕྱེད་ཀ་ལྷག་རླངས་འཁོར་ལས་ཡོང་བ་དང་། ཕྱེད་ཀ་རྟར་ཞོན་ནས་ཡོང་སྟབས་བོད་མི་ས་སྲུང་ཕལ་མོ་ཆེ་བྲོས་ཀྱང་ཐར་ཐུབ་མེད་པ་དང་། ཕར་ཞུ་བ་བྱས་ནའང་ཁ་ཡ་བྱས་མི་འདུག་ཟེར།
དེའི་རྗེས་དེར་བྲག་དཀར་སྡེ་བར་ཡོད་པའི་ཉེན་རྟོག་པ་(རྒྱ་བོད་གཉི་ག་འདུ།)དང་མེན་ལི་རྫོང་གི་ཉེན་རྟོག་པ། རྫོང་གཉི་གའི་མགོ་ཁྲིད་ཁག་ཅིག་བཅས་ས་གནས་སུ་འབྱོར་སྐབས་ཀྱང་། ཚོ་མེན་གྲོང་བརྡལ་གྱི་ཚུར་ཕྱོགས་ཀྱི་ཉེན་རྟོག་པར་ཉེས་རྡུང་གཏོང་རྩིས་བྱས་ཡོད་ནའང་། ཕྱོགས་གཉི་གའི་ཉེན་རྟོག་པ་དང་མགོ་ཁྲིད་སོགས་ཀྱིས་ཐབས་མཁས་བསྟུན་ཤེས་ཀྱིས་གསལ་བཤད་གང་མང་བྱས་མཐར་འཁྲུང་འཛིང་མ་བྱུང་ཙམ་བྱུང་འདུག
སྤྱིར་མདོ་ལ་རྫོང་ཨ་རིག་བྲག་དཀར་སྡེ་བ་དང་མེན་ལི་རྫོང་གི་ཚོ་མེན་གྲོང་བརྡལ་གཉིས་ཀྱི་བར་དུ་ང་བརྒྱད་ལོར་བོད་ལ་བཙན་འཛུལ་སྐབས་རྒྱ་བོད་ཀྱི་ས་མཚམས་ཁེལ་ཡོད་པ་དང་། ལོ་ལྟར་དབྱར་ཀར་བསླེབས་ཐེངས་རེ་རེ་བཞིན་བོད་རིགས་དང་རྒྱ་རིགས་ཡུལ་མི་རྣམས་ཀྱི་ས་མཚམས་ཀྱི་རྩོད་ཉོག་ཆེད་འཁྲུག་འཛིང་ལན་མང་བྱུང་ནའང་། རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ་སོགས་ཀྱིས་ད་ལྟའི་བར་དུ་གནས་ཚུལ་ཐག་གཅོད་ཡག་པོ་གང་ཡང་བྱས་མི་འདུག
ཐེངས་འདིར་ཨ་རིག་བྲག་དཀར་སྡེ་བའི་མང་ཚོགས་ཀྱིས་ཡུལ་དམག་བསྡུས་ཏེ་ཕར་རྒོལ་བྱ་རྩིས་བྱས་ཡོད་ནའང་། རྫོང་གི་མགོ་ཁྲིད་རྣམས་ཀྱིས་ཡུལ་མི་རྣམས་ལ་ཉིན་ལྔ་ཙམ་ལ་སྒུགས་དང་། གང་མགྱོགས་ཀྱིས་གནས་ཚུལ་ཐག་གཅོད་ཡག་པོ་གཅོད་ཐུབ་པ་སོགས་ཀྱི་ཁས་ལེན་བྱས་ཏེ། གནས་སྐབས་རིང་བཀག་འགོག་བྱས་ཡོད་འདུག
རྒྱ་བོད་གཉིས་ཀ་ཆུང་ས་ནས་མི་སྡེ་དང་། ཆེ་ས་ནས་རྒྱལ་ཁབ་ནམ་ཡང་ནམ་ཡང་མཐུན་ཐབས་མེད། འདི་ནི་མྱི་ལོ་ཁྲི་ཕྲག་ལས་རྒལ་བའི་ཁྱོད་ཤི་ང་གསོན་རེད།
མོ་འཛིང་གི་ལམ་ནས་སྔོན་མ་ཞིག་ལ་ཡང་བོད་རིགས་ཚོའི་མགོ་རྐང་བཅག་འདུག། ད་རེ་ཡང་། ད་དུང་ཡང་འདི་འདྲ་ཡིན་པས། ང་ཚོས་ཕྱི་འདང་མེད་པའི་ཕོ་འཛིང་ཞིག་བྱེད་དགོས། ཁོ་ཚོ་ལ་ཤི་གསོན་བྱེད་པའི་བློ་ཁག་མེད། རྒྱ་སྐྱག་དང་ཁྱི་སྐྱག་ལ་སྔ་མ་མེད་ཟེར་བ་རེད།
རྒྱ་ནག་གཞུང་དམངས་གཉིས་ཀྱིས་བོད་མི་རྣམས་གསོད་ཀྱིན་གསོད་ཀྱིན། རྡུང་བཞིན་རྡུང་བཞིན། བཙོན་དུ་བཅུག་གིན་བཅུག བོད་ཀྱི་ས་ཐོག་ཏུ་ཡོང་ནས་ས་ཆ་ཕྲོགས། གཏེར་ཁ་ཕྲོགས། རྒྱུ་ནོར་ཕྲོགས། བརྙས་བཅོས་བྱས་ཀྱིན་བྱས་ཀྱིན། ཆིངས་ཡིག་དང་གན་རྒྱ་བཞག་གིན་བཞག་གིན། མགོ་སྐོར་གཏོང་གིན་གཏོང་གིན། ངོ་མ་སེམས་ཕམ་ཡ་རེད་ཡ། ཡིད་སྐྱོ་ཡ་རེད་ཡ།
བོད་མི་རིགས་འདི་རྫོགས་རྫོགས་བར་དུ་འདི་འདྲ་རྐྱང་རྐྱང་བྱེད་ནས་འགྲོ་དགོས་པ་ཡིན་ནམ། བོད་མི་རིགས་ཀྱི་ལས་དབང་འདི་ལ་ཅི་འདྲ་བྱེད་ན་དགའ་འམ། དེ་རིང་ཡང་རྒྱལ་གཅེས་པ་དཔའ་བོ་ཞིག་གིས་སྐུ་ལུས་མེ་སྲོག་བཏང་འདུག་པའི་གསར་འགྱུར་འདུག ད་ཡིན་ན་ལམ་དབུ་མ་ཚང་གིས་དགོངས་པ་ཏན་ཏན་ཞིག་བཞེས་རན་འདུག་འདོད་དོ།། ལུག་དང་སྤྱང་ཀི་མཉམ་གནས་ཡོང་ཐབས་ཡོད་མེད་བསམ་བློ་ཡག་པོ་ཞིག་གཏོང་ན་དགའ་ས་རེད་འདོད་དོ།།
རྟའུ་ནང་དུ་མི་དམངས་ཀྱི་ཐོག་ཏུ་མེ་མདའ་བརྒྱབ་པ་དང་། དེ་དང་དེ་བཞིན་གསེར་རྟ་དང་བྲག་འགོ། ཏྲེ་ཧོར་ལྕོག་རི་སོགས་ལ་མི་དམངས་ཀྱི་ཐོག་ཏུ་རྒྱ་དམག་གྱིས་མེ་མདའ་བརྒྱབ་པ་རེད། རྒྱ་གུན་ཁྲན་གྱིས་བོད་མི་རིགས་ལ་མིའི་འདུ་ཤེས་རྩ་ནས་བཞག་གི་མེད། གསོད་ཆོག་ཆོག་དང་རྡུང་ཆོག་ཆོག མདོ་ན་སྤྱང་ཀི་ཡི་མིག་མདུན་གྱི་ལུག་དང་གཅིག་པ་རེད།
ད་རང་གི་ས་ཐོག་ནས་འདུག་དབང་ཡང་མི་འདུག འགྲོ་དབང་མི་འདུག ད་རུང་སེང་གེ་བཀའ་ཤག་གཉིད་ནས་ཡོད། ད་གང་ནས་ལྟས་ཀྱང་རེ་བ་མི་འདུག
རྒྱ་རིགས་བརྒྱ་པོ་ཆ་ཚང་ནང་ལ་ལོག་རྒྱུ་མེད་པར་དམར་གསོད་གཏོང་དགོས་རེད། དེ་མིན་རྙོག་ཁྲ་མ་བཟོས་ན་ཡག་བགྱིད། ས་འཚམས་ཆུང་ཆུང་གཅིག་གི་རྙོག་ཁྲས་བོད་རྒྱ་མི་རིགས་སྤྱི་ཡི་མཐུན་ལམ་ཡང་གནོད་བགྱིད་འདུག
དངོས་གནས་མི་རབས་མི་རྒྱུད་ནས་བཟུང་རྒྱ་མིའིའི་འོག་ཏུ་མནར་གཅོད་མྱྱྱྱང་མཁན་དེ་མདོ་ཁམས་པ་རེད། ད་དུང་མདོ་ཁམས་པ་ཁ་ཤས་ཀྱིས་རྒྱ་མི་དང་མཉམ་གནས་གཉིས་ཕན་བྱེད་ཡིན་ཟེར་ཁུལ་བྱེད་པ་དེ་ཡི་མུག་འོས་པ་ཞིག་རེད། བོད་དབུས་གཙང་གི་མིས་རྒྱ་མི་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་ད་དུང་ཤེས་མེད། རྒྱ་མི་དང་མཉམ་གནས་ནི་འཆི་ལམ་ངོ་མ་དེ་རེད། གནའ་སྲིད་པ་ཆགས་ཉིན་ནས་བསད་པ་རེད། ད་ལྟ་ཡང་གསོད་གི་ཡོད་རེད། མ་འོངས་པར་གསད་རྒྱུ་རེད། མི་རབས་གོང་མ་ཚོས་འཛིངས་ཐུབ་པའི་བཀའ་དྲིན་ལས་ད་དུང་ཡང་བོད་ཟེར་བ་ཞིག་ལུས་ཡེད་པ་རེད། ད་ཡང་འཛིངས་མ་ཐུབ་ན་ཤུལ་མེད་བཟོ་རྒྱུ་རེད།
སེང་ཁྲི་སྟེང་གི་བོད་ཀྱི་བླ་སྤྲུལ་ཚོས།
ཁྲིའི་འོག་སེང་གེ་ཁྱི་བཞིན་བཏགས་བཏགས་ཀྱིས།
གངས་སེང་དཀར་མོའི་ལུས་ཀྱི་རྩལ་དྲུག་ཀྱང་།
ཁྱི་རྒན་སྡར་ལུ་ཞིག་དང་ཁྱད་པར་མེད།།
ང་རང་ཉིད་ཀྱིས་བཤད་ཐུབ་པ་དང་སྒྲུབ་ཐུབ་རྒྱུ་ཞིག་ཡོད་པ་ནི། རང་ཁྱིམ་ནས་ད་སྔ་ཡན་ལ་རྒྱ་ལ་འཁོན་སེམས་ཅན་ཏག་ཏག་ལས་རྒྱ་དགའ་གཅིག་ཀྱང་བྱུང་མྱོང་མེད། ད་ཕྱིན་བཤད་ཚོད་མི་ཐུག་ཀྱང་ང་མ་ཤི་བར་རང་ཁྱིམ་གྱི་ཉེ་འབྲེལ་རྒྱ་དགའ་ཞིག་བྱུང་ན། དེ་ངས་གསོད་ཨེ་ཐུབ་ཅིག་ལྟ་རྒྱུ་ཡིན། དེ་ནི་ཕ་མ་གཉིས་ཀྱིས་ང་ལ་བསླབས་པའི་རྒྱ་ལ་བཟུང་བའི་ལྟ་ཚུལ་རེད་ངས་ཀྱང་ཚེ་གང་བོར་དེ་ལྟར་འཛིན་རྒྱུ་ཡིན།
ད་གནའ་སྔོ་མོའི་རྩོད་རྙོག་ཞུ་ཐབས་ལ་རྒྱ་ཁབ་ཀྱི་ཁ་ཡ་མ་བྱས་ན་དུས་རྟག་ཏུ་འདི་ཉོག་འཛིང་ཆེ་རུ་དང་ཤ་འཁོན་ཟབ་རུ་འགྲོ་རྒྱུ་ཉག་གཅིག་རེད།
ད་འདི། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་འཕམ་ཁ་རང་གིས་འཁུར། ཞེས་པའི་ཕ་ཆོས་ཀྱི་བསླབ་བྱ་བཟང་པོའི་མཇུག་འབྲས་འདི་རེད། ད་དུང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་རིན་པོ་ཆེར་ཡིད་དད་ཆེ་མདོག་བྱེད་སྟངས་འདི་ཡ་མཚན་རེད་ཡ། ད་རེས་ཀྱི་བོད་མིར་བཅར་བརྡུངས་དང་རུབ་བརྡུངས་བཏང་བ་འདི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་ངོ་མ་དེ་རེད་ད། ཤུ་རེ་ཁོ། ཕ་རོ་ཟ་རྒྱུ།
སྤྱིར་བཏང་མི་མང་ཉུང་ཐུགས་དུས་རྒྱལ་ཕམ་ཡོང་གི་རེད་ ཡིན་ན་འང་ད་ལན་བོད་མི་སུམ་བཅུ་ཙམ་གྱིས་རྒྱ་མི་གཅིག་ལ་འང་སྨོན་སྐྱོན་བཟོ་མ་ཐུབ་པ་དེ་དངོ་གནས་ཡ་མཚན་རེད།