(སྒྲོལ་དཀར་སྐྱབས་ཀྱི་དུས་བབ་ཟིན་བྲིས་ནས་བླངས་ཏེ་འདིར་བཀོད། )
ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༡༠ ཉིན་ནང་མིར་བརྡ་སྦྱོར་བཏང་སྟེ་ཕྱི་ཚེས་༡༢ ཉིན་དཀོན་མཆོག་ཚེ་འཕེལ་ལ་ཁྲིམས་གཅོད་ཀྱི་ཉིན་མོ་ཡིན་པས་ནང་མི་ཡོང་དགོས་ཚུལ་བརྗོད་འདུག ཁྲིམས་ར་རུ་ལས་ཁུངས་ཀྱི་ལས་རོགས་དང་ནང་མི་གཉིས་སྐད་བཏང་ཡོད། འཛིན་བཟུང་སྐབས་འཕྲོགས་འཁྱེར་བྱས་པའི་ཅ་དངོས་ལས་གློག་ཀླད་དང་པར་ཆས་གཉིས་གཞུང་བཞེས་བཏང་པ་ལས་ཅ་དངོས་གཞན་ནང་མིར་་རྩིས་སྤྲོད་བྱས་འདུག ཁྲིམས་གཅོད་ཀྱི་སྔ་ཕྱིའི་རྒྱུད་རིམ་ཁྲོད་ནང་མི་ཐུག་འཕྲད་བྱེད་བཅུག་མེད་ཀྱང་ཉིན་བཅུའི་ནང་མཐོ་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག་ཚུལ་བརྗོད་ཡོད་འདུག
ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༡༢ ཉིན་ཀན་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མིང་བཙན་འགེལ་འོག་ལོ་༡༥ ཁྲིམས་ཆད་དང་ལོ་ལྔའི་ཆབ་སྲིད་དབང་ཆ་འཕྲོགས་ཏེ་དྲང་བདེན་མིན་པའི་ཁྲིམས་གཅོད་བྱས་འདུག ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་འདྲི་དཔྱོད་དང་པོའི་ཁྲིམས་རའི་སྐབས་ཁྲིམས་རྩོད་པ་གདན་ཞུ་བྱེད་བཅུག་མེད་ལ། ཁྲིམས་རར་དཀོན་མཆོག་ཚེ་འཕེལ་ལ་སྤྱི་དམངས་ཁྲིམས་ལུགས་ཀྱི་འགྲོ་སྟངས་ལྟར་རང་ཉིད་དག་འབུད་བྱེད་པའི་གོ་སྐབས་ཀྱང་སྤྲད་ཡོད་མི་འདུག
ཐེངས་འདིའི་དཀོན་མཆོག་ཚེ་འཕེལ་ལགས་ལ་ཁྲིམས་གཅོད་སྐབས་གཙོ་བོའི་ཉེས་འཛུགས་་ནི། ཕྱི་ལོ་༡༩༩༥ ཆབ་སྲིད་དོགས་གཞིའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་དང༌། མཆོད་མེ་དྲ་རྒྱའི་ནང་རྒྱ་ནག་གི་ལངས་ཕྱོགས་དང་མི་མཐུན་པའི་རྩོམ་ཡིག་དང་པར་རིས་བཀོད་འགྲེམས་བྱས་ཚུལ། དེ་བཞིན་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་འདྲ་པར་ཁག་ཅིག་ཀྱང་གློག་ཀླད་དང་པར་ཆས་ནང་ཐོན་པ་བཅས་ནག་ཉེས་སུ་བགྲངས་ཡོད་འདུག
གལ་སྲིད་རྒྱ་གཞུང་གིས་དོན་དངོས་ཐོག་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུག་གིས་གོ་སྐབས་སྤྲད་ཚེ་བསྐྱར་དུ་ཁྲིམས་གཏུག་བྱ་འཆར་ཡོད་ཚུལ་འདུག དཀོན་མཆོག་ཚེ་འཕེལ་ལགས་ཀྱི་གཟུགས་བབ་ཀྱི་གནས་སྟངས་ཀྱང་སྐྱོ་ཞན་ཡིན་གནས་འདུག ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༡༤ ལ།
དཀོན་མཆོག་ཚེ་འཕེལ་ལགས་ཀྱི་སྐོར་ལ་གནས་ཚུལ་རེ་ཨེ་རེག་བསམ་ནས་ད་བར་དུ་སྒུག་བསྡད་པ་ཡིན། སྤྱིར་བཏང་གི་ལས་བྱེད་ཕལ་བ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པ་རེད་ཟེར་ནས་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་དེ་འདྲ་ནི་ཀླད་པའི་རྒྱ་ཡུལ་ལའང་ཤར་མི་ཐུབ་པ་ཞིག་རེད། ལས་བྱེད་དཀྱུས་མ་ཞིག་གིས་རྒྱལ་ཁབ་ཀྱི་གསང་བ་ཞིག་ག་འདྲ་བྱས་ཧ་གོ་གི་ཡོད་པ་རེད།
རྣམ་པ་ཚོས་གཤམ་གསལ་གྱི་དྲ་ཐག་འདི་ལ་ཞིབ་གཟིགས་གནང་རོགས།
http://zw.tibet.cn/index/zyxw/200911/t20091113_519313.htm
རྒྱ་རྩོག་འདི་བས་ཡང་ཆི་ཟིག་དྲན་དང་ནེ་ན། རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྐྱལ་དང་ན་གང་ཞིག་ཕྱི་ལ་བསྐྱལ་སྐོར་གྱི་གསལ་བཤད་ཅིག་ད་དགོས་ས་རེད་པཱ། ད་ཡང་བོད་མི་ཚོས་གྲ་སྒྲིག་ཅིག་བྱ་རན་ཡོད་ས་རེད། གང་ལྟར་སྙོམ་ཁུར་ནས་བསྡད་ན་རྒྱ་འདི་བས་སྡུག་ཚོད་མི་ཟིན་གི་མོད། ད་ལམ་ཁ་ཞིག་འཚོལ་ན་མ་རེད་པས།
ད་ངོ་མ་དཀའ་མོད་རེད།་་་ང་ཚོའི་མི་རིགས་ཀྱི་ནང་ནས་ཤེས་ཡོན་པ་ལ་རྒྱ་ཅན་ཡོད་ཚད་མེད་པར་བཟོ་རྒྱུ་འཆར་གཞི་རེད།་་་་་དེ་ཡང་མི་རིགས་འདི་རྩ་མེད་བཟོ་བའི་སྔོན་འགྲོ་རེད།་་་་ང་ཚོ་ཅི་ཙམ་རྒྱ་དམར་གྱི་འོག་ལྷག་ན་དེ་ཙམ་བར་དེས་རང་བཞིན་ཡིན་རྒྱུ་རེད།་་་་་བོད་མི་རིགས་འདིའི་སྡུག་བསྔལ་མྱང་དགོས་ནི་རེད།
སྤྱིར་ཁོང་ལ་རྒྱལ་ཁབ་ཀྱི་གསང་པ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་བཙུུགས་པ་དེ་ཁོང་བཙོན་འཇུག་བྱེད་སྤྱད་དུ་བཤད་རྒྱུ་ཞིག་དགོས་ནི་རེད།་་་་སྤྱིར་རྒྱ་ནག་གི་རྒྱལ་ཁབ་ཀྱི་གསང་བ་ཟེར་ནོ་དེ་གཞན་གྱི་རྒྱལ་ཁབ་ཀྱི་གསང་བ་དང་མི་འདྲ་བར་ངོ་མ་ཐབས་སྐྱོ་བོའི་ལས་ཀ་ཇག་པ་དང་རྐུན་མའི་ཁྱུ་ཚོགས་ཀྱི་ལས་ཀ་དེ་རིགས་རེད་འཛམ་གླིང་ན་གྲགས་པ་ཆེ་བའི་རྒྱལ་ཁབ་དེ་དོན་གྱི་ངོ་མ་སྐྱོ་བོ་རེད།
ལས་ཀ་དེཌྷའི་རིགས་ཀྱི་མཐའ་སྐྱེལ་ཐུབ་ནི་མ་རེད།་་་ཡིན་ན་ཡང་ང་ཚོའི་གནས་སྐབས་མྱོངས་དགོས་རྒྱུ་རེད་ཡ།
མི་རིགས་ལ་དགའ་ཞེན་དང་བརྩེ་སེམས་ཆེ་བའི་སྐྱེས་བུ་དག་གཅིག་རྗེས་གཉིས་མཐུད་དུ་མི་ཡུལ་གྱི་དམྱལ་ཁམས་སུ་ཁྲིད་སོང་། རྒྱལ་ཁབ་ཀྱི་སྟག་ལྤགས་གྱོན་པའི་ལས་མཁན་དེ་དག་གིས་རང་གི་གོ་གནས་དང་ཁེ་ཕན། ད་དུང་གོང་རིམ་པའི་དཔྱ་ཁྲལ་ལྟར་ཤུལ་ལས་རྣམས་ལ་འཇིགས་བསྐུལ་གཏོང་བྱེད། གཞུང་གི་སྒོར་མོ་འཚོལ་བྱེད། ཏང་ལ་བསྟོད པ་ལས་སྡུག་གཏམ་གླེང་མི་ཆོག་པའི་མགྲིན་པ་བཀག་ཆེད་མི་མང་པོ་ཞིག་བཙོན་དུ་བཅུག
བཙོན་པའི་ཡོད་དོ་ཅོག་མི་རིགས་ཀྱི་མདུན་ལམ་དང་རེ་བའི་ཆེད་དུ་བཏང་། ཁྱིམ་བདག་གིས་རྒྱུ་ནོར་ཡོད་ཚད་བཙོན་པ་སྐྱོབ་ཕྱིར་གཞུང་ལ་སྤྲད། མཐའ་མ་མི་མེད་རྒྱུ་མེད་ཀྱི་སྡུག་ཡུས་འདི་སུ་ལ་གླེང་། སྙིང་རེ་རྗེ། འདི་ན་རྒྱུ་འབྲས་མེད་པའི་ས་ཁུལ་ཞིག འདི་ན་དཀར་ནག་གོ་ལྡོག་པའི་མི་ཡུལ་ཞིག སང་ཉིན་གྱི་ཉི་མ་ཤར་བའི་སྔ་རོལ་དུ། ལུས་ཟུངས་ཟད་པའི་མི་འདི་ཚོ་སྐྱོབ་པའི་རེ་བ་རེ་འདུག་གམ།
རེད་ཉིན་ཤས་སྔོན་ངའི་ཟིན་བྲིས་ཟིག་ལ་བལྟས་ངན་པའི་རྨི་ལམ་རྨིས་ནས་གངས་ཉི་དྲན་བྱུང་ཟེར་ཞོར་བོད་བཞུང་སྐྱིད་ཀྱི་རྩོམ་ཟིག་འཁོད་པ་དེ་རེད། སྐབས་དེར་གནས་ཚུལ་འབྱོར་བ་ཙམ་ལས་ཁ་གསལ་བཟོ་ཐུབ་མ་སོང་། ད་ལྟ་གནས་ཚུལ་ཁ་གསལ་འབྱོར་དུས་ཡང་མཆོད་མེ་དྲ་རྒྱའི་གཙོ་གཉེར་བ་དཀོན་མཆོག་ཚེ་འཕེལ་དང་ཉིན་གཅིག་དུས་གཅིག་ལ་ཁྲིམས་ཐག་བཅད་པའི་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོ་དང་པར་རྒྱག་སྒྱུ་རྩལ་བ་གངས་ཉི་འམ་ཀུན་དགའ་ཆངས་དབྱངས་ཁོ་ལ་ཁྲིམས་ཐག་མི་ལོ་ལྔ་ལ་བཅད་སྐོར་མི་སྒྲོལ་དཀར་སྐྱབས་ཀྱི་ཟིན་བྲིས་ལ་མི་འདུག། ཁོ་གཉིས་ཉིན་གཅིག་དུས་གཅིག་རེད།
དཀོན་མཆོག་ཚེ་འཕེལ་གྱི་ལོ་རྒྱུས་ཤེས་མཁན་ཡོད་ན་འགོད་རྒྱུ་དང་། ཁྲིམས་ཆད་ཕོག་པའི་མི་དེ་དག་གི་སྐོར་ཆེད་དུ་གླེང་རྒྱུ་བྱུང་ཡོད་མིན་སྐོར་རྒྱུས་མངའ་བཞུགས་ཚེ་ཆ་གསལ་བཀའ་དྲིན་གནང་སྐྱོང་ཞུ། །
ཁ་ཁུ་སིམ་པོར་གནས་པའི་མི་བྱས་རྗེས་ཅན་འདི་འདྲ་བ་ཚོ་གོ་མེད་ཚོར་མེད་ལ་བཟུང་ནས་ཅི་ཡིན་འདི་ཡིན་གྱི་གསལ་བཤད་མེད་པར་ཉེས་ཆད་ཆེན་པོ་གཅོད་གི་ཡོད་པ་ནི་ཁུར་ཚང་ལ་གནོང་ཡོད་པ་དང་བདེ་འཇགས་མ་ཡིན་པའི་ཚོར་ཤུགས་ཆེ་བས་རྟགས་རེད། ཁུར་ཚང་གིས་རྫུན་གྱི་སྒང་ལ་རྫུན་བརྩིགས་ནས་བོད་སྐོར་ལ་བཤད་པའི་སྒྲུང་དང་བཞེངས་པའི་སྣང་བརྙན་ལ་ཁ་གཏད་གཅོག་མཁན་ཚོར་ཆད་པ་གཅོད་ཀྱི་ཡོད། དཀོན་མཆོག་ཚེ་འཕེལ་ལྟ་བུའི་གངས་ཅན་པ་ཚོའི་རང་རྐྱ་འཕེར་པའི་སྨྲ་བརྗོད། བསམ་བློ། བྱ་སྤྱོད་ཀྱིས་བོད་མིའི་བསམ་བློའི་འདུ་ཤེས་ལ་བག་ཆགས་ཐེབས་ཀྱི་ཡོད་ལ། རྒྱ་ནག་གིས་ད་ལྟ་པར་དུ་སློབ་གསོ། བརྒྱུད་ལམ། དམག་དང་བདེ་སྲུང་། ཁྲིམས་སྲིད་སྒྲིག་འཛུགས་སོགས་འཇམ་རྩུབ་ཀྱི་དབང་ཤུགས་ལག་ཆ་སྣ་ཚོགས་བརྒྱུད་ནས་བོད་མའི་གླད་པའི་ནང་བླུག་བླུག་པ་དེ་བྱོ་ཐུབ་ཀྱི་ཡོད་པས། རྒྱ་གཞུང་གིས་དེ་ལ་ཞེད་སྣང་བྱས་ནས་རང་དབང་གི་སྨྲ་སྒོ་གཅོད་ཀྱི་ཡོད།
དཀོན་མཆོག་ཚེ་འཕེལ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱས་པའི་ཉེས་སྐྱོན་བཙུགས་འདུག་པས་དངོས་གནས་བཤད་ན་ང་ཚོ་ཉེས་ཆད་གཅོད་མཁན་གྱི་རྒྱ་མའི་གཞུང་འཛིན་མི་སྣ་ཡིན་ནའང་། ཁོས་བྱས་པ་དེ་ཚོ་ཅིའི་ཕྱིར་ནག་ཉེས་འདིའི་གྲས་སུ་རྩིས་པ་སུས་ཀྱང་བཤད་དཀའ། རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་ཅེས་པ་འདི་རྒྱ་ནག་གི་སྤྱི་འམ་བྱེ་བྲག་གི་ཁྲིམས་སྣ་གང་དུ་འང་འགྲེལ་བཤད་གསལ་པོ་ཞིག་རྦད་དེ་བྱས་མེད་པ་མ་ཟད། རྒྱ་ནག་གི་ཉེས་ཁྲིམས་དང་ཉེས་ཁྲིམས་ལག་ལེན་བྱེད་སྟངས་ཀྱི་ཁྲིམས། རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་ཁྲིམས་སོགས་མཉམ་རུབ་བྱས་ནས་ནག་ཉེས་རྣམ་གྲངས་འདི་སུས་ཀྱང་འགྲེལ་མི་ཤེས་པའི་ལྐོག་གྱུར་ལྐོག་གྱུར་ཞིག་ཏུ་བཏངས་ཡོད། སྒྲིག་ཁྲིམས་འདི་དག་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་གི་ཉེས་སྐྱོན་བཙུག་པའི་མིས་ཁྲིམས་རྩོད་པར་བརྟེན་ཆོག་པའི་ཐོབ་ཐང་འཕྲོག་པ་མ་ཚད། འདྲི་གཅོད་དང་ཁྲིམས་གཅོད་ཀྱི་བརྒྱུད་རིམ་སོགས་ཀྱང་རྒྱལ་ཁབ་ཀྱི་གསང་པར་བཟོས་ཡོད། ཁྲིམས་འདི་ཕྱི་གསལ་ནང་གསལ་མིན་པས་ལག་ལེན་བྱེད་སྐབས་ཁྱབ་རྒྱ་ཧ་ཅང་ཆེ། “ཆབ་སྲིད་ཉེས་ཅན་”ཆེ་ཆུང་འདྲ་མིན་ལ་ཁྲིམས་འདིའི་འོག་ཉེས་ཆད་གཅོད་ཆོག འདི་ནི་སྲིད་དབང་སྒེར་འཛིན་དང་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ཚོའི་རང་གི་འབངས་མི་བཙན་གནོན་བྱེད་སྤྱད་ཀྱི་ལག་ཆ་འདང་ཆེན་ཞིག་ཡིན། གཉའ་གནོན་གྱི་ཁྲིམས་རྒྱ་ཆེན་མོ་འདིའི་ནང་དཀོན་མཆོག་ཚེ་འཕེལ་ལྟ་བུ་རང་རིགས་ལ་སེམས་དཀར་བ་མ་གཏོགས་ནག་ཉེས་ཅི་བྱས་མི་ཤེས་པའི་བོད་པ་ཚང་གི་སྐྱེས་ཕོ་མོ་སྤྱི་སེམས་ཅན་ཚོ་བཟུང་འགྲོ་གི་ཡོད། མུན་ནག་གི་སྤྱི་ཚོགས་ཟེར་བ་འདི་འདྲ་ཞིག་ལ་ཟེར་བ་ཡིན་རྒྱུ་རེད། དུས་རབས་ཉེར་གཅིག་པ་ཡིན་པར་འདེང་ཞིག་བརྒྱབ་ན་འདི་ཁུར་ཚང་གི་རྟོག་བཟོ་བྱས་པའི་བོད་ཀྱི་བྲན་གཡོག་སྤྱི་ཚོགས་ཟེར་པ་ལས་ཀྱང་ཡ་ང་བ།