རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
1)གླེང་སློང་བ།
ཉེ་བའི་བདུན་ཕྲག་འགའི་སྔོན་ནས་བཟུང་། གསར་འགྱུར་བརྒྱུད་ལམ་ཁག་དང་ཚགས་པར་ཁག བརྙན་འཕྲིན་ཁག་བཅས་ན་ཨ་རིའི་སྒྲོ་ལོར་གྱི་འཛའ་ཐང་མར་ཆགས་བཞིན་པའི་གནས་ཚུལ་ཡོང་གིན་འདུག དེ་ཡང་སྤྱི་ཟླ་བཅུ་གཅིག་གི་ཚེས་བཅུ་ཉིན་ཐོན་པའི་རྒྱལ་སྤྱིའི་དུས་བབ་ཚགས་དེབ་ཀྱི་ཤོག་ངོས་སོ་བདུན་གྱི་མདུན་དུ་ཡང་ཨ་རིའི་སྒྲོ་ལོར་གྱི་རིན་ཐང་བརྒྱ་ཆ་༡༥མར་ཆགས་པའི་གནས་ཚུལ་ཐོན་འདུག དེར་བརྟེན། ངེད་ཀྱིས་དངུལ་གྱི་འཛའ་ཐང་དང་འབྲེལ་ནས་རྨོངས་འཆར་ཐུང་ཐུང་ཞིག་འབྲི་རྒྱུའི་འགོ་བསླངས་བ་ཡིན།
འོན་ཀྱང་། རྩོམ་ཐུང་འདི་འབྲི་ཡུན་ཏུ་སོང་བའི་རྩོམ་ཞིག་མིན། རྩོམ་ཐུང་འདི་དཔལ་འབྱོར་རིག་པའི་རྨང་གཞིའི་ཤེས་བྱ་འགའ་རྒྱབ་རྟེན་ལ་བཟུང་ནས་བྲིས་བ་ཞིག་ཡིན། རྩོམ་ཐུང་འདིའི་ནང་དུ། རྒྱལ་ཁབ་ཞིག་གི་དངུལ་གྱི་འཛའ་ཐང་འཕར་ཆགས་ཇི་ལྟར་ཡོང་གི་ཡོད་མེད་དང་དེ་ཡོང་རྐྱེན་ཅི་ཡིན་མིན། དངུལ་གྱི་འཛའ་ཐང་འཕར་ཆགས་ཀྱིས་རྒྱལ་ཁབ་གང་དེའི་དཔལ་འབྱོར་ལ་ཤུགས་རྐྱེན་ཇི་སྤྲོད་སོགས་ཀྱི་སྐོར་ནས་ཡིན། འཚོ་སྡོད་ཀྱི་འགྲོ་བ་མི་ཞིག་ལ་མཚོན་ན། རྒྱབ་ལ་གོན་རྒྱུ་དང་ཁ་ལ་ཟ་རྒྱུ་ཞིག་དགོས་བ་ནི་སྨྲས་མེད་རེད། དེ་ཡང་དེ་རིང་སང་ཉིན་གྱི་གོ་ལ་གཅིག་གྱུར་གྱི་གནས་སྟངས་འདིའི་འོག་ཏུ། ཁྱེད་ཀྱིས་སྤྱོད་བཞིན་པའི་ལྟོ་གོས་ཕལ་ཆེ་བ་ཡང་ཁྱེད་རང་ནས་ཐོན་སྐྱེད་བྱས་བ་རྐྱང་མ་ཡིན་པར་གཞན་གྱིས་ཐོན་སྐྱེད་བྱས་ཚར་བའི་རིགས་ལ་ཁྱེད་ཀྱིས་དངུལ་སྤྲད་ནས་ཉོ་གི་ཡོད། གཞན་གྱི་ཅ་དངོས་ཉོ་དགོས་ཐུག་དུས། ཉོ་མཁན་དེས་རང་གི་དངུལ་དེ་ཉོ་ས་དེའི་དངུལ་ལ་བརྗེ་ནས་ཉོ་དགོས་ཐུག་གི་ཡོད། དཔེར་ན། ཁྱེད་ཀྱིས་རྒྱལ་ཁབ་ཕྱི་ནས་ཅ་དངོས་ཤིག་ཉོ་བའི་སྐབས་སུ། ཕྱིའི་དངུལ་བེད་སྤྱོད་གཏོང་དགོས་ཐུག་གི་ཡོད་ལ་ཕྱི་མི་ཞིག་གིས་ཁྱེད་ཀྱི་ལུང་བའི་ཅ་དངོས་ཉོ་དུས་ཀྱང་དེ་མཚུངས་ལྟར་བྱེད་དགོས་ཐུག་གི་ཡོད། རྒྱལ་ཁབ་གང་ཞིག་གི་དངུལ་གྱི་རིན་ཐང་དེ་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་ནང་ལ་བརྗེ་བསྒྱུར་བྱས་ཚར་བའི་རྗེས་ཀྱི་རིན་ཐང་དེ་ལ་དངུལ་བརྗེ་ལེན་གྱི་གོང་ཚད་ཟེར། དཔེར་ན། ཕྱི་ལོ་༢༠༠༧ལོའི་ཟླ་བཅུ་བའི་ནང་དུ། ཨ་སྒོར་༡ལ་ཡོ་སྒོར་༠.༧༠རེད། དེའི་སྐབས་ཀྱི་ཨ་སྒོར་དང་ཡོ་སྒོར་དབར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ནི་༡ :༠༧༠རེད།
སྤྱིར་བཏང་ནས་དངུལ་གྱི་འཛའ་ཐང་ལ་འཕར་བ་དང་ཆགས་པ་གཉིས་ཀ་ཡོང་གི་རེད། རྒྱལ་ཁབ་གང་ཞིག་གི་དངུལ་གྱི་འཛའ་ཐང་འཕར་བ་རེད་ལབ་དུས། རྒྱལ་ཁབ་དེའི་དངུལ་གྱི་གོང་ཚད་དེ་རྒྱལ་ཁབ་གཞན་ཞིག་གི་དངུལ་གྱི་གོང་ཚད་དང་བསྡུར་ནས་འཕར་བ་རེད་བརྗོད་ཀྱི་ཡོད་རེད། ཡང་རྒྱལ་ཁབ་གང་ཞིག་གི་དངུལ་གྱི་འཛའ་ཐང་ཆགས་པ་རེད་ལབ་དུས། རྒྱལ་ཁབ་དེའི་དངུལ་གྱི་གོང་ཚད་དེ་རྒྱལ་ཁབ་གཞན་དེའི་དངུལ་གྱི་གོང་ཚད་དང་བསྡུར་ནས་མར་ཆགས་པ་རེད་བརྗོད་ཀྱི་ཡོད་རེད། དཔེར་ན། ཕྱི་ལོ་༡༩༩༩ནས་༢༠༠༡བར། ཨ་སྒོར་གྱི་འཛའ་ཐང་དེ་ཡོ་སྒོར་༠.༨༦ནས་༡.༡༨བར་འཕར་སྣོན་བྱུང་འདུག ཁྱོན་ཨ་སྒོར་གྱི་འཛའ་ཐང་དེ་བརྒྱ་ཆ་༣༧ཙམ་ཡར་འཕར་བ་རེད། དེ་འཕར་སྣོན་ཡོང་རྐྱེན་ནི་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དེ་ཡོ་རོབ་ལས་མགྱོགས་པ་བྱུང་བ་མ་ཟད་ཨ་རིའི་དངུལ་ཁང་ཕལ་མོ་ཆེའི་དངུལ་གྱི་སྐྱེད་ཀ་དེ་ཡོ་རོབ་ལས་བརྒྱ་ཆ་༢མཐོ་བ་ཆགས་པས་རེད། ཡང་ཕྱི་ལོ་༢༠༠༡ནས་༢༠༠༧བར་། ཨ་སྒོར་གྱི་འཛའ་ཐང་དེ་ཡོ་སྒོར་༡.༡༨ནས་༠.༧༠མར་ཆགས་པ་རེད། ཁྱོན་ཨ་སྒོར་གྱི་འཛའ་ཐང་དེ་བརྒྱ་ཆ་༤༠ཙམ་མར་ཆགས་པ་རེད། དེ་མར་ཆགས་པའི་རྐྱེན་ནི་གོང་དང་ལྡོག་ཕྱོགས་ནས་རེད།
དེས་ན། རྒྱལ་ཁབ་ཞིག་གི་དངུལ་གྱི་འཛའ་ཐང་འཕར་ཆགས་ཡོང་རྐྱེན་ཅི་ཡིན་ནམ་ཞེ་ན། ཐོག་མར་ང་ཚོས་ཕྱི་དངུལ་བརྗེ་ལེན་བྱེད་སའི་ཁྲོམ་ར་ནས་འགོ་བཙུགས་དགོས། ཕྱི་དངུལ་བརྗེ་ལེན་བྱེད་སའི་ཁྲོམ་རའི་ཐོག་ཏུ་ང་ཚོས་དངུལ་བརྗེ་ལེན་གྱི་གོང་ཚད་ལ་འཕར་ཆགས་ཇི་ལྟར་ཡོང་གིན་ཡོད་མིན་འཚོལ་ཐུབ་ཀྱི་ཡོད། རྒྱུ་མཚན། ཉོ་མཁན་དང་བཙོང་མཁན་གཉིས་ཀ་ཁྲོམ་རའི་ཐོག་ཡོད་པས་ཡིན། ཉོ་མཁན་དང་བཙོང་མཁན་གཉིས་ཀྱི་ཤུགས་རྐྱེན་ནི་གཙོ་བོ་ཡིན། གཤམ་ནས་ཉོ་མཁན་དང་བཙོང་མཁན་གཉིས་ཀྱིས་ཤུགས་རྐྱེན་སྤྲོད་སྟངས་སྐོར་ནས་མདོར་ཙམ་གླེང་གི་ཡིན།
2)ཉོ་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས།
དེ་ཡང་ཉོ་མཁན་གྱི་ཕྱོགས་ནས། ཁྲོམ་རའི་དངུལ་བརྗེ་ལེན་གྱི་གོང་ཚད་ཀྱི་འཕར་ཆགས་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ཁང་ཁག་གི་དངུལ་ཀྱི་སྐྱེད་ཀ་སྤྲོད་སྟངས། གཞན། ཁྲོམ་རའི་ཐོག་ཏུ་འབྱུང་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ལ་ཚོད་དཔག་དང་རེ་བ་རྒྱག་སྟངས་ཀྱི་ཕྱོགས་བཅས་གསུམ་ནས་ཤུགས་རྐྱེན་ཡོང་གི་ཡོད། རྒྱུ་མཚན་ཅི་ཞིག་གི་དབང་གིས་ཉོ་མཁན་ལ་ཨ་རིའི་སྒྲོ་ལོར་དགོས་མཁོ་ཆགས་ཀྱི་ཡོད་དམ་ཞེ་ན། དེ་ལ་རྒྱུ་མཚན་གཉིས་རང་མ་གཏོགས་མེད། གཅིག་དེ་ཨ་རིས་ཕྱིར་གཏོང་བྱས་བའི་ཅ་དངོས་རྣམས་ཉོ་བའི་སླད་དང་གཞན་དེ་ཨ་རིའི་རྒྱུ་དངོས་རྣམས་ཉོ་བའི་སླད་དུ་རེད། འདིའི་སྐབས་ཀྱི་ཨ་རིས་ཕྱིར་གཏོང་བྱས་བའི་ཅ་དངོས་ལབ་དུས་( Goods and Services ) གོ་བ་དང་ཨ་རིའི་རྒྱུ་དངོས་ལབ་དུས་ ( Bank accounts, bonds, stocks, businesses and real estate) སོགས་ལ་གོ་གི་ཡོད་པ་རེད། ཉོ་མཁན་གྱི་ཕྱོགས་ནས་བལྟས་ན། ཅི་ཙམ་གྱིས་ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་མཐོ་བ་ཡོད་ན། ཨ་སྒོར་ཉོ་མཁན་ཉུང་དུ་འགྲོ་གི་རེད། རྒྱུ་མཚན་ཨ་སྒོར་གྱི་གོང་ཚད་མཐོ་རུ་ཕྱིན་པའི་རྐྱེན་གྱིས་རེད།
དེ་ཡང་། གལ་སྲིད་ཨ་རིའི་ཚོང་ཟོག་ཕྱིར་གཏོང་གི་གྲངས་འབོར་འཕར་བ་ཡིན་ན། དེ་ཙམ་གྱིས་ཉོ་མཁན་དག་ལ་ཨ་རིའི་སྒྲོ་ལོར་གྱི་དགོས་མཁོ་ཆེ་རུ་འགྲོ་གི་ཡོད་པ་རེད།
དཔེར་ན། ཨ་རིའི་སྒྲོ་ལོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཡོ་སྒོར་༠.༨༠ནས་༠.༧༠བར་མར་ཆགས་པ་ཡིན་ན། ཡོ་སྒོར་བེད་སྤྱོད་གཏོང་མཁན་གྱི་ཉོ་མཁན་རྣམས་ལ་ཨ་རིའི་ཕྱིར་གཏོང་གི་ཚོང་ཟོག་རྣམས་རིན་གོང་ཁེ་བོ་ཆགས་ཀྱི་ཡོད་ཙང་། ཨ་རིའི་ཚོང་ཟོག་ཉོ་མཁན་མང་དུ་འགྲོ་གི་རེད་ལ་ཨ་རིའི་ཕྱི་གཏོང་གི་ཚོང་ཟོག་ཉོ་མཁན་མང་དུ་ཕྱིན་པ་ལ་བརྟེན་ནས་ཨ་སྒོར་ཉོ་མཁན་ཡང་མང་དུ་འགྲོ་གི་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས། ཉོ་མཁན་ཚོའི་ཁྲོད་དུ་། ཨ་སྒོར་བེད་སྤྱོད་མ་བཏང་བར་ལག་ཏུ་ཉར་བསྡད་པ་ཡིན་ན་ཉེ་བའི་འབྱུང་འགྱུར་གྱི་ཁྲོད་དུ་ཁེ་ཕོག་ཆེན་པོ་རེག་གི་རེད་བསམ་པའི་ཚོད་དཔག་རྒྱག་མཁན་མང་དུ་ཕྱིན་པ་ཡིན་ན། དངུལ་བརྗེ་ལེན་གྱི་ཁྲོམ་རའི་ཐོག་ཏུ་ཨ་སྒོར་ཉོ་མཁན་མང་དུ་འགྲོ་གི་རེད། དཔེར་ན།
ད་ལྟ་ཨ་སྒོར་༡གི་གོང་ཚད་དེ་ཡོ་སྒོར་༠.༩༠ཡིན་ན། ཉོ་མཁན་ཚོའི་ཚོད་དཔག་ལ་ཨ་སྒོར་གྱི་གོང་ཚད་དེ་ལོ་མཇུག་ལ་ཡོ་སྒོར་༠.༨༠ལལྷུང་གི་རེད་བྱུང་བ་ཡིན་ན། ད་ལྟ་ཨ་སྒོར་ཉོ་མཁན་མང་དུ་འགྲོ་གི་རེད། གང་གིས་ཞེ་ན། ད་ལྟ་ཉོས་བའི་ཨ་སྒོར་གྱི་འབོར་དེས་ལོ་མཇུག་ལ་ཨ་སྒོར་ད་ལྟ་ལས་མང་བ་ཉོ་ཐུབ་ཀྱི་ཡོད་པས་རེད།
དེ་ནས་རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་སྤྲོད་སྟངས་ཀྱིས་དངུལ་གྱི་འཛའ་ཐང་འཕར་ཆགས་ལ་ཤུགས་རྐྱེན་ཞིག་ཡོང་གི་ཡོད་པ་རེད། གལ་སྲིད། ཨ་རིའི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་དེ་ཚོང་ཤག་རྒྱལ་ཁབ་གཞན་ཁག་གི་དངུལ་ཁང་ལས་མཐོ་བ་ཡོད་ན། ཨ་རིའི་དངུལ་ཁང་ཁག་ལ་དངུལ་བཅོལ་འཇོག་བྱེད་མཁན་མང་དུ་འགྲོ་གི་རེད། ཅི་ཙམ་གྱིས་དངུལ་བཅོལ་འཇོག་བྱེད་མཁན་མང་དུ་ཕྱིན་ན། དེ་ཙམ་གྱིས་ཨ་སྒོར་ཉོ་མཁན་མང་དུ་འགྲོ་གི་རེད། ཅི་ཙམ་གྱིས་ཨ་སྒོར་ཉོ་མཁན་མང་དུ་ཕྱིན་ན་། དེས་ཨ་སྒོར་གྱི་འཛའ་ཐང་འཕར་སྣོན་ལ་ཤུགས་རྐྱེན་ཡོང་གི་ཡོད་པ་རེད།
ད་དུང་། ཁྲོམ་རའི་ཐོག་ཏུ་འབྱུར་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ལ་ཚོད་དཔག་དང་རེ་བ་རྒྱག་སྟངས་ལ་བརྟེན་ནས་དངུལ་གྱི་འཛའ་ཐང་ལ་ཁྱད་པར་ཡོང་གི་ཡོད་རེད། བཟོ་ཚོང་ཁང་ཆེན་པོ་དག་གི་བསམ་པར། འབྱུར་འགྱུར་ཨ་སྒོར་གྱི་གོང་ཚད་འཕར་གྱི་རེད་བསམ་ན། ད་ལྟ་ཡོད་པའི་ཡོ་སྒོར་རྣམས་བཙོས་ནས་ཨ་སྒོར་མང་ཙམ་ཉོ་གི་རེད། འོན་ཀྱང་། ཚོད་དཔག་རྒྱག་སྟངས་ཀྱི་རིགས་འདི་དག་ཕུགས་བརྟན་ཞིག་ཡོང་མིན་བརྗོད་ཁག་པོ་རེད། གང་ལྟར། ཉོ་མཁན་གྱི་ཕྱོགས་ནས་བསམ་ན། གོང་གི་རྒྱུ་རྐྱེན་འདི་དག་ལ་བརྟེན་ནས་དངུལ་གྱི་འཛའ་ཐང་ལ་ཤུགས་རྐྱེན་ཡོང་གི་ཡོད་པ་རེད།
3)བཙོང་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས།
བཙོང་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་ཀྱི་ཁུངས་དེ་ཉོ་མཁན་ནང་བཞིན། ཁྲོམ་རའི་ཐོག་གི་དངུལ་བརྗེ་ལེན་གྱི་གོང་ཚད་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་སྤྲོད་སྟངས། ཁྲོམ་རའི་ཐོག་ཏུ་འབྱུང་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ལ་ཚོད་དཔག་དང་རེ་བ་རྒྱག་སྟངས་བཅས་གསུམ་ཡིན་རུང་། ཤུགས་རྐྱེན་སྤྲོད་སྟངས་ལོགས་ཀ་རེད། དཔེར་ན། ཉོ་མཁན་གྱི་གནས་སྟངས་གཞིར་བཞག་ཐོག་དངུལ་བརྗེ་ལེན་གྱི་གོང་ཚད་ཀྱིས་དངུལ་གྱི་འཛའ་ཐང་ལ་ཤུགས་རྐྱེན་བཟོ་སྟངས་དང་བཙོང་མཁན་གྱི་གནས་སྟངས་གཞིར་བཞག་ཐོག་དངུལ་གྱི་འཛའ་ཐང་ལ་ཤུགས་རྐྱེན་སླེབས་སྟངས་གཉིས་ལོགས་ཀ་རེད། རྒྱུ་མཚན་ཅི་ཞིག་གི་དབང་གིས་ཁྲོམ་རའི་ཐོག་ལ་ཨ་སྒོར་བཙོང་མཁན་ཡོང་གི་ཡོད་དམ་ཞེ་ན། དེ་ལ་ཡང་རྒྱུ་མཚན་གཉིས་རང་རེད། ཕྱི་ནས་ཐོན་སྐྱེད་བྱས་བའི་ཅ་དངོས་རྣམས་ཉོ་བའི་སླད་དང་ཕྱིའི་རྒྱལ་ཁབ་ཁག་གི་རྒྱུ་དངོས་ཉོ་བའི་སླད་དུ་ཁྲོམ་རེའི་ཐོག་ལ་ཨ་སྒོར་མཁོ་འདོན་བྱེད་ཀྱི་ཡོད། དེ་ཡང་། ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་ཅི་ཙམ་འཕར་བ་ཡིན་ན། དེ་ཙམ་གྱིས་ཨ་སྒོར་ཕྱི་ལ་བཙོང་མཁན་གྱི་གྲངས་འབོར་འཕར་གྱི་ཡོད་པ་རེད། དཔེར་ན། གལ་སྲིད་ཨ་སྒོར་༡གི་གོང་ཚད་དེ་ཡོ་སྒོར་༠.༨༠ནས་ཡོ་སྒོར་༠.༩༠ལ་འཕར་བ་ཡིན་ན། ཨ་སྒོར་ཕྱི་བཙོང་གི་གྲངས་འབོར་ཁྲོམ་རའི་ཐོག་མང་དུ་འགྲོ་གི་རེད།
དེ་ཡང་། ཨ་རིའི་ངོས་ནས་ཕྱིའི་ཅ་དངོས་ནང་འདྲེན་གྱི་གྲངས་འབོར་འཕར་བ་ཡིན་ན། དེ་ཙམ་གྱིས་ཨ་སྒོར་ཕྱིར་བཙོང་གི་གྲངས་འབོར་ཡང་འཕར་གི་རེད། དེར་བརྟེན།
ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་འཕར་བ་ཡིན་ན། ཨ་སྒོར་གཅིག་གིས་ཕྱིའི་ཅ་དངོས་རྣམས་རིན་གོང་ཁེ་བོའི་ཐོག་ནས་ཉོ་ཐུབ་ཀྱི་ཡོད་པ་རེད། རིན་གོང་ཁེ་བོ་ཆགས་པ་ལ་བརྟེན་ནས་ཉོ་མཁན་མང་དུ་འགྲོ་གི་ཡོད་པ་རེད། ཉོ་མཁན་མང་དུ་ཕྱིན་པ་ལ་བརྟེན་ནས་ཨ་སྒོར་ཕྱི་བཙོང་གི་གྲངས་འབོར་ཡང་མང་དུ་འགྲོ་གི་ཡོད་པ་རེད།
ཡང་ཕྱོགས་གཞན་ཞིག་ནས། ཁྲོམ་རའི་ཐོག་གི་བཙོང་མཁན་མང་པོ་ཞིག་གི་བསམ་པར། ཕྱི་དངུལ་འབོར་ཆེན་ཉར་བ་ཡིན་ན་དེས་ཁེ་བཟང་འབོར་ཆེན་ཟ་ཐུབ་ཀྱི་རེད་བསམ་ནས་ཨ་སྒོར་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་འཕར་བའི་སྐབས་དང་བསྟུན་ནས་ཕྱི་དངུལ་མང་པོ་ཉོ་གི་ཡོད་པ་རེད། ཕྱི་དངུལ་ཅི་ཙམམང་བ་ཉོས་ན། དེ་ཙམ་གྱིས་ཨ་སྒོར་མང་ཙམ་ཕྱི་བཙོང་བྱེད་དགོས་ཐུག་གི་ཡོད་། དེ་ནས། རྒྱལ་ཁབ་ཕན་ཚུན་དབར་གྱི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་སྤྲོད་ལུགས་ཀྱིས་ཤུགས་རྐྱེན་སྤྲོད་སྟངས་ནི།
གལ་སྲིད། ཨ་རིའི་དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀ་དེ་ཚོང་ཁག་རྒྱལ་ཁབ་ཁག་གི་དངུལ་ཁང་ལས་མཐོ་བ་ཡོད་ན། བཙོང་མཁན་གྱི་ཕྱོགས་ནས་ཨ་སྒོར་ཕྱི་གཏོང་གི་གྲངས་འབོར་མར་ཆགས་ཀྱི་ཡོད་པ་རེད། ཨ་སྒོར་ཕྱི་གཏོང་གི་གྲངས་འབོར་མར་ཆགས་པ་ལ་བརྟེན་ནས་ཕྱི་དངོས་ནང་འདྲེན་གྱི་གྲངས་འབོར་ཡང་མར་ཆགས་ཀྱི་ཡོད་པ་རེད།
གཞན། ཕྱིའི་རྒྱལ་ཁབ་ཁག་གི་དངུལ་ཁང་གི་དངུལ་གྱི་སྐྱེད་ཀ་དེ་ཨ་རི་ནས་མཐོ་བ་ཡོད་ན། ཨ་སྒོར་ཕྱིར་གཏོང་གི་གྲངས་འབོར་འཕར་ཡོང་གི་རེད། ཨ་སྒོར་ཕྱིར་གཏོང་གི་གྲངས་འབོར་འཕར་བ་ལ་བརྟེན་ནས། རིམ་བཞིན་ཨ་སྒོར་གྱི་འཛའ་ཐང་མར་ཆགས་པའི་ཤུགས་རྐྱེན་སླེབས་ཀྱི་ཡོད། ད་དུང་། ཁྲོམ་རའི་ཐོག་ཏུ་འབྱུང་འགྱུར་གྱི་དངུལ་བརྗེ་ལེན་གྱི་གོང་ཙད་ལ་ཚོད་དཔག་དང་རེ་བ་རྒྱག་སྟངས་ལ་བརྟེན་ནས་དངུལ་གྱི་འཛའ་ཐང་ལ་ཤུགས་རྐྱེན་བཟོ་གི་ཡོད་པ་རེད། གལ་སྲིད་བཟོ་ཚོང་ཁང་ཆེན་པོ་དག་གི་ཚོད་དཔག་ལ། ཕྱི་དངུལ་གྱི་དངུལ་བརྗེ་ལེན་གྱི་གོང་ཚད་དེ་འབྱུང་འགྱུར་གྱི་ལོ་ཤས་ནང་ཡར་འཕར་གྱི་རེད་བསམ་པ་ཡིན་ན། ཨ་སྒོར་བཙོང་ནས་ཕྱི་དངུལ་ཉོ་གི་རེད། ད་ལྟ་ཕྱི་དངུལ་གྱི་གོང་ཚད་དམའ་བའི་སྐབས་སུ་ཨ་སྒོར་བཙོང་ནས་ཕྱི་དངུལ་ཉོ་ཐུབ་པ་ཡིན་ན། རྗེས་སུ་ཕྱི་དངུལ་གྱི་གོང་ཚད་འཕར་བའི་སྐབས་སུ་ཨ་སྒོར་ལ་གྱོང་རེ་གི་མ་རེད་བསམ་པ་དེ་རེད། གང་ལྟར། བཙོང་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་འདི་ཙམ་རེད།
4)མཐའ་དོན།
འདི་ལྟར། ཉོ་མཁན་དང་བཙོང་མཁན་གཉིས་ཀྱི་ཕྱོགས་ནས་མདོར་ཙམ་གླེང་ཚར་བའི་རྗེས་སུ། མི་མང་པོ་ཞིག་གི་བསམ་པར། དངུལ་བརྗེ་ལེན་གྱི་གོང་ཚད་དེ་འཕར་ཆགས་མེད་པའི་སྒོར་ནས་དངུལ་གྱི་འཛའ་ཐང་དེ་གཏན་འཇགས་ཤིག་ཡོང་གི་རེད་དམ་ཞེ་ན། དེ་ཧ་ཅང་ཁག་པོ་རེད་ཞུ་འདོད་བྱུང་། ཁག་པོ་ཡིན་པའི་རྒྱུ་མཚན་ནི། ཉོ་མཁན་དང་བཙོང་མཁན་གཉིས་ཀའི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་དེ་ཆ་སྙོམས་ཤིག་དང་གཏན་འཇགས་ཤིག་མེད་པ་དེ་རེད། དཔལ་འབྱོར་རིག་པ་བ་མང་དག་ཅིག་གི་བསམ་པར། གལ་སྲིད་ཨ་སྒོར་༡ལ་ཁ་ཎ་སྒྲའི་སྒྲོ་ལོར་༡.༣༣ཡིན་པའི་ཆ་འཇོག་ཐོག ཅ་དངོས་གཅིག་ལ་ཁ་ཎ་སྒྲིའི་སྒྲོ་ལོར་༤དང་ཨ་སྒོར༣གནས་བ་ཡིན་ན། དངུལ་གྱི་རིན་ཐང་གཅིག་པ་ཡིན་པ་མ་ཟད་དངུལ་དེ་ཨ་རི་དང་ཁ་ཎ་སྒྲ་གང་དུ་སྤྱད་ཀྱང་རུང་དེས་ཅ་དངོས་ཉོ་བའི་ནུས་བ་གཅིག་མཚུངས་རེད་ཟེར་གྱི་ཡོད་པ་རེད་ལ་དེ་ལྟ་བུའི་རྣམ་པ་དེ་ལ་དཔལ་འབྱོར་རིག་པ་པའི་ནང་དུ་ (Purchasing Power Parity )ཟེར། འོན་ཀྱང་། དེ་ལྟར་ཡོང་རྒྱུ་ནི་ཧ་ཅང་ཁག་པོ་རེད་བསམ། རྒྱུ་མཚན། དཔལ་འབྱོར་གྱི་ཁྲོམ་རའི་ཐོག་ཏུ། ཉོ་མཁན་དེས་རིན་གོང་དམའ་བོའི་ཐོག་ནས་ཉོ་ཐུབ་རྒྱུར་རྩིས་རྒྱག་གི་ཡོད་ལ་བཙོང་མཁན་དེས་ཀྱང་རིན་གོང་མཐོ་བོའི་སྒོ་ནས་བཙོང་ཐུབ་རྒྱུར་འབད་བརྩོན་ཞུ་གི་ཡོད། འོ་ན། དབུས་དངུལ་ཁང་ཁག་ནས་དངུལ་གྱི་འཛའ་ཐང་ལ་སྟངས་འཛིན་བྱེད་ཀྱི་མེད་པ་རེད་དམ་ལབ་ན། དེ་ཡང་མ་རེད།
རྒྱ་ནག་ལྟ་བུར་ཆ་བཞག་ན། དངུལ་བརྗེ་ལེན་གྱི་གོང་ཚད་དེ་གཏན་འཇགས་རེད། ཨ་རི་ལྟ་བུ་ཡིན་དངུལ་བརྗེ་ལེན་གྱི་གོང་ཚད་དེ་རྒྱུན་འགྱུར་རེད། ཧོང་ཀོང་ལྟ་བུར་མཚོན་ན་དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་འགྱུར་རེད། འོན་ཀྱང་། རྒྱལ་ཁབ་སོ་སོའི་དབུས་དངུལ་ཁང་ཁག་ནས་དངུལ་གྱི་འཛའ་ཐང་གི་འཕར་ཆགས་ལ་སྟངས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་འདྲ་གི་མ་རེད། ཡང་རྒྱལ་ཁབ་ཁ་ཤས་ཀྱིས་དབུས་དངུལ་ཁང་གིས་དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་མར་འཕར་ཆགས་མ་ཡོང་བའི་སླད་དུ། དེ་ལ་སྟངས་འཛིན་གང་ཐུབ་བྱེད་ཀྱི་ཡོད་པ་རེདཔེར་ན། ཨ་སྒོར་༡ལ་ཡོ་སྒོར་༠.༨༠ཡིན་པའི་དབང་དུ་བྱས་ན། གལ་སྲིད་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཡོ་སྒོར་༠.༨༠གྱི་སྒང་ལ་འཕར་བ་ཡིན་ན། དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་མར་འཕར་སྣོན་མ་ཡོང་བའི་སླད་དུ། དངུལ་ཁང་ཁང་གི་ངོས་ནས་ཨ་སྒོར་རྣམས་བཙོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད། གལ་སྲིད་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཡོ་སྒོར་༠.༨༠གྱི་འོག་ལ་མར་ཆགས་པ་ཡིན་ན། དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་མར་མ་ཆགས་པའི་སླད་དུ། དངུལ་ཁང་གི་ངོས་ནས་ཨ་སྒོར་གང་མང་ཉོ་གི་རེད། དངུལ་ཁང་ནས་ཨ་སྒོར་ཉོ་བའི་སྐབས་སུ་དངུལ་ཁང་རང་ལ་ཡོད་པའི་གསོག་དངུལ་ཡོ་སྒོར་རྣམས་བདེ་སྤྱོད་གཏོང་གི་ཡོད་པ་རེད། དངུལ་ཁང་ནས་ཨ་སྒོར་བཙོང་བའི་སྐབས་སུ་ཨ་སྒོར་རྣམས་ཡོ་སྒོར་ལ་བརྗེས་ནས་གསོག་དངུལ་ཡོ་སྒོར་གྱི་གྲངས་འབོར་མང་དུ་གཏོང་གི་ཡོད་པ་རེད། འདི་ཞོར་འཕྲོས་ཙམ་ཡིན། གང་ལྟར། དངུལ་གྱི་འཛའ་ཐང་འཕར་ཆགས་ཇི་ལྟར་ཡོང་གི་ཡོད་མེད་དང་དེའི་ཡོང་རྐྱེན་སོགས་ངོ་འཕྲོད་རྒྱུ་འདི་ཡང་དེང་གི་སྤྱི་ཚོགས་ཁྲོད་གལ་ཆེན་ཆགས་འདུག་སྙམ། ངེད་ཀྱི་རྨོངས་འཆར་རེ་ཞིག་འདི་རུ་མཇུག་བསྡུས་བ་ཡིན། བརྗོད་གཞི་འདིའི་ཕྱོགས་ན་མ་ཚང་བ་དང་མ་འཐུས་བ་ཡོད་ན་ཁ་སྣོན་རྒྱག་རོགས། ྐློག་པ་པོ་ཚོའི་བསམ་ཚུལ་དང་མ་མཐུན་པ་ཡོད་ན་བགྲོ་གླེང་བྱེད་རོགས་ ྐློག་མཁན་རེ་གཉིས་ལ་ཕན་རེ་ཐོགས་སོང་ན་རྩོམ་ཐུང་འདིའི་དགོས་དམིགས་འགྲུབ་པ་ཡིན།
སྤུན་ཟླ་ཚོ་ལགས། འབྲེལ་འདི་ལ་གཟིགས་དེ་བསམ་ཚུལ་རེ་གསུངས་དང་།
http://www.youtube.com/watch?v=1r9oQlhItng&feature=related
སྙིང་རྗེ་བོ་ཤིག་བྲིས་འདུག་།་་འདི་འདྲ་བའི་ག༷ཞུང་ལུགས་རེ།་་སྐབས་འཕྲལ་གྱི་གནས་ཚུལ་དང་སྤྱར་ནས་བྲིས་ན་ཤིན་ཏུ་ལེགས་པོ་རེད་།་དེ་མིན་མང་པོ་ཤིག་གིས་་དོན་རྙོག་པོ་ལ་ཚིག་རྙོག་པོ་།་་སྐབས་འགའ་རྩོམ་པ་པོ་རང་གིས་ཀྱང་ཧ་མི་གོ་བ་འགའ་བྲིས་ནས།་གཞན་གྱི་མདུན་དུ་གཡུགས་ཅི་ཐུབ་བྱས་ཤིང་།་ཀློག་པ་པོ་རྣམས་ཀྱིས་ཀྱང་རྩོམ་དེའི་རྗོད་བྱ་དང་དང་བརྗོད་བྱའི་གང་གིས་ཐད་ནས་དོན་གོ་རྒྱུ་ཤིག་ཡོད་པ་མ་རེད་མོད་།་ཡང་ཧ་མི་གོ་གིན་ཞེས་ལབ་ན་ངོ་ཚ་།་དེ་ནས་ཧ་གོ་ཁུལ་བྱས་་་་།་རྩོམ་པ་པོ་རྣམས་ཀྱིས་ཀྱང་གཞན་གྱིས་རང་གི་རྩོམ་་གྱི་ཧ་མ་གོ་བ་དེ་གོ་སྐབས་ཤིག་ལ་བེད་སྤྱད་ནས་རང་མཁས་བ་ཡིན་མདོག་གི་ཡིན་མདོག་བྱས་།་་མཐར་ཁ་ཅིག་གིས་དེ་ལས་ཀྱང་ཡ་མཚར་མདོག་གིས་རྩོམ་དེ་ལ་དགའ་རྟགས་ཀྱང་སྟེར་ཁུལ་བྱས་།་་ད་ལྟ་བོད་དུ་དེ་ལྟ་བུ་ཤིན་ཏུ་ནས་མང་པོ་འདུག་།་དཔེར་ན་ལྗང་བའི་ལྷ་སའི་ཟླ་བ་དང་།་སྨན་བླ་སྐྱབས་ཀྱི་རང་མོས་སྙན་ངག་ལྟ་བུ་རེད་།་་
དེ་ལས་འཕྲོས་ཏེ།་་ཁྱེད་ལ་བཤད་འདོད་པ་ནི་།་
།་སྤྱིར་བཏང་དཔལ་འབྱོར་ལ་ལམ་ལུགས་མི་འདྲ་བ་མང་པོ་ཡོད་པ་རེད་མོད་།་འདི་ཐམས་ཅད་དོན་རྡོག་རྡོག་པོ་བཤད་ན་།་གཞན་གྱི་ལག་ནས་རང་ལ་དགོས་བའི་ཅ་ལག་གམ་།་ཞབས་འདེགས་་དེ་ཅི་ལྟར་ལེན་ཚུལ་དང་བརྗེ་ཚུལ་་དེ་རེད་།་་
༼༡༽་བྲན་གཡོག་ལམ་ལུགས་ལྟ་བུ་མཚོན་ན་།་བྲན་གཡོག་ལ་ཅ་ལག་དང་།་ལས་ཀ་དེ་ཕར་བཙོང་ཟེར་བའི་ཐ་སྙད་ཡོད་པ་མ་རེད་།་ཅི་ཕྱིར་ཞེ་ན་།་བྲན་གཡོག་དེའི་ལུས་དང་ལོངས་སྤྱོད་ཐམས་ཅད་བྲན་གཡོག་གི་བདག་པོ་ལ་དབང་བ་རེད་།་་རྒྱ་ནག་གི་བོད་ཀྱི་ཞིང་བྲན་ལམ་ལུགས་འདི་ལྟ་་བུ་ཤིག་རེད་ཟེར་གི་ཡོད།་སྐུ་དྲག་དང་།་དགོན་པ་།་སྲིད་གཞུང་གིས་བོད་ཀྱི་མི་སེར་རྣམས་ཀྱི་ས་ཞིང་།་རྒྱུ་ནོར་།་ཐ་མ་ལུས་པོ་ཚང་མ་ཁོང་ཚོར་དབང་བ་རེད་ཅེད་བརྗོད་བཞིན་ཡོད་པ་རེད་།་
༼༢༽ཤོག་བུ་སྒོར་མོ་མ་དར་བའི་སྔོན་དུ་།་ཅ་ལག་དང་ཅ་ལག་གི་བརྗེ་བཞིན་ཡོད་པ་རེད་།་དཔེར་ན་།་ཁྱོད་ཀྱི་གཡག་གསུམ་ལ་ངས་རྟ་གཉིས་བྱིན་ནས་ཉོས་བ་ལྟ་བུ་རེད་།་
༼༣༽་མར་ཁེ་སི་དང་།་མོའི་ཡིས་རིན་གོང་དང་དངོས་བོའི་གོང་ཚད་ཟེར་བ་འབྱོར་ལྡན་གྲལ་རིམ་རྣམས་ཀྱིས་འབྱོར་མེད་གྲལ་མེད་གཉའ་གནོན་གཏོང་བྱེད་དང་།་མ་རྩ་རིང་ལུགས་ཀྱི་གནད་སྙིང་ལྟ་བ་གྱུར་བསྡད་ཡོད་པས་།་ཐོག་མར་ས་ཞིང་གཞུང་བཞེས་བཏང་།་དེ་ནས་སྒེར་གྱི་དཔལ་འབྱོར་ཟེར་བ་མིན་པར་བཟོས་ནས་།་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཤིག་འཛུགས་རྒྱུ་ནི་མི་མང་བདེ་ལམ་དུ་འགྲོ་བའི་གོམ་པ་ཐོག་དང་པོ་ཡིན་ཞེས་ལབ་ནས་།་ང་བརྒྱད་ལ་བོད་དུ་ཧྲི་ཐང་བཙུགས་པ་སོགས་ཡང་བྱུང་བ་་གཞུང་ལུགས་དེ་ལ་ལྟོས་ནས་བྱུང་བ་ཤིག་རེད་།་
༼༤༽་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ནི་།་ཉོ་མཁན་དང་བཙོང་མཁན་གཉིས་ཀྱི་འབྲེལ་བའི་སྟེང་ནས་རིན་གོང་ཐག་གཅོད་དགོས་བ་དེ་རེད་།་གང་ལ་ཉོ་མཁན་མང་ནས་བཙོང་མཁན་ཉུང་ན་།་དེའི་རིན་གོང་ཡར་ལ་འགྲོ་བ་དང་།་་བཙོང་མཁན་མང་ནས་ཉོ་མཁན་ཉུང་ན་དེའི་རིན་གོང་ལ་མར་ལ་ཆག་གི་རེད་།་
མཐའ་སྡོམ་།་ཨ་རའི་དངུལ་མར་ཆག་པ་དེས་་།་ཕྱིར་གཏོང་གི་ཚོང་ལ་ཡག་པོ་ཡོད་དང་།་ནང་འདྲེན་གྱི་ཚོང་ལ་ཡག་པོ་ཡོད་པ་མ་རེད་།་ད་རེབ་འདི་ཙམ།་
གོང་དུ་གསེར་ལ་རིན་ཐང་མེད་ན་ས་རྡོ་ཟེར་བ་ཞིག་གིས།
ངེད་ཀྱི་རྨོངས་འཆར་འདི་ལ་མཆན་བུ་རིང་པོ་རིང་པོ་ཞིག་བརྒྱབ་འདུག་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་ནས་ཁྱེད་ཀྱི་མཆན་བུ་དེར་ངེད་ཀྱིས་བསམ་ཚུལ་འགའ་ཁ་སྣོན་རྒྱག་གི་ཡིན།
ཁྱེད་ནས་མར་ཁེ་སི་དང་མའོ་གཉིས་མཉམ་སྦྱར་བྱས་འདུག དེ་ཅུང་ཙམ་ནོར་བ་རེད་བསམ།
རྒྱུ་མཚན། མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་གཞུང་ལུགས་དེ་དེ་རིང་སང་གི་གཞུང་འཛིན་དཔལ་འབྱོར་ལམ་ལུགས་དང་མཐུན་པའི་ཆ་མང་པོ་ཡོད།
འོན་ཀྱང་། མའོ་ཡི་དཔལ་འབྱོར་སྲིད་ཇུས་སྐྱོང་སྟངས་དེ་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་སྐྱོང་སྟངས་དང་འདྲ་བའི་ཆ་མང་པོ་ཡོད། མའོ་ཡི་དཔལ་འབྱོར་སྲིད་ཇུས་ལ་སྲིད་དབང་སྒེར་སྤྱོད་དང་དབང་ཆ་གཅིག་སྡུད་ཀྱི་འགྲོ་སྟངས་ཆེན་པོ་ཡོད་པ་ནང་བཞིན་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ཁོངས་སུ་ཡང་གོང་ཚད་སྒེར་སྤྱོད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་རེད།
དེ་ནས་ཁྱེད་རང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལབ་ནས་འགྲེལ་བཤད་ཞིག་འཁྱེར་ཡོང་གིན་ཡོད་པ་འདི་ནི་། རྒྱའི་ཆབ་སྲིད་ལྟ་བ་་དང་རྒྱའི་རིག་གནས་ཀྱི་ཤན་ཤུགས་ཤིག་རེད་མ་གཏོགས་དཔལ་འབྱོར་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་ཡོད་པའི་བསམ་ཚུལ་མ་རེད། མིན་པའི་རྒྱུ་མཚན་ནི། དེ་རིང་སང་ཉིན་གྱི་རྒྱལ་ཁབ་ཕལ་མོ་ཆེའི་དཔལ་འབྱོར་སྐྱོང་སྟངས་ནི་གཞུང་འཛིན་དཔལ་འབྱོར་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གཉིས་རེད། ཁྲོམ་རའི་དཔལ་འབྱོར་ལམ་ལུགས་དེ་ཡང་གྲུབ་ཆ་མ་འདྲ་བ་བཞི་ལྟ་བུ་ཞིག་ལ་བགོ་བྱ་རྒྱག་གི་ཡོད་པ་རེད། དེ་ཚོ་(Perfect Competition, Monopoly, Monopolistic Competition and Oligopoly) བཅས་རེད། གྲུབ་ཆ་བཞི་པོ་འདིའི་ཁྲོད་ཀྱི་ ( Monopoly) ཟེར་བ་འདི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་སྐྱོང་སྟངས་འབྲེལ་བ་རྒྱ་ཆེར་འབྲེལ་བ་ཡོད། དེ་གཅིག་ཡིན།
དེ་ནས་ཉིད་ཀྱི་མཐའ་སྡོམ་གྱི་ཚུལ་དུ། ཨ་རིའི་དངུལ་གྱི་གོང་ཚད་མར་ཆག་པ་དེས། ཕྱིར་གཏོང་གི་ཚོང་ལ་ཡག་པོ་དང་ནང་འདྲེན་གྱི་ཚོང་ལ་ཡག་པོ་ཡོད་མ་རེད་ལབ་ནས་ཁ་ཚོན་བཅད་འདུག ཁ་ཚོན་གཅོད་སྟངས་དེའི་རིགས་ཀྱང་ནོར་བ་རེད་ཞུ་འདོད་བྱུང་། རྒྱུ་མཚན། དངུལ་གྱི་གོང་ཚད་མར་ཆག་པ་དེས་ཕྱིར་གཏོང་གི་ཚོང་ལ་ཡག་པོ་དང་ནང་འདྲེན་གྱི་ཚོང་ལ་ཡག་པོ་ཡོད་དེ་ཕྱོགས་ངོས་མང་པོ་ནས་བལྟ་དགོས་ཆགས་ཀྱི་ཡོད་པ་རེད། གང་གིས་ཞེ་ན། ཨ་རི་དངུལ་བརྗེ་ལེན་གྱི་གོང་ཚད་དེ་བསྟུན་མར་འགྱུར་བའི་རང་བཞིན་ཅན་རེད།
དེ་ནས་ཕྱིར་གཏོང་གི་ཅ་དངོས་གཅིག་གིས་ནང་འདྲེན་གྱི་ཅ་དངོས་ག་ཚོད་ཉོ་ཐུབ་ཀྱི་ཡོད་མེད་ཀྱི་བརྒྱ་ཆར་བལྟ་སྟངས་ཤིག་ཡོད་རེད། དངུལ་ཁང་ཁག་གི་དངུལ་གྱི་སྐྱེད་ཀའི་འགྲོ་སྟངས་དང་དེའི་བརྒྱ་ཆ་འཕར་སྟངས་ལ་བལྟ་སྟངས་ཤིག་ཡོད་རེད། དེ་ནས་དངུལ་གྱི་གོང་ཚད་མར་ཆགས་པ་ལ་བརྟེན་ནས་བཟོ་གྲ་ཁག་གི་ལས་བཟོ་བའི་ཡོང་སྒོ་དང་འགྲོ་སོང་གི་བར་ཁྱད་ལ་བལྟ་སྟངས་ཤིག་ཀྱང་ཡོད་རེད། ཡང་མཚམས་ལེན་རེར། དངུལ་གྱི་གོང་ཚད་མར་ཆགས་པོ་ལ་བརྟེན་ནས། ཕྱིར་གཏོང་ཚོང་ཟོག་གི་གྲངས་འབོར་མར་ཆགས་པ་དེ་འདྲ་ཡང་ཡོད་རེད།
མདོར་ན། དངུལ་གྱི་འཛའ་ཐང་གི་འཕར་ཆགས་འགྲོ་སྟངས་འདི་དཔལ་འབྱོར་རིག་པའི་ཁྲོད་ཀྱི་རྙོག་དྲ་ཚ་ཤོས་དེ་རེད། གནས་ཚུལ་ཆ་ཚང་ཁྱེད་ལ་རྡོག་རྡོག་འདྲ་བ་བཟོས་ནས་འགྲེལ་བཤད་རྒྱག་ཐུབ་པ་དེ་འདྲ་མ་རེད། ཁྱེད་ཀྱིས་ཉིན་ལྟར་འདིའི་སྐོར་གྱི་སློབ་ཚན་ཞིག་བླངས་ནས་སྦྱངས་ན་མ་གཏོགས་འདིའི་རིགས་ལ་གཞུང་ལུགས་ཀྱི་རྒྱབ་རྩ་འདྲ་བོ་ཞིག་མེད་པར་འདི་རེད་དང་དེ་རེད་ལབ་ནས་ཁ་ཚོན་གཅོད་རྒྱུ་ཁག་པོ་རེད་འདོད།
ཞོར་འཕྲོས། སྐུ་ཉིད་ཀྱི་མིང་ལ་གསེར་ལ་རིན་ཐང་མེད་ན་ས་རྡོ་ལབ་འདུག མིང་འདིའི་རྒྱབ་ན་གོ་བ་ཆུང་ཆུང་ཞིག་ལེན་རྒྱུ་ཡོད་གི
མིང་འདིའི་རྒྱབ་ལ་བོད་རིགས་ཕལ་མོ་ཆེའི་དཔལ་འབྱོར་ལ་བལྟ་སྟངས་ཀྱི་བསམ་བློའི་བག་ཆགས་ཤིག་ཡིབ་ནས་ཡོད་པའི་སྣང་བ་ང་ལ་སྟེར།
བོད་རིགས་ཚོའི་བསམ་པར་ས་རྡོ་ལབ་དུས་ཕལ་ཆེར་རིན་ཐང་མེད་པ་འདྲ་བོ་ཞིག་ལ་བརྩི་གིན་ཡོད་པ་རེད། དེ་ལ་ཏན་ཏན་ཁག་མི་འདུག་བསམ། རྒྱུ་མཚན།
ཁང་པ་ཉོ་འཚོང་གི་ཁྲོམ་ར་དེ་ད་དུང་ཡང་བོད་རིགས་ཕལ་མོ་ཆེའི་བསམ་པའི་འཇིག་རྟེན་ལ་སླེབས་མི་འདུག ལྷག་པར་དུ་བོད་ནང་གི་རོང་འབྲོག་གི་བོད་མི་ཞིག་ལ་མི་ཚེ་གང་པོ་གཞན་གྱི་ཁང་པར་གཡར་གླ་བཏང་ནས་སྡོད་དགོས་རེད་ལབ་ན་ཕལ་ཆེར་སྐད་ཤོར་བའི་ཚད་རེད། དེ་ཙམ་ཡིན།
ངེད་ཀྱི་རྩོམ་ཐུང་འདིའི་ནང་དུ་ཡང་ཉོ་མཁན་དང་བཙོང་མཁན་གྱི་ཕྱོགས་རེ་རེ་བྱས་ནས་ཁ་གསལ་འབྲི་དོན་ཡང་ྐློག་པ་པོ་རྣམས་ཀྱི་གོ་བདེ་བའི་སླད་ཡིན།
ད་དུང་ཉོ་མཁན་དང་བཙོང་མཁན་གྱི་ཕྱོགས་ནས་ཤུགས་རྐྱེན་སྤྲོད་སྟངས་གླེང་དེ་བོད་རིགས་ྐློག་མཁན་ཚོར་བསམ་བློ་གཏོང་སའི་གཞི་ཞིག་སྒོ་ཕྱེས་ནས་ཡོད།
གཅིག་བརྗེད་འདུག ལྗང་བུའི་ལྷ་སའི་ཟླ་བ་དང་སྨན་བླ་སྐྱབས་ཀྱི་རང་མོས་སྙན་ངག་སོགས་ལ་སྐུ་ཉིད་ནས་འགྲེལ་བཤད་རེ་བསྐྱོན་ཐུབ་ན་ཡག་པོ་འདུག
འདི་བསམ་ཚུལ་ཙམ་ཡིན། བོད་རིགས་རྩོམ་པ་པོ་ཚོའི་བརྩམས་ཆོས་ཀྱི་རིན་ཐང་དེ་དཔལ་འབྱོར་གྱི་ཁྲོམ་རའི་ནང་ལ་དྲུད་ཡོང་ནས་གླེང་སློང་བྱས་ན་ཡང་མི་འགྲིག་པ་ཅི་ལ་ཡོད། དེའི་སྐོར་ལ་ངེད་རང་སྒེར་ལ་བསམ་ཚུལ་མང་ཙམ་ཡོད། ཨོ། ད་འཛིན་གྲར་འགྲོ་གི་ཡིན། མུ་མཐུད་དུ་ཡིན་ད།
གཅིག་།་ངས་མོའི་དང་མར་ཁེ་སིའི་ལྟ་བ་གཅིག་པ་གཅིག་རྐྱང་རེད་ཅེས་བཤད་ཀིནམེད་།་་སྤྱིར་བཏང་ཁྱེད་རང་ནུབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དང་།་མར་ཁེ་སིའི་སྥྱི་ཚོགས་རིག་ལུགས་དང་།་གུང་ཁྲན་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཤིག་གམ།་མོའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་པར་ཤེས་ཀྱིན་མེད་པ་འདྲ།་་མར་ཁེ་སིའི་མ་རྩ་རིང་རང་ལུགས་ཀྱི་བཟོ་བའི་ the mode of production ལམ་ལུགས་ནི་བཤུ་གཤོག་དང་།་གཉའ་གནོན་བྱ་རྒྱུ་དང་།་འདྲ་མཉམ་མི་ཡོང་བའི་ལག་ཆ་་ཤིག་ལ་བརྩི་གིན་ཡོད་པ་རེད་།་དེའི་ཕྱིར་མ་རྩ་རང་ལུགས་ཀྱི་དཔལ་འབྱོར་རྩ་གཏོར་བཏང་ཏེ།་་གྲལ་རིམ་མེད་པ།་རྒྱལ་ཁབ་མེད་པའི་སྤྱི་ཚོགས་རིང་ལུགས་ཤིག་བཙུགས་ནས་མཐར་གུང་ཁྲན་མངོན་འགྱུར་བྱ་རྒྱུ་ནི་ཁོའི་ལྟ་ཚུལ་ངོ་མ་དེ་རེད་།་་མོའི་དེ་བཞིན་གྲ་སྒྲིག་བྱ་ཁུལ་བྱས་པ་རེད་།་
གཉིས།་་ཁྱེད་རང་Keynesian economy དང་མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གཉིས་ཀྱི་ཁྱད་པར་མ་ཤེས་པར་།་་”མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་རིག་པའི་གཞུང་ལུགས་དེ་དེ་རིང་སང་གི་གཞུང་འཛིན་དཔལ་འབྱོར་ལམ་ལུགས་དང་མཐུན་པའི་ཆ་མང་པོ་ཡོད།”་ཅེས་བཤད་པ་རེད་།་
གསུམ་།་མོའི་ཡི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་དང་།་ཁོང་གི་སྲིད་དབང་སྒེར་འཛིན་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད་པ་རེད།་གཅིག་ནི་་དཔལ་འབྱོར་ལམ་ལུགས་ཤིག་དང་།་གཅིག་ནི་ཁོང་རང་གི་སྲིད་དབང་སྒེར་གཅོད་རང་ལུགས་དེ་རེད་།་
བཞི་།་སྤྱིར་།་་ཨ་རིའི་དངུལ་མར་ཆག་པ་དེས་་།་ཕྱིར་གཏོང་གི་ཚོང་ལ་ཡག་པོ་ཡོད་དང་།་ནང་འདྲེན་གྱི་ཚོང་ལ་ཡག་པོ་ཡོད་པ་མ་རེད་ཅེས་སྤྱིར་བཏང་ཙམ་བརྗོད་ཀྱིན་ཡོད་པ་ལས།་མཐའ་གཅིག་ཏུ་འདི་འདྲ་རེད་ཅེས་ལབ་གིན་མ་རེད་།་་རྒྱ་ནག་ལ་མཚོན་ན་དེ་འདྲ་རེད་།་དངུལ་གྱི་མར་གོང་བསམ་བཞིན་ཏུ་གཅག་པས་།་ཕྱིར་འདྲེན་གྱི་ཚོང་ཡག་པོ་རྒྱུགས་བཞིན་པ་དེ་རེད་།་་ད་རེབ་འདི་ཙམ་།་དངོས་གནས་ཆུ་ཚོད་མི་འདུག་།་
Communism can refer to classless, stateless social organization based upon common ownership of the means of production and to a variety of movements acting in the name of this goal. In general, the classless forms of social organisation are not capitalised, while movements associated with official Communist parties and Communist states usually are.
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ།
རྒྱ་གར་སྐད་དུ། །པྲ་ཏྣུ་ནཱ་མ་མརྨ་ལ་མ་བླེ་མ་ཀ་ཀཱ་རི་ཀ །བོད་སྐད་དུ། །དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། ། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །རྐྱེན་རྣམ་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག། །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །བྱ་བ་རྐྱེན་དང་ལྡན་པ་ཡིན། །རྐྱེན་དང་མི་ལྡན་བྱ་བ་མེད། །བྱ་བ་མི་ལྡན་རྐྱེན་ཞགགའ་བྲཀ༢ཀཤྲརྒྱ། །མ་ཡིན། །བྱ་བ་ལྡན་ཡོད་འོན་ཏེ་ན། །འདི་དག་ལ་བརྟེན་སྐྱེ་བས་ན། །དེ་ཕྱིར་འདི་དག་རྐྱེན་ཅེས་གྲག།ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་འགྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ན་ཉེ་བར་བསྟན། །ཅི་སྟེ་ཆོས་ནི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེ་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་འདི་ནི་འཐད་མ་ཡིན། །རྐྱེན་རྣམས་སོ་སོ་འདུས་པ་ལ། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །ཅི་སྟེ་དེ་ནི་མེད་པར་ཡང༌། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང༌། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །འབྲས་བུ་རྐྱེན་གྱི་རང་བཞིན་ན། །རྐྱེན་རྣམས་བདག་གི་རང་བྲཀ༢ཁཤྲབཞིན་མིན། །བདག་དངོས་མིན་ལས་འབྲས་བུ་གང༌། །དེ་ནི་ཇི་ལྟར་རྐྱེན་རང་བཞིན། །དེ་ཕྱིར་རྐྱེན་གྱི་རང་བཞིན་མིན། །རྐྱེན་མིན་རང་བཞིན་འབྲས་བུ་ནི། །ཡོད་མིན་འབྲས་བུ་མེད་པས་ན། །རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །རྐྱེན་བརྟག་པ་ཞེས་བྱ་བ་སྟེ། །རབ་ཏུ་བྱེད་པ་དང་པོའོ།། །། རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ལའང་འགྲོ་བ་མིན། །སོང་དང་མ་སོང་མ་གཏོགས་པར། །བགོམ་པ་ཤེས་པར་མི་འགྱུར་རོ། །གང་ན་གཡོ་བ་དེ་ན་འགྲོ། །དེ་ཡང་གང་གི་བགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་བགོམ་ལ་འགྲོ་བ་ཡོད། །བགོམ་ལ་འགྲོ་བ་ཡིན་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །གང་ཚེ་འགྲོ་བ་མེད་པ་ཡི། །བགོམ་པ་འཐད་པ་མེད་ཕྱིར་རོ། །གང་གི་བགོམ་པ་ལ་འགྲོ་བ། །དེ་ཡི་བགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །བགོམ་ལ་འགྲོ་བ་ཡིན་ཕྱིར་རོ། །བགོམ་ལ་འགྲོ་བ་ཡོད་ན་ནི། ། འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་དེ་བགོམ་འགྱུར་བ་དང༌། །དེ་ལ་འགྲོ་བ་གང་ཡིན་པའོ། །འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། ། རེ་ཞིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་པོ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །གལ་ཏེ་འགྲོ་པོ་འགྲོ་གྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང༌། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །སོང་ལ་འགྲོ་བའི་རྩོམ་མེད་དེ། །མ་སོང་བ་ལའང་འགྲོ་རྩོམ་མེད། །བགོམ་ལ་རྩོམ་པ་ཡོད་མིན་ན། །གང་དུ་འགྲོ་བ་རྩོམ་པར་བྱེད། །འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །བགོམ་པ་མེད་ཅིང་སོང་བ་མེད། །མ་སོང་བྲཀ༣ཀཤྲརྒྱ། །འགྲོ་བ་ག་ལ་ཡོད། །འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག། །རེ་ཞིག་འགྲོ་པོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག སྡོད་པར་འགྱུར། །གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །བགོམ་ལམ་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །འགྲོ་བ་དང་ནི་འཇུག་པ་དང༌། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང༌། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང༌། །གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང༌། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟག་ན། །འགྲོ་པོ་མེད་པའི་འགྲོ་བ་དང༌། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །གང་དག་དངོས་པོ་གཅིག་པ་དང༌། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །འགྲོ་པ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །འགྲོ་བ་གང་གི་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །འགྲོ་པོ་ཡིན་པར་གྱུར་པ་ནི༑ །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང༌། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །དེ་ཕྱིར་འགྲོ་དང་འགྲོ་པོ་དང༌། །བགྲོད་པར་བྱ་བའང་ཡོད་མ་ཡིན། །འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གཉིས་པའོ།། །།ལྟ་དང་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི། །སྤྱོད་ཡུལ་བལྟ་བར་བྱ་ལ་སོགས། །ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་དག་གཞན་ལ་ཇི་ལྟར་ལྟ།། བྲཀ༣ཁཤྲལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་དང་མ་སོང་བསྒོམ་པ་ཡིས། །དེ་ནི་ལྟ་བཅས་ལན་བཏབ་པོ། །གང་ཚེ་ཅུང་ཟད་མི་ལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་ལྟ་ཉིད། །ལྟ་བ་ཉིད་ཀྱིས་ལྟ་བ་པོའང༌། །རྣམ་པར་བཤད་པར་ཤེས་པར་བྱ། །མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ། །ལྟ་པོ་མེད་ན་བལྟ་བྱ་དང༌། །ལྟ་བདེ་དག་ག་ལ་ཡོད། །བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་པ་ལ་སོགས་བཞི། །ཡོད་མིན་ཉེ་བར་ལེན་ལ་སོགས། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ལྟ་བས་ཉན་དང་སྣོམ་པ་དང༌། །མྱོང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །དབང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའོ།། །།གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ། །གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་གྱུར་ཏེ་དོན་གང་ཡང༌། །རྒྱུ་མེད་པ་ནི་གང་ནའང་མེད། །གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག། །འགའ་ཡང་རྣམ་པར་བརྟག་མི་བྱ། །འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ཏེ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །ཚོར་དང་འདུ་ཤེས་འདུ་བྱེད་དང༌། །སེམས་དང་དངོས་པོ་ཐམས་ཅད་ཀྱང༌། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །སྟོང་པ་ཉིད་ཀྱིས་བརྩད་བྱས་ཏེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་བྲཀ༤ཀཤྲརྒྱ། །ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པའོ།། །།ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལ་མིན། །མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡང་ནི་ཡོད་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཁམས་ལྔ་པོ། །གཞན་གང་དག་ཀྱང་ནམ་མཁའ་མཚུངས། །བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང༌། །ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ལྔ་པའོ།། །།གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཆགས་པ་ཡོད་པར་འགྱུར་ནའང༌། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཆགས་པ་ལ་ཡང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །འདོད་ཆགས་དང་ནི་ཆགས་པ་དག། །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །འདི་ལྟར་འདོད་ཆགས་ཆགས་པ་དག། བྲཀ༤ཁཤྲཕན་ཚུན་ལྟོས་པ་མེད་པར་འགྱུར། །གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པ་ཡང་དེ་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །ཅི་གོ་འདོད་ཆགས་ཆགས་པ་དག། །ཐ་དད་ཉིད་དུ་གྲུབ་འགྱུར་རམ། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །གལ་ཏེ་འདོད་ཆགས་ཆགས་པ་དག། །ཐ་དད་ཉིད་དུ་གྲུབ་གྱུར་ན། །དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག། །ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་ན། །ལྷན་ཅིག་རབ་ཏུ་གྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །ཐ་དད་དངོས་པོ་མ་གྲུབ་པས། །ལྷན་ཅིག་དངོས་པོ་འགྲུབ་མི་འགྱུར། །ཐ་དད་དངོས་པོ་གང་ཡོད་ན། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །དེ་ལྟར་འདོད་ཆགས་ཆགས་པ་དག། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། །། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །སྐྱེ་ལ་སོགས་གསུམ་སོ་སོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང༑ །སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །སྐྱེ་བའི་སྐྱེ་བས་རྩ་བ་ཡི། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །གལ་ཏེ་ཁྱོད་ཀྱི་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། །ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་སྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་མ་སྐྱེས་པ་དེ་ཡིས། །དེ་བྲཀ༥ཀཤྲརྒྱ། །སྐྱེད་པར་ནི་བྱེད་ནུས་ན། །ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས། །དེ་སྐྱེད་པར་ནི་འདོད་ལ་རག །ཇི་ལྟར་མར་མེ་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉིས་ཀ་སྐྱེད་པར་བྱེད་ཡིན་ན། །མར་མེ་དང་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་མེད་ན། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །མར་མེ་ཕྲད་པ་མེད་པར་ཡང༌། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་ངེས་སེལ་འགྱུར། །མར་མེ་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་འགྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་སྐྱེད་པ། །དེ་ནི་སོང་དང་མ་སོང་དང༌། །བགོམ་པས་རྣམ་པར་བཤད་པ་ཡིན། །གང་ཚེ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་ནས་ནི། ། སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། ། གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། །སྐྱེ་བ་དེ་ནི་སྐྱེ་བ་ལྟ། །གང་ཞིག་གིས་ནི་སྐྱེད་པར་བྱེད། །གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་སྐྱེད་ཐུག་པ་མེད་པར་འགྱུར། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །རེ་ཤིག་ཡོད་དང་མེད་པ་ཡང༌། །སྐྱེ་བར་རིགས་པ་མ་ཡིན་ཞིང༌། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། །དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་བྲཀ༥ཁཤྲམི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། །དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་ཐམས་ཅད་དུས་ཀུན་དུ༑ །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡོད། །གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །འགགས་པ་འགག་པར་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་འགྱུར། །རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ལ་ཡང༌། །འགག་པ་འཐད་པར་མི་འགྱུར་རོ། གནས་སྐབས་དེ་ཡིས་གནས་སྐབས་ནི། །དེ་ཉིད་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་ཡང་འགག་པ་ཉིད་མི་འགྱུར། །གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་པ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག པ་འཐད་པར་མི་འགྱུར་རོ། །རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ན་ནི་དངོས་པོ་དང༌། །དངོས་པོ་མེད་པ་འཐད་པ་མེད། །དངོས་པོ་མེད་པར་གྱུར་པ་ལའང༌། །འགག་པ་འཐད་པར་མི་འགྱུར་རོ། །མགོ་གཉིས་པ་ལ་ཇི་ལྟར་ནི། །གཅད་དུ་མེད་པ་དེ་བཞིན་ནོ། །འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེད་པ་མ་ཡིན་བཞིན། །སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བདུན་པའོ།། །།བྱེད་པོ་ཡིན་པར་གྱུར་པ་དེ། །ལས་བྲཀ༦ཀཤྲརྒྱ། །སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང༌། །ལས་སུ་མ་གྱུར་མི་བྱེད་དོ། །ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུའང་འགྱུར། །ཡིན་པའང་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །གལ་ཏེ་བྱེད་པོར་མ་གྱུར་པ། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །རྒྱུ་མེད་ན་ནི་འབྲས་བུ་དང༌། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང༌། །བྱེད་པ་པོ་དང་བྱེད་མི་རིགས། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །འབྲས་བུ་མེད་ན་ཐར་པ་དང༌། །མཐོ་རིས་འགྱུར་པའི་ལམ་མི་འཐད། །བྱ་བ་དག་ནི་ཐམས་ཅད་ཀྱང༌། །དོན་མེད་ཉིད་དུ་ཐལ་བར་འགྱུར། །བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་དེ་མི་བྱེད་དེ། །ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །བྱེད་པ་པོར་ནི་གྱུར་པ་ཡིས། །མ་གྱུར་ལས་ནི་མི་བྱེད་དེ། །མ་གྱུར་པས་ཀྱང་གྱུར་མི་བྱེད། །འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། །བྱེད་པ་པོར་ནི་གྱུར་པ་དང༌། །བཅས་པ་ལས་ནི་མ་གྱུར་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པས། །ལས་ནི་གྱུར་དང་བཅས་པ་དང༌། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ནི། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད་འདི་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པས་ཤེས་པར་བྱ། །བྱེད་པ་པོ་ལས་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའོ།། །།ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི༌།སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །དངོས་པོ་ཡོད་པ་མ་ཡིན་ན། །ལྟ་བ་ལ་སོགས་ཇི་ལྟར་འགྱུར། ། བྲཀ༦ཁཤྲདེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་ལ་སོགས་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །ལྟ་བ་ལ་སོགས་མེད་པར་ཡང༌། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར་ཐེ་ཚོམ་མེད། །ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་སོགས་ནང་ནས་གཞན་ཞིག་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གལ་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །ལྟ་པོ་དེ་ཉིད་ཉན་པོ་དེ། །གལ་ཏེ་ཚོར་པོའང་དེ་ཉིད་ན། །རེ་རེའི་སྔ་རོལ་ཡོད་གྱུར་ན། །དེ་ནི་དེ་ལྟར་མི་རིགས་སོ། །གལ་ཏེ་ལྟ་པོ་གཞན་ཉིད་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །ལྟ་པོ་ཡོད་ཚེ་ཉན་པོར་འགྱུར། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་དང༌། །གང་ལས་འགྱུར་བའི་འབྱུང་དེ་ལའང༌། །དེ་ནི་ཡོད་པ་མ་ཡིན་ནོ། །ལྟ་དང་ཉན་ལ་སོགས་པ་དང༌། །ཚོར་བ་དག་ལ་སོགས་པ་ཡང༌། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དགུ་པའོ།། །།བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང༌། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བར་བྱེད་རྒྱུ་ལས་མི་འབྱུང༌། །རྟག་ཏུ་འབར་བ་ཡིན་ན་ནི། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལ་གལ་ཏེ་འདི་སྙམ་དུ། །སྲེག་བཞིན་བུད་ཤིང་ཡིན་སེམས་ན། །གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བྲཀ༧ཀཤྲརྒྱ། །བུད་ཤིང་དེ་སྲེག་བྱེད། །གཞན་ཕྱིར་མི་ཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་རྟགས་དང་ཡང་ལྡན་པར་གནས། །ཇི་ལྟར་བུད་མེད་སྐྱེས་པ་དང༌། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་དང་ཕྲད་དུ་རུང་བར་འགྱུར། །གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང༌། །ཤིང་དང་ཕྲད་པར་འདོད་ལ་རག། །གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལྟོས་མེ་དང་ཤིང་འགྱུར་བ། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །བུད་པར་བྱ་བའི་ཤིང་ལ་ཡང༌། །མེ་མེད་པར་ནི་འགྱུར་པ་ཡིན། །གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཤིང་ལ་ལྟོས་པའི་མེ་མེད་དེ། །ཤིང་ལ་མ་ལྟོས་མེ་ཡང་མེད། །མེ་ལ་ལྟོས་པའི་ཤིང་མེད་དེ། ། མེ་ལ་མ་ལྟོས་ཤིང་ཡང་མེད། །མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །དེ་བཞིན་ཤིང་གི་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །མ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །བུམ་རྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་སོ་སྙམ་དུ་མི་སེམས་སོ། །མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའོ།། །།སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །གང་ལ་ཐོག་མེད་མཐའ་མེད་པར། ། བྲཀ༧ཁཤྲདེ་ལ་དབུས་ནི་ག་ལ་ཡོད། །དེ་ཕྱིར་དེ་ལ་སྔ་ཕྱི་དང༌། །ལྷན་ཅིག་རིམ་པ་མི་འཐད་དོ། །གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་མ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང༌། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་འཕྱི་འགྱུར་ལ། །རྒ་ཤི་སྔ་བ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ཏེ། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང༌། །གཉིས་ཀ་རྒྱུ་མེད་ཅན་དུ་འགྱུར། །གང་ལ་སྔ་ཕྱི་ལྷན་ཅིག་གི། །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་རེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོ་བར་བྱེད། །འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང༌། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའོ།། །ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་པ་ལས་འབྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ། །གལ་ཏེ་བདག་གིས་བྱས་གྱུར་ན། ། དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང༌། །གལ་ཏེ་འདི་ལས་དེ་གཞན་ཞིང༌། །གལ་ཏེ་དེ་ལས་འདི་གཞན་ན། །སྡུག་བསྔལ་གཞན་གྱིས་བྱས་འགྱུར་ཞིང༌། །གཞན་དེ་དག་གིས་དེ་བྱས་འགྱུར། །གལ་ཏེ་གང་ཟག་བདག་གིས་ནི། ། སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་ནི། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མ་གཏོགས་ཇི་ལྟར་རུང༌། །གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་ནས། །གཞན་ལ་སྟེར་བའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བྲཀ༨ཀཤྲརྒྱ། །བདག་བྱས་འགྱུར། །རེ་ཞིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །བདག གིས་མ་བྱས་གཞན་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པར་མ་ཟད་ཀྱི། །ཕྱི་རོལ་དངོས་པོ་དག་ལ་ཡང༌། །རྣམ་པ་བཞི་པོ་ཡོད་མ་ཡིན། །བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །གལ་ཏེ་སླུ་ཆོས་གང་ཡིན་པ། །དེ་བརྫུན་དེ་ལ་ཅི་ཞིག་སླུ། །བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིན། །དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བ་སྣང་ཕྱིར་རོ། །དངོས་པོ་ངོ་བོ་ཉིད་མེད་མེད། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་ངོ་བོ་ཉིད་ཡོད་ན། ། གཞན་དུ་འགྱུར་བར་ཇི་ལྟར་རུང༌། །དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །གལ་ཏེ་དེ་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །འོ་མ་ལས་གཞན་གང་ཞིག་ནི། །ཞོ་ཡི་དངོས་པོ་ཡིན་པར་འགྱུར། །གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་སུམ་པའོ།། །།བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང༌། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་པ་ཡོད་མ་ཡིན། །དེ་བཞིན་འདོད་ཆགས་ཆགས་པ་བྲཀ༨ཁཤྲདང༌། །ཆགས་པར་བྱ་བ་ཉོན་མོངས་པ། །ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་ཉིད་ཀྱིས། །གཞན་དང་གཞན་དུ་ཕྲད་འགྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་པར་གཞན་གཞན་མི་འགྱུར། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། ། གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །གཞན་མེད་པར་ནི་གཞན་འགྱུར་པ། །ཡོད་མིན་དེ་ཡི་ཕྱིར་ན་མེད། །གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་ཡོད་པ་མ་ཡིན་ན། ། གཞན་ནམ་དེ་ཉིད་ཡོད་མ་ཡིན། །དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཕྲད་བཞིན་པ་དང་ཕྲད་པ་དང༌། །ཕྲད་པ་པོ་ཡང་ཡོད་མ་ཡིན། །ཕྲད་པ་བརྟག་པ་ཞེས་བྱ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའོ།། །།རང་བཞིན་རྒྱུ་དང་རྐྱེན་ལས་ནི། ། འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟར་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་ཡོད་པ་མ་ཡིན་ན༑ །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་རང་བཞིན་ནི། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །རང་བཞིན་དང་ནི་དངོས་པོ་དག །ཡོད་ན་དངོས་པོ་འགྲུབ་པར་འགྱུར། ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །གང་དག་རང་བཞིན་གཞན་དངོས་དང༌། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་བྲཀ༩ཀཤྲརྒྱ། །ཡིན་ནོ། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམ་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །རང་བཞིན་ཡོད་པ་མི་ཡིན་
ཉིད་ནས་བསམ་ཚུལ་རབ་རིབ་འགའ་མདུན་ལ་བཞག་པར་བཀའ་དྲིན་ཆེ།
བསྐྱར་དུ་ཁྱེད་ཀྱི་བསམ་ཚུལ་དེ་དག་གི་ཐོག་ལ་སྣོན་མ་རྒྱག་གི་ཡིན།
དང་པོ། ཁྱེད་ཀྱི་མཆན་བུ་དང་པོ་དེའི་ཁོངས་སུ་མར་ཁེ་སི་དང་མའོ་གཉིས་མཉམ་སྦྱར་བྱས་བ་ཡིན་ཙང་། ངས་དེ་ལ་མཐོང་ཆུང་གི་སྐད་ཆ་འགའ་བཤད་པ་ཡིན།
ད་དུང་ཁྱེད་ནས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཐ་སྙད་འགའ་འཁྱེར་ནས་ཡོང་བ་ཡིན་ཙང་། བསྐྱར་དུ་ངེད་ནས་མཐོང་ཆུང་བརྩེགས་མ་ཞིག་བྱས་བ་ཡིན།
རྒྱུ་མཚན། ཐ་སྙད་དེ་ཚོ་ངེད་ཀྱིས་སློབ་འབྲིང་གི་ཆབ་སྲིད་ྐློག་དེབ་ཀྱི་ངོས་ནས་སྦྱངས་བ་ཡིན། དེང་སང་རྣ་ལ་སླེབས་ན་སེམས་ལ་གཟེར་རྒྱག་གི། དགོངས་དག
འོན་ཀྱང་། མཐུན་པའི་ཆ་འདུག་ཟེར་བ་དེ་མཐོང་ཆུང་མིན། དེ་ངེད་ཀྱིས་རྣམ་དཔྱོད་འདོན་སྟངས་ཤིག་ཡིན། ཕྱོགས་གཉིས་ཀར་བལྟ་སྟངས་ཤིག་ཡིན།
དཔེར་ན། མའོ་ཡི་སྲིད་དབང་སྒེར་སྤྱོད་དེ་ལྟ་བུ་དཔལ་འབྱོར་གྱི་ཁྲོམ་རའི་ཐོག་ན་ཡང་ཡོད་རེད། དེ་ལ་དཔལ་འབྱོར་གྱི་གོང་ཚད་སྒེར་གཅོད་ཟེར་གྱི་ཡོད་པ་རེད།
གཉིས། ཁྱེད་ནས་( Keynesian Economics ) ཀྱི་དཔལ་འབྱོར་ལམ་ལུགས་སྐོར་ནས་གླེང་སློང་ཅུང་ཙམ་བྱས་འདུག་རྐྱེན། ཁྱེད་ལ་བློ་བསྐྱེད་དུ་ཚུལ་དུ་བསམ་ཚུལ་འགའ་ཁ་སྣོན་རྒྱག་གི་ཡིན།
ནུབ་ཕྱོགས་སུ་དཔལ་འབྱོར་ལམ་ལུགས་ལ་( Classical economics, Keynesian economics, Neoclassical economics, Chicago school of economics and Mixed economy ) སོགས་ཇི་སྙེད་ཅིག་ཡོད་པའི་ཁོངས་ནས། གཞུང་འཛིན་དཔལ་འབྱོར་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གཉིས་གཙོ་བོ་རེད།་ དེ་ཡང་ ( Keynesian Economics ) ཀྱི་དཔལ་འབྱོར་ལམ་ལུགས་ཀྱི་རྨང་གཞིའི་ཐོག་དེང་གི་གཞུང་འཛིན་དཔལ་འབྱོར་ལམ་ལུགས་( Fiscal Policy ) ཟེར་བ་འདི་འགོ་འབུས་བ་རེད། ( Fiscal Policy)ཟེར་དུས་གཙོ་བོ་གཞུང་གི་འགྲོ་སོང་དང་ཁྲལ་བསྡུ་གཉིས་ཀྱི་གནད་དོན་གཙོ་བོར་གླེང་གི་ཡོད་པ་རེད། དེ་ལ་ཡང་ནང་གསེས་དབྱེ་བ་གཉིས་ཡོང་གི་ཡོད་པ་རེད། ( Expansionary Fiscal Policy ) ལབ་དུས། གཞུང་གི་ངོས་ནས་ཁྲལ་བསྡུ་ཆགས་ཡང་གཏོང་དང་གཞུང་གི་འགྲོ་སོང་གི་གྲངས་འབོར་མང་དུ་བཏང་བ་ལ་ཟེར་གྱི་ཡོད་པ་རེད། ( Contradtionary Fiscal Policy ) ལབ་དུས་གོང་གི་དེའི་ལྡོག་ཕྱོགས་ནས་རེད།
དེ་ནས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གཙོ་བོར་འཛིན་མཁན་གྱི་དཔལ་འབྱོར་རིག་པ་བ་( Milton Friedman) སོགས་ཀྱི་བསམ་བློར། ( Monetary Policy ) འདི་གལ་ཆེར་བརྩི་གི་ཡོད་པ་རེད།
( Monetary Policy )ཟེར་དུས་གཙོ་བོ་ཡོང་སྒོ་དང་སྐྱེད་ཀའི་གནད་དོན་གཙོ་བོར་འཛིན་གྱི་ཡོད་པ་རེད། དེ་ལ་ཡང་ནང་གསེས་གཉིས་ཡོད་པ་རེད། ( Expansionary Monetary Policy ) ལབ་ན། དབུས་དངུལ་ཁང་ཁག་གི་ངོས་ནས་དངུལ་གྱི་སྐྱེད་ཀ་འཕྲི་གཅོག་བྱེད་ཀྱི་ཡོད་པ་དང་དངུལ་ཕྱིར་གཏོང་གི་གྲངས་འབོར་མང་དུ་གཏོང་གི་ཡོད་པ་དེ་ལ་ཟེར། ( Contractionary Monetary Policy )ཟེར་ན་གོང་གི་དེའི་ལྡོག་ཕྱོགས་ནས་རེད།
གསུམ། གཞུང་འཛིན་དཔལ་འབྱོར་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གཉིས་ཀྱི་དབར་ན་མ་མཐུན་པའི་ཆ་མང་པོ་ཡོད་པ་མ་ཟད་ཕྱོགས་གཉིས་ཀར་སྐྱོན་ཆ་ཡང་ཡོད་རེད།
དཔེར་ན། ( Keynesian Economics ) གྱི་དཔལ་འབྱོར་ལམ་ལུགས་ལྟ་བུར་མཚོན་ན། ཁོང་ཚོས་( Potential output and growth ) ཡི་ འོག་ཏུ་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཞིག་ཡོང་གི་རེད་བསམ་གྱི་ཡོད་པ་རེད། འོན་ཀྱང་།
ལྡོག་ཕྱོགས་ནས་བསམ་བློ་འཛིན་མཁན་ཚོས་དེ་ནོར་བ་རེད་ཟེར་གྱི་ཡོད་པ་རེད། རྒྱུ་རྐྱེན་གང་གིས་ཞེ་ན། ( Potential output and growth ) ཡི་འོག་ཏུ་དཔལ་འབྱོར་གྱི་བྱེད་སྒོ་ཐ་དག་ལག་བསྟར་བྱས་བ་ཡིན་ན། ལས་བཟོ་བའི་གྲངས་ཀ་དང་ཅ་དངོས་ཐོན་སྐྱེད་གཉིས་དོ་མཉམ་ཡོང་གི་མེད་པ་མ་ཟད་ ( Recessionary gap ) ཟེར་བའི་དཀའ་ངལ་དེ་འཕྲད་ཀྱི་ཡོད་པ་རེད། དེ་ལས་མེད་ཀྱི་དཀའ་ངལ་རེད། གནས་སྐབས་ལ་དེ་ཙམ་ཡིན། མུ་མཐུད་ཡིན་ད།
དེ་རིང་སང་ཉིན། དཔལ་འབྱོར་ཕྱོགས་ལ་སློབ་སྦྱོང་ཡོད་མཁན་མང་པོ་ཞིག་གིས། གཞུང་འཛིན་དཔལ་འབྱོར་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོརལམ་ལུགས་གང་ཡིན་རུང་། གཙོ་བོ་རང་བྱུང་ཁོར་ཡུག་གི་གནད་དོན་ལ་འགན་ཁུར་ཐུབ་པའི་དཔལ་འབྱོར་ལམ་ལུགས་ཤིག་ལག་བསྟར་བྱེད་དགོས་རྒྱུ་གལ་ཆེན་རེད་དགོངས་མཁན་མང་ནས་མང་དུ་འགྲོ་གི་ཡོད་པ་རེད།
ཨ་རོ། ལྷ་ྐླུ་གཉན་གསུམ་ལགས། བུད་མེད་སྒེར་གཉེར་སློབ་གྲ་འདིའི་སྐོར་སྔ་མོ་ནས་གོ་ཐོས་བྱུང་། སློབ་གྲའི་སྒྲིག་ཁྲིམས་དང་ཤེས་ཡོན་སློབ་གསོ་སོགས་ཧ་ཅང་ནས་ཡག་པོ་འདུག་ཟེར། ངེད་ཀྱི་རེ་བ་གཞིར་བཟུང་། ད་ལོའི་དབྱར་གནང་གི་སྐབས་སུ། ངེད་ཀྱི་ཨ་ཁུས་ཁོང་གི་བུ་མོ་རྒྱ་མོ་འདྲ་བོ་དེ་སློབ་གྲ་འདི་རུ་འཇུག་ཐབས་བྱས་བ་རེད། འོན་ཀྱང་། ཨ་ཁུའི་ཞི་མོ་གྲོང་ཁྱེར་ནས་འཚར་ལོངས་བྱུང་བ་ཡིན་ཙང་། བོད་སྐད་བཤད་ཤེས་ཙམ་མ་གཏོགས་བོད་ཡིག་འབྲི་ཤེས་གི་མ་རེད། འོན་ཀྱང་། རྒྱ་སྐད་རྒྱ་ཡིག་སོགས་གྲོང་ཁྱེར་གྱི་རྒྱ་ཕྲུག་ཚོ་ལས་ཡག་གི་ཟེར། གང་ལྟར། ངེད་ཀྱི་ཨ་ཁུའི་ཞི་མོ་རྒྱ་མོ་འདྲ་བོ་དེ་བུད་མེད་སྒེར་གཉེར་སློབ་གྲ་འདིར་ཚུད་མི་འདུག
དེ་རིང་གི་དངུལ་གྱི་མཛའ་ཐང་། དབུས་ཡུ་རོ་སྔ་དྲོ་ཚོུད་ ༤ ;༠༠།
ཨ་སྒོར། ༡ ལ་ རྒྱ་གར་སྒོར་མོ། ༤༥.༩༥
ཡུ་རོ། ༡ ལ་ རྒྱ་གར་སྒོར་མོ། ༦༨.༧༨
ཨ་སྒོར། ༡ ལ་ རྒྱ་ནག་སྒོར་མོ། ༦.༨༥
ཡུ་རོ། ༡ ལ་ རྒྱ་ནག་སྒོར་མོ། ༡༠.༢༥
ཨ་སྒོར། ༡ ལ་ ཡུ་རོ། ༠.༦༦
ཡུ་རོ། ༡ ལ་ ཨ་སྒོར། ༡.༤༩
བྱང་ཨ་རིའི་མཚན་གྱི་ཆུ་ཚོད་བཅུ་གཅིག་སྟེང་གི་ཨ་སྒོར་གྱི་འཛའ་ཐང་།
ཨ་སྒོར་༡ ལ། ཨར་རྗེན་གྲེ་ནའི་པུས་སོ།(Argentine Peso) 3.80
ཨ་སྒོར་༡ ལ། ཨོ་སུ་ཁྲོ་ལའི་སྒྲོ་ལོར།( Australian Dollar)1.07
ཨ་སྒོར་༡ ལ། རྦུར་རྫིལ་གྱི་རིལ།( Brazilian Real)1.70
ཨ་སྒོར་༡ ལ། དབྱིན་ལན་གྱི་པོན་སྒྲི(British Pound)0.59
ཨ་སྒོར་༡ ལ། ཁ་ཎ་སྒྲའི་སྒྲོ་ལོར།(Canadian Dollar)1.04
ཨ་སྒོར་༡ ལ། རྒྱ་ནག་གི་ཡོན། ( Chinese Yuan)6.82
ཨ་སྒོར་༡ ལ། ཡོ་རོ། ( Euro)0.66
ཨ་སྒོར་༡ ལ། ཧོང་ཀོང་གི་སྒྲོ་ལོར།( Hongkong Dollar)7.78
ཨ་སྒོར་༡ ལ། རྒྱ་གར་གྱི་རུའུ་པུས།(Indian Rupee)46.14
ཨ་སྒོར་༡ ལ། འཇར་པན་གྱི་ཡན།( Japanese Yen)89.007
ཨ་སྒོར་༡ ལ། ཀོ་རི་ཡའི་བོན།( Korean Won)1154.18
ཨ་སྒོར་༡ ལ། མེག་སིས་ཀན་གྱི་པུས་སོ།( Mexican Peso)12.99
ཨ་སྒོར་༡ ལ། ཨུ་རུ་སའི་རུའུ་རྦེལ།( Russian Rouble )28.72
ཨ་སྒོར་༡ ལ། སིད་རྡིས་ཞིའི་ཁོ་ནོར། ( Swidesh Krona)6.81
ཨ་སྒོར་༡ ལ། སིད་སི་ཧྥི་རན་ཁི།( Swiss Franc)1.00
ཨ་སྒོར་༡ ལ། བོད་ཀྱི་ཤོག་དངུལ།(Tibetan Tam Srang) ?
རྒྱལ་སྤྱིའི་དངུལ་གྱི་རིན་གོང་འཕར་ཆགས་འགྲོ་ཚུལ་སྐོར་མང་བོ་ཞིག་བྲིས་འདུག་པར་ཐུགས་རྗེ་ཆེ་རྒྱུ་མཚན་གཞན་ལ་ཕན་ཐོགས་འེ་ཡོང་སྙམ་པས་ཡིན།་་་་གུས་པ་རང་ལ་མཚོན་ན་སྤྱིར་དངུལ་གྱི་གོང་འཕར་ཆགས་ལ་འབྲེལ་བ་ཅང་མེད་དངུལ་སྒོར་ཡོད་ས་ཞིག་མིན་ཡིན་ནའང་དེའི་སྐོར་གྱི་ཤེས་བྱ་ཅུང་ཟད་རེ་ཤེས་ན་འདོད་བྱུང་བས་ཐེངས་གཅིག་ཀློག་པ་ཡིན་འོན་ཀྱང་གུས་པར་དཔལ་འབྱོར་རིག་པའི་གོ་རྟོགས་ཞན་པས་ཡིན་རྒྱུ་རེད།
རྩོམ་ཡིག་དེའི་ཉོ་མཁན་དང་བཙོང་མཁན་མང་བོའི་ཁྲོད་ནས་སེམས་སུ་ཉར་རྒྱུ་དོན་དག་དངོས་རྙེད་མ་བྱུང་བས་ཡང་བསྐྱར་ཐེངས་གཅིག
དོན་དག་གནད་བསྡུས་ཤིག
དྲ་གྲོགས་ཁ་ཕྱོགས་མེད་ཀྱིས་གསུང་བ་བདེན་པ་རེད།
ངེད་ཀྱིས་གང་ཐུབ་ཐུབ་ཀྱིས་གོ་བདེ་བོ་དང་བརྗོད་པ་གསལ་བ་ཞིག་བྲིས་བའི་ཁུལ་ཡིན། འོན་ཀྱང་། མང་མང་གིས་གོ་ཐུབ་མིན་བཤད་དཀའ་གི།
དེ་ནས། སྐུ་ཉིད་ནས་དོན་རྡོག་རྡོག་ཞིག་གོ་གི་མི་འདུག་གསུང་བ་དེ་ལ་ཡང་རྒྱུ་མཚན་འདུག
སྐུ་ཉིད་ནས་རྩོམ་ཐུང་འདི་ཐེངས་གཅིག་བྐླགས་པ་ཡིན་ན། བརྗོད་བྱ་གང་གི་ཐད་ནས་གོ་གི་མི་འདུག ཉོ་མཁན་གྱི་ཕྱོགས་ནས་གོ་གི་མི་འདུག་གམ།
ཡང་ན་བཙོང་མཁན་གྱི་ཕྱོགས་ནས་གོ་གི་མི་འདུག སྐུ་ཉིད་ཀྱིས་མ་གོ་བ་དེའི་རིགས་གསལ་འདོན་ཐུབ་ན། ངེད་ཀྱིས་སྐུ་ཉིད་ལ་གོ་བདེ་བོའི་སྒང་ནས་བསྐྱར་དུ་འགྲེལ་བཤད་རྒྱག་ཐུབ་པ་འདུག གཞན། ཚང་མ་གོ་གི་མི་འདུག་གསུངས་ན། ངེད་ལ་ཡང་ཐབས་ཤེས་མི་འདུག དེ་ཙམ་ཞུ།
དྲ་གྲོགས་བཀྲ་དོན་ལགས་ཐུགས་རྗེ་ཆེ།
ལན་ཞིག་གནང་བ་དེ་རེ་རེ་མང་མང་གི་གོ་རྒྱུའི་དཔལ་འབྱོར་རིག་པའི་ལམ་ལུགས་གཏིང་ཟབ་བཤད་རྒྱུ་དཀའ་ནི་རེད།་་་་དེ་ཁྱེད་འབྲི་མཁན་ལན་ནི་ཡིན་རྒྱུ་མ་རེད་ཀློག་མཁན་ང་ལ་ཚད་གཞི་མེད་པས་ལན་པ་ཡིན་རྒྱུ་རེད།་་་་་་་་་གང་ལྟར་དྲི་བ་ཞིག་འདོན་འདོད་ཡོད་ཀི།
༡་་་སྤྱིར་ཨ་སྒོར་སོགས་རྒྱལ་ཁབ་ཁ་ཤས་ཀྱི་དངུལ་གྱི་གོང་ཚད་ཆུ་ཚོད་ལྟར་འཕར་ཆགས་འགྲོ་བཞིན་པའི་རྒྱུ་མཚན་དང་དེ་མིན་རྒྱ་ནག་སོགས་རྒྱལ་ཁབ་ཁག་ཅིག་གི་དངུལ་གྱི་གོང་ཚད་ཅུང་བརྟན་པའི་རང་བཞིན་ཡིན་པའི་རྒྱུ་མཚན་གསུང་རོགས།
༢།་་་་དཔེར་ན་ཨ་སྒོར་གྱི་རིན་གོང་འཕར་ཚེ་ཨ་རིའི་ཕྱོགས་ལ་ཁེ་ཕན་ཆེ་ནི་རེ་རིན་གོང་ཆགས་ཚེ་ཁེ་ཕན་ཆེ་ནི་རེ་ལན་ཞིག་གནང་རོགས།
ཁ་ཕྱོགས་མེད་ལགས།
ཕྱི་དྲོ་འཛིན་གྲ་གྲོལ་ན་། ངེད་ཀྱིས་ཉིད་ཀྱི་དྲི་བར་ལན་འདེབས་བྱས་ཆོག
སྤྱིར་བཏང་བྱས་ན། སྐུ་ཉིད་ཀྱིས་རྩོམ་ཐུང་འདི་ཞིབ་ཚགས་པོས་བྐླགས་ཡོད་ན། ཁྱེད་ཀྱི་དྲི་བ་དེའི་ལན་ཡང་”མཐའ་དོན་”གྱི་ཚན་པ་དེའི་ཁོངས་སུ་འདུག
སྐྱོན་མི་འདུག ངེད་ཀྱིསབསྐྱར་དུ་ལན་ཁ་གསལ་ཞིག་ཕུལ་ཆོག
དྲ་གྲོགས་ཁ་ཕྱོགས་མེད་ལགས།
སྐུ་ཉིད་ཀྱི་དྲི་བ་གཉིས་ལ་ལན་གོ་བདེ་བདེ་ཞིག་ཕུལ་གྱི་ཡིན།
དྲི་ལན་དང་པོ། རྒྱལ་ཁབ་ཁ་ཤས་ཀྱི་དངུལ་གྱི་འཛའ་ཐང་བསྟུན་མར་འཕར་ཆགས་ཡོང་གི་ཡོད་པ་དང་ཡང་རྒྱལ་ཁབ་ཁ་ཤས་ཀྱི་དངུལ་གྱི་འཛའ་ཐང་གཏན་འཇགས་ཡིན་དོན་ཅི་རེད་ཞེ་ན།
རྒྱལ་ཁབ་སོ་སོའི་དངུལ་བརྗེ་ལེན་བྱེད་སྟངས་ཀྱི་ལམ་ལུགས་འདྲ་གི་མ་རེད། དེ་ཡང་སྤྱི་ཡོངས་ནས་རྒྱལ་ཁབ་སོ་སོའི་དངུལ་གྱི་འཛའ་ཐང་ལ་རིགས་མ་འདྲ་བ་བཞི་ཡོད་རེད།
༡ ( Flexible Currency )ལབ་ན། དངུལ་གྱི་གོང་ཚད་ལ་་གཞུང་ནས་སྟངས་འཛིན་མེད་པར་རང་དབང་གི་ཁྲོམ་རའི་ལག་ཏུ་བཞག་ནས་ཡོད་རེད། དེར་བརྟེན། ཉིན་རེའི་དཔལ་འབྱོར་ཁྲོམ་རའི་གོང་ཚད་ལ་འགྱུར་བ་སོང་བ་ནང་བཞིན་དངུལ་གྱི་འཛའ་ཐང་དེ་ཡང་ཡར་འཕར་མར་ཆགས་གཉིས་ཀ་རྟག་དུ་ཡོང་གི་ཡོད་པ་རེད།་ དངུལ་གྱི་འཛའ་ཐང་འདིའི་རྒྱུན་མར་འགྱུར་བའི་རང་བཞིན་ཅན་རེད།
༢ ( Floating Currency )ལབ་དུས། དབུས་དངུལ་ཁང་ཁག་ནས་དངུལ་གྱི་གོང་ཚད་ལ་སྟངས་འཛིན་ཡོད་པ་གང་ཞིག་ལ་སྟངས་འཛིན་དེ་ཧ་ཅང་ཆུང་ཆུང་རེད། འོན་ཀྱང་། སྔ་མ་དེ་ལས་ཕྱི་མ་འདི་ལ་དབུས་དངུལ་ཁང་ཁག་ནས་སྟངས་འཛིན་ཅུང་ཙམ་བྱེད་ཀྱི་ཡོད་པ་རེད། ནུབ་ཡོ་རོབ་དང་བྱང་ཨ་རིའི་རྒྱལ་ཁབ་མང་ཆེ་བ་འདུས་ནང་དུ་ཚུད་ཡོད།
༣ ( Managed Currency )ལབ་དུས། དངུལ་གྱི་གོང་ཚད་ལ་དབུས་དངུལ་ཁང་ནས་སྟངས་འཛིན་ཡོད་པ་གང་ཞིག་ལ་སྟངས་འཛིན་དེ་ཚོང་ཤག་རྒྱལ་ཁབ་ཁག་གི་དངུལ་བརྗེ་ལེན་གྱི་གོང་ཚད་དང་བསྟུན་ནས་འགྱུར་གྱི་ཡོད་པ་རེད། དཔེར་ན། ཧོང་ཀོང་གི་དངུལ་གྱི་འཛའ་ཐང་ལྟ་བུ་རེད། འདི་བསྟུན་འགྱུར་གྱི་རིགས་རེད།
༤ ( Fixed Currency )ལབ་དུས། དངུལ་གྱི་གོང་ཚད་དེ་སྟངས་འཛིན་ཆ་ཚང་དབུས་དངུལ་ཁང་ནས་བྱེད་ཀྱི་ཡོད་པ་མ་ཟད་དངུལ་གྱི་གོང་ཚད་འཕར་ཆགས་ཇི་ལྟར་ཡོང་མིན་དེ་རང་དབང་གི་ཁྲོམ་རའི་གོང་ཚད་འཕར་ཆགས་དང་འབྲེལ་བ་མེད་པ་ལྟ་བུ་ཞིག་རེད། དཔེར་ན། རྒྱ་ནག་གི་དངུལ་གྱི་འཛའ་ཐང་ལྟ་བུ་རེད། འདི་གཏན་འཇགས་རེད།
མདོར་དོན། དངུལ་གྱི་འཛའ་ཐང་གི་འཕར་ཆགས་འགྱུར་བ་ཇི་ལྟར་ཡོང་མིན་ནི་། དེ་གཞུང་གིས་ཐད་ཀར་སྟངས་འཛིན་བྱས་དང་ཡང་ན་རང་དབང་གི་ཁྲོམ་རའི་ལག་པར་བཞག་མ་བཞག་གི་གནད་དོན་རེད།
ཡང་། དངུལ་གྱི་འཛའ་ཐང་་དེ་གཏན་འཇགས་སམ་བསྟུན་འགྱུར་སོགས་རེད་ལབ་དུས་། རྒྱལ་ཁབ་གང་དེའི་དངུལ་གྱི་འཛའ་ཐང་དེ་ཚོང་ཤག་རྒྱལ་ཁབ་ཁག་དང་འབྲེལ་བ་ཤུགས་ཆེར་ཆགས་ཀྱི་ཡོད་པ་རེད་མ་གཏོགས་ཚང་མ་ལ་གཅིག་མཚུངས་མ་རེད། དཔེར་ན། རྒྱ་ནག་གི་དངུལ་གྱི་འཛའ་ཐང་དེ་ཨ་རིའི་སྒྲོ་ལོར་དང་་གཏན་འཇགས་བཟོས་བ་ནང་བཞིན་ཧོང་ཀོང་གི་སྒྲོ་ལོར་ལ་ཡང་གཏན་འཇགས་བཟོ་དགོས་བའི་ངེས་བ་ཡོད་མ་རེད། འདི་ཙམ་ཡིན།
དགོངས་དག ཞིབ་ཏུ་བལྟ་དུས། ངེད་ཀྱིས་ཁྱེད་ཀྱི་དྲི་བར་ལན་ཆ་ཚང་ཕུལ་མི་འདུག
གོང་དུ་ཁྱེད་ནས་རྒྱ་སྒོར་གྱི་འཛའ་ཐང་དེ་གཏན་འཇགས་ཡིན་པའི་རྒྱུ་མཚན་ཅི་རེད་དམ་ཞེས་བའི་ལན་དུ།
རྒྱུ་མཚན་དང་པོ། རྒྱ་སྒོར་གྱི་འཛའ་ཐང་དེ་གཏན་འཇགས་རེད་། དེ་ལ་གཞུང་གི་སྟངས་འཛིན་ཤུགས་ཆེ་བ་ཡོད་རེད་ལབ་ཡ་ཡིན།
དེ་ཇི་ལྟར་གཏན་འཇགས་བཟོ་གི་ཡོད་དམ་ཞེ་ན། དཔེར་ན། རྒྱ་སྒོར་༡ལ་ཨ་སྒོར་༠.༡༤༦༧ཡིན་པའི་དབང་དུ་བྱས་ན།
གལ་སྲིད་དངུལ་བརྗེ་ལེན་གྱི་གོང་ཚད་དེ་༠.༡༤༦༧གྱི་སྒང་ལ་འཕར་བ་ཡིན་ན། གོང་ཚད་བསྟུན་མར་འཕར་སྣོན་མ་ཡོང་བའི་སླད་དུ་། རྒྱ་ནག་གཞུང་གི་དབུས་དངུལ་ཁང་གིས་རྒྱ་སྒོར་རྣམས་བཙོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད། གལ་སྲིད་དངུལ་བརྗེ་ལེན་གྱི་གོང་ཚད་དེ་ཨ་སྒོར་༠.༡༤༦༧གྱི་འོག་ལ་མར་ཆགས་པ་ཡིན་ན། དངུལ་ཁང་གིས་རྒྱ་སྒོར་གང་མང་མང་ཉོ་གི་ཡོད་པ་རེད། དངུལ་ཁང་ནས་རྒྱ་སྒོར་ཉོ་བའི་སྐབས་སུ་དངུལ་ཁང་རང་ལ་ཡོད་པའི་གསོག་དངུལ་ཨ་སྒོར་རྣམས་བེད་སྤྱོད་གཏོང་གི་ཡོད་པ་རེད། དངུལ་ཁང་ནས་རྒྱ་སྒོར་བཙོང་བའི་སྐབས་སུ་། རྒྱ་སྒོར་རྣམས་ཨ་སྒོར་ལ་བརྗེས་ནས་གསོག་དངུལ་ཨ་སྒོར་གྱི་གྲངས་འབོར་སྤར་གྱི་ཡོད་པ་རེད། འདི་ལྟར་རྒྱ་ནག་གཞུང་གི་ངོས་ནས་རྒྱ་སྒོར་གྱི་འཛའ་ཐང་གཏན་འཇགས་ཡོང་བར་འབད་བརྩོན་གནང་གི་ཡོད་པ་རེད།
དྲི་ལན་གཉིས་པར།
ཨ་སྒོར་གྱི་གོང་ཚད་འཕར་ཚེ་ཨ་རིའི་ཕྱོགས་ལ་ཁེ་ཕན་ཆེ་ནི་རེད་དམ་གོང་ཚད་མར་ཆགས་ན་ཨ་རིའི་ཕྱོགས་ལ་ཁེ་ཕན་ཆེ་ནི་རེད་དམ་ཞེས་བའི་ལན་ལ།
སྤྱིར་བཏང་ནས་ཨ་སྒོར་གྱི་འཛའ་ཐང་འཕར་ཚེ། ཨ་རིའི་ཉོ་མཁན་རྣམས་ལ་ཁེ་བཟང་ཡོང་གི་རེད་ལ་བཙོང་མཁན་རྣམས་ལ་ཁེ་ཕན་ཆུང་བ་རེད་། འོན་ཀྱང་། དུས་རྟག་པར་འདི་རེད་ཟེར་ཁག་པོ་རེད། དེ་ཡང་གཙོ་བོ་རང་དབང་ཁྲོམ་རའི་གོང་ཚད་ཀྱི་འཕར་ཆགས་ལ་ཡང་བལྟ་དགོས་རྒྱུ་གལ་ཆེན་པོ་རེད། ཨ་སྒོར་གྱི་འཛའ་ཐང་མུ་མཐུད་དེ་འཕར་བ་ཡིན་ན། ཁྲོམ་རའི་གོང་ཚད་དེ་ཆ་སྙོམས་གོང་ཚད་ཀྱི་སྒང་ལ་བུད་འགྲོ་གི་ཡོད་ཙང། དེ་དུས་ ( Inflation ) ཟེར་བའི་རིན་གོང་བླ་ལྷག་ཏུ་འཕར་བའི་དཀའ་ངལ་དེ་འཕྲད་ཀྱི་ཡོད་པ་རེད།
གཞན། ཅུང་གཏིང་ཟབ་དུ་ཕྱིན་པ་ཡིན་ན། ཨ་རིར་ཁེ་ཕན་ཆེ་དང་ཆུང་གི་སྐད་ཆ་དེ་མ་བཤད་སྔོན་ལ།
༡ ཨ་རིའི་ལོ་རེའི་གཞུང་གི་ཡོང་སྒོ་དང་འགྲོ་སོང་གཉིས་ཀྱི་བར་ཁྱད་ལ་རྩིས་ཤིག་བརྒྱབ།
༢ དེ་ནས་ལོ་རེའི་ཚོང་ཟོག་ནང་འདྲེན་དང་ཕྱིར་གཏོང་གི་གྲངས་འབོར་ལ་རྩིས་བརྒྱབ།
༣ དེ་ནས་ལོ་རེའི་མ་རྩ་ནང་འཛུགས་དང་མ་རྩ་ཕྱིར་གཏོང་གི་གྲངས་འབོར་ལ་རྩིས་ཤིག་བརྒྱབ།
༤ དེ་ནས་ལོ་རེའི་དངུལ་བཅོལ་འཇོག་དང་དེའི་སྐྱེད་ཀ་ལ་རྩིས་ཤིག་བརྒྱབ་།
གོང་གི་གནད་དོན་འདི་བཞི་བོར་བསྡོམས་རྩིས་ཤིག་བརྒྱབ་པའི་རྗེས་སུ་གཞི་ནས་ཨ་སྒོར་གྱི་འཛའ་ཐང་འཕར་བ་ཡིན་ན་ཁེ་ཆེའམ་ཆགས་པ་ཡིན་ན་ཁེ་ཆེ་ལ་བལྟ་དགོས་རེད་སྙམ།། གནས་སྐབས་ལ་དེ་ཙམ་ཡིན།
རིག་འབྱུང་ལགས། ངས་ཀྱང་དང་བོ་ཁ་རོག་གེར་ཀློག་ནས་སྐུ་ཉིད་ལ་རེ་སྐུལ་ཞིག་ཞུས་དེ་སོང་བ་ཡིན། དཔལ་འབྱོར་རིག་པའི་བསྐོར་ལ་རྩོམ་ཡིག་འབྲི་མཁན་ནི་དངོས་ནས་འུ་ཅག་བོད་པ་ཚང་ལ་དཀོན་པོ་ཡིན། དེ་ནི་བོད་པ་ཚོ་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་དགའ་བ་འཛམ་གླིང་གི་མི་དག་དང་འདྲ་མཚུངས་ཡིན་ན་ཡང་། དཔལ་འབྱོར་རིག་པའི་བསྐོར་ལ་བསམ་བློ་གཏོང་བ་ནས་རྩོམ་ཡིག་སྤེལ་བ། དེའི་ཐད་དུ་བསམ་ཚུལ་ལྷུག་པོར་གནང་མཁན་ནི་དཀོན་པོ་རེད།
བདག་གིས་ཀྱང་དབལ་འབྱོར་རིག་པའི་བསྐོར་ལ་སློབ་སྤྱོང་བྱས་མྱོང་མེད་ཀྱང་། དེའི་ཐད་དུ་བསམ་བློ་གཏོང་མྱོང་བ་མ་ཟད། དེའི་ཐད་དུ་རྒྱལ་ཁབ་འདིའི་ནང་གི་དཔལ་འབྱོར་ལོ་སྔོན་མ་ལས་ཉམས་ཆག་ལ་འགྲོ་བཞིན་པའི་བསྐོར་ལ་རྒྱལ་ཁབ་འདིའི་ནང་གི་གཞུང་སྒེར་མི་ཉུང་བ་ཞིག་གིས་སྐད་རྒྱག་གི་འདུག དེ་དུས་ང་རང་གི་ངོ་ཤེས་པ་ཁ་ཤས་ལ་ངས་འདི་ལྟར་བཤད་པ་ཡིན།
ཁྱེད་ཚོ་ལ་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཆག་དུ་ཕྱིན་པ་དེར་སེམས་འཁྲལ་ཡོང་གི་འདུག་ན། དེའི་འབྱུང་ཁུངས་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད། དཔེར་ན། ཁྱེད་ཅག་གི་རྒྱལ་ཁབ་ནང་གི་ཅ་དངོས་མང་ཤོས་ཤིག་རང་གི་རྒྱལ་ཁབ་ནས་ཐོན་བསྐྱེད་བྱེད་ཀྱི་མེད་པ་དང་། ཐོན་བསྐྱེད་བྱེད་ས་དེ་ཡང་རྒྱ་ནག་རང་ནས་བྱེད་ཀྱི་ཡོད་པ་དེ་ཡིན། དེའི་སྟབས་ཀྱི་དཔལ་འབྱོར་གྱི་གྱོང་རྒུད་ཐེབས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ལོ་ངོ་འདི་དག་གི་རང་གི་ཁྱེད་ཅག་གི་རྒྱལ་ཁབ་ཀྱི་ཕྱུག་བདག་མི་ཉུང་བ་ཞིག་གིས་རང་གི་ཁེ་ཕན་ཁོ་ན་ལས་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་མ་བཏང་བར། གང་ན་ཁེ་བཟང་ཡོད་པ་དེ་གཅིག་བུ་ལས་རང་ཉིད་ཀྱི་དཔལ་འབྱོར་དེ་ཡང་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཉམས་ཉེས་དང་འབྲེལ་བ་ཡོད་པ་གཏན་ནས་ངེས་ཟིན་ཐོབ་ཀྱི་མེད་ལ། དེའི་ཐད་དུ་བསམ་བློ་ཡང་གཏོང་གི་ཡོད་པ་མ་རེད། དེ་ལ་བསམ་བློ་བ་བཏང་བ་ཡིན་ན། དེའི་རྐྱེན་བྱས་དེ་རྒྱལ་ཁབ་རང་གི་ནང་དུ་ལས་བཟོ་བ་ཆེས་མི་ཉུང་བ་ཞིག་ལས་མེད་ཆགས་ཀྱི་ཡོད་ལ། ལས་མེད་ཆགས་པའི་མི་དེ་དག་ལ་སྔར་རྒྱུན་བཞིན་རང་ས་ནས་དཔལ་འབྱོར་གྱི་ཡོངས་ཁུངས་མེད་པ་ཆགས་ཀྱི་ཡོད་པ་ཡིན་དུས། ནང་ཁུལ་གྱི་དཔལ་འབྱོར་གྱི་ཉམས་ཉེས་ཀྱང་དེ་མཚུངས་ཀྱིས་འགྲོ་བཞིན་ཡོད་པ་རེད། དེ་ལྟར་ཡིན་དུས། མུ་མཐུད་དུ་རང་ས་ནས་འཛུགས་བསྐྲུན་མ་བྱས་པ་ཡིན་ན། ནམ་ཞིག་རང་ས་ནས་འབྲི་རིགས་ཚུན་ཆད་ཀྱང་འདེབས་རྒྱུར་དཀའ་ངལ་འཕྲད་ངེས་ཡིན། དེ་དུས་གཞི་ནས་རྒྱལ་ཁབ་ནང་གི་ཕྱུག་བདག་ཁ་ཤས་ལས་རྒྱལ་ཁབ་ཀྱི་མི་དམངས་སྤྱི་ལ་དབལ་འབྱོར་ཡོངས་ཁུངས་རང་བཞིན་གྱིས་མེད་པར་འགྱུར་གྱི་ཡོད་པ་རེད།
དེ་མཚུངས་ཀྱིས་སྐད་ཆ་ཆེས་མི་ཉུང་བ་ཞིག་བཤད་མཐར་ཁོང་ཚོས་ང་རང་རྒྱ་ནག་ལ་མི་དགའ་བའི་དེ་ལྟར་བཤད་ཀྱི་ཡོད་པ་རེད་ཟེར་དུས། ངས་དེ་ལྟར་མིན་པའི་སྒྲུབ་བྱེད་ཆེས་མི་ཉུང་བ་ཞིག་བྱས་པ་དེར། ཁོང་ཚོས་དེ་ནི་ངེད་ཅག་སྒེར་ངོས་ནས་བྱེད་ཐུབ་པ་ཞིག་མ་རེད་ཟེར། དེ་ནི་ངས་ཁོང་ཚོ་བྱེད་ཐུབ་པ་ཞིག་ཡིན་པ་རེད། དཔེར་ན། རང་ས་ནས་འཛུགས་བསྐྲུན་བྱས་པའི་ཅ་དངོས་ཉོ་བ་དང་། རང་མིས་རང་ས་ནས་ལས་མེད་མི་ཆགས་པའི་ཐད་དུ་རང་མི་དང་གཞན་མི་རང་མི་ལ་ཐོག་མར་ལས་ཀ་སྤྲོད་པ་སོགས་ཐབས་ལམ་མི་ཉུང་བ་ཞིག་བཤད་དུས། མཐར་ང་རང་ལ་འདི་ལྟར་ཟེར། དེས་ན་ཁྱེད་རང་རྒྱལ་ཁབ་འདི་ནས་ལས་ཀ་མ་སྤྲད་པ་ཡིན་ན་ག་འདྲ་འདུག་ཟེར་བས། ངས་དེ་ནི་ང་རང་གཅིག་བུ་ལ་མི་སྤྲོད་པའི་ཐབས་ཤེས་ཤིག་མིན་དུས། ངས་དེ་ལ་དགའ་བསུ་ཞུ་ངེས་ཡིན་ཟེར་ནས་ལན་བཏབ་དུས། ཁོང་ཚོས་ཁྱེད་རང་གི་དཔལ་འབྱོར་རིག་པའི་བསྐོར་སྤྱོང་མྱོང་ཡོད་དམ་ཟེར། ངས་དཔལ་འབྱོར་རིག་པའི་བསྐོར་ལ་སྤྱོང་མྱོང་མེད་ཅེས་ལན་སྤྲད་ཀྱང་། ཁོང་ཚོས་ཡིད་ཆེས་ལ་མི་ཆེས་ཀྱི་ངང་དུ་ང་རང་གིས་སྐད་ཆ་མི་ཉུང་བ་ཞིག་ལ་བདེན་ཁ་སྤྲད་སོང་།
དེ་མཚུངས་རེད། དེང་སང་ཨ་རིའི་དཔལ་འབྱོར་ཉམས་ཉེས་འགྲོ་བ་དེ་ཡང་གོང་གི་རྒྱུ་ཆེན་དང་གཅིག་མཚུངས་ཡིན། ཨ་རིའི་ཕྱུག་བདག་ཚོ་དང་། སྲིད་འཛིན་དག་གིས་རང་ས་ནས་བཟོ་བསྐྲུན་ཁང་སོགས་རྒྱ་ནག་ནང་དུ་གནས་སྤོར་བྱེད་རྒྱུ་མཚམས་མ་བཞག་པ་ཡིན་ན། ཨ་རིའི་མི་རིང་བར་ཆེས་དཔལ་འབྱོར་ཉམས་ཉེས་ཐེབས་ཡུལ་གཙོ་བོ་དེ་ཆགས་ནས། རྒྱ་ནག་ནི་སུས་ཀྱང་ཁ་ཡ་མི་བྱེད་རང་བྱེད་དགོས་པའི་རྒྱལ་ཁབ་ཅིག་ཆགས་ངེས་ཡིན། ད་ལྟ་ཡང་དེའི་སྔ་ལྟས་མི་ཉུང་བ་ཞིག་འུ་ཅག་གིས་མཐོང་གསལ་རེད་ཅེས་ཞུ་འདོད་བྱུང་།
བསམ་བློ་མ་བཏང་བ
འབྲུ་རིགས
Do you have this article in English ?
I want to read in English because I cant understand in Tibetan. My Tibetan level is very poor.
བསྟན་འཛིན་ནོར་བཟང་ལགས།
ངེད་ཀྱི་རྩོམ་འདི་དབྱིན་ཡིག་གི་ནང་ལ་མེད། ངེད་ཀྱིས་ད་ཕན་བོད་ཡིག་གི་ནང་ལ་བྲིས་བ་ཚང་མ་དབྱིན་ཡིག་གི་ནང་ལ་བསྒྱུར་བཞིན་ཡོད། ཁ་ཤས་ཤིག་བསྒྱུར་ཚར་ནས་ངེད་ཀྱི་དབྱིན་ཡིག་གི་ཟིན་བྲིས་དང་དྲ་རྒྱ་ཁ་ཤས་ཀྱི་སྟེང་ལ་བཞག་ཡོད། ཚང་མ་རེ་རེ་བཞིན་བསྒྱུར་ནས་དབྱིན་ཡིག་གི་དྲ་བ་ཚོའི་སྟེང་ལ་འཇོག་ཐུབ་ན་བསམ་བཞིན་ཡོད།
འོན་ཀྱང་། དུས་ཚོད་ཀྱིས་ཡོང་གི་མི་འདུག ག་ལེར་ག་ལེར་འགྲིག་འགྲོ་ས་རེད་མ་གཏོགས་མགྱོགས་པོ་མགྱོགས་པོར་ཡོང་ས་མ་རེད། སློབ་སྦྱོང་ཟེར་བ་འདི་ཆང་འཐུང་འཐུང་བྱས་ན་ཡང་ད་དུང་ཤེས་སོང་བསམ་པ་དང་ཚར་སོང་བསམ་པ་ཞིག་མི་འདུག་ དེ་རིང་སང་ཉིན་སློབ་སྦྱོང་ཟེར་བ་དེ་སྨྱོ་ཆུ་འཐུང་འཐུང་བྱས་ནས་བསྡད་ཡོད། དེ་ཙམ་ཞུ།