ཨོ་རྒྱན་ཉི་མ།
༼༡༽ རིག་གཞུང་གསར་རྙིང་གཉིས་ཀའི་མདུན་ས་རུ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱིས་ཕྱུག་ཅིང་བདེན་པ་ཉག་གཅིག་སྨྲ་བའི་སྟོན་པ་ཐུགས་རྗེ་ཅན་ལ་ཡང་དོན་མེད་ཀྱི་སྐུར་འདེབས་ཞུ་ཕོད་པའི་གཟུ་ལུམ་པ་ཆེན་པོ།
༼༢༽ འཇིག་རྟེན་འདིའི་ཕན་བདེ་མ་ལུས་འབྱུང་བའི་གཞི་འཆོས་སྐྱོབ་ཡོན་ཏན་གཉིས་དང་ལྡན་པའི་དམ་པའི་ཆོས་ལ་ཡང་སྒྲོ་འདོགས་ནུས་པའི་གློས་རྒན་ཆེན་པོ།
༼༣༽ རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀའི་སྲོག་གི་རྩ་བ་བཅས་པ་དང་རང་བཞིན་གྱི་ལས་ལམ་དག་ལའང་རྫུན་ནོ་ཞེས་བཤད་ཕོད་པའི་ལོག་རྟོག་པ་ཆེན་པོ།
༼༤༽ དམ་པའི་ཆོས་ཀྱི་བསླབ་བྱ་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཕར་ཞོག འཇིག་རྟེན་གྱི་ཡ་རབས་ཀྱི་བླང་བྱ་དྲང་བདེན་ཙམ་ཡང་ཁོག་ན་མེད་པའི་གླེན་པ་ཆེན་པོ།
༼༥༽ འགྲོ་བ་མིའི་རིགས་གཙོར་བྱས་པའི་འགྲོ་བ་སེམས་ཅན་ཡོངས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཁེ་ཕན་ལ་ལྟ་མི་ཤེས་ཤིང་མིག་སྔར་མཐོང་བའི་འདོད་ཡོན་ཁོ་ན་གཙོ་ཆེར་འཛིན་པའི་བརྐམ་ཆགས་པ་ཆེན་པོ།
༼༦༽ བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་སུ་སྔར་ཡོང་མ་མྱོང་ཞིང་སླད་ནས་འབྱུང་མི་སྲིད་པའི་འགོང་པོའི་དང་པོ་མེད་མུག་གི་མུ་ཁ་ད་ཆད་ལུས་པའི་བསེ་རག་ཆེན་པོ།
༼༧༽ བོད་ཀྱི་སྐྱ་སེར་ཀླད་མེད་ཆོས་དང་འཇིག་རྟེན་གཉིས་ཀར་གོ་བ་མེད་པའི་གཡམ་རྒྱུག་མཁན་རྣམས་ལོག་ལམ་དུ་ཁྲིད་མཁན་གྱི་སྡིག་གྲོགས་ཆེན་པོ།
༼༨༽ ལུས་ལ་ཆོས་གོས་རྣམ་གསུམ་བསྒོས་བཞིན་ཁོག་ན་བསླབ་གསུམ་གྱིས་སྟོང་ཞིང་མི་དགེ་བ་བཅུ་དང་། ཉེ་བའི་མཚམས་མེད་ལས་མེད་པའི་བསྟན་བཤིག་ཆེན་པོ།
༼༩༽ ཚན་རིག་ཅེས་སྨྲེ་སྔགས་ཇི་ལྟར་བཏོན་རུང་ཁོག་ན་རིག་གཞུང་གསར་རྙིང་གཉིས་ཀའི་ལྟ་གྲུབ་ཀྱི་ཆ་ཙམ་ཡང་མེད་པའི་ལྐུགས་པ་ཆེན་པོ།
༼༡༠༽ མདོར་ན་ཆོས་དང་འཇིག་རྟེན། འཁོར་བ་དང་མྱང་འདས། རང་དང་གཞན། གནས་སྐབས་དང་མཐར་ཐུག སྤྱི་དང་སྒེར། རིག་གཞུང་གསར་རྙིང་གང་ལ་ཡང་ཕན་ཐོགས་སྤུ་རྩེ་ཙམ་ཡང་མེད་པའི་གཏམ་བཤད་པ་ལ་དགའ་བའི་ལུགས་གཉིས་ཀྱི་དགྲ་བོ་ཆེན་པོ།
འཇིག་རྟེན་འདིའི་རྣམ་དཔྱོད་པའི་གྲལ་དུ་འཚང་ཁ་རྒྱག་བཞིན་པའི་གླེན་པའི་སྤྱོད་པ་ཅན་ཚ་སྒང་པའི་ཁྱད་ཆོས་དག་རྣམ་གྲངས་བཅུའི་གྲངས་སུ་བརྩིས་ཏེ། ཚ་སྒང་པ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྗེས་འབྲང་བ་ཆོས་ལུགས་དང་ཆོལ་ཁའི་ཆགས་སྡང་ཅན་དག་ལ་ཨོ་རྒྱན་ཉི་མ་ཞེས་པས་༢༠༡༣་༧་༢༡་ལ་བྲིས།
མཁས་དབང་ཚ་བ་མདའ་སྨྱུག་ལགས།
༡་་་ཁྱོད་ནི་བོད་ཀྱི་བཀོར་སྤྲུལ་ཚོས་མི་ལོ་སྟོང་གི་རིང་དུ་བཤད་པའི་རྫུན་གྱི་རྐྱལ་པ་རྩ་རལ་གཏོང་མཁན་གྱི་གྲི་རལ་ཆེན་མོ་ཞིག་རེད།
༢་་་ཁྱོད་ནི་བོད་ཀྱི་རྫུན་རྒན་རྣམས་ལ་སྲོལ་རྒྱུན་རིགས་པའི་འགྲོས་དང་བརྟེན་ནས་འཁོར་གསུམ་བརྒྱབ་མཁན་གྱི་རྟོག་གེ་བ་ཆེན་མོ་ཞིག་རེད།
༣་་་ཁྱོད་ནི་མི་ལོ་སྟོང་གི་རིང་དུ་མི་ལུས་ལྷ་རུ་རྫུན་བའི་སྤྲུལ་སྐུའི་ལུགས་སྲོལ་ལ་དགག་བཞག་གནང་མཁན་གྱི་དཔའ་བོ་ཆེན་མོ་ཞིག་རེད།
༤་་་ཁྱོད་ནི་བོད་ཀྱི་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་ཀྱིས་འཇིག་རྟེན་འཚོ་གནས་རིང་ལུགས་ཉམས་རྒུད་དུ་གཏོང་མཁན་ཚོའི་མགོ་ལ་ཐོ་བ་བརྒྱབ་མཁན་གྱི་ཚན་རིག་པ་ཆེན་མོ་ཞིག་རེད།
༥་་་ཁྱོད་ནི་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་འདོད་པའི་རྙིང་ཞེན་བག་འཁུམས་ཚོའི་སེམས་ལ་ངར་ཆུ་བླུག་མཁན་གྱི་གསར་གཏོད་པ་ཆེན་མོ་ཞིག་རེད།
༦་་་ཁྱོད་ནི་རྣམ་མཁྱེན་འཐོབ་འདོད་རིང་ལུགས་པའི་འདོད་རྔམ་གྱི་མེ་ལྕེའི་ཐོག་ཏུ་ཆུ་བླུག་མཁན་གྱི་ཆོག་ཤེས་པ་ཆེན་མོ་ཞིག་རེད།
༧་་་ཁྱོད་ནི་ཉམ་ཆུང་གི་རྒྱབ་སྐྱོར་དང་སྒེར་གཅོད་པའི་མགོ་ལ་སྟ་གྲི་བརྒྱབ་ཕོད་པའི་སྙིང་སྟོབས་ཅན་གྱི་གླིང་གི་དཔའ་རྒོད་ངོ་མ་ཞིག་རེད།
༨་་་ཁྱོད་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་གནད་ལུགས་སོ་སོར་ཕྱེས་ཐུབ་མཁན་གྱི་རྣམ་དཔྱོད་ཅན་གྱི་མཁས་དབང་ཆེན་མོ་ཞིག་རེད།
༩་་་ཁྱོད་ནི་ཆོས་ལུགས་ཀྱི་གནད་དོན་དང་ཐུག་དུས་མི་རིགས་ཀྱི་བརྩེ་སེམས་ཁྱིའི་སྐྱག་གཡུགས་གཡུགས་བྱས་ནས་འགྲོ་མཁན་ཚོའི་རྐུབ་ལ་ཁབ་རྕེགས་བཏང་མཁན་གྱི་ལ་རྒྱ་བ་ཆེན་མོ་རེད།
༡༠་་་ཁྱོད་ནི་བོད་མི་རིགས་ཀྱི་མཛེས་རྒྱུན་རེད་ལ་མི་རིགས་ཀྱི་གསར་གཏོད་པ་ཚོའི་སློབ་སྟོན་པའི་སློབ་དཔོན་ཆེན་མོ་ཞིག་རེད།།
སྤྲུལ་རྐུ་ཨོ་ཉི་ལགས།
༡་་་་ཁྱོད་ནི་ཆོས་ཀྱི་གནད་ལུགས་མ་ཤེས་པར་ཆོས་ཟས་ཟ་ནས་ཚེ་མི་སྐྱེལ་མཁན་གྱི་བཀོར་གཟན་ཞིག་རེད།
༢་་་ཁྱོད་ནི་སྤྲུལ་སྐུ་ཆེན་མོ་ཚོའི་རྐུབ་ལ་ལྕེ་རྡག་བརྒྱབ་ཞོར་ཉམ་ཆུང་སྤྲུལ་ཆུང་ཚོའི་ཐོག་ཏུ་མཆེ་བ་གཙིགས་མཁན་གྱི་ཁྱི་ཞིག་རེད།
༣་་་ཁྱོད་ནི་སྟུ་དད་ཆེ་དྲག་ནས་ཆང་ས་དགོན་པའི་ནང་དུ་བརྒྱབ་མཁན་གྱི་སྟུ་དད་རིང་ལུགས་པའི་སྤྲུལ་རྐུ་ཞིག་རེད།
༤་་་ཁྱོད་ནི་ཆོས་རྒྱུད་ཀྱི་གནད་དོན་དང་ཐུག་དུས་མི་རིགས་ཀྱི་བརྩེ་སེམས་ཁྱིའི་སྐྱག་གཡུགས་གཡུགས་བྱེད་མཁན་གྱི་རྒྱལ་བཙོང་བ་ཞིག་རེད།
༥་་་ཁྱོད་ནི་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་སྒྲོག་བྱས་ནས་དཔལ་འབྱོར་འཚོལ་སྒྲུབ་བྱེད་མཁན་ཞིག་རེད།
༦་་་ཁྱོད་ནི་རང་ཡིད་རང་ཆེས་མེད་པའི་སྤྲུལ་སྐུ་ཡིན་མདོག་བྱེད་མཁན་ཞིག་སྒེར་གཅོད་པའི་ལག་གཡོག་ཞིག་རེད།
༧་་་ཁྱོད་ནི་རྙིང་ཞེན་བག་འཁུམས་རིང་ལུགས་ཁྱབ་སྤེལ་གཏོང་མཁན་གྱི་ཆོས་སྤེལ་ཀུང་སིའི་ལས་མི་ཞིག་རེད།
༨་་་ཁྱོད་ནི་ཆོས་རྒྱུད་ཀྱི་བར་དུ་ཕྲག་དོག་གི་གླང་ཆེན་སྨྱོ་པ་ཞིག་རེད།
༩་་་ཁྱོད་ནི་ཉམ་ཆུང་བོད་མི་རྣམས་ལ་མི་ཡི་འདུ་ཤེས་མི་བཞག་མཁན་གྱི་སྒེར་གཅོད་པའི་སྤྲུལ་རྐུ་ཞིག་རེད།
༡༠་་་ཁྱོད་ནི་བོད་མི་རིགས་ཀྱི་གད་རྙིགས་རེད་ལ་ཆོས་སྲིད་གང་ཐོག་ཏུ་ཡང་ཕན་ཐོགས་མེད་པའི་དོར་བྱ་རེད།།
ཨོ་འདི་ཡོང་ས་ཟིག་མ་རེད། ང་ཁ་མ་གྲགས་པར་ཕྱིར་ལ་བུད་སོང་ནི། ལྷན་རྒྱས་ཐུགས་དལ་མོར་བཞུགས་རོགས་གནོངས།
དུ་བ་ཡོང་ཡོང་ས་ལ་རྒྱུག་ན། རོ་སྲེག་ས་ལ་ཁེལ་ཡོང་ཟེར་བ་དེ་བདེན་པ་བདེན་རྐྱང་རེད། ཨ་ཙི་ཨ་ཙི། ད་ཡིན་ན། བླ་མ་དཀོན་མཆོག་མཁྱེན།
ཨོ་ཉིས་འཁྲུངས་སྐར་གྱི་རྩོམ་ཡིག་འདི་མ་བཟོད་ནས་གདོད་སྐད་དེ་ཤོར་འདུག་གཱ
ཚུལ་བློའི་སྐྱེ་སྐར་ལ་ཚ་བ་མདའ་སྨྱུག་གིས་བྲིས།
(1)སྟོན་པ་ཐུགས་རྗེ་ཅན་ཡན་ཆད་ཀྱི་ཆོས་ཁྲིམས་བཅོས་ནས་གསེར་རྟའི་མི་མང་སྡུག་ལ་སྦྱོར་མཁན་གྱི་མཁས་པ་ཆེན་པོ།།
(2)བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་སྔར་བྱུང་མ་མྱོང་བའི་ནང་ཆོས་ཀྱི་གཡམ་རྒྱུགས་པ་ཆེན་པོ།།
(3)སྐྱེ་བ་སྔ་ཕྱིའི་བརྟགས་ཐབས་རྒན་མོ་མགོ་རྡོ་མ་ཕུགས་སུ་བཟུང་ནས་མ་ཡིན་ཡིན་མདོག་གི་རྫུན་ཚིག་བསྒྲིགས་པའི་ཚན་རིག་པ་ཆེན་པོ།།
(4)བོད་ཀྱི་མཛངས་བློན་རྣམ་པས་བོད་མིའི་འཚོ་རྟེན་དུ་རི་ནས་མར་ཕབས་པའི་གནག་ཕྱུགས་རྣམས་བཙན་གྱིས་རི་རྒྱག་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ།།
(5)འགྲོ་བ་མིའི་རང་དབང་གི་བཟའ་བཏུང་ཙམ་ཡང་ལོངས་སུ་སྤྱོད་དབང་མེད་པར་རང་ཉིད་ཀྱི་ཕྱོགས་མཐུན་མཐོ་དགའ་དམན་འདང་ཆེ་བའི་གླེན་པ་ཁྱི་འདྲ་བ་དག་དང་ལྷན་ཅིག་ཏུ་བཙན་ཚོད་སྣ་ཚོགས་བྱེད་པའི་སྒེར་གཅོད་པ་ཆེན་པོ།།
(6)ནང་ཆོས་ཀྱི་གཞུང་གང་ནའང་ཟུར་ཙམ་ཡང་མེད་བཞིན་དུ་བཙན་གྱིས་ཆོས་ཁྲིམས་འཇོག་པ་དང་དེ་དང་འགལ་ན་ཆོས་སྒོ་རྒྱག་པའི་སྒེར་གཅོད་པ་ཆེན་པོ།།
(7)ཕྱི་སྣ་ནང་ཁྲིད་དང་ཆར་སྣ་རླུང་ཁྲིད་ཀྱི་སྒོ་ནས་རང་གི་སྦྱིན་བདག་དགྱ་མི་རྣམས་ཀྱིས་བོད་ས་གནད་ཆེན་ལྷ་ས་ལྟ་བུ་ནས་བཟོ་གྲྭ་གང་འདོད་བཙུགས་དུས་དེར་ཅུང་ཟད་ཙམ་མི་འདོད་པ་བྱེད་མཁན་བོད་ཀྱི་ན་གཞོན་རྣམས་ལ་{ང་ཚོ་ཀྲུང་དབྱང་ནས་ཐུག་}ཟེར་ནས་འཇིགས་སྐུལ་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ།།
(8)[བོད་ཀྱི་འཚོ་བའི་ཐོན་ཁུངས་ཉག་གཅིག་ནི་འབྲོག་ལས་]རེད་ཅེས་ཕྱི་རྒྱལ་མཁས་པས་སྡོམ་ཚིག་བཞག་པ་ཡིན་ན་འབྲོག་པ་རྩ་མེད་དུ་བཏང་ནས་གྲོང་རྡལ་ནས་མི་རིགས་གཞན་ལ་ལག་པ་འཛེད་དུ་འཇུག་པར་སྲིད་གཞུང་ལས་ཀྱང་ནུས་པ་ཆེན་པོ་འདོན་བཞིན་པ་ཕྱི་ནང་གང་ཡིན་མི་ཤེས་པའི་མཁས་པ་ཆེན་པོ།།
(9)སྟོན་པས་བདུད་ཀྱི་མཚོན་ཆ་བྱམས་པའི་མེ་ཏོག་ཏུ་བསྒྱུར་བར་ལད་མོའི་ཚུལ་དུ་བོད་ལ་མཚོན་ཆ་ཁབ་ཙམ་ཡོད་ནའང་མིག་ལ་མི་རན་པར་དགྱ་གཞུང་གི་གསུང་ཇི་བཞིན་མེར་སྲེག་བྱེད་མཁན་གྱི་སྒེར་གཅོད་པ་ཆེན་པོ།།
(10)མདོར་ན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གནོད་པ། བོད་བརྒྱུད་ནང་བསྟན་གྱི་མིག་ལྟོས་ལ་གནོད་པ། བོད་མི་རིགས་ཀྱི་འཚོ་རྟེན་ལ་གནོད་པ། གནོད་པ་མང་བའི་བྱ་བ་འདི་དག་ད་ནས་མཚམས་འཇོག་མ་བྱས་ན། ཚུལ་བློ་འཁོར་དང་བཅས་པ། མི་རིགས་ཀྱིས་ཀུ་ཡང་ལ་མི་གཏོང་།ཆོས་ལུགས་ཀྱིས་ཀུ་ཡང་ལ་མི་གཏོང་།ལོ་རྒྱུས་ཀྱིས་ཀུ་ཡང་ལ་གཏོང་མི་སྲིད་དོ།།
ཞེས་མི་རིགས་འདིའི་སྤྲང་བོ་རྣམས་ཀྱི་བདེན་དོན་གྱི་ཆེད་དུ་རང་གི་ཡོད་ཚད་དོར་བའི་རྟོག་སད་པ། ཚ་བ་མདའ་སྨྱུག་གིས། ཚུལ་བློའི་འཁྲུངས་སྐར་ལ།
(ཨ་སྤེན་ཝེ་འཕྲིན་ལས་བཤུས། )
15 July 2013
ཨོ་ཉི་མ་ཟེར་བ་དཀོར་བདག་ཆོས་འབག་སྤྱོད་ནས་ཆག་སྡང་གིས་སྐད་ཆ་ཞིག་མ་གཏོག་བཤད་རྒྱུ་མི་འདུག། མཁས་དབང་ཚ་བ་མདའ་སྨྱུག་ལགས་སུ་ཉེས་དམིགས་འཚོལ་མཁན་ཁྱེད་ལ་དགོད་ཤོག། ཁྱེད་ལྟ་བུའི་རང་མཐོང་ཅན་རྣམས་ཀྱིས་ཚ་བ་མདའ་སྨྱུག་ལ་སྐྱོན་འདོགས་ཇི་ཙམ་བྱེད་པ་དེ་ཙམ་གྱིས་མཁས་དབང་མདའ་སྨྱུག་གི་མཛད་པ་ཡར་ནས་ཡར་ལ་འཕེལ་རྒྱུ་རེད། མཁས་དབང་ཁོང་གིས་དགག་བཞག་ལ་དགོས་པ་ཆེ་ལ་གནད་ལུགས་ཡང་ལྡན་པས་དེར་སུས་ཀྱང་ལན་གྱིས་ལྡོག་པ་མི་ནུསསོ།
ཕྱོགས་གཉིས་ཀ་རྩོམ་བྲིས་ནས་བྱང་འདུག
ངོ་མ་ལྟ་རྒྱུ་འདུག
མཁས་པའི་ཉམས་ཡོད་གི་ཡ།
ཨོ་རྒྱན་ཉི་མ་སོགས་ཆོས་གཟུགས་པ་ཚོའི་དབུ་བླ་སངས་རྒྱས་དེ་འདི་ན་འདུག། ཧཧཧཧཧཧཧཧ། ཚ་བ་མདའ་སྨྱུག་གིས་ནང་ཆོས་ལ་དགག་ཡིག་བྲིས་དོན་ཡང་འདི་དག་རེད། ་http://www.etapasvi.com/en/video/109/maha-sambodhi-dharma-sangha-guru-s-message-in-chitwan-of-june-8-2013.
ཚ་བ་མདའ་སྨྱུག་གིས་ནང་ཆོས་ལ་དགག་ཡིག་བྲིས་པ་རེད་ཨེ། ཁོ་ཚ་བས་བཟི་བ། བ་ཕྱུག་ལྟར་བླུན་པ། མདའ་ལྟར་སེམས་ཧྲེང་པ། སྨྱུག་གུ་ཡོད་ཚད་འཆང་ནས་དྲན་ཚད་ཤོད་པ་མི་ངན་ཅིག་ཡིན་པ་ཐག་ཆོད་པ་ངེས་སོ། །ཁོའི་ལོ་རྒྱུས་རོབ་རབ་འདིར་འཁོད་ཐུབ་ན་ཕན་ཐོགས་ཀྱང་འོངས་སྲིད། ངས་མི་ཁོ་ངོ་མི་ཤེས་ཀྱང་། ནང་ཆོས་དགག་པས་ང་ནང་པ་ཅིག་མ་ངར་རང་ངར་ཆགས་པ་ཁོས་བཟོས་པ་རེད་དོ། །
ཚ་བ་མདའ་སྨྱུག་ལ། ཨོ་རྒྱན་ཉི་མས་རྩོམ་ཡིག་འདི་ཚ་བ་ཁོའི་རྨོངས་མུན་གྱི་ཀླད་ཁྲག་གཏོར་ནས། ཨོ་རྒྱན་ཉི་མ་རིན་པོ་ཆེའི་མདའ་སྨྱུག་འདིས་བསྣུན་ནས་བསྒྲལ་བར་འགྱུར་ཅིགུ
མདའ་སྨྱུག་ལ་ཁ་ངན་ཚིག་ངན་ཙམ་གྱིས་དགག་པ་བྱེད་མི་ཐུབ། བརྗེད་བྱ་དོན་གྱི་སྙིང་པོའི་ཐོག་ནས་དགག་པ་བྱེད་ཐུབ་ན་དུས་ལ་བབ་པ་རེད་ལ་ངས་མི་འཇོན་པོར་བརྩི་ཆོག
ངེས་པར་དུ་ཤེས་དགོས་པ་དང་གསལ་བཤད་དགོས་པ་ཞིག་འདུག
གོང་དུ་བཀོད་པའི་”ཚུལ་བློས་སྐྱེ་སྐར་ལ་ཚ་བ་མདའ་སྨྱུག་ནས་”ཞེས་པའི་རྩོམ་ཡིག་དེ་ཚ་བ་མདའ་སྨྱུག་གི་བྲིས་པ་མ་རེད། དེ་འབྲི་མཁན་ནི་ཏོག་ཚ་མདའ་སྨྱུག་ཟེར་བ་དེ་རེད། ཁོ་ནི་ད་ལྟ་བླ་བྲང་དུ་གྲ་སར་ཡོད་པའི་གྲྭ་བ་ཞིག་རེད། ཚ་བ་མདའ་སྨྱུག་ལྟ་བུ་རྩོམ་མ་པོ་ཞིག་ལ་འདི་ལྟར་མི་ངན་གྱི་གྲུབ་མ་ཕོག་རུ་བཅུན་ན་དེ་ནི་ཆེས་མི་འོས་པ་དང་དྲང་བདེན་དང་རྒྱབ་འགལ་གྱི་ལས་ཀ་ཞིག་ཡིན་པས་ཚང་མས་ཐུགས་མངའ་ཡོང་བར་ཞུ།། མ་རྩོམ་དེའི་མཇུག་ཏུ་ཏོག་ཚ་མདའ་སྨྱུག་ནས་ཞེས་གསལ་བོར་བྲིས་འདུག ཡིན་ཡང་འདིར་བཀོད་ཡོད་པ་དེ་ལ་ཚ་བ་མདའ་སྨྱུག་ནས་ཞེས་བྲིས་འདུག། ཡང་ཁ་ཤས་ཞིག་ཏུ་མགོ་བརྗོད་དུ་ཚ་བ་མདའ་སྨྱུག་ནས་བྲིས་ཡོད་ཀྱང་མཇུན་དུ་རྩོམ་པ་ཁོ་རང་གི་མིང་རང་སར་བཞག་འདག འདི་ཚོའི་རིགས་ལ་ཞིབ་ལྟ་དང་དངོས་ཡོད་གང་ཡིན་ཙམ་ཡང་ལྟ་ཁོམ་མེད་བདེན་བ་ཡིན་རྐྱང་ཉིད་དུ་བྱས་ན་གཡམ་རྒྱུགས་ཁོ་ན་ལས་གཞན་གང་དུ་ཡང་མི་འགྱུར་རོ། ཏོག་ཚ་མདའ་སྨྱུག་ནས་ཞེས་པ་དེ་ཚ་བ་མདའ་སྨྱུག་ནས་ཞེས་བསྒྱུར་མཁན་དེས་བསམ་བློའི་འདུ་ཤེས་ག་འདྲ་ཞིག་གི་སྒོ་ནས་དེ་ལྟར་བསྒྱུར་པ་ཡིན་ཡང་བརྟག་པའི་གནས་སོ།
ཁྱོད་ཚོ་སངས་རྒྱས་ཀྱི་རྗེས་འཇུག་པ་ཚོས་སངས་རྒྱལ་ལྟ་བ་ལས་བརྩམས་ཏེ་དགག་ལན་གནང་བ་ལ་དགག་པ་མེད། ཡིན་ན་ཡང་། དགྲ་བོ་དང་། ལྟ་ལོག་དང་། གླེན་པ་སོགས་ཚིག་རྩུབ་ངན་སྨྲས་ཀྱི་རིགས་འདིས་མི་ཕར་དགག་པ་ཕར་ཞོག་རང་གི་རང་གིས་རང་ལ་དམའ་འབེབས་སྤྱད་འདྲ་བོ་ཞིག་རེད། སངས་རྒྱས་ཀྱི་མིང་དེ་མི་ལ་རྒོལ་རྡུང་བྱེད་སྤྱད་ཀྱི་མཚོན་ཆ་ལ་བཀོལ་བ་དེ་ཡང་ཡང་དག་པའི་ཆོས་ལུགས་པ་ཞིག་མ་རེད།
ཚ་བ་མདའ་སྙུག་བཟང་ན་ངན་ན་མི་ཞིག་རེད། རིག་པ་སྨྲ་བ་ཞིག་རེད། དེ་ལ་དེའི་ཚོད་ཀྱི་གུས་ཞབས་དང་ལྡན་པའི་བརྗོད་ཚིག་གིས་སྨྲས་ན་ལས་རྒྱུ་འབྲས་དང་མཐུན་པ་མ་ཟད་མིའི་སྔོན་དུ་མཛེས། ཀྱེད་རང་གིས་གང་སྨྲས་པ་ལ་མིས་ཡིད་ཆེས་བྱེད་པར་ཡང་ཕན། ཚིག་ངན་དང་མིང་ངན་འདོགས་པ་སོགས་ནི་སངས་རྒྱས་ཀྱི་ལྟ་གྲུབ་དང་མི་མཐུན་པ་དང་ཚད་མ་ལས་ཀྱང་སུན་འབྱིན་ལྟར་སྣང་བ་ཟེར་བའི་གྲས་རེད། དེང་རབས་ཀྱི་ཡ་རབས་ཀྱི་སྤྱོད་པ་ལས་ཀྱང་འགལ་ཡོད།
མདུན་དུ། ཞེས་དང་། འདུན་ས། ཞེས་བསྟན་བཅོས་སྐད་དུ་བྲིས་པ་མཐོང་། དེ་མིན་མདུན་ས་ཞེས་འདུན་ས་དང་ནོར་ནས་བྲིས་པ་ཡང་མང་དུ་མཐོང་།
པདྨ་ཟེར་བ་དེ་དང་ཨོ་ཉི་ཟེར་བའི་མི་འདི་གཉིས་ཀྱི་སྐད་ཆ་ལ་གཟིགས་དང་ཅི་ཞིག་བཤད་ཀྱིན་འདུག སྤོབས་མཐས་གསུངས་པ་བཞིན་རང་ཉིད་ཀྱི་སྤུས་ཚད་ནང་ཁྲོལ་ཁྲོམ་ལ་བཤམས་སོང། པདྨ་ཁོ་རེ་ད་ཚོད་བཟུང་ན་མི་ལེགས་སམ། ཁྱོས་བཤད་ཐུབ་ན་ཚ་བ་མདའ་སྨྱུག་ལ་ཤོད། ཁྱོས་འགོག་ཐུབ་ན་ཚ་བ་མདའ་སྨྱུག་གིས་བྲིས་པའི་ཡིག་འབྲུ་རེ་རེ་བཞིན་དུ་ཁོག དེ་མིན་འབྲེལ་མེད་དོན་གཞན་ནག་འཛིངས་དེ་ཚོར་དགག་བཞག་བྱེད་པའི་ངལ་བ་མི་བརྟེན། ཅི་སྟེ་ཡང་ཡང་འབྲེལ་མེད་དོན་གཞན་གྱིས་སྨྲ་འདོད་ན་ངས་ཀྱང་ཅིག་མ་བཤད་རང་བཤད་རེད། རིགས་ལམ་གྱི་སྟེང་ནས་འབྲི་རྒྱུ་ནི་ཁྱོད་ལ་རུས་སྦལ་གྱི་སྤུ་རེད་འདུག
ཤེས་རབ་དང་སྙིང་རྗེའི་ཆོས་ལུགས་དང་དེའི་སྟོན་པ་དེ་མི་ཞིག་ལ་རྒོལ་རྡུང་དང་དམའ་འབེབས་བྱེད་སྤྱད་ཀྱི་མཚོན་ཆ་ཙམ་ལ་བཀོལ་བ་དེ་ནི་ཡང་དག་པའི་ཆོས་ལུགས་པའི་རྗེས་འབྲངས་པའི་ལས་ཀ་ཞིག་མ་རེད། རིགས་ལམ་དང་རྒྱུ་མཚན་གྱིས་དགག་སྒྲུབ་བྱེད་པ་མ་གཏོགས་ལྐུག་པ་དང་། གླེན་པ། ལྟ་ལོག་པ། ཁྱི་རྒན། སྐྱག་པ་ཟ་མཁན་སོགས་དམའ་འབེབས་ཚིག་ངན་གྱི་རིགས་འདིས་རང་རང་གི་སྤྱོད་ངན་ཕྱིར་མངོན་པ་ཙམ་ལས་སུ་གཅིག་ཀྱང་དགག་ཐུབ་གི་མ་རེད།
དྲ་གྲོགས་ཀརྡོ་ལགས་ངས་ཁྱེད་རང་མི་དག་སྣང་དང་༧གོང་ས་མཆོག་གི་དགོངས་གཞི་རིས་མེད་ཀྱི་ལྟ་གྲུབ་དང་མི་རིགས་ཆམ་མཐུན་གྱི་ལྟ་བར་དོ་སྣང་དང་དགའ་སྣང་དང་ཉམས་ལེན་བྱེད་མཁན་ཞིག་ཏུ་བརྩི་བཞིན་ཡོད། ཚིག་དེ་འདཉར་བེད་སྤྱོད་བྱེད་དུས་ང་ཡི་སེམས་ལ་དོག་ཆེན་པོ་བསླངས་སོང། མ་གཞི་ནས་ཕ་རོལ་འདོད་པ་དགག་པ་ལ། ཕ་རོལ་གྱི་འདོད་པ་གང་དང་གང་ཡིན་ཁོས་བཤད་པ་དང་བྲིས་པ་དེ་ཚོའི་གནད་དོན་རང་གི་ཡིད་ཡུལ་དུ་ལྷམ་མེར་འཆར་བ་ཞིག་ངེས་པར་དུ་དགོས། རིགས་པ་སྨྲ་བ་བས་འདི་ལྟར་བཤད། ཕ་རོལ་འདོད་པའི་ནམ་མ་ལངས་བར། དགག་པའི་ཉི་མ་ཅི་ལ་ཤར། ཅེས་རྩོད་གྲྭ་ཆེན་མོའི་དགག་སྒྲུབ་ཀྱི་རིགས་སྨྲ་བ་ཚོས་ཤོད་སྲོལ་ཡོད། གང་ལྟར། མེས་པོའི་གཏམ་དཔེར། བཟང་པོའི་གཞུག་ལ་ཇ་ཆང་དང། ངན་པའི་གཞུག་ལ་རྒྱུག་བརྡུང། ཟེར་སྲོལ་འདུག གཟབ་གཟབ་གནང་དགོས། མ་གཞི་ནས་ངས་ཚ་བ་མདའ་སྨྱུག་གིས་བྲིས་པའི་་་་་་ལོག་རྟོགས་སྙིང་སྟོབས་་་་་ཟེར་བ་དེ་ཐེངས་ཞིག་ཀློག་མྱོང། མི་རིག་པ་ཅན་ཅིག་དང་རྒྱུ་མཚན་ཅན་ཅིག་དང་རྣམ་དཔྱོད་ཅན་ཅིག་ཡིན་པར་ར་འཕྲོད་བྱུང། དེར་བརྟེན་དེ་ལས་དཔགས་པའི་ཁོང་ལ་འདི་ལྟར་སྨྲ་དགོས་པའི་རྒྱུ་མཚན་ལོས་ཡོད། དེས་ན་རྒྱུ་མཚན་དང་རིག་ལམ་གྱིས་སྟེང་ནས་བཀག་པའི་ལྟ་བ་ལ་རྒྱུ་མཚན་དང་རིག་ལམ་གྱིས་སྟེང་ནས་འགོག་དགོས་པ་ལས་སྤོབས་མཐས་བཤད་པ་ལྟར་སྨྲས་ན་ནང་བསྟན་རྗེས་འཇུག་པའི་ཞབས་ནས་འཐེན་མི་ཡོང་ངམ་བསམ་པའི། དེ་ངས་ཁྱེད་ལ་སྙིང་ཉེ་བས་བཤད་པ་ཡིན། ཁྱོས་ཁ་དང་ངའི་སྣ་ལ་རྩོད་པ་བྱེད་མཁན་དེ་ཚོར་ཤོད་ཀྱི་མེད། ལྷག་པར་དུ་ཚ་བ་མདའ་སྨྱུག་གིས་བྲིས་པའི་་་་ལོག་རྟོགས་སྙིང་སྟོབས་ཀྱི་འཇུག་བྱང་དུ་འདི་ལྟར། ད་དུང་མིང་སྨོས་ཀྱང་སུ་ཞིག་གི་མཚང་དུ་ཕོག་པའི་མི་དེ་དག་རང་རྩོམ་ལོག་རྟོགས་སྙིང་སྟོབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང།
༼དགྲ་བོ་གཉིས་ཀ་ཡིན་པས་དེ་ཀུན་ལ་ཚག་སྒྲ་དང་ཚིག་སྒྲ་ཅི་ཙམ་གྲག་རྒྱུ་འདུག་ཁོ་བོས་ཉན་རྣ་དང་ངང་སྒུག་བྱས་ནས་བསྡད་ཡོད་དོ། ས་བྱི་དང་པོའི་གནམ་གང་ཉིན་མོར་བྲིས།༽ ཞེས་གསུངས་འདུག་པས་དང་པོར་ཾོང་གིས་བྲིས་པར་འབྲུ་གཏིག་གིས་ཞིབ་འཇུག་བྱས། དེ་ནས་དགག་ན་མི་མཛེས་སམ། དགོངས་པ་མ་འཚོམས་པ་ཞུ།
ལག་ཁྱེར་ཁ་པར་བརྒྱུད་ནས་འཕྲལ་དུ་བྲིས་པར་བརྟེན་ཆད་ནོར་མང་པོ་བྱུང་འདུག་དགོངས་འགལ་མེད་པ་ཞུ།
༼ད་དུང་མིང་མ་སྨོས་ཀྱང་སུ་ཞིག་གི་མཚང་དུ་ཕོག་པའི་མི་དེ་དག་རང་རྩོམ་ལོག་རྟོགས་སྙིང་སྟོབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དང།
དགྲ་བོ་གཉིས་ཀ་ཡིན་པས་དེ་ཀུན་ལ་ཚག་སྒྲ་དང་ཚིག་སྒྲ་ཅི་ཙམ་གྲག་རྒྱུ་འདུག་ཁོ་བོས་ཉན་རྣ་དང་ངང་སྒུག་བྱས་ནས་བསྡད་ཡོད་དོ། ས་བྱི་དང་པོའི་གནམ་གང་ཉིན་མོར་བྲིས།༽
༢༦༽ དོན་ཡོད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༧ གི་ཆུ་ཚོད་ ༤ སྐར་མ་ ༢༥
དེང་སྐབས་དཀྲོག་གཏམ་མང་བའི་སྐབས་འདིར། གོང་དེར་“སད་རྟོགས་པ་ཏོག:ཚ་མདའ་སྨྱུག་”ཅེས་པས་ཚུལ་ཁྲིམས་བློ་གྲོས་ལ་སྐྱོན་བརྗོད་བྱས་པ་དེ། ཚ་བ་མདའ་སྨྱུག་དང་ཁག་ཅིག་གིས་ནོར་ཡོད་ས་རེད། གོང་གི་དེར་ཏོག་ཚ་མདའ་སྨྱུག་ཅེས་བྲིས་འདུག་ལ། ཚ་བ་མདའ་སྨྱུར་བོར་བརླག་སོང་ནས་རྒྱུན་རིང་ཡིན། ཁོང་དེ་ལྟར་རྒྱུ་མཚན་གཅིག་ཀྱང་མེད་པར་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན་ཚོད་མི་འདུག
ཏོག་ཚ་མདའ་སྨྱུག་ཞེས་པ་བླ་བྲང་དགོན་པར་རྒྱུན་རིང་སྡོད་མྱོང་བའི་གྲྭ་པ་ཞིག་རེད་འདུག ད་ལྟ་ཡང་བླ་བྲང་དུ་ཡོད་ཚད་འདུག སྤྱིར་བཏང་ཞིག་ཡག་པོ་ཆགས་ཡོང་ན། དེའི་རྒྱབ་ཏུ་ཆོས་བརྒྱུད་ཀྱི་ན་ཚ་ཁྱེར་དེ་འདྲ་མིན་བཤད་པ་ནི་བོད་ཀྱི་ཉེན་ཁ་ཆེ་ཤོས་རེད།
གོ་ནོར་མ་ཐེབས་ཆེད་རྩོམ་སྒྲིག་པས་འདི་གཏོང་རོགས།
ངས་མཆན་དེ་བཏང་རྗེས་མཆན་མང་པོ་སླེབས་སོང་ཡང་། ངའི་དེ་བཏང་མ་སོང་། རྩོམ་སྒྲིག་པའི་དངོས་ཡོད་གནས་ཚུལ་མ་བཏང་བཏང་བར། སོ་སོའི་ཕྱོགས་རྐྱང་རྐྱང་མ་གཏོང་རོགས། བསྐྱར་དུ་འབོད་སྐུལ་ཡིན
་་་་ ཚ་བ་མདའ་སྨྱུར་བོར་བརླག་སོང་ནས་རྒྱུན་རིང་ཡིན། ཁོང་དེ་ལྟར་རྒྱུ་མཚན་གཅིག་ཀྱང་མེད་པར་སྐྱོན་བརྗོད་བྱེད་མཁན་ཞིག་ཀྱང་ཡིན་ཚོད་མི་འདུག ཏོག་ཚ་མདའ་སྨྱུག་ཞེས་པ་བླ་བྲང་དགོན་པར་རྒྱུན་རིང་སྡོད་མྱོང་བའི་གྲྭ་པ་ཞིག་རེད་འདུག ད་ལྟ་ཡང་བླ་བྲང་དུ་ཡོད་ཚད་འདུག ་་་་་་ཟེར།
༡༡༽ གདུབ་བུ་ནས།
ངེས་པར་དུ་ཤེས་དགོས་པ་དང་གསལ་བཤད་དགོས་པ་ཞིག་འདུག ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་། ཏོག་ཚ་མདའ་སྨྱུག་ནས་ཞེས་པ་དེ་ཚ་བ་མདའ་སྨྱུག་ནས་ཞེས་བསྒྱུར་མཁན་དེས་བསམ་བློའི་འདུ་ཤེས་ག་འདྲ་ཞིག་གི་སྒོ་ནས་དེ་ལྟར་བསྒྱུར་པ་ཡིན་ཡང་བརྟག་པའི་གནས་སོ། ་་་་་ཟེར།
དྲྭ་གྲོགས་རྣམ་པ།
བདག་ལྟ་བུ་ལ་མཚོན་ན། དེང་གི་རྩོམ་པ་བོ་གསར་བ་འགའ་ཤས་ཀྱི་འདོད་ཚུལ་ལ་མཐུན་མོས་མེད་པ་མ་ཟད། ཁོང་ཚོའི་ཟེར་སྟངས་མང་བོ་ཞིག་ནི་རིགས་པ་དང་དངོས་ཡོད་ཀྱི་གནས་ཚུལ་དང་འགལ་བར་མཐོང་། འོན་ཀྱང་ཁོང་ཚོ་ལ་བསྟན་དགྲ་ལ་སོགས་པའི་མིང་ངན་འདོགས་མི་ཕོད། ཁོང་ཚོ་ནི་བོད་རིགས་སྤུན་ཟླ་དང་། མི་རིགས་ལ་ཤ་ཞེན་ཆེན་པོ་ཡོད་མཁན་རྐྱང་རྐྱང་རེད། དཔེར་ན་དོན་གྲུབ་རྒྱལ་གྱི་བཞེད་སྟངས་དུ་མ་ཁས་ལེན་མི་ནུས་ཀྱང་། ཁོང་གིས་བོད་རིགས་ལ་བརྩེ་དུང་ཟབ་མོ་འཆང་ཡོད་པར་ཐེ་མི་ཚོམ།
འདི་ན་མི་ཁ་ཤས་ཀྱིས་རང་ཉིད་སྟོན་པའི་རྗེས་འཇུག་ཏུ་ཁས་འཆེས་ནས། གཞན་ལ་སྙིང་རྗེ་སྤུ་ཙམ་མེད་པར་ཁ་རྡུང་དྲག་པོ་གཏོང་མཁན་ཚོ་ལ་ཞུ་རྒྱུར། ཆོས་ལ་སྐྱབས་སུ་བཟུང་བ་ནས་ལུས་ངག་གི་སྒོ་ནས་འཚེ་བ་སྤོང་དགོས་པས་ན། སྟོང་དང་རྟེན་འབྱུང་ལ་སོགས་ལྟ་བ་མཐོན་པོ་རྟོགས་མ་ནུས་རུང་། ཐ་ན་མི་གཞན་ལ་གུས་ཞབས་སྤུ་ཙམ་མེད་པར་ངན་སྨྲས་དང་དམའ་འབེབས་བྱེད་པ་འདི་ཆོས་དང་མཐུན་པ་ལྟ་ཞོག །འཇིག་རྟེན་ཐ་མལ་བ་སྐྱེ་བོ་ཡ་རབས་ཞིག་གིས་ཀྱང་དེ་འདྲ་བྱེད་མི་འོང་། གཞན་ཡང་སོ་ཐར་ལྟར་ན་གཞན་གནོད་སྤོང་བ་དང་། བྱང་སེམས་ཀྱི་ལམ་དུ་གཞན་ཕན་སྒྲུབ་པ། རྡོ་རྗེ་ཐེག་པའི་དམ་ཚིག་ཉག་གཅིག་ཆེན་པོ་དག་སྣང་སྦྱོང་དགོས་པ་རྣམས་དང་རྒྱབ་འགལ་དུ་སོང་བ་མ་ཡིན་ནམ། མདོར་ན་གཟབ་གཟབ་བྱས་ནས་བགྲོ་གླེང་གནང་རོགས།
སྤོབས་པ་དང་འོད་གསལ་ལགས་གཉིས་ཀྱིས་གསུངས་པ་བདེན་པ་རེད། ཡིན་ཀྱང་ཨོ་ཉི་ལྟ་བུའི་ཆོས་ལུགས་པའི་བཀོར་བདག་ཚོས་ཚ་བ་མདའ་སྨྱུག་གྱི་ཐོག་ཏུ་ཚོད་ལས་བརྒལ་བའི་སྨ་འབེབ་དང་ཚིག་ངན་ལབ་ཀྱི་རེད། ཞོགས་དུང་ལགས་ཀྱི་ཐོག་ཏུ་ཡང་དེ་བཞིན་རེད། བླ་སྤྲུལ་དང་མཁན་པོ་ཡིན་ཟེར་མཁན་ཁ་ཅིག་གིས་ཚ་བ་མདའ་སྨྱུག་ལགས་ཁབ་ཆག་ས་འོག་ཏུ་འདེབས་པ་ལྟ་བུར་གྱུར་བ་ཤོག་ཅེས་དམོད་མོ་བརྒྱབ་ཀྱི་འདུག ང་ནི་ངོ་མ་ཧང་སང་བྱུང་།
ཚ་བ་མདའ་སྨྱུག་ལགས་ཀྱིས་ལོག་རྟོགས་སྙིང་སྟོབས་ཅེས་པའི་དགག་རྩོམ་འབྲི་དགོས་དོན་ཡང་འཇིག་རྟེན་འཚོ་གནས་ཐོག་ཏུ་བསམ་ཚུལ་འབྲི་མཁན་ཞོགས་དུས་ལྟ་བུ་ཚོའི་ཐོག་ཏུ་ཆོས་ལུགས་པའི་བཀོར་གཟན་ཚོས་མཐོང་ཆུང་དང་ཁྱད་གསོད། སྨ་འབེབ་དང་དམོད་མོ་བརྒྱབ་ཀྱི་ཐལ་སོང་ནས་བྲིས་པ་རེད་བསམས་ཀྱི་འདུག
བོད་མི་རིགས་ཀྱི་འཚོ་གནས་ཀྱི་ཐོག་ཏུ་བོད་མི་སེམས་དཀར་རེ་གཉིས་ཀྱིས་སྐད་ཆ་ཚིག་གཅིག་བཤད་འོང་དུས་ཆོས་ལུགས་པའི་བཀོར་བདག་ཚོའི་སྙིང་ལ་གྲི་བརྒྱབ་པ་ལྟ་བུ་གྱུར་འགྲོ་བ་རེད། ཆོས་ལུགས་པའི་སྒེར་གཅོད་པ་འདི་དག་གིས་བོད་མི་རིགས་ཆོས་ལུགས་པའི་བྲན་གཡོག་བཟོ་འདོད་ཡོད་པ་ལས་དངོས་ཡོད་ཀྱི་བོད་མིའི་འཚོ་གནས་ལ་བསམ་བློ་གཏོང་གི་མ་རེད། བསམ་བློ་བ་རེ་གཉིས་ཀྱི་མགོ་འབུར་ཡོང་དུས་བཀོར་བདག་ཚོས་མགོ་གནོན་བརྒྱབ་རྐྱང་བྱས་ཀྱི་རེད། གནས་ཚུལ་ཐབས་སྐྱོ་པོ་འདི་འདྲ་ཡོད་པའི་རྒྱུ་མཚན་གྱིས་བོད་མི་རིགས་ཀྱི་ནང་དུ་གསར་གཏོད་པ་གཅིག་ཀྱང་འོང་མི་ཐུབ་པ་རེད།
ང་ཡང་ཚ་བ་མདའ་སྨྱུག་ལགས་ཀྱི་བཤད་པའི་སྐད་ཆ་ལ་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་དང་བདེན་པ་རེད་ཟེར་ཐུབ་མཁན་ཞིག་མིན། རང་གི་བསམ་ཚུལ་དང་མི་མཐུན་པ་གང་མང་ཡོད། ཡིན་ཀྱང་ཚ་བ་མདའ་སྨྱུག་ལགས་སུ་དགག་པ་བརྒྱབ་ཀྱི་མེད་ལ་དུས་ཚོད་འདི་འདྲ་ལ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་ཡིན། བོད་མི་རིགས་ཀྱི་མི་བུ་རྟོགས་སད་པ་ཚོའི་མགོ་བོ་ཡར་ལ་བཀྱག་ཐུབ་ཆེད་དུ་ཡིན།།
སྤོབས་པས་གསུངས་པ་ལྟར་ཤཀྱའི་རྒྱལ་པོའི་མིང་ཁུར་ནས་བོད་མི་རིགས་ལ་གཉའ་གནོན་དང་དཔལ་འབྱོར་གྱི་ཤུལ་གཞོག་སྤྲད་པར་གྲངས་ཀྱིས་ག་ལ་ཆོད། སྤྲུལ་སྐུ་ཨོ་ཉི་ལྟ་བུ་ཚོས་ཁོ་རང་ཚོ་ཡང་ཤཀྱའི་སྤྲུལ་སྐུ་ཡིན་མདོག་བྱས་ཀྱི་ཡོད་རེད། བོད་མི་རིགས་ལ་བདེ་སྐྱིད་མེད་པའི་རྒྱུ་མཚན་ཡང་བོད་ཀྱི་སྤྱི་ཚོགས་འདི་མ་རུང་བའི་སྤྱི་ཚོགས་ཤིག་དང་མི་ལོ་སྟོང་གི་རིང་དུ་བཀོར་བདག་ཚོ་དབང་ཆེ་ཐག་ཆོད་སོང་བས་རེད་བསམས་ཀྱི་ཡོད་དོ།།
པདྨ་ལགས། ཁྱོད་ཀྱིས་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་རྫུན་བཤད་ཀྱི་ཡོད་རེད། ང་ཅོ་རི་བོན་པོ་རེད་ཟེར་གྱི་ཡོད་རེད། ང་བོན་པོའི་ཆོས་ལུགས་པ་ཞིག་མིན། དགེ་ལུགས་པ་ཞིག་ཡིན། མི་བདེན་བསམས་ན་ཡར་འདྲི་མར་འདྲི་བྱོས། གཅིག་རེད།
གཉིས་པ། ཚུལ་ཁྲིམས་བློ་གྲོས་ཀྱི་སྐྱེས་སྐར་ལ་བྲིས་པའི་རྩོམ་ཡིག་དེ་བོན་པོ་ཞིག་གིས་བྲིས་པ་མདོག་མདོག་བཤད་ཀྱི་འདུག བོན་པོ་དང་རྙིང་མ་བའི་བར་དུ་དཀྲུགས་ཤིང་འཕེན་གྱི་འདུག སྐད་ཆ་བཤད་སྟངས་འདི་དག་ཡག་པོ་མ་རེད། ཨོ་ཉི་དང་ཁྱོད་ལྟ་བུ་སློབ་སྦྱོང་མེད་མཁན་ཚོས་ཆོས་རྒྱུད་ཀྱི་ཕྱོགས་ཞེན་བྱས་ཐལ་སོང་ནས་ཚུལ་ཁྲིམས་བློ་གྲོས་ཀྱི་ཡོན་ཏན་ལ་འབྲས་བུ་ཞིག་ཐོན་བཅུག་གི་མེད། ཚུལ་ཁྲིམས་བློ་གྲོས་ཀྱི་རྐང་པ་མར་འཐེན་མཁན་ཁྱོད་དང་ཁྱོད་ལྟ་བུ་ཚོ་རེད།
ཚུལ་ཁྲིམས་བློ་གྲོས་ཀྱི་བཤད་པའི་སྐད་ཆའི་ཟུར་གཅིག་ལ་མོས་མཐུན་མེད་ཟེར་མཁན་ཞིག་བསླེབས་འོང་དུས་ཁྱོད་ཚོས་ཆོས་རྒྱུད་གཅིག་པའི་ལ་རྒྱ་ཡིན་མདོག་གིས་ཕ་རོལ་པོ་ལ་དམོད་མོ་བརྒྱབ་ཀྱི་རེད། འཛམ་གླིང་འདིའི་ཐོག་ཏུ་མཁས་དབང་སུ་འདྲ་བ་ཞིག་ཡིན་ཀྱང་བརྒྱ་ཆ་བརྒྱ་ནོར་འཁྲུལ་མེད་པ་གསུངས་ཐུབ་མཁན་ཞིག་སྔ་ཡང་བྱུང་མི་འདུག་ལ་རྗེས་སུའང་འོང་གི་མ་རེད།
ཁྱོད་ཚོ་བུ་རིག་པ་ཅན་ཡིན་ན་ཚ་བའི་ལོག་རྟོགས་སྙིང་སྟོབས་ལ་སྲོལ་རྒྱུན་རིགས་པའི་འགྲོས་དང་བརྟེན་ནས་དགག་པ་རྒྱོབ་དང་། དེ་འདྲ་མི་ཤེས་པ། དམོད་མོ་བརྒྱབ་ཀྱི་མ་གཏོགས་མི་ཤེས་པ། སྙིང་རྗེ་ཁྱོད་ཚོ། ཆོས་ཟས་ཟས་ནས་ཆོས་ལུགས་མི་ཤེས་མཁན་གྱི་བཀོར་གཟན་ཁྱོད་ཚོ། ཤཀྱའི་རྒྱལ་པོས་དམོད་མོ་རྒྱོབ་གསུངས་འདུག་གམ། རྫུན་བཤད་གསུངས་འདུག་གམ།
ཉམ་ཆུང་མི་ཡི་མགོ་གནོན་མི་དགོས་འདུག
སྒེར་གཅོད་དཔོན་པ་ལ་རྒྱབ་སྐྱོར་མི་དགོས་འདུག
ཉོམ་ཆུང་མི་རིགས་སེམས་ལ་ཡོད་བགྱིད་ན།
གསར་གཏོད་སྨྱུ་གུ་ས་སྟེང་འབུར་བཅུག་རོགས།།
ཨོ་རེད་་་ཀརྡོ་ལགས། ཁྱོད་ལ་ཅིག་མ་ལབ་འགྲིག་མ་སོང་། ནང་ཆོས་ལ་དགག་དུས་ཁྱོད་མ་ངར་རང་ངར་ཡིན་ཞེས་པའི་སྐད་ཆ་འདི་ཡང་བདེན་གཏམ་ཞིག་ཅང་མཐོང་། བོད་ཀྱི་དགོན་སྡེ་སྟོང་ཕྲག་མང་པོར་གཏོར་མཁན་དང་བཀའ་བསྟན་འགྱུར་ཁྲི་ཕྲག་མང་པོ་རྩ་མེད་བཟོ་མཁན། བོད་ཀྱི་བླ་སྤྲུལ་བརྒྱ་ཕྲག་མང་པོ་ལ་མནར་གཅོད་གཏང་མཁན་རྒྱ་གུན་ཁྲན་ཏང་གི་འོག་ཏུ་སྡོད་ཀྱི་ཡིན་ཟེར་ནས་ཤོར་ཤོར་ཡིན་པ། རྒྱ་བོད་མི་རིགས་མཐུན་དགོས་ཟེར་ནས་ཁྱོད་ཀྱིས་མཆན་བུ་ག་ཚོད་བྲིས་མེད་དམ། ཁྱོད་སྙིང་རྗེ།
མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱིས་དགོན་སྡེ་གཏོར་།་བཀའ་བསྟན་རྩ་མེད་བཟོས་སོང་ངམ། ཁྱོད་རང་ངར་དགོས་མ་རེད། ངར་གྱི་ཡོད་ན་གུན་ཁྲན་ཏང་གི་ཐོག་ཏུ་ངར་དགོས་པ་མིན་ནམ། མི་ཁྱོད་ཀྱིས་ག་རེ་བསམས་ཀྱི་འདུག་གམ། ཉམ་ཆུང་རྡུང་བའི་ཐོ་བ་ཞིག་ཆགས་འདོད་འདུག་གམ།
ཨོ་རེད་་་ཀརྡོ་ལགས། ཁྱོད་ལ་ཅིག་མ་ལབ་ན་འགྲིག་མ་སོང་། ནང་ཆོས་ལ་དགག་དུས་ཁྱོད་མ་ངར་རང་ངར་ཡིན་ཞེས་པའི་སྐད་ཆ་འདི་ཡང་བདེན་གཏམ་ཞིག་ཅང་མ་མཐོང་། ཞེས་བཅོས་རོགས་་་་བཀོར་གཉེར་ཀརྡོ་ལགས།
བོད་གཞིས་བྱེས་གཉིས་ཀྱི་ལྟ་ལོག་ཞབས་འྡརན་པ་དེ་ཚོ་སྐྱེ་བ་རྗེས་མ་བོད་མིར་མ་སྐྱེ་བར་ཤོག དཔེར་ན་ཚ་བ་གདའ་སྨྱུགལ་བཞིན།
ཁྱོད་སྐྱེ་བ་ཕྱི་གུན་ཁྲན་ཏང་ཡ་ཞིག་གི་སྐྱེ་བ་ལེན་ཤོག་ཅེས་སྨོན་ལམ་ཤོག
རྒྱ་རིགས་ཕར་ཞོག བོད་རིགས་གུང་བྲན་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་བོད་ཆོས་ལ་ཕན་མ་ཐོགས་ཀྱང་། བོད་སྲིད་ལ་ཕན་ཐོགས་ཡོད་རེད། ཀླ་ཀློ་མདའ་སྨྱུ་གིས་སུ་ཕན་ཐོགས་བྱས་འདུག་གམ། ལགས། གསུངས་དང་། ཅོ་རི་ལགས།
རེད་རེད་་་ཕུན་དབང་དམར་ཕྱོགས་ཁོ་གྲོས་མཐུན་དོན་ཚན་༡༧བཞག་སྐབས་སུ་སྐད་སྒྱུར་ཡིན་པར་འདྲ། བོད་མི་ས་ཡ་ཡི་སྲོག་ཤོར་དགོས་པ་དང་བོད་ཞི་བའི་བཅངས་གྲོལ་ཟེར་བ་དེ་བཏངས་པ་རེད། དེ་ཕན་ཐོགས་རེད་དམ། བཀོར་གཉེར་ལགས། རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་དབང་ཚ་བ་མདའ་སྨྱུག་ལ་ཁྱོད་ཀྱིས་ཀླ་ཀློ་འབོད་ནས་ངོ་ཚ་མི་ཤེས་པ་རང་རེད་ད།་་་ཧཧཧ
ཁྱོད་ཡང་སྐྱེ་བ་ཕྱི་མར་རྒྱ་བོད་ལ་འཁྲིད་འོང་མཁན་ཏང་ཡ་ཞིག་སྐྱེ་བ་ལེན་ན་ག་འདྲ་འདུག་གམ། བོད་རྒྱུད་ནང་བསྟན་རྩ་མེད་གཏོང་ཆོག་གི་རེད་བ།
ཚ་བ་མདའ་སྨྱུག་ལ་་ཀླ་ཀློ་ཡིན་སྟངས་ལ། མགོ་སེར་ནང་ཆོས་མཁས་པ་དེ་ཚོར་ཅིག་དྲིས་དང་། དེ་ནས་ཧ་གོ་ཡོང་།
དམ་པ་དགེ་ཆོས་དང་གཅིག དོན་འགྲུབ་རྒྱལ་དང་གཉིས། མདའ་སྨྱུག་དང་གསུམ། ཞོགས་དུང་དང་བཞི། ཁོང་རྣམས་པ་བཞི་ཡིས་བོད་མི་རིགས་ལ་ཕན་ཐོགས་མི་མཁན་བཀོར་བདག་དང་བཀོར་གཉེར་ཚོ་རེད། མྱི་གྲལ་ཁྱི་གྲལ་ལ་འཕེན། ལྷ་གྲལ་ནས་འདྲེ་གྲལ་ལ་འཕེན། ཉེས་མེད་བཙོན་པ་བཟོས། ཡིག་ཆ་རྐུ་ཁྱེར་བྱས།
༡༩༥༡་་་ལོར་རང་ལ་ཡོད་ནོར་བུ་དམ་པ་དགེ་ཆོས་རྡོ་ལ་བཏབ། མཉམ་འབྲེལ་རྒྱལ་ཚོགས་ནང་དུ་སྙན་ཞུ་འབྲི་མ་ཤེས་ནས་རྒྱ་གར་བ་ཞིག་བྲིས་བཅུག་པ་རེད། ཡག་བ་ཞིག་ཅང་འབྲི་གི་རེད། དམ་པ་དགེ་ཆོས་ལྟ་བུ་ལ་བྲིས་བཅུག་ཡོད་ན་བོད་རྒྱལ་ཁབ་འདི་ཡང་རྒྱལ་ཚོགས་ནང་དུ་དེབ་སྐྱེལ་ཐུབ་ཡོད་ངེས་ཡིན། གོ་བྱུང་བའི་བོད་གུན་ཁྲན་ཀརྡོ་ལགས།
ངོ་ལ་འཇོག་རེས་དག་ཙམ་བྱོས་དང་ཚང་མ་ཀློག་གིན་ཡོད། ངུ་ཤོར་སྤྱད་རྐྱང་ལས་དགོད་ཤོར་སྤྱད་ཟིག་ཅང་མེད་ཀི། ཡིན་ན་རེད། སྐྱག་པ་གཏོང་མཁན་ཆ་ཡིན་ན་ཡང་སྐྱག་དྲི་བྲོ་མཁན་དེ་ངོ་མས་སུ་ཡིན་ནི་ན་ཤེས་འདོད་འདུག། ཧུན་ཧུན་ཧུན།
མགོ་སེར་པོའི་ནང་དུ་ནང་ཆོས་ཀྱི་ཐོག་ཏུ་ང་ཅོ་རི་ཁ་གཏད་བཅག་ཐུབ་མཁན་ཞིག་ཀྱང་ཡོད་སྣང་མི་ཤར་འདུག ཁྱོད་རང་ཚོ་མགོ་སེར་རྒྱུ་བདག་ཚོའི་བཀོར་ཁུ་འཐུང་མཁན་ཚོས་ངོས་ནས་མགོ་སེར་ཚོ་ནང་ཆོས་ཀྱི་ཐོག་ཏུ་མཁས་དབང་ཡིན་གྱི་རེད། ངའི་མིག་མདུན་དུ་དེ་འདྲ་མ་རེད་དོ།།
དོན་འགྲུབ་རྒྱལ་དང་གཅིག། མདའ་སྨྱུག་དང་གཉིས། ཞོགས་དུང་དང་གསུམ་ནི། མཁས་དབང་དགེ་ཆོས་ལགས་ཀྱི་ཞབས་སེན་ལ་ཡང་འགྲན་ཐུབ་དགྱིད་མ་རེད། ཅོ་ཁོ་རེད། ཁྱོད་ཀྱིས། འདི་ཡང་ཤེས་མི་འདུག ཨ་ཁ།
བཀོར་གཉེར་ཀརྡོ་ལགས། ཁྱོད་རང་གུན་ཁྲན་ཏང་ཡག་པོ་ཡིན་ཟེར་མཁན་དང་ཆོས་མེད་གུན་ཁྲན་ཏང་གི་འོག་ཏུ་སྡོད་འདོད་ཡོད་མཁན་ཞིག་རེད། བོད་རྒྱལ་ཁབ་ཟེར་བའི་མིང་ཙམ་མ་ལྷག་ནའང་སྡུག་རྒྱུ་མེད་མཁན་ཞིག་རེད། མེས་རྒྱལ་ཁྱིམ་དུ་ལོག་མི་འགྲོ་པ་གང་ཡིན་ནམ། ཕར་སོང་དང་ཚ་བའི་རོ་འདྲ་ལྷག་ཡོད་ན་རྡོ་རྡུང་བཟོ་གི་རེད་བ། ཆོས་མེད་གུན་ཁྲན་དམར་པོའི་རྐུབ་གཡོག་བྱེད་ཆོག་གི་རེད། མྱི་ཁྱོད་ལྟ་བུ་རྣམས་ལ་ཕུགས་བསམ་ཞིག་ཡོད་ནི་པོ་དེ་རེད།།
རེད་རེད། ཀརྡོས་དུས་རྒྱུན་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཞེས་ཚེ་བརྟན་སྒྲོལ་མས་ཏང་ལ་བསྟོད་གླུ་བླངས་པ་འདྲ་ཞིག་ལབ་ཀྱི་རེད། བྱས་ཙང་ཚ་བ་མདའ་སྨྱུག་གཅིག་བསྡུས་རིང་ལུགས་ཀྱི་ཏང་ཚོགས་ནང་སྐྱེ་བ་མི་ལེན་རྒྱུའི་སྨོན་ཚིག་འདི་ནོར་མི་འདུག། ཚ་སྨྱུག་ཕལ་ཆེར་སྨྲ་བརྗོད་རང་དབང་ཅན་གྱི་ཡུལ་གྲུ་ཞིག་ཏུ་སྐྱེ་བ་ལེན་རྒྱུ་ཐག་གིས་ཆོད། ཧ་ཧ།
ཉན་ཨ་་་བཀོར་གཉེར་ལགས། མདོ་ལས། ང་དང་ང་འདྲ་བའི་གང་ཟག་གིས་གང་ཟག་ལ་ཚོད་བཟུང་གི། གང་ཟག་གིས་གང་ཟག་ལ་ཚོད་བ་མི་བྱ་སྟེ།་་་ཞེས་གསུངས་འདུག་པ་ཙམ་ཡང་མཐོང་མྱངས་མེད་པེ། དགེ་ཆོས་མཁས་དང་མདའ་སྨྱུག་མཁས་དོན་རྒྱལ་མཁས་ཅེས་ཚོད་བཟུང་བ་ནི་སངས་རྒྱས་ཀྱི་བཀའ་དང་འགལ། རིགས་པའི་འགྲོས་དང་འགལ་་བ་རེད་དོ་་་་བཀོར་གཉེར།།
དོན་འགྲུབ་རྒྱལ་དང་གཅིག མདའ་སྨྱུག་དང་གཉིས། ཞོགས་དུང་དང་གསུམ་པོ་ནང་ཆོས་ཕྱི་ཆོས་གང་ཡང་མེད་ས། སྨྲ་བརྗོད་རང་དབང་ཡོད་སའི་བདེ་བ་ཅན་དུ་སྐྱེ་བར་ཁྱོད་ཀྱིས་ཀྱང་སྨོན་པ་ལྟར་རོ།།
ཚེ་བརྟན་སྒྲོལ་མ་ཟེར་ན་སུ་རེད། གཞས་མ་རྙིང་པ་མའོ་ཙེ་ཏུང་གིས་བཙན་གཡེམ་བཏང་ས་མང་པོ་ཡོད་པའི་ནང་ནས་བོད་མོ་གཞས་མ་དེ་རེད་པེ། ལགས།
ཅོ་རིས། ང་བཀོག་གཉེར་ལ། ཆོས་མེད་གུན་ཁྲན་དམར་པོའི་རྐུབ་གཡོག་རྒྱུག་ནས། ང་ཕྱུག་པོ་ཆགས་ས་ཅིག་ཡོད་ན་ཁྱོད་ཀྱིས་བཙལ་ནས་ང་ལ་རོགས་མགོན་གྱིས་དང་། དེ་ནི་མི་ང་ལྟ་བུའི་ཕུགས་བསམ་གྲུབ་པ་རེད་དོ།།
དེ་རིང་ཡིན་ན་ཀ་ཅོ་གཉིས་འཁྲུག་འདུག ལྟད་མོ་འདུག་ད།
ཅི་རི་ཉི་མ་ལགས།
རྩེད་མོ་དང་ཀུ་རེ་ཡིན་ནོ།། །།ཧ་ཧ་ཧོ་ཧོ།།
ཀ་གཉེར་འདི་ཁ་བརྡ་དྲ་བའི་སྲུངས་མ་གཅིག་པུ་དེ་རེད། ཧེཧེ ཀུ་རེ་ཡིན།
ཅོ་རི་ཉི་མ་ལགས་ཀྱིས་གསུངས་པ་ཚོ་ལ་རྒྱུ་མཚན་དང་ལེགས་ཆ་མང་བོ་འདུག །
སྐྱོན་ཡོན་བླང་དོར་རང་གི་མི་བྱེད་པར།།གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང་།།ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ།།ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས།།བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང་།།
སྐྱོན་ལ་སྐྱོན་དུ་མཐོང་བ་དང་ཡོན་ཏན་ལ་ཡོན་ཏན་དུ་མཐོང་བ་ནི་ཨོ་ཉི་ཡིན་ས་རེད།
ཀ་རྡོ་དང་ཅོ་རི་གཉིས་ཀྱི་རྩོད་པ་ཡག་པོ་འདུག ཀ་རྡོ་ལགས་ཀྱི་མང་ཆེ་བ་གོང་གི་མཆན་ལས་བཤུས་ནས་་་་་་་་ཟེར་མང་པོ་བྲིས་ཀྱི་འདུག དེ་མ་བྲིས་ནས་ཁྱེད་རང་གི་བསམ་ཚུལ་བྲིས་ན་ལེགས། དེ་མིན་ང་ཚོ་མཆན་ཀློག་རྒྱུར་དུས་ཚོད་འཕྲོ་བརླག་རེད་འདུག
ཅོ་རིས་ཀརྡོར་ཕེན་པའི་མདའ་མོ་དེ་ཚོ་རྣོ་ངར་ཤིན་ཏུ་ཆེ་འདུག། ཀརྡོ་ནས་རྒྱུན་དུ་རྒྱ་དམར་ལ་ངོ་སྟོད་དང་ནང་ཆོས་ལ་སེམས་ཁུར་ཡོད་ཚུལ་གླེང་བར་དགོད་ཚ། རང་ཚུབ་དང་རྒྱུ་དག་མེད་པའི་མི་ཟེར་ནི་འདིའི་རིགས་རྣམས་རེད། ཚ་བ་མདའ་སྨྱུག་གིས་སངས་རྒྱས་བསྟན་པར་དངོས་ལ་སེམས་ནས་ཆོས་རྫུན་དང་བླ་རྫུན་རིགས་ལ་དག་ཐེར་དང་ཚོད་འཛིན་བྱས་པར་ཆོས་རྫུན་སྤྱོད་པའི་དཀོར་བདག་ཚོའི་སེམས་ཀྱིས་གཟོད་མི་ཐུབ་ཀྱང་། མདའ་སྨྱུག་གིས་དགག་རྩོམ་ལོག་རྟོགས་སྙིང་སྟོབས་ལ་བརྒྱ་ཆ་ཉེར་ཤུར་ཡང་དགག་ལན་ཐེབས་མཁན་གྱི་རྩོམ་ཡིག་འབྲི་ཐུབ་མཁན་མེད་པ་གསལ་པོ་རེད། དེ་མིན་ཁ་ངན་དང་ཚིག་ངན་ཙམ་གྱིས་མདའ་སྨྱུག་ལ་དགག་ལན་མི་འགྱུར་བར་ཤེས་པ་གནང་རྒྱུ་གལ་ཆེའོ།
༥༠༽ བོད་ཀྱི་རྒྱལ་མཚན་ལགས།
རྒྱ་གཞུང་ངོ་རྒོལ་བྱེད་མཁན་ཁ་བརྡའི་ནང་ལ་ལོག་སྨྲ་ཚར་གཅོད་དང་ང་གཉིས་མ་གཏོགས་སུ་འདུག མིང་གཅིག་སྟོན་དང་རྒྱལ་མཚན་ལགས། ང་ནང་པ་ཅིག་ནང་ཆོས་དང་ནང་པ་རྣམས་སྲུང་རྒྱུ་ངའི་ལས་འགན་དང་པོ་སྲོག་དང་། དེ་ཡང་ངའི་སྲོ་ག་བེན་དུ་བཙུགས་ནས་ང་མ་ཤི་བར་བྱེད་བགྱིད་རེད། དེ་ལ་ཆོས་མེད་ཀླ་ཀློ་སུས་བགད་མོ་ཤོརད་ཀྱང་ཤོར་དུ་བཅུག
ང་མེད་ཤུལ་་་་་དུ་་་་་
ང་ཕག་པ་ཡིན་ན་དཀར་པོ་ཅུང་ཙམ་ཡོད་པ་ཞིག་དང་། ཅོག་ཉི་ཁྭ་ཏ་ཡིན་ན་ནག་རྐྱང་རེད།
རྒྱལ་མཚན་ལགས།
སྐུ་རྩེད་ཡིན་ནོ།། །།ཁྱེད་རྣམས་གསུངས་པ་ལྟར། ང་ནི། དེ་དེ་བཞིན་ཡིན་ནོ།། །།
གང་ལྟར་ཡང་ཁྱེད་ཅག་ཕེབས་པ་ལེགས།
ཆོག་ཤེས་དང་བཟོད་སྒོམ་རྟུལ་ཞུགས་ལྡན་པའི་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལ་ཅོལ་ཆུང་ཅོ་རི་ལྟ་བུ་སྲིན་བུ་མེ་ཁྱེར་གྱིས་འགྲན་པའི་ཟླ་བོ་ག་ལ་ཡོད། ཧ ཧ ཧ ཧ ཅོ་རི་ཉི་མ་ཁོ་ཡང་དགེ་ལུགས་པ་ཡིན་ཟེར་འདུག ། བདེན་ན་ཐངས། ཞོགས་དུང་དང་ཚ་སྨྱུག་སོགས་དགེ་ལུགས་པའི་གྲྭ་ལོག་ཡིན་པའི་རྒྱུ་མཚན་གྱིས་ཕྱོགས་འཐེན་ཡིན་པར་འདྲ། མདོར་ན་དེ་ཚོ་མཁས་དབང་དང་བསྟོད་པར་འོས་ན། ཞོགས་ཚས་འདོད་པ་ཚང་མ་ནི་མཁས་དབང་ཆེན་པོ་མའོ་ཙེ་ཏང་གི་དགོངས་པ་རྨ་མེད་པ་རེད། དེ་ཡང་གང་ཟག་གི་ཚོད་གང་ཤེས། རིགས་པ་མེད་ཀྱང་རིང་ལུགས་ཟུངས་དང་ཐེ་ཚོམ་མུན་པའི་སྨག་ལས་ནམ་ཡང་ཐར་བ་མེད་པར་མ་ཟད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་རིན་པོ་ཆེ་ལ་ཡིད་ཆེས་དང་དད་གུས་ཆེ་མདོག་གྱིས་དང་ཡག་པོ་རེད། ཅོ་རིའི་ཟེར་སྟངས་འདི་དག་ཡ་མཚན་རེད་ཡ།
ཨོ་ཉི་ཟེར་བ། མདའ་སྨྱུག་གི་རྣོ་ཁ་དེ་རྡུགས་དུ་བཏང་ཐུབ་མེད་པ་འདྲ། སྐྱོན་བརྗོད་དང་དགག་པར་མཁས་ཉམས་སྤུ་ཙམ་མི་འདུག དེ་ལས་ལགས་སོ་ཞེས་ཁུ་སིམ་མིར་བསྡད་ན་བཟང་། ཡང་ན་ལོག་རྟོག་སྙིང་སྟོབས་ལ་དགག་པ་ཞིག་རྒྱོབ་དང་།
ཕྱོགས་གཞན་ན་མདའ་སྨྱུག་ལགས་ཀྱི་རྗེས་མའི་བརྩོམ་ཞིག་ནང་ཁོ་རང་ཆོས་པ་ཡིན་རབས་བཅོ་བརྒྱད་བཤད་ཡོད། ངས་བརྩོམ་དེ་འཚོལ་ཐབས་བྱས་རུང་རགས་ཐུབ་མ་སོང་། གང་ལྟར་ཁོ་རང་གི་དེབ་དེ་བསྟན་པ་ལ་དག་ཐེར་གནང་བ་ལས་སྐྱོན་བརྗོད་ཡིན་པར་ངོས་ལེན་མེད། གང་ཡིན་ཟེར་ན་དྭོགས་པ་མང་པོ་གསལ་ཐུབ་སོང་། དེ་དང་འདི་འདྲ་བ་ཆོས་རྭའི་ནང་རྒྱུན་དུ་ནས་རྩོད་བཞིན་པ་རེད། ཁྱད་པར་གཅིག་ནི་སངས་རྒྱས་རྫུན་རེད། ཐར་པ་དང་ཐམས་ཅད་མཁྱེད་པ་ཡོད་མ་རེད་ལབ་མ་ཐུབ་པ་དེ་རེད།
བློ་གཟུ་བོར་གནས་ནས་རྩོད་ན་དྭོགས་པ་མ་མཆོད་དབར་ཐར་པ་མེད་ཟེར་ན་ཡག་གི་རེད། དེ་ལས་ཧ་ལས་པའི་བློ་སྐྱེ་རགས་སྲིད། དེ་ནམ་རྒྱུན་ནས་ངའི་གྲོགས་པོ་ཚོར་ལབ་བཞིན་ཡོད། ནང་ཆོས་ལ་བརྟག་དཔྱད་གནང་སྐབས། ནང་ཆོས་གཡས་ལ་གཞག གཞན་གཡོན་ལ་གཞག རང་ཉིད་དཀྱིལ་འདིར་བསྡད་ན་བརྟག་ན་རོ་བཅུད་དང་ལྡན་པའི་ཟས་ཞིག་ཐོབ་ཐུབ། དེ་མིན་མིས་ལབ་པར་ལན་སློག་མ་ཐུབ་ནས་ཁ་ངན་ཚིག་ངན་རྒྱག་ཚད་བཤད། ཨ་རྩི་་་་་་་་། རྐུ་མ་མ་ཡིན་པ་ཞིག་ལ་རྐུ་མ་ཟེར་བའི་ཚིག་དེ་རང་ལ་ལོག་ནས་ཡོང་བ་དུས་ནམ་ཡང་ཤེས་དགོས། གང་ཡིན་ཟེར་ན་ཚིག་དེ་ཕར་གཟུག་ས་མེད་པའི་ཕྱིར།
ཁྱེད་ཚོ་སྐྲག་མི་དགོས། སྲེག་བཅད་བརྡ་བའི་གསེར་བཞིན་དུ། ཞེས་སོགས་སྟོན་པ་ཚང་མའི་ནང་ནས་ཤཀྱཱའི་སྲས་པོ་ཉིད་ཀྱི་མ་གཏོགས་གསུངས་མེད། ཁོང་རང་ཉིད་དེ་ལ་གདེང་ཚོད་ཆེན་པོ་ཡོད་རེད། ཧ་ལས་པའི་གུ་ཡངས་དང་། རང་དབང་གི་རྣམ་པ་ཞིག་མ་རེད་པས། དེང་སང་མཁས་པ་གང་འདྲ་ཞིག་ཡིན་ནའང་ངས་ཟེར་བ་དེ་འཐད་པ་དང། དེ་མིན་རྒྱབ་ལྟོས་པ་ལ་བློ་མ་བདེ་ནས་ཞུགས་དགོས་པ་དེ་འདྲ་རེད་མི་འདུག་གམ།
ཁ་ཅིག་གིས་ཚ་བ་མདའ་སྨྱུག་ཤི་ནས་ལོ་ཤས་འགྲོ་བ་རེད་ཟེར། འོན་ཀྱང་ད་ལྟ་མི་སུ་ཞིག་གིས་ཀྱང་ཁོང་ཤི་གསོན་གང་ཡིན་དང་གང་དུ་ཡོད་མེད་ཀྱི་ཐག་ཆོད་བྱེད་མི་ཐུབ་པའི་སྐབས་སུ། ཾཁོང་ཤི་རེད་ཟེར་བ་དང་ཤི་ནས་ལོ་ཤས་འགྲོ་བ་རེད་ཟེར་ནས་མཆན་བཏབ་སོང་འོན་ཀྱང་མཆན་དེ་ཁ་བརྡས་བསུབ་པ་ཡིན་ནམ་གང་ལྟར་རྙེད་མ་སོང། དེ་འདྲའི་ཐག་ཆོད་བྱེད་མཁན་གྱི་མི་དེ་ལ་དོག་པ་སྐྱེ་དགོས་པ་ཞིག་རེད། ཚ་བ་མདའ་སྨྱུག་ག་དུས་ཤི་རེད། ཤི་ས་གང་ན་རེད། ཤི་སྟངས་གང་འདྲ་རེད། ཤི་རྐྱེན་གང་རེད། རང་བཞིན་ནད་ཀྱིས་ཤི་བ་རེད་དམ། མིས་བསད་པ་རེད། ཡང་ན་རང་ཤི་རྒྱབ་པ་རེད། དྲི་བ་འདི་ངེས་པར་དུ་ཡོང་ངེས་རེད། བོད་མི་ལ་བདག་པོ་ཞིག་ཡོད་ན། བོད་ཀྱི་རྩོམ་པ་པོ་རྣམས་ལ་སྐྱིད་སྡུག་མཉམ་སྤྱོད་ཅིག་ཡོད་ན། ལྷག་པར་དུ་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུའི་སྒྲིག་འཛུགས་ནས་སྐད་གྲགས་དང་རིགས་པ་སྨྲ་བ་རྩོམ་པ་པོ་་་་ཚ་བ་མདའ་སྨྱུག་གི་སྐོར་ལ་ཞིབ་འཇུག་གི་འཚོལ་ཞིབ་བྱེད་དགོས་ངེས་ཤིག་རེད། ཚ་བ་མདའ་སྨྱུག་ལ་རྦད་རྦོད་དམོད་གསུམ་བྱེད་སྟངས་འདི་ལ་ལྟས་ན་ཁོང་བསད་པ་ཡིན་སྲིད། དེ་ལྟར་སྲིད་ཚེ་ངེད་ཚོས་མགོ་བོ་སྒུར་ཐུབ་བམ། ངེད་ཚོས་སྣང་མེད་རྒྱ་ཡན་དུ་བཏང་ན་འགྲིག་གམ། རྒྱལ་སྤྱིའི་སྤྱིའི་ཾཁྲིམས་ལ་སྦྱོར་དགོས་ངེས་རེད། ད་ལམ་སོག་པོ་ན་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་གླེང་གློང་ཡོང་བའི་རེ་བ་དང། དེ་བཞིན་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་ཚོགས་པ་སོགས་ནས་འདི་ལ་ཞིབ་འཇུག་འཚོལ་ཞིབ་ཅིག་ཡོང་བའི་རེ་བསྐུལ་ཞུ་བཞིན་ཡོད། སྔར་དགེ་འདུན་ཆོས་འཕེལ་སྨྱོ་རུ་བཅུག དེ་ནས་ཞོགས་དུང་ལས་སོགས་འཇའ་ལྟར་ཡལ་དུ་བཅུག རིམ་བཞིན་བོད་ཀྱི་རྩོམ་པ་པོ་རང་དབང་ལ་དགའ་བ་རྣམས་འདི་ལྟར་ཡལ་ན་རུང་ངམ། དཔེར་ན། རྩོམ་པ་པོ་ཀླུ་སྨྱོན་ལའང་ལས་སླ་མོ་མི་བཞག་ཅེས་ཁ་བརྡའི་དྲ་བར་འཇིག་བསྐུལ་བྱས་པའང་མཐོང།
ཚ་བ་མདའ་སྨྱུག་ལགས་བོར་བརླག་བྱུང་བའི་གནས་ཚུལ་ལོ་བཞིའི་ཡར་སྔོན་དུ་ཐོན་སོང་། གནས་ཚུལ་དེ་སྤེལ་མཁན་མཛངས་མ་འཇམ་དབྱངས་སྐྱིད་ལགས་རེད། དེ་ནས་ཕྲན་ནས་ཀྱང་དོ་སྣང་བྱས་པ་ཡིན་མོད། གནས་ཚུལ་ལ་གསལ་ཁ་བཏོད་ཐུབ་མ་སོང་། ཡང་ཟླ་འགའི་ཡར་སྔོན་རྩོམ་ཡིག་ཅིག་ཏུ་ཚ་བ་མདའ་སྨྱུག་ལགས་རྔ་བའི་དགོན་པ་ཞིག་ཏུ་ཡོད་ཚུལ་གླེང་གི་འདུག དོན་དངོས་གང་ཡིན་ཧ་གོ་ཐུབ་ཀྱི་མི་འདུག གནས་ཚུལ་གསལ་བོ་ཤེས་མཁན་ཡོད་ན་འདིར་འགོད་རོགས།
༥༦༽ ཨ་ཕྱི་ཆོས་སྒྲོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ གི་ཆུ་ཚོད་ ༢༠ སྐར་མ་ ༡༢
ཅོ་རི་ཉི་མ་ཁོ་ཡང་དགེ་ལུགས་པ་ཡིན་ཟེར་འདུག ། བདེན་ན་ཐངས། ཞོགས་དུང་དང་ཚ་སྨྱུག་སོགས་དགེ་ལུགས་པའི་གྲྭ་ལོག་ཡིན་པའི་རྒྱུ་མཚན་གྱིས་ཕྱོགས་འཐེན་ཡིན་པར་འདྲ།
རྒྱུས་མེད་པས་རྒྱུས་གཏམ་ཞིག་འདི་ན་བྲིས་འདུག་་ཧ་ཧ་ཧ་།
ངོ་མ་ཧ་ཧ་ཧ་རེད་བྱ།
རྩོམ་པ་པོ་ཞིག་ཡིན་ན་འདྲ། རྩོམ་མི་ཤེས་མཁན་ཞིག་ཡིན་ན་ཡང་འདྲ།
རང་གིས་ཉོས་བའི་ཆང་དེ། སྐྱུར་མོ་ཡིན་རུང་འཐུང་དགོས་ནི་རེད།
བཤད་སྤྱད་འདྲེ་མོའི་ཁ་ཡོད་ན། འཛིངས་སྤྱད་སྟག་གི་སྙིང་དགོས་ནི་རེད།
སྐྱེས་ཆེན་མཁས་བའི་མྱིང་དགོས་ན། འབངས་སྤྱི་སྐྱོང་བའི་བློ་དཀར་དགོས་ནི་རེད།
སྤྱི་ཚོགས་ཞར་བ་ཡིན་དུས། རང་ཉིད་ཡང་ཞར་བ་ཡིན་པ་ཤེས་དགོས་ནི་རེད།
ཐམ་ཅད་སློབ་དཔོན་ཆགས་དུས། རང་ཉིད་ཀྱང་སློབ་དཔོན་བྱེད་པའི་སྤོབས་པ་བརྟན་དགོས་ནི་རེད།
གང་ལྟར།
ཁ་ཚོད་མེད་ནང་གི་ཚིག་བདག་མེད་ཅན་ཞིག་ཡང་མེད་སོང་བ་འདྲ། ད་བཅའ་རྒྱུ་ཡོད་ནི་མ་རེད། ཁྱད་པར་ཤོར་སོང་ནི་རེད། ཆོས་སྦྱང་ནས་འགྲོ་མཁན་ཚོ་དང་ཉན་མཁན་ཚོ་འདུག་གི་བཅུག་ན་ཡག་གི་རེད། བོད་ཆོས་གཅིག་པོ་མ་རེད། འདི་ནི་ཆོས་ལུགས་ཆ་ཚང་ལ་དེ་འདྲ་རེད། ཁ་ལ་བདག་པོ་མ་རྒྱབ་ན་དག་དག་བཟོ་འི་རེད། དཀོན་མཆོག། ཆོས་ལུགས་པ་ཚོ་ལྐུག་པ་རེད། དེའི་སྦྱང་བཞིན་པའི་ཆོས་ཡང་ལྐུག་བཤད་རེད་ཟེར་ན། སུས་དགའ་པོ་བྱེད་པ་རེད། ཆོས་མེད་མི་བྱེད་པའི་ཀླུག་པ། ད་ལྟ་འཛམ་གླིང་ན་ཧ་ཅང་ཉུང་གི། རྒྱལ་ཁ་ཞིག་མེད་པ་གཏན་གྲུབ་རེད།
དག་དག་དེ་ཏག་ཏག་ལ་བཅོས་རོགས་ཞུ།
དེ་ཡང་ནོར་འདུག། ཀླུག་པ་དེ་ལྐུག་པ་ལ་བཅོས།
ད་དེ་ཁག་པོ་ཞིག་ཡིན་ས་རེད། ཚ་བ་མདའ་སྨྱུག་ང་ཡིན་ཟེར་ནས་མདུན་ལ་ཐོན་མཁ་ཞིག་ད་བར་དུ་བྱུང་མ་མྱོང་བ་འདྲ། ཚ་བ་མདའ་སྙུག་གི་རྩོམ་དེ་ཚོ་ཐོག་མར་དྲ་བའི་སྟེང་ནས་སླེབས་པ་ཡིན་སྟབས་རྗེས་འདེད་ཁག་པོ་ཡོད་ས་རེད། ཡིན་རྒྱུ་ངོ་མ་དེ་གྲྭ་བ་ཞིག་ཡིན་པར་ཐག་ཆོད་ཡོད་འདུག ད་དུང་ཡང་གྲྭ་བ་ཡིན་ས་རེད། ངོ་རྟགས་མི་སྟོན་རྒྱུ་དེ་ཁོ་རང་གི་འདོད་མོས་ཡིན་ངེས་པས་རྩད་གཅོད་མ་བྱས་ན་ཡག་ས་རེད། གྲ་བ་ཡིན་ན་ནང་ཆོས་ལ་དགག་པ་རྒྱག་མཁན་གྱི་གྲྭ་བ་ཞིག་ཡིན་ན་དད་ལྡན་གྱི་སྤྱི་ཚོགས་ཤིག་གི་ནང་དུ་ཁག་པོ་ཡོད་རྒྱུ་རེད་བསམ་གི། ཚ་བ་མདའ་སྨྱུག་གི་ནང་ཆོས་ལ་དགག་པ་རྒྱག་པ་དེ་ཡང་ནང་ཆོས་ཀྱི་དཀའ་གནད་མང་པོ་ཞིག་ལ་གསལ་ཁ་ཡོང་ཆེད་དུ་ཡིན་པ་ཁོ་རང་གི་ཚིག་ཟུར་དུ་ཡང་འདུག ནང་ཆོས་རྫུན་མ་ཡིན་པར་རྟོགས་པ་མ་ཡིན་པར་དེའི་དཀའ་གནད་ཁྲོལ་བའི་ཆེད་དུ་ཡིན་པ་ཁོ་རང་གིས་འདི་ལྟར་བྲིས་འདུག ཁོ་རང་ལ་མི་མཁས་བླུན་མང་པོ་ཞིག་གི་ལན་གཞན་གང་ཡང་མི་དགོས། ཚུལ་ཁྲིམས་བློ་གྲོས་ཀྱིས་འདི་ལ་ལན་ཞིག་ཐེབས་ན་མ་གཏོགས་གཞན་ཞིག་གིས་ཐེབས་ཁག་པོ་རེད་ཅེས་བྲིས་འདུག ཚུལ ཁྲིམས་བློ་གྲོས་ཀྱིས་ལན་ཞིག་འདེབས་པའི་རེ་བ་ཡོད་ཅེས་བྲིས་འདུག ཚུལ་ཁྲིམས་བློ་གྲོས་ཀྱིས་བཏབ་ཡོད་མེད་ཤེས་མ་སོང་། ངས་བསམ་ན་ཁྱེད་རྣམ་པས་ཚ་བ་མདའ་སྨྱུག་རྩད་མ་བཅད་ན་ཡག་ས་རེད་བསམ་གི།
“བསམ་བློ་རྙིང་པ་དང༌། རིག་གནས་རྙིང་པ། གོམས་གཤིས་རྙིང་པ། ཡུལ་སྲོལ་རྙིང་པ་བཅས་རྙིང་པ་བཞི་ཟེར་བ་གཏོར་སྐབས་རྩ་འགངས་ཆེ་བའི་རིག་གནས་མང་ཆེ་བ་རྩ་མེད་བཟོས་ཏེ་བསྟན་པ་ཕྱི་དར་སྐབས་ནས་རིག་གནས་གསར་བརྗེ་མ་ཚུགས་བར་གསོག་འཇོག་བྱས་པའི་བོད་ཀྱི་ཆོས་ལུགས་དང༌། རིག་གནས། ལོ་རྒྱུས་སོགས་ཀྱི་དཔེ་ཆ་གྲངས་ལས་འདས་པ་གཙང་དག་བཟོས་སྟབས་ད་ལྟ་ལྷགས་པ་དེ་དག་གིས་སྔོན་མའི་གསུམ་ཆ་གཅིག་ཙམ་ལས་ཟིན་གྱི་མེད།”
དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང།. “ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན།.”
རིག་གནས་གསར་བརྗེའི་བསམ་བློ་དང་གཅིག་མཚུངས་ཡིན་བསྡད་པ་ལ་དགག་པ་བརྒྱབ་ནས་ཕན་ཐོགས་གགང་ཡང་ཡོད་པ་མ་རེད།
་་་་་་་ ཚ་བ་མདའ་སྨྱུག་གི་ནང་ཆོས་ལ་དགག་པ་རྒྱག་པ་དེ་ཡང་ནང་ཆོས་ཀྱི་དཀའ་གནད་མང་པོ་ཞིག་ལ་གསལ་ཁ་ཡོང་ཆེད་དུ་ཡིན་པ་ཁོ་རང་གི་ཚིག་ཟུར་དུ་ཡང་འདུག ་་་་་་ཟེར།
་་་་་ ཚ་བ་མདའ་སྨྱུག་ལགས་བོར་བརླག་བྱུང་བའི་གནས་ཚུལ་ལོ་བཞིའི་ཡར་སྔོན་དུ་ཐོན་སོང་། གནས་ཚུལ་དེ་སྤེལ་མཁན་མཛངས་མ་འཇམ་དབྱངས་སྐྱིད་ལགས་རེད། ་་་་ཟེར།
་་་་་་་་་རྩོམ་པ་པོ་་་་ཚ་བ་མདའ་སྨྱུག་གི་སྐོར་ལ་ཞིབ་འཇུག་གི་འཚོལ་ཞིབ་བྱེད་དགོས་ངེས་ཤིག་རེད། ཚ་བ་མདའ་སྨྱུག་ལ་རྦད་རྦོད་དམོད་གསུམ་བྱེད་སྟངས་འདི་ལ་ལྟས་ན་ཁོང་བསད་པ་ཡིན་སྲིད། དེ་ལྟར་སྲིད་ཚེ་ངེད་ཚོས་མགོ་བོ་སྒུར་ཐུབ་བམ། ངེད་ཚོས་སྣང་མེད་རྒྱ་ཡན་དུ་བཏང་ན་འགྲིག་གམ། ་་་་་་ཟེར།
ཐར་བ་འདོད་མི་འདོད་དང་ཆོས་ཀྱི་དོན་དག་ནི་མིའི་སྤྱི་ཚོགས་ཡོངས་ལ་ཁྱེར་ན་འགྲིག་གི་མ་རེད། སངས་རྒྱས་ཀྱིས་ཆོས་ནི་དད་པ་ཅན་དང་ཐར་བ་འདོད་པ་རྣམས་ལ་གསུངས་པ་རེད། དད་པ་མེད་པ་དང་ཐར་བ་མི་འདོད་པ་ལ་གསུངས་པ་མ་རེད། དེས་ཕྱིར་དད་པ་མེད་པ་དག་གིས་སངས་རྒྱས་ཀྱི་གསུང་ལ་རང་གི་འདོད་མོས་ལྟར་གོ་བ་ལོག་སྒྲུབ་བྱེད་ན་སྒྲུབ་བྱེད་ལྟར་སྣང་ཙམ་དུ་ཟད་པས་ཤེས་པ་རྣལ་དུ་མི་གནས་པའི་རྟགས་རེད། དད་པ་ཡོད་ཀྱང་རུང་མེད་ཀྱང་རུང་རང་རང་གི་ལུགས་དེ་ཡག་པོ་ཤེས་ན་འགྲིག་གི་རེད།
མཁས་དབང་མིག་བརྒྱད་པ་མཆོག་ཁ་བརྡར་སླར་ཡང་བྱོན་པ་ལེགས།། །།
ཚ་བ་མདའ་སྨྱུག་གི་ནང་ཆོས་ལ་དགག་པ་རྒྱག་པ་དེ་ཡང་ནང་ཆོས་ཀྱི་དཀའ་གནད་མང་པོ་ཞིག་ལ་གསལ་ཁ་ཡོང་ཆེད་དུ་ཡིན་པ་ཁོ་རང་གི་ཚིག་ཟུར་དུ་ཡང་འདུག །ཟེར། ཆོས་ཀྱི་དཀའ་གནད་མང་པོ་ཆོས་གྲྭའི་ནང་ནས་དགག་བཞག་སྤོང་གསུམ་གྱིས་རྩོད་པ་དེ་ལས་ལྷག་ཅིག་གསལ་ཁ་ཡོང་ཐུབ་ནི་མ་རེད།
ཆོས་གྲྭའི་ནང་གི་གསལ་ཁ་དེ་ཆོས་གྲྭའི་ནང་ལ་རེད། ཕྱི་ལ་དེ་ལས་མང་ཙམ་མཐོང་རྒྱུ་འདུག བྱས་གཙང་ཆོས་གྲྭ་ནང་ཚད་མཐོའི་གསལ་ཁ་ཞིག་དགོས་ན། མིག་མདུན་གྱི་དཔེ་ཆ་དང་། ཐག་ཉེ་པོའི་དགེ་རྒན་གཅིག་པོར་ཤི་འཐམ་རོ་འཐམ་བྱས་པ་མ་ཡིན་པར། རྒྱང་རིང་ཙམ་བལྟ་ཐུབ་ན་ཁེ་ཕན་ཆེ། བདེན་པར་མེད་པ་དང་། མི་རྟག་པ་སོགས་ཀྱི་སྐད་ཆ་བཤད་མཁན་ང་ཚོ་གཅིག་པོ་མ་རེད།
སངས་རྒྱས་ལ་སྐྱོན་བརྗོད་བྱས་པར་འཇིགས་བཞིན་དུ་དཔེ་ཆ་ལྟས་ན་བློ་སྐྱེད་ཕྱེད་ཀ་རེད་དོ།། དཔྱད་པ་བྱས་ཞོར་ལ་སྐྱོན་བརྗོད་པ་དང་། གཅིག་ཀྱང་མ་ཤེས་པར་སྐྱོན་བརྗོད་པ། ཤེས་བཞིན་དུ་སྐྱོན་བརྗོད་པ་བཅས་ལ་ཁྱད་པར་ཆེན་པོ་ཡོད། ད་ལྟ་ང་འདྲ་བའི་ཐར་པ་མཁས་ལེན་པ་རྒྱུགས་སྤྲོད་དང་སྤྱི་ཚོགས་ཀྱི་འཇིགས་སྣང་འོག་ནས་ངོས་ལེན་པ་ཙམ་རེད། མ་གཏོགས་སེམས་ནང་ནས་གནས་ཚུལ་མཐོང་བ་ཞིག་མ་རེད། དེས་ཚྭ་བ་མདའ་སྨྱུག་ལ་ཞེ་སྡང་ལངས་རྒྱུ་ལས་གཞན་ཅི་ཡང་བྱས་རྒྱུ་མ་རྙེད་པ་རེད་དོ།།
ཆོས་ཀྱི་དཀའ་གནད་ཆོས་གྲྭ་འགྲིམས་མྱོང་མཁན་ཞིག་གིས་མ་གཏོགས་དཔེ་ཆ་མ་སྦྱངས་བར་རྒྱང་རིང་ལ་བལྟས་ནས་གང་ཡང་ཡོང་རྒྱུ་ཡོད་ནི་མ་རེད། བློ་བཟང་ལགས། ཐག་ཉེ་བའི་དཔེ་ཆ་ཡོད་པ་བཞག་ནས་ཐག་རིང་གི་མེད་པ་འཚོལ་བ་དང་གཅིག་པ་རེད། ཆུ་ལམ་ཞུགས་དང་རྡོ་ལག་རྒྱུན་གྱི་དཔེ་ལྟར་གནའ་ནས་ད་བར་དགེ་རྒན་དང་དཔེ་ཆ་བལྟས་ནས་མཁས་པ་ཆགས་པ་མ་གཏོགས་དཔེ་ཆ་མ་བལྟས་བར་མ་གཏོགས་མ་རྟོགས་ལོག་རྟོག་གི་ཁུང་བུར་ཉལ་ནས་ཁ་རྒྱགས་པ་རྐྱང་བཤད་ནས་ཡོང་གི་མ་རེད།
༼ཚ་བ་མདའ་སྨྱུག་གིས། རྒྱུ་མཚན་ཟེར་མཁན་དེ་ཚོ་ནི་རྒྱུ་མཚན་ལ་གཡོལ་ནས་མ་འདུག་ཅིག དགག་རྩོམ་འདི་ལ་ལན་མ་བྱུང་ན་ལན་མ་ཐེབས་པ་ལས་མ་བཏབ་པའི་གྲས་སུ་བརྩི་རྒྱུ་མིན། ཚིག་སྤུ་གཏོག་ལ་དགའ་བའི་དགེ་ལྡན་པ་ཚོས་ཚིག་སྐྱོན་ཐོངས། དོན་དམར་འཇུ་ལ་མཁས་པའི་རྙིང་མ་བ་ཚོས་དོན་སྐྱོན་འཚོལ། ཡུལ་ལ་དགྲ་བྱུང་ན་རྔ་འབྱར་ཁྱི་ཡིན་ནའང་ཟུག་དགོས་པས་འཆུགས་མི་ཉན། ལྷག་པར་དུ་བསྟན་པའི་ནང་སྙིང་དོན་དམ་སྟོང་ཉིད་ཀྱི་སྐོར་ནས་གླེང་དང། ཁྱེད་ཚོས་ཕྱོགས་འདི་ནས་ཤོར་ན་ཤོར་བ་ཡིན། ང་རང་ཕྱོགས་འདི་ནས་སྐ་རགས་མི་བོར་བ་ཕོ་བ་ལ་ཡིད་ཆེས་ཡོད། ལོ་རྟོགས་སྙིང་སྟོབས་བརྒྱ་ཆ་ལྔ་བཅུ་ཡན་ཆོད་ཚར་གཅོད་ཐུབ་མཁན་ཞིག་བྱུང་ཚེ། ངས་མི་ལོ་སུམ་ཅུ་ཾཁ་ལྷག་གི་རིང་ལ་རྩམ་པ་ཚོད་མེད་ཅིག་ཟོས་པ་དེ་ཡོངས་རྫོགས་འཕྲོག་བརླག་ཏུ་སོང་བའི་གསལ་བསྒྲགས་སྤེལ་ངེས་ཡིན། ༽ཅེས་གསུངས་འདུག
ཚ་བ་མདའ་སྨྱུག་ལགས་ཀྱིས།
ལྷག་བསམ་རྣམ་དག་གི་སྒོ་ནས་ཆོས་ལ་དད་པ་གནང་མཁན་ཚོར་ངས་མཐའ་གཅིག་ཏུ་ཡི་རང་ དང་བརྩི་བཀུར་ཞུ་བ་ལས་འཕྱ་སྨོད་དང་ཁྲེལ་དགོད་བྱེད་ཀྱིན་མེད་ལ། ཁོང་རྣམ་པའི་ལྷད་མེད་དྭངས་གཙང་གི་ཐུགས་སེམས་དེར་ངས་ཕོག་ཐུག་རྩ་བ་ནས་གཏོང་ འདོད་མེད། དེ་བས་ཆོས་ལུགས་དཀྱིལ་ཡངས་ཀྱི་བསམ་བློ་མངའ་བའི་ཆོས་ལྡན་རྒྱ་ཆེའི་སེར་སྐྱ་ མང་ཚོགས་ཡོངས་ལ་ངས་བྲིས་པའི་ལོག་རྩོམ་འདིས་ཐུགས་སུན་བཟོས་ཚད་ཐམས་ཅད་ལ་ནོངས་ འགྱོད་ཆེན་པོས་སྙིང་ཐག་པ་ནས་དགོངས་སེལ་ཞུ་བ་ཡིན།
ངས་ད་རེས་མི་འདོད་བཞིན་དུ་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་ནང་ཡོད་ཚད་འདི་ལྟར་རྩ་ སློག་ཏུ་གཏོང་དགོས་དོན་ནི། ཆོས་ལུགས་དེ་ཆོས་ལུགས་ཀྱི་ཚད་དུ་མི་འཇོག་པར་དངོས་ཡོད་ཀྱི་འཇིག་རྟེན་ཡོད་ཚད་ ཆོས་ལུགས་ཀྱི་ཁ་འོག་ལག་འོག་ཏུ་འདུ་དགོས་པར་འདོད་པའི་རང་རེའི་རྒྱུད་ཀྱི་ཐལ་ མཐའི་བསམ་བློ་འདི་ཡོ་བསྲང་བྱ་རྒྱུ་ཁ་ཚ་དགོས་གཏུག་ཡིན་པ་དང༌། རང་ཉིད་ཆོས་དད་ཆེ་མདོག་གིས་མི་གཞན་པའི་ཆོས་དད་ཀྱི་དབང་ཆ་བཙན་འཕྲོག་བྱེད་ མཁན་གྱི་ཆོས་ལུགས་སྒེར་གཅོད་ཀྱི་མི་སྣ་དེ་ཚོའི་མགོ་ལ་སྟ་རེ་ཞིག་མ་བཞུས་ན་ ཐབས་མེད་རེད་འདུག་པས་ཡིན།ཞེས་གསུངས་འདུག་གོ
ཚ་བའི་མདའ་སྨྱུག་ལགས་ཀྱིས།
སངས་རྒྱས་ཆོས་ལུགས་ལ་སྒེར་གཅོད་ཀྱི་རང་གཤིས་མེད་པ་བདེན་ན། སོ་སོའི་བསམ་ཚུལ་ཤོད་མཁན་གྱི་མི་རེ་གཉིས་རིག་མ་ཐག །ཆོས་པ་ཚོའི་ངོ་གདོང་དེ་ཇ་མཛོ་བཅོ་བརྒྱད་ཆུ་ལ་ཤོར་སོང་བ་ལྟར་ཅི་ལ་ལོག་འགྲོ་ བ་རེད། མི་འཁྱག་ཁ་ནས་སྨྲས་ཀྱང་འཁྱག་འདར་ལུས་ལ་རྒྱུག །ཅེས་པ་ལྟར་ང་ཚོའི་བསམ་བློ་གུ་ཡངས་ལོས་དེ་ང་ཚོ་རང་གི་ངོ་གདོང་འདིས་གསལ་བཤད་ བྱེད་ཀྱིན་མི་འདུག་གམ།
ཉེ་ཆར་ཞོགས་དུང་སོགས་ཀྱིས་ཀྱང་སངས་རྒྱས་ཆོས་ལུགས་ལ་བརྟེན་ནས་འཇིག་རྟེན་འཚོ་ བའི་གནད་དོན་ཐག་གཅོད་མི་ཐུབ་པར་བཤད་པ་ཙམ་ལས། ཆོས་ལུགས་རང་ངོས་ཀྱི་རིན་ཐང་ངོ་མ་སྟེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གང་ལ་ ཡང་སྡུག་ནད་མི་ཁྱག་པའི་དགག་པ་ཚབས་ཆེན་ཞིག་བརྒྱབ་མི་འདུག་མོད།
གནམ་འོག་འདིར་ང་མིན་ན་སུ་ཡིན་སྙམ་པའི་རང་མཐོང་ཅན་གྱི་རང་རེའི་མཁས་པ་དེ་ཚོས། སངས་རྒྱས་ཆོས་ལུགས་མེད་ན་འཛམ་གླིང་འདི་ཚར་འགྲོ་ཚུལ་དང༌། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་མ་འདུས་པའི་ཤེས་བྱ་སྣ་གཅིག་མེད་ཚུལ་དང༌། ལྟ་ཚུལ་གསར་པ་དེ་རིགས་ལ་ར་མ་ཞིག་གི་རིན་བབ་ཀྱང་མེད་ཚུལ་སོགས་འར་འཇུན་དང་ རྫིག་གཏམ་ཁོ་ནས་ཞོགས་དུང་སོགས་ས་འོག་གི་འཇིག་རྟེན་དུ་བརྫངས་འགྲོ་ལ་ཁད་བྱེད་ ཀྱིན་འདུག །ཆོས་པ་དེ་ཚོས་རླབས་རྒྱག་རྒྱུ་མང་དྲགས་པའི་དབང་གིས། ཞོགས་དུང་སོགས་ཀྱིས་ཀྱང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན་སངས་རྒྱས་ཆོས་ ལུགས་འདིར་ལྗིད་གོག་རབ་གཅིག་ཡོད་རྒྱུ་རེད་སྙམ་ནས་ཞེད་སྣང་ལངས་བཞིན་ཡོད་པ་ འདྲ། དོན་དངོས་སུ་རིགས་པའི་ལམ་ནས་བརྟག་ན་ཡང་སངས་རྒྱས་ཆོས་ལུགས་འདི་ཆོས་པ་ཚོས་ བཤད་པ་ནང་བཞིན་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་རྩ་བ་ནས་མ་རེད།་་་་་ཅེས་གསུངས་འདུག
ཚ་བ་མདའ་སྨྱུག་གིས།
༼དེ་བཞིན་མར་པས་མི་ལར་མཁར་ཟླ་གམ་ཟླུམ་པོ་གྲུ་བཞི་བརྩིག་ཏུ་བཅུག་པ་སོགས་ཡི་ཆད་ཆེན་པོ་བརྒྱད་དང་སྣང་ཆུང་གྲངས་མེད་པའི་སྒོ་ནས་ཚར་བཅད་པ་དེའང་བལྟས་ཚོད་ལ་མར་པས་རྒྱུ་འབྲས་མེད་པའི་བྱ་ངན་ཤ་སྟག་སྤེལ་བ་དང། མི་ལས་དོན་དག་མེད་ས་ནས་དཀའ་སྡུག་གྲངས་མེད་ཅིག་མྱངས་སོང་བ་ལྟ་བུར་སྣང་མོད་གསང་སྔགས་ལུགས་ལ་དེ་ལྟར་མིན་པར་བྱ་གཞག་རླབས་པོ་ཆེ་ཞིག་གི་གཞི་ཐིངས་སོང་བ་རེད། ད་དུང་གྲུབ་ཆེན་ག་གེ་མོས་གླུ་ཞིག་བླངས་པས་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་ཀྱི་སྐྱེ་བོ་ཐམས་ཅད་གྲུབ་པ་ཐོབ་ཅེས་དང། རྟོགས་ལྡན་ག་གེ་མོས་གར་ཞིག་འཁྲབ་པས་བྱ་དང་རི་དྭགས་ཡོད་ཚད་འཇའ་ལུས་སུ་དེངས་ཞེས་དང། ཁ་ཆང་སྣོད་ལ་གཏུག་མ་ཐག་མཆོག་གི་དངོས་གྲུབ་བརྙེས་ཞེས་དང། ཉལ་པོ་བྱེད་བཞིན་མཁའ་སྤྱོད་དུ་འཕུར་སོང། ཞེས་ངོ་མཚར་རབ་ཏུ་ཆེ་བའི་རྣམ་ཐར་མང་པོ་མཇལ་རྒྱུ་ཡོད། ༽ ཅེས་བཤད་འདུག
ཤིང་བཟོ་དང་མགར་བ། ཤན་པ་གསུམ་པོ་ནི་བོད་ཀྱི་ཆོས་ལུགས་པའི་དོར་བྱ་གཙོ་བོའི་རིགས་གསུམ་རེད། དགེ་སློང་གི་སྡོམ་པ་ལེན་སྐབས་ཀྱང་ཤིང་བཟོའི་བུ་དང་མགར་བའི་བུ་མིན་ཞེས་འབོད་དགོས་པ་རེད། ལྷག་པ་ཏུ་མགར་བའི་རིགས་རྒྱུད་ལ་ཆང་ས་རྒྱབ་མཁན་དཀོན་པ་དང་། ཁ་ཕོར་མི་སྤྲོད་པ་དང་། སྤྱི་ཚོགས་ནང་དུ་མཐོང་ཆུང་དང་ཁྱད་གསོད་ཧང་ཅང་ཆེན་པོ་བྱས་པ་རེད།
ལག་ཤེས་ཡོད་པའི་མི་ལ་མཐོང་ཆུང་དང་དམའ་འབེབས་བྱས་ནས་རྒྱལ་ཁབ་གཞན་དག་ཚོས་ལྕགས་གནམ་ལ་འཕུར་བའི་དུས་ཚོད་བསླེབས་དུས་བོད་མི་རིགས་ཀྱིས་རྐང་འཁོར་ཙམ་ཡང་བཟོ་མ་ཤེས། སྔར་ཡང་མི་ཤེས་ལ་དེང་སང་གྲལ་སྒྲིག་མེད། གནད་དོན་འདི་དག་ལ་བརྟེན་ནས་འཛམ་གླིང་གི་མི་གྲལ་ནས་ཀླ་ཀློ་དུར་འགྲོའི་གྲལ་དུ་ལྷུང་འགྲོ་གི་ཡོད། ཐུགས་བསམ་ཞིག་བཞེས་དང་། བོད་མི་རིགས་ཀྱིས་ག་རེ་འཇོན་གི་རེད་དམ། བོད་ཀྱི་སྐད་ཡིག་ནང་དུ་རིག་གནས་ག་རེ་ཡོད་དམ། མིག་བཙུམ་ནས་སྟོང་ཉིད་སྒོམ་གྱི་ཡོན་ཏན་ཞིག་མ་གཏོགས་བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་འདི་ལ་ཕན་ཐོགས་པའི་རིག་གནས་ག་རེ་ཡོད་དམ།།
བོད་མི་རིགས་འདི་ཡང་འཇིག་རྟེན་མི་ལུས་ལེན་ཚར་པས་འཇིག་རྟེན་འཁོར་བ་སྐྱོང་ཐུབ་པའི་རིག་གནས་མཁོ་བ་ལས་འཁོར་བ་རྩ་མེད་གཏོང་རྐྱེན་གྱི་རིག་གནས་གཅིག་པོ་འདི་ལ་ཤི་འཇུ་རོ་འཐམ་བྱས་ནས་བསྡད་ན་འཛམ་གླིང་གི་མི་གྲལ་དུ་སླེབས་པའི་དུས་ཤིག་ཡོང་མི་སྲིད་པ་རེད་འདོད་ཀྱི་ཡོད་དོ།།
བོད་ཀྱི་ཆོས་ལུགས་པ་དབང་ཤུགས་ཆེ་དྲག་ནས་ཡོད་ཚོད་ཐམས་ཅད་ཁོ་རང་ཚོས་ཁ་འོག་ལག་འོག་ཏུ་བསྡུས། ཡར་མར་བསམ་བློ་བཏང་མ་བཅུག བཏང་མཁན་རེ་གཉིས་རིག་མ་ཐག་འདྲེ་མཐོང་མཐོང་བྱས་ནས་མྱི་གྲལ་ཁྱི་གྲལ་དང་ལྷ་གྲལ་ནས་འདྲེ་གྲལ་དུ་གཡུགས་རྐྱང་བྱས། གནད་དོན་དག་གི་ཐོག་ཏུ་ཆོས་ལུགས་པས་བསམ་བློ་མ་གཏོང་བ་ཡིན་ན་མཐའ་མ་བོད་མི་རིགས་རྩ་མེད་འགྲོ་ངེས་རེད་འདོད།
ཅོ་རིས་བཤད་པའི་རིགས་བཟང་ངན་བཤད་པ་དེའི་མགར་བ་སྡུག་པོར་རྩི་མཁན་དེ་དབུས་གཙང་གི་མང་ཚོགས་རེད། སྔོན་དུས་སུ་ཁྱིམ་དུ་གྲི་བརྡར་སྲོལ་ཡང་མེད་ཟེར། སྨད་མདོ་ཁམས་ཀྱི་ཕྱོགས་ཕལ་མོར་ཆེར་མགར་བ་ཟེར་ནས་སྡུག་པོར་མི་བརྩི་བ་ངས་ཤེས། ཚང་མ་ནི་མི་ཤེས། ངའི་ཕ་ཡུལ་ལྟ་བུ་ཡིན་ན་ཤིང་བཟོ་ནི་རིགས་སྡུག་གྲས་ལ་འཇོག་མཁན་མེད།
དབུས་གཙང་ཆོས་ཀྱི་ཆོལ་ཁའི་ནང་དུ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེ་དྲག་ནས་ཡིན་གྱི་རེད་འདོད། བོད་མི་རིགས་ཀྱིས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་ཕྱོགས་ལ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ངན་པ་འཇོག་ཡོད་ཟེར་གྱི་ཡོད། བོད་པ་ཤཀྱའི་ཆོས་ལུགས་པ་ཆོས་པ་འཛམ་གླིང་ཐོག་ཏུ་མང་པོ་རེད། ནང་པ་གཞན་དག་དེ་ཚོ་གོ་ལག་ཆ་ག་འདྲ་བཟོས་མི་འདུག་གམ། ཚན་རིག་ཡར་རྒྱས་ག་ཚོད་མི་འདུག་གམ། ང་རང་ཚོ་ལ་གཟིགས་དང་།
བོད་པ་མིན་ནའང་ཤཀྱའི་ཆོས་ལུགས་པ་འཛམ་གླིང་ཐོག་ཏུ་མང་པོ་རེད།་བཅོས་རོགས་་་སྤོབས་པ་མཐའ་ཡས་ལགས།
ཁམས་ཆབ་མདོའི་ཕྱོགས་ལྟ་བུ་ཡིན་ན་ཤན་པའི་རིགས་དེ་ལོགས་སུ་འཇོག ཡིན་ན་ཡང་བཤས་བཤའ་བ་སོགས་ལ་ཡོང་ན་གླ་ཆ་ཡག་པོ་སྤྲོད། བཟང་ངན་གྱི་འབྲེལ་བ་གང་ཡང་མི་བྱེད་པར་ལོགས་སུ་འཇོག མདོ་ཁམས་ཀྱི་འབྲོག་སྡེ་ཕལ་མོ་ཆེས་རང་རང་གི་སྒོ་ཕྱུགས་བཤའ་དགོས་ན་རང་རང་གིས་གསོད་པ་མ་གཏོགས་ཤན་པ་ཟེར་ནས་ལོགས་སུ་མེད།
ཤིང་བཟོ་བ་ལ་མགར་བ་མི་ཟེར། མགར་བ་ཟེར་བ་ནི་གསེར་དངུལ་ཟངས་ལྕགས་ལས་སོགས་མགར་མཁན་ལ་ཟེར། ལྷ་བཟོ་བ་དང་ཤིང་བཟོ་བ་ཚེམས་བཟོ་བ་ལས་སོགས་ལ་མགར་བ་ཟེར་བ་དེ་རིང་མ་གཏོགས་གོ་མ་སོང། མགར་བ་ལ་གནའ་སྔ་མོའི་མི་རྣམས་ཀྱིས་སྡུག་པོར་བརྩི། མགར་བའི་རིགས་སྡུག་པོར་བརྩི་དགོས་པའི་རྒྱུ་མཚན་ནི་སྡིག་པ་ཆེན་པོ་རེད་ཟེར། དེ་ཡིན་པའི་རྒྱུ་མཚན་ནི་གྲི་དང་མདུང་དང་མེ་མདའ་སྟ་རེ་ལས་སོགས་བཟོས་པ་ལ་བརྟེན་ནས་ཕ་རོལ་གྱི་སེམས་ཅན་ལ་གནོད་ཅིང་འཚེ་བ
བ་འབྱུང་བའི་རྒྱུ་མཚན་གྱིས་རེད་ཅེས་ཤོད་སྲོལ་འདུག ཡིན་ནའང་ཁམས་དང་ཨ་མདོ་སོགས་སུ་དེ་ལྟར་བརྩི་སྲོལ་མེད་པ་འདྲ། དབུས་གཙང་ཆོས་ཀྱི་ཞིང་དང་སྟོད་མངའ་རིས་སོགས་སུ་འདི་ལྟར་བརྩི་སྲོལ་ཡོད་འདུག འདན་མ་་་་མདན་མ་ཟེར་བ་དེ་ལ་ཡི་གེ་འབྲི་ལུགས་མང་ཙམ་འདུག བོན་གྱི་དཔེ་སོགས་སུ་འདན་མ་ཞེས་བྲིས་པ་མང་ངོ།
བོད་སྟོད་ཕྱོགས་སུ་རང་གིས་རང་གི་སྒོ་ཕྱུགས་བཤས་སྲོལ་ཆེན་པོ་མེད། བཤན་པ་ཞེས་པར་སྡིག་གླ་ཆེན་པོ་སྤྲད་དེ་གླ་སྲོལ་འདུག བཤན་པ་དང་རྔོན་པ་དང་མགར་བ་དང་ཕྱི་བ་སོགས་གསོད་མཁན་སོགས་ལ་ཤིན་ཏུ་འཛེམས་སྲོལ་འདུག
དྲ་གྲོགས་བན་དེ་བ་ལགས། ལྷ་བཟོ་དང་ཚེམས་བཟོ་བ་ལ་འགར་བ་རེད་སུ་ལབ་འདུག མཆན་བུ་ཡག་བྱོས་ནང་ཀློག་་ཧཧཧ འདན་མ་ཞེས་པ་འདི་བོན་དཔེ་ནང་དུ་བྲིས་འདུག་ན་གསལ་བཤད་ཤིག་གནོངས་རོགས་བྱོས་དང་། གླིང་གི་མདན་མའི་མིང་བེད་སྤྱོད་ནས་བྲིས་འདུག་གམ། འོ་ན་གཞན་ཞིག་གོ་གྱི་འདུག
འོ་དྲ་གྲོགས་ཅོ་རི་ལགས་་་སྤོབས་མཐས་ཤིང་བཟོ་མགར་བ་ཡིན་པའི་བཟོ་ཞིག་བཤད་སོང་དེ་ལ་ཞུ་གི་ཡོད།
དཔེ་ཆ་གཅིག་པོ་ལ་འཐམ་མ་བསྡད་ཟེར་དུས་དཔེ་ཆ་མི་བལྟ་ཟེར་བ་མ་རེད་དོ།།
དམ་ཆོས་འདུལ་བ་ལས་མགར་བ་དང་ཤན་པ་ཞེས་གསུངས་ཡོད་ཐག་བཅོད། བར་ཆད་དེ་ལ་སྡོམ་པ་སྐྱེ་བའི་བར་ཆད། གནས་པའི་བར་ཆད། མཛེས་པའི་བར་ཆད་བཅས་ཡོད་པ་ལས་དེ་དག་སྡོམ་པ་གནས་པའི་བར་ཆད་རེད།
སྡོམ་པ་ཟེར་དུས་སྲོག་མ་གཅོད་པ་སོགས་རེད། མགར་བ་དང་ཤན་པའི་རིགས་ཡིན་ན་སྲོག་གཅོད་པ་ལ་ཐག་ཉེ་བ་ཡིན་ཙང་སྡོམ་པ་ཡུན་རིང་གནས་པར་བར་ཆད་ཡོང་ཉན་ཡོད། གང་ཡིན་ཟེར་ན་ཇི་སྲིད་འཚོ་བའི་སྡོམ་པ་རེད། ཉིན་བཞག་གི་སྡོམ་པ་ལ་བར་ཆད་དེ་འདྲ་འདྲི་བ་རྩ་བ་ནས་མེད། དེས་ཤེས་ཐུབ། སྟོན་པས་གང་གསུངས་པ་ལ་དགག་བྱ་དགོས་པ་རེད་འདུག་དེ་ཚོ་ཤེས་ན་བསམ་བློ་བཏང་ཡ་ཕན་ཐོགས་འདུག
འོན་ཀྱང་རིགས་བཟང་ངན་དེ་སངས་རྒྱས་ཆོས་ལུགས་ལ་མེད། ཤན་པ་སོགས་རིགས་ངན་དུ་རྩིས་པ་རྒྱ་གར་ནང་ཤུགས་ཆེན་པོ་ཡིན་པ་དེ་བོད་ལ་གཤན་ཞུགས་པ་རེད་སྙམ། སངས་རྒྱས་ཀྱི་རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་གསུངས་པ་རེད། བསམ་ཚུལ་ཡིན།
ཅོ་རི་ཁྱོ་འཆུག་འདུག། དེང་རབས་ཀྱི་སྤྱི་ཚོགས་ལ་ཐེ་ཐུབ་པ་ཞིག་དགོས་ན། ཁྱོད་དང་ང་དང་ཁོ་དང་ཁོ་མོ་ཚང་མས་སོ་སོའི་ས་ནས་འདི་འདི་རེད། དེ་དེ་རེད། འདི་བཟོ་སྟངས་འདི་རེད། དེ་སྒྲིག་སྟངས་དེ་རེད། དེ་དགོས་ན་འདི་སྦྱང་དགོས་ནི་རེད། འདི་མེད་ན་མེད་པའི་ཞན་ཆ་དང་། དེ་ཡོད་ན་ཡོད་པའི་དགེ་མཚན་སྤོངས་དགོ་བ་རེད་མ་གཏོགས། ཆོས་ལུགས་དང་ཆོས་བ་ལ་གྱོད་བྲུས་ནས་ག་རེ་ཡོང་རྒྱུ་ཡོད་པ་རེད།
བོད་ལ་གནའ་སྔ་མོའི་གཏམ་དཔེ་ཞིག་ཡོད། ཁྱོས་ང་དེ་དྲན་དུ་བཅུག་ཏུ་བཅུག་སོང་། དེ་འདི་འདྲ་ཞིག་རེད། རུལ་མ་ཅིག་གིས་མནར་མནར་ལ་ཡོད། སྐྱག་ཤོར་ཅིག་གིས་བརྡལ་བརྡལ་ལ་ཡོད་ཟེར། ངོ་མ་བདེན་པ་འདྲ་ཞིག་མི་འདུག་གམ།
ཁྱོས་མགོ་བོ་དེབ་ལས་བཀྱགས་ནས་གཡས་ལ་ལྟོས་དང་། གཡོན་ལ་ལྟོས་དང་། གོ་ལ་ཧྲིལ་བོ་འདིའི་ཁ་ལོ་བ་སུ་ཚོ་རེད། འདི་ཚོའི་རྒྱལ་ཁབ་ན་ཆོས་ལུགས་མེད་ནི་ཨེ་རེད། ཡོད་ན་(གོ་རན) (བྷ་བྷེལ) བཀའ་བསྟན་སོགས་ཆོས་ལུགས་གང་ཞིག་ན་དེང་དུས་དང་རན་པའི་ཆོས་ཞིག་གསུངས་འདུག།
ངས་ཁྱོད་ལ་གཅིག་བཤད། གོ་རན་དང་བྷ་བྷེལ་ལ་སྒོ་གསུམ་དུ་དད་མཁན་ཚོས་ཁོང་ཚོའི་ཆོས་གཞུང་ན་དེང་དུས་དང་མཐུན་པ་ཞིག་གསུངས་མི་འདུག་ཟེར་ནས་ངུ་ཟུག་རྒྱག་གི་མི་འདུག་པར། ང་དང་ངའི་ཆེད་དུ་ངས་འདི་འདྲ་ཞིག་བྱས་ན་འདོད་པས་ང་ལ་དཔོང་གྲོགས་མཛོད་ཟེར་ནས་མདུན་སྐྱོད་བྱེད་བཞིན་འདུག། དེ་ན་བཀའ་བསྟན་ན་གསུངས་མི་འདུག། བླ་གྲྭ་ཚོས་གསར་གཏོད་གནང་གི་མི་འདུག་ཟེར་ནས་ངུ་ལ་ལས། དེ་དག་ཁྱོའི་དཔོང་གྲོགས་དུ་བསུ་བཞིན་བསུ་བཞིན། སྔར་འཇིག་རྟེན་ཧྲིལ་བོ་ན་མེད་པའི་ཤེས་རིགས་ལག་རྩལ་གསར་བ་ཞིག་གི་སྦྱིན་བདག་བྱེད་ཨ་ཐུབ་ལྟོས་ན་མི་བཟང་ངམ། དེ་མིན། འཇིག་རྟེན་འདི་ན་བྱུང་ཕྱིན་པ་ཞིག་བོད་མིས་བཟོ་མི་ཐུབ་ལ་དོག་དགོས་པ་མ་རེད བོད་པས་སྔར་ས་དུས་སུ་ས་རྫ། ཤིང་དུས་སུ་ཤིང་སྐྱགས། རྡོ་དུས་སུ་རྡོ་གཏུན། ཁྲོ་དུས་སུ་ཁྲོ་ཟངས། གསར་དུས་སུ་གསར་སྐུ། ལྕགས་དུས་ལྕགས་མདོང་། འགྱིག་དུས་འདི་ལ་འགྱིག་ཐོ་འགའ་བཟོ་མི་ཐུབ་པའི་སྐྲོག་སྣང་སྐྱེས་དགོས་ཡོད་པ་མ་རེད་འདོད།
དེ་ནས་དྲི་བ་ཞིག་ཡང་ཡོད། ཁྱོས་བོད་ལ་མ་འདང་མ་ཁེབས་པའི་ཆེད་དུ་བྱ་བ་བྱས་རྗེས་ཅི་ཞིག་འཇོག་ན་འདོད་པའི་འབད་འབུངས་བྱེད་བཞིན་ཡོད།
ལྷ་སྒྲུང་བཤད་པ། ཆོས་ལ་དགག་པ། ཆབ་སྲིད་བཤད་ཁུལ་གྱིས་དོན་འབྲས་ཆེན་པོ་མེད་པར་ལུས་རྒྱུ་ཡིན་པའི་སྣང་ཤར་རོ། རིག་ཡག་ཅོ་རི་དང་སྤོབས་པ་སོགས་ང་ཡིན་ཚོ་ལ་གུས་བས་ཕུལ།
རྒྱ་གར་པ་རྣམས་རིགས་ལ་གཙུགས་ཆེ་བ་ཡིན་སྟབས་གླེང་ངན་པ་མི་ཡོང་བའི་ཆེད་དུ་ཁྱོད་མགར་བུ་མ་ཡིན་ནམ་ཞེས་དྲི་བ་རེད།
ཆོས་དུག་དུ་བསམ་མཁན་ཚོ། མང་པོ་བཤད་མི་འདོད། མིག་མཐོང་ལག་ཟིན་གཅིག་བཤད་ན། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཁག་ལ་ཞུགས་པའི་ང་ཚོའི་སྤུན་ཟླ་ཚོས། ཕྱི་ལོ་བརྒྱད་བཅུ་ཡས་མས་ནས་འཕྲུ་གུ་གྲྭ་བཙུན་བཟོས་རྒྱུའི་བར་མཚམས་བཅད་ནས་ལོ་རབས་ཉི་ཤུ་ལྷག་ཕྱིན་ཐལ། དུས་ཚོད་དེ་ནང་བཟོ་ལས་པ་དང་། ཚོང་ལས་པ། མཁས་ལས་པ་དང་ཆེད་ལས་པ་ཇི་ཙམ་ཞིག་འཐོན་འདུག ཕྱུག་བདག་པ་ཅི་ཙམ་འདུག ཁོ་རང་ཚོས་ཆོས་ཀྱིས་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་གཟིགས་པ་ཡིན་རྒྱུ་རེད། ད་ཆ་ལག་ལེན་ག་པར་སླེབ་འདུག འགའ་རེ་ནི་བཙན་བྱོལ་དུ་འབྱོར་བ་ནས་ཆོས་དང་ཁ་བྲལ་བ་དེ་འདྲ་ཡང་ཡོད།
བཤད་འདོད་པ་ནི། ཆོས་གཅིག་པོ་ལ་ཁ་ཟེར་རྒྱུ་ཨེ་ཡོད། ད་དུང་ད་ལྟ་ད་ལྟ་འཚར་ལོངས་བྱུང་བཞིན་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་བོད་རིགས་ན་གཞོན་ཚོས། རང་གི་སྐད་ཡིག་ལ་དོ་སྣང་མེད་པ། ཕ་མར་གུས་ཞབས་མེད་པ། རང་མཐོང་དང་ང་རྒྱལ་ཇི་ཆེར་རེད། དེ་གང་འདྲ་རེད། ཁོང་ཚོ་ཆོས་དང་ཁ་བྲལ་ནས་ཡོད་ལ། ཆེད་ལས་པ་དང་ཕྱུག་བདག་བྱ་རྒྱུའི་གོ་སྐབས་ཆ་ཚང་ཐོབ་ནས་ཡོད། དེ་ཚོ་ཡང་ཆོས་ཀྱིས་ལན་པ་རེད་དམ།
མིག་བརྒྱད་པ། དེ་འདྲ་ཡིན་སྲིད། འོན་ཀྱང་དགོས་པ་གཙོ་ཕལ་གཉིས་མཉམ་དུ་གསུངས་ཐུབ་ན་ཡག་པོ་རེད། དེ་མིན་ཕྱོགས་ལྷུང་བ་ཆགས་པ་རེད། གཉིས་ནས་རྒྱུ་མཚན་ཡོད་ན་བཟང་། འདུལ་ཁྲིམས་དེ་བདག་ཅག་གི་སྟོན་པས་བཀའ་རེད། ཡིན་དུས་ཁོང་གི་ཁྲིམས་དེ་ཁོང་གི་དམིགས་ཡུལ་དང་འབྲེལ་ནས་ཡོད། འདི་ནི་ཞི་བ་དང་མྱང་འདས་རེད། དེ་ཚོ་ཕན་ཚུན་འབྲེལ་བ་དང་། འབྲེལ་བ་བྱུང་སྟངས་ལ་སློབ་སྦྱོང་གནང་ཐུབ་ན་གང་བཤད་པ་དོན་ལྡན་དུ་འགྲོ ༧གོང་ས་མཆོག་ནས། ཆོས་ཡག་མི་ཡག་བཤད་པ་ལ་སྔོན་ལ་ཆོས་ཀྱི་གནས་ཚུལ་ཤེས་པ་བྱས། མ་ཤེས་པ་ཞིག་གི་ཡག་མི་ཡག་ལབ་ཁག་པོ་ཡོད་གསུངས་མྱོང་བ་ཞིག་དྲན་གྱིས་འདུག
ཨོ་གནམ་རྒན་མ།
ངས་གཡས་ལ་བལྟས་གཡོན་ལ་བལྟས་དུས་འཛམ་གླིང་ཐོག་ཏུ་ཆོས་ལུགས་མེད་པའི་ཡུལ་ལུང་མཐོང་ཡ་མི་འདུག་ཀྱང་ཆོས་ལུགས་ཀྱིས་བཟི་ནས་མྱི་ངོ་རང་ངོ་མི་ཤེས་པ་ཆགས་བསྡད་ཡོད་མཁན་ནི་ཡར་རྒྱས་མེད་པའི་ཁ་ཆེ་བའི་ཡུལ་ལུང་རེ་འགའ་དང་། ནང་པའི་ཡུལ་ལུང་རྣམས་ཀྱི་ནང་ནས་བོད་དང་འབར་མ་གཉིས་རེད་འདུག་བསམས་ཀྱི་ཡོད།
ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་དུ་ཆོས་ལུགས་དེ་ཆོས་ལུགས་ཀྱི་ས་ལ་འཇོག་ནས་བཟའ་ཉི་མའི་ཉིན་མོར་རང་སེམས་གསོ་བའི་སྨོན་ལམ་འདེབས་ཡུལ་ཙམ་རེད་འདུག་མ་གཏོགས་སྲིད་འབྱོར་རིག་གསུམ་ཆོས་ལུགས་པའི་ཁ་འོག་ལག་འོག་ཏུ་ལྷུང་མི་འདུག བོད་ཀྱི་ཆོས་ལུགས་འདི་ཡང་དེ་འདྲ་ཞིག་བྱེད་ནས་བཞག་ན་བསམས་ཀྱི་འདུག
༡་་་བོད་མི་རིགས་ཀྱི་ཆེད་དུ་མ་འདངས་ས་དང་བྱུང་ས་ངོས་འཛིན་ནས་འབད་འབུང་བྱེད་དགོས་ས་རྣམས་སྤྱི་ཚོགས་ནང་དུ་བསྒྲགས་གང་ཐུབ་བྱེད་བཞིན་ཡོད།
༢་་་བོད་མི་རིགས་ལ་མ་འདངས་བའི་གནད་དོན་མང་པོ་རེད། གཙོ་བོ་དེང་རབས་གསར་པའི་ཁྱད་ལས་རིག་གནས་ཀྱི་འདངས་ཀྱི་མེད།
༣་་་ཁྱད་ལས་རིག་གནས་མེད་པའི་ང་དང་ཁོ། ཁོ་དང་ཁོ་མོ་སོགས་ཡོད་རེད། ནུབ་ཕྱོགས་སུད་སི་ལྟ་བུ་ལ་ཆ་མཚོན་ན་ཁྱད་ལས་སློབ་སྦྱོང་མེད་པའི་མི་བརྒྱ་ཆའི་བཅུ་ཙམ་ཡིན་གྱི་རེད། བརྒྱ་ཆ་དགུ་བཅུ་ཐམ་པ་ཁྱད་ལས་པ་ཤ་དག་རེད།
༤་་་ང་ཚོ་ཚང་མས་ཁྱད་རེ་སློབ་སྦྱོང་བྱེད་དགོས་དུས་བོད་ཀྱི་མི་འབོར་བོད་ལ་ཡོད། བོད་སྐད་བརྒྱབ་མཁན་རེད། བོད་ཡིག་འདོན་མཁན་རེད། བོད་སྐད་བོད་ཡིག་ཁོ་ན་མ་གཏོགས་མི་ཤེས་པའི་བོད་མི་རྣམས་ལ་ཁྱད་ལས་སློབ་སྦྱོང་བོད་ཀྱི་སྐད་ཡིག་ཐོག་ནས་མ་གཏོགས་སྤྲོད་མི་ཐུབ། དེ་བརྟེན་བོད་ཀྱི་སྐད་ཡིག་ནང་དུ་ཁྱད་ལས་རིག་གནས་ནང་འདྲེན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
༥་་་དེང་རབས་གསར་པའི་ཁྱད་ལས་བོད་ཡིག་ནང་དུ་ནང་འདྲེན་བྱེད་པ་ལ་བོད་ཡིག་གི་ཐ་སྙད་ཀྱི་འདངས་གི་མེད། དཔེར་ན། ངས་ནུབ་ཕྱོགས་མ་བྱན་ཁྱད་ལས་སློབ་སྦྱོང་བྱས་མྱངས་ཡོད་ལ་ངའི་མ་བྱན་ལག་འདི་ལ་ཡོང་རོབ་རྒྱལ་ཁབ་ཅོ་བརྒྱད་ཀྱིས་ངོས་ལེན་ཡོད། ངས་རང་གིས་ཤེས་པའི་མ་བྱན་ཁྱད་ལས་བོད་ཡིག་ནང་དུ་སྒྱུར་པ་ལ་བོད་ཡིག་གི་ཐོག་ནས་ཐ་སྙད་ཀྱིས་མི་འདངས། དག་ཡིག་གསར་བསྒྲིགས་དང་རྒྱ་བོད་ཀྱི་ཚིག་མཛོད་ཆེན་རྣམས་ཀྱི་ནང་དུའང་མེད།
༦་་་དེ་བརྟེན་༢༠༠༩ལོ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ལ་ཐ་སྙད་གསར་པའི་ཚིག་མཛོད་རྩ་བ་བརྟེན་ས་ཤིག་དང་བོད་སྤྱི་ལ་ཁྱབ་པའི་ཁུངས་གཏུགས་ས་ཤིག་བཟོ་དགོས་པའི་རེ་འདུན་བྱས་པ་ཡིན། ཟམ་གདོང་བླ་མའི་སྐབས་སུ་ཚིག་མཛོད་བཟོ་ཡི་ཡོད་མདོག་མདོག་བྱས་ཀྱང་ད་ལྟའི་བར་དུ་ཐ་སྙད་གསར་པའི་ཚིག་མཛོད་ཐོན་མེད།
༧་་་བོད་མི་རིགས་རང་ཉིད་རང་རྐང་སྟེང་དུ་ལང་དགོས་དུས་ཐེངས་དང་པོར་རང་གི་སྐད་ཡིག་ནང་དུ་ཕུན་སུམ་ཚོགས་པའི་རིག་གནས་ཡོད་དགོས། ཚན་རིག་གྱི་ལག་རྩལ་རྣམས་བོད་ཡིག་ནང་དུ་ངེས་པ་ཏུ་སྒྱུར་དགོས། དེ་ལྟར་མ་བྱུང་ན་མི་རབས་གསར་པ་སྐད་ཡིག་གཞན་དག་གི་ནང་དུ་མ་ཕྱིན་རང་ཕྱིན་རེད། དེང་རབས་གསར་པའི་རིག་གནས་ཀྱི་རྗེས་སུ་ཤོར་འགྲོ་གི་རེད། བོད་ཡིག་དགོན་སྡེ་ལྷ་ཁང་དུ་རྒད་ནས་ཤི་འགྲོ་གི་རེད་དོ།།
༨་་་བོད་མི་རིགས་ཀྱི་ནང་དུ་བོད་སྐད་མི་ཤེས་པའི་མི་འབོར་མང་རེ་ཕྱིན་ནས་བོད་སྐད་ཤེས་མཁན་ལས་མི་ཤེས་མཁན་མང་བའི་དུས་ཚོད་སླེབས་དུས་བོད་མི་རིགས་ལ་རང་དབང་རང་བཙན་གྱི་རེ་རྫོགས་པ་ཡིན། བོད་འདི་རང་བཙན་ཡོད་པའི་རྒྱལ་ཁབ་ཡིན་ན་བོད་ཡིག་གལ་ཆེན་དེ་ཙམ་མིན། བོད་མི་རིགས་ཀྱི་ངོ་བོ་ལོགས་སུ་སྟོན་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དཔེར་ན་་་རྒྱ་གར་ལྟ་བུ་རེད།
༩་་་ངས་ཉིན་མཚན་མེད་པ་དྲ་ཐོག་ཏུ་འབྲི་གི་ཡོད། རང་གི་རྒྱལ་ཁབ་དང་རང་གི་མི་རིགས་ཀྱི་ཆེད་དུ་ཡིན། ལྷ་ཕོག་ཀླུ་ཕོག་བཏང་གི་ཡོད། དེ་ཡང་བོད་མི་རིགས་ཀྱི་ཆེད་དུ་ཡིན། ང་ལ་ཆ་རྐྱེན་ཏོག་ཙམ་འདུག བོད་ཡིག་ཏོག་ཙམ་ཤེས་ཀྱི་ཡོད། ཀམ་པུང་དྲ་ཞིག་ཀྱང་ཡོད། དྲ་ལམ་ཡོད། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་ལ་རྒྱུས་ཡོད་ཡིན། ཆ་རྐྱེན་འདི་དག་ཚང་བའི་རྒྱུ་མཚན་གྱིས་བོད་མི་རིགས་ཀྱི་ཆེད་དུ་གང་ཐུབ་ཐུབ་མ་བྲིས་ན་རྒྱུ་འབྲས་ལ་མི་རུང་བསམས་ནས་འབྲི་གི་ཡོད།
༡༠་་་ཁྱེད་དང་ང་ཚོ་དྲ་ཐོག་གི་དྲ་གྲོགས་ཚོ་ཆ་རྐྱེན་བཟང་པོ་རེ་ཚང་བསྡད་ཡོད་རེད། བོད་མི་ས་ཡ་དྲུག་གི་ནང་ནས་མི་མང་པོ་ལ་ཆ་རྐྱེན་ཡོད་མ་རེད། སེམས་ཀྱིས་བསམས་ནའང་འབྲི་ཐུབ་ཀྱི་མ་རེད། དེ་བརྟེན་ང་རང་ཚོས་གོ་སྐབས་འདི་ཟིན་ནས་ཤུགས་རྒྱབ་དགོས་པར་འདོད། ལོ་ནས་ལོ་མཐུད་་་ཟླ་བ་ནས་ཟླ་བ་མཐུད་ནས་འབྲི་དགོས་པར་གལ་ཆེན་ཡིན་པ་ལ་ངོས་འཛིན་བྱེད་བཞིན་ཡོད་ལགས།།
བློ་བཟང་ལགས། དེ་འདྲ་ང་རྒྱལ་མ་བྱས། ཆོས་དུག་ཡིན་མིན་མི་སོ་སོར་ལ་རག་ལུས་པ་རེད། དཔེར་ན། ཁ་ལག་ཡིན་ནའང་ཟ་མང་དྲག་ན་དུག་རེད། ཚོད་དང་ལྡན་པ་ཞིག་ཟས་ན་ལུས་ལ་ཕན། ཚད་ལས་བརྒལ་ན་ལུས་ལ་གནོད་ཀྱི་རེད། དེ་དང་གཅིག་པ་རེད་ཟེར་གྱི་ཡོད། ཆང་ཞིག་ཡིན་ནའང་འཛམ་གླིང་ཐོག་ཏུ་མི་བརྒྱ་ཆ་༧༠་དང་༨༠་ཡིས་འཐུང་གི་རེད། དེ་དག་གིས་ནང་ནས་ཚད་ལས་བརྒལ་བ་འཐུང་མཁན་ཚོ་ཆང་བཟི་རེད། ཆང་བརྒྱ་ཆ་༡༠་ཙམ་ཡིན་གྱི་རེད། འཇིག་རྟེན་ལ་གཏམ་དཔེར་ཞིག་ཡོད། ཟ་དགོད་འཐུང་དགོས་ཟ་ཉེས་འཐུང་རྫོད་བཟོ་མི་ཉན་ཟེར་བ་ལྟ་བུ་རེད།
ཁམས་ཕྱོགས་སུ་མགར་བ་སྡུག་ཅག་བརྩི་སྲོལ་ཡོད་རེད དཔེར་ན་སྔར་མི་དག་གིས་་་་་ཡ་མགར་སྤྲང་གསུམ་བཞིན་མ་བྱེད་ཟེར་སྲོལ་འདུག
མི་ཞིག་གིས་རང་གི་ལག་པ་མེ་ནང་དུ་འཚིགས་བཞིན་ད་དུང་ཚིག་གི་མི་མུག་མི་འདུག་ཅེས་མངོན་སུམ་ལ་བསྙོན་འདིང་པ་བཞིན། ཚ་སྨྱུག་སྨྱོན་པ་འདིས་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་དང་། ཕྱི་གླིང་པའི་རིག་གཞུང་གི་ཉེན་ཁ་ཡོད་ཚད་མིག་གིས་མཐོང་བཞིན་སྒྲོ་འདོག་དང་། བསྐུར་འདེབས་བྱེད་བཞིན་པ་རེད། དེ་ཕྱིར་སྨྱོན་པ་མིན་ན་ད་ཅི་རེད།
མི་ཞིག་གིས་རང་གི་ལག་པ་མེ་ནང་དུ་འཚིགས་བཞིན་ད་དུང་ཚིག་གི་མི་འདུག་ཅེས་མངོན་སུམ་ལ་བསྙོན་འདིང་པ་བཞིན། ཚ་སྨྱུག་སྨྱོན་པ་འདིས་བོད་ཀྱི་རིག་གཞུང་གི་ཁྱད་ཆོས་དང་། ཕྱི་གླིང་པའི་རིག་གཞུང་གི་ཉེན་ཁ་ཡོད་ཚད་མིག་གིས་མཐོང་བཞིན་སྒྲོ་འདོག་དང་། བསྐུར་འདེབས་བྱེད་བཞིན་པ་རེད། དེ་ཕྱིར་སྨྱོན་པ་མིན་ན་ད་ཅི་རེད།
བློ་བཟང་ལགས། ཆོས་འདུལ་བའི་དགོངས་དོན་གྲོང་བ་རྒན་རྒོན་གྱི་སྐད་ཆའི་ནང་དུ་ཁྱེར་འོངས་ན་རན་པོ་ཞིག་མཐོང་གི་མི་འདུག །ཆོས་དང་འཇིག་རྟེན་ཁ་ཁ་བྱས་ནས་བཤད་ན་ཉ་བདེ་ཆུ་བདེའོ། །ཞིང་པ་རྒན་རྒོན་རིག་གནས་ཤེས་པ་ཙམ་ཞིག་གིས་གཞུང་དོན་ཤེས་པས་མ་ཁྱབ་ལ། ཆོས་མིང་ཐན་ཐུན་ཤེས་པ་ལའང་ཆོས་ཤེས་མདོག་སྟོན་པ་དང་སངས་རྒྱས་ཀྱིས་མ་མཁྱེན་པ་ཞིག་དང་རྒྱན་དྲུག་མཆོག་གཞུང་ན་མེད་པའི་གནས་ལུགས་ཤིག་ངས་ཤེས་སོ་སྙམ་པའི་ང་རྒྱལ་དེ་རིགས་སྤང་བར་བྱ་བ་ཁོ་ནའོ།།
ད་ཡང་བོད་ལུགས་བཅོམ་ལྡན་ཆོས་ལུགས་ཀྱི་གྲྭ་བ་ཞུ་དུས་་་ཤིང་བཟོ་དང་མགར་བ་ཤན་པ་གསུམ་པོ་གང་རུང་མ་ལགས་སམ་་་་ཟེར་ནས་སྡོམ་པ་གནང་སྲོལ་ཡོད་ས་རེད། ང་རང་ནི་ཉི་མ་དེ་རིང་གི་བར་ང་ཚོ་བོད་ཡུལ་དུ་རིགས་ངན་དང་ཉམ་ཆུང་ལ་བརྙས་བཅོས་དང་མཐོང་ཆུང་མི་བྱེད་པའི་ཆོས་ལུགས་ཤིག་ཡོད་བསམ་ནས་སྤོབས་པ་འདྲ་ཞིག་འཁྱེར་ནས་བསྡད་ཡོད། ད་བྱས་དུས་ཡང་དེ་ཏག་ཏག་བསྡད་མ་སོང་། ཨ་ཁ་ཁ་ཁ་ཁ
འདི་གྲོང་པ་རྒན་རྒོན་སྐད་ཆ་བཤད་ས་ཡིན་མིན་ཧ་མི་དགོས་ཏེ། འདིར་འབྲེལ་བ་ཡོད་པས་བཤད་པ་ཡིན། ཚྭ་བ་མདའ་སྨྱུག་སྐོར་དེ་ཡང་ཆོས་ནས་བྱུང་བ་རེད། མགར་ཤན་གྱི་སྐད་ཆ་དེ་ཡང་ཆོས་དང་འབྲེལ་ནས་འདུག གསལ་བཤད་མ་བྱས་ན་མ་དག་རྒྱུན་འབྱམས་མི་ཡོང་ངམ་བསམ་པ་ཡིན།
རྒྱ་གར་ནང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཕལ་ཆེར་རིགས་དམའ་བོ་གྲལ་རེད། འདི་ད་ལྟའང་དེ་བཞིན་གནས་ཡོད། བཅོམ་ལྡན་འདས་རིགས་མཐོ་དམའ་ལ་འཇིགས་པ་མ་ཡིན་ལ། རིགས་དམའ་བ་ལ་གཉའ་གནོན་གནང་བ་ག་ནས་ཡིན། ཁོང་རྣམ་པར་མཐོང་ཆེན་སྤྲད་ཡོད། མཁྱེན་པར་མཛོད།
གྲོགས་པོ་ཚོ། དགོངས་དག་ཐུགས་བདེན་ཞུ་རྒྱུ་ཞིག་ལ། ཁྱེད་རྣམ་པས་གུས་པས་ང་རྒྱལ་རྣམ་པ་སྟོན་པའི་གཟིགས་ཕྱོགས་བྱུང་འདུག་པར་འགྱོད་བཤགས་ཞུ། སྤྱིར་སྟངས་དྲ་བ་འདི་ནང་ངོས་རང་བོད་ཡིག་སློབ་སྦྱོང་བྱས་མཁན་ཞིག་ཡིན། བོད་ཡིག་ཐོག་ཧ་ལས་པའི་ཞེན་ཆ་ཡོད་པ་དང་། བོད་ཡིག་དེ་ང་ཚོའི་མེད་མི་རུང་གི་ལས་འགན་ཡང་ཡིན་པར་མཐོང་ནས་ཡོད། ངས་གང་ཞུས་པ་དེ་ཚོ་བསམ་པ་རྣམ་དག་དང་ཕན་ཐོག་རང་ཡིན།
ཧ་ཧ། ཁ་རྒྱུན་ལ། སྨྱོན་པ་སྨྱོ་བ་མ་ཡིན་སྨྱོན་པའི་ཁ་ཡ་སྨྱོ་བ་ཡིན། བྱས་པ་རེད། ཚ་བ་མདའ་སྨྱུག་སྨྱོ་ཡོད་པ་མ་རེད་ལ་མདའ་སྨྱུག་གི་རྣམ་དཔྱོད་ཟུར་ཙམ་ཡང་མེད་པའི་ཨོ་ཉི་འདིས་རང་ལྟ་མཆོག་འཛིན་གྱིས་ཕྱོགས་ཞེན་ཁོ་ནའི་དུག་ཆུས་སྨྱོས་འདུག། དེ་མིན་ན་ཁྱོད་རང་གིས་བྲིས་པའི་རྩོམ་འཁྱོག་ལ་བལྟོས་དང་།
ཅོ་རི་ཉི་མ་ཟེར་བ་འདིས་བོད་ཡིག་ཡག་པོ་འབྲི་ཤེས་ཀྱི་མི་འདུག་ཤུགས་རྒྱོབས། འདིར་གསར་སྟོང་པ་དེ་ཚོར་གོ་སྐབས་ཆེན་པོ་མེད། ཧཧཧཧ
བོད་ཀྱི་རིགས་གཞུང་གི་ཞན་ཆ་རྣམས་སྟིང་ནས་སྤྲུག་སྤྲུག་བཏང་མཁན་མཁས་དཔལ་ཚ་བ་མདའ་སྨྱུག་ལགས་སུ་རྒྱུན་དུ་ཁ་རྩོད་སྣ་རྩོད་ཀྱིས་ངན་གོམས་སུ་ཡོད་པའི་ཨོ་རྒྱན་ཉི་མ་ཞེས་པའི་མིང་ཅན་དེས་ཁ་ངན་ཚིག་ངན་གྱིས་རྒོལ་བ་བྱས་ཁུལ་དེར་ཟུར་ཆན་པ་མང་པོ་ཕེབས་འདུག། ཧཧཧཧཧཧཧཧཧཧཧཧ།
ཅོ་རི་ཉི་མས་དགག་པ་མཐིལ་ཕྱིན་པ་གནང་འདུག་ཐུགས་རྗེ་ཆེ་ད་དུང་ཤུགས་རྒྱབ་གནང་རོགས། ཅོ་རི་ཉི་མས་ཁ་ལ་ཁ་དང་སྣ་ལ་སྣ་བྱས་ཏེ་མཛུབ་མདུང་བཙུགས་འདུག དགག་ཡིག་ཟེར་བ་དེ་འདྲ་རེད་འདུག
ཅོ་རི་ལགས། ང་ཁྱེད་ཀྱི་ཡིག་རྩ་དང་སེམས་ཤུགས་ལ་དགའ་བོ་ཡོད། ཡིན་ན་ཡང་། མེད་མུག་འདོན་ཚུལ་དང་། རང་ལ་ཡོད་པ་དེ་མེད་པར་རེ་ཚུལ་ལ་དགའ་བོ་མེད།
ཁྱོས་ཁ་ཟས་གཡོས་སྦྱོར་བའི་དཔང་ཡིག་ཚད་ལྡན་ཞིག་ལོན་ཡོད་པ་དེ་ལ་དགའ་གུས་ཞུ། ད་ཁྱེད་རང་གི་རིག་པའི་རྣམ་དཔྱོད་ཡོད་ཚད་ཀྱི་ལམ་ནས་ཟས་རིགས་ཟས་སྣའི་མྱིང་འདོགས་རྒྱས་འགྲེལ་ཅན་གྱི་ཟས་གཡོ་ལག་དེབ་ཆེན་པོ་ཞིག་མ་བྱུང་ན་ཡང་། ཆུང་ཆུང་ཞིག་ངེས་པར་དུ་འདོན་ཐུབ་པའི་རྒྱུ་ཆ་ནི་ཚང་འདུག་བསམ།
ཤེས་རིག་ལས་ཁུངས་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་རེ་བ་ཕར་བཅོལ་བ་ནི་ཀླན་པ་རེད། མྱི་དེ་ཚོས་བོད་ལ་ཡོད་བཞིན་པ་ཞིག་ལས་གཞན་ཅི་གང་མི་ཤེས། མཐའ་ན་རང་ལ་ཁ་ཟས་ཞིམ་པོ་བྲོ་ཆེན་ཞིག་ཡང་བཟོ་མི་ཤེས། ཁོང་ཚོ་ལས་ཁྱོད་ཟས་རིགས་ཀྱི་སྐོར་ནས་བརྒྱ་འགྱུར་ལྡབ་འགྱུར་གྱིས་ཤེས་ལྡན་ཡིན། དེའི་སྒང་ལ་ཁྱོད་ལ་བོད་ཡིག་ཤེས་བའི་དགེ་མཚན་ཡོད། ད་ནས་བཇུང་དེ། བོད་གངས་ཅན་པས་སྟོབས་བཅུད་ལྡན་པའི་རོ་བརྒྱ་འདྲ་མིན་ལ་ལོངས་སུ་སྤྱོད་དུ་འཇུག་མི་འཇུག་ཅོ་རི་ཁྱེད་ལ་ཐུག་ཡོད་པ་འདྲ། ངོ་ནས་ཡིན། མདོ་དབུས་ཁམས་གསུམ་ན་ཡོད་པའི་བོད་ནང་གི་མཁས་བ་མྱིང་ཅན་ལྔ་བཅུ་ཡས་མས་ཤིག་གིས་(གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་)ཟེར་ནི་ཞིག་གི་སྟེངས་ལ་དཀའ་ལས་ཧ་ལས་བ་བརྒྱབས་འདུག་ཡང་། དེ་དག་གི་སྐོར་ལ་ཁྱད་ལས་བ་མེད་པའི་མྱིང་འདོགས་ཀི་ཞན་ཆ་གནམ་སར་མི་ཤོང་བ་དེ་འདྲ་ཕུད་འདུག་པ་ནས་ང་ཚོ་ལ་གསལ་སྟོན་བྱས་ཡོད།
ཆོས་བསྒྱུར་ན་ཆོས་བ་ཚོ་ཡག་པ་ལས་ཆོས་མི་ཤེས་མཁན་ཞིག་གིས་མི་ཡོང་།
སྨན་བསྒྱུར་ན་སྨན་པ་ཚོ་ཡག་པ་ལས་ལོ་རྒྱུས་བ་ཞིག་གིས་མི་ཡོང་།
རིག་གནས་ག་འདྲ་ཞིག་ནང་འདྲེན་དང་མྱིང་འདོགས་བྱེད་ན་བོད་ཡིག་ཡག་པོ་ཞིག་ཤེས་བའི་ཁར་ས་ོསོ་དེའི་ཁྱད་ལས་བ་ཞིག་ཡིན་དགོས། དེ་མིན་རེ་བ་ལུག་ལ་རྒྱབ་ནས་འབྲས་བུ་རྟ་ཞིག་ལེན་གི་ཡིན་ཟེར་ན་རང་གཞན་ཚང་མས་རང་ངོ་མ་ཟིན་པའི་ན་ཚ་རེད་དོ།
ཁམས་བཟང་། ཁ་རྒྱགས་དྲག་སོང་ན་དགོངས་དག།
དེ་མིན་དེང་སང་ཕྱི་ཕྱོགས་ན་བོད་རིགས་ཁྱད་མཁས་བ་དེ་འདྲ་མང་ཚོད་རེད་དེ། བོད་ཡིག་གི་མ་རྐང་ཡག་པོ་མེད་དུས་རིག་གནས་ནང་འདྲེན་བྱེད་ཚུལ་མེད་པར་ཤི་འགྲོ་བཞིན་ཡོད་པ་འདྲ། རང་དེ་དང་མི་འདྲ། ཅོ་རིའི་ཁ་ཤུགས་དོན་ལ་གནས་ན། ཟས་རིགས་ཀྱི་སྐོར་ཡིན་ཐལ།
ཚ་སྒང་བའི་ཁྱད་ཆོས་བཅུ་་ཧཧཧ