དུས་ཀྱི་ངུར་སྨྲིག་ལ་ཞེ་རྩིས་ཟབ་མཁན་རྒྱ་ཆེའི་སྙུག་འཛིན་པ་ཚོར་ཞུ་རྒྱུ།
ངེད་གྲྭ་རྐྱང་གཉིས་ཀྱིས། དུས་དེབ་དུས་ཀྱི་ངུར་སྨྲིག་འདོན་ཐེངས་གསུམ་པ་མི་རིང་བར་འདོན་འཆར་ལགས་ན། ཁྱེད་རྣམ་པས་སྔར་བཞིན་གཤམ་གྱི་ཆ་རྐྱེན་གཉིས་ཚང་བའི་ཐོག་ནས་རྩོམ་རེ་བསྐུར་འོང་རོགས། དུས་དེབ་དུས་ཀྱི་ངུར་སྨྲིག་ནང་འགོད་འོས་ཀྱི་རྩོམ་ཡིག་གི་ཆ་རྐྱེན་གཉིས་ནི།
གཅིག རྩོམ་ལུས་ཚིག་ལྷུག་གང་ཞིག་ལ་འབོལ་རྩོམ་དང་དཔྱད་རྩོམ་མམ། ཡང་ན་བསམ་ཚུལ་དང་དྲི་བ་དྲི་ལན་གྱི་རིགས་སུ་ངེས་དགོས།
གཉིས། ནང་དོན་ནམ་བརྗོད་གཞི་གྲྭ་པའི་སྐོར་གྱི་བྱེ་བྲག་གང་ཞིག་ཡིན་པར་ངེས་དགོས་ལ། དེ་ཡང་དགོས་མེད་དགག་བྱ་ཅན་མ་ཡིན་པའི་གྲྭ་པའི་ལོ་རྒྱུས་དང་གསར་བརྗེ། འཚོ་བ། རིག་གནས། བྱེད་སྒོ། ཕན་གནོད་སོགས་ཅི་ཞིག་ཁ་ཕྱོགས་སུ་བཟུང་ནས་ཉིད་ཀྱིས་བྲིས་ཀྱང་ཆོག
སྐུ་དྲིན་ཆེ། ལོ་འདིའི་ཟླ་བ་བཅུ་པའི་ནང་ཚུན་ཆད་ལ་ཁྱེད་ཀྱི་རྩོམ་དེ་རྩོམ་སྒྲིག་པར་འབྱོར་དགོས།
དུས་དེབ་འདི་འགྲེམ་སྤེལ་བྱེད་ཡུལ། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་དགའ་ལྡན།
གློག་འཕྲིན་ཡིག་འབྲེལ་ཁ་བྱང་། tsomdikpa@yahoo.com
ཁ་པར་ཨང་གྲངས་ 9620931188-9739767535-འདིའི་ཐོག་ལ་འབྲེལ་བ་བྱས་ན་རྩོམ་སྒྲིག་པ་ཚང་མར་འབྲེལ་བ་བྱེད་ཐུབ།
དུས་ཀྱི་ངུར་སྨྲིག་རྩོམ་སྒྲིག་པ་དགའ་ཤར་སོག་པ་ཁང་ཚན་གྱི་གྲྭ་བརྩོན་འགྲུས་དང་མང་ཐོས་གཉིས་ཀྱིས།
ལགས་སོ། གང་ཐུབ་ཐུབ་བྱེད་ཡོང་དགོས། ཡིན་ན་ཡང་། རྩོམ་སྒྲིག་ཚོགས་པ་གང་ན་ཡོད། རྩོམ་པ་པོ་རྣམ་གཉིས་ཀྱི་མཚན་ག་རུ་ཞུ་གི་ཡོད། དྲི་བ་དེ་སྣང་མེད་མ་གཏོང་རོགས། ཁྱེད་རྣམ་གཉིས་ཀྱི་ལངས་ཕྱོགས་དང་ཕུག་བསམ་ནི་ཁོ་བོ་མ་ཤེས་ཀྱང་། སྤྱི་ཆ་ན་བོད་མི་རིགས་ཀྱི་རིག་གཞུང་ལ་སོགས་པ་ཕན་ཐོག་ཡོད་ཚིག་ཐག་བཅད་ནས་ཞུ་ན་འགྲིག་འོས་སྙམ།
“ཆ་ནས”་ཞེས་པ་དང་”ཡོད་པ་”ཚིག་ཐག་ཞེས་པ་ལ་ཆད་སོང་བཅས་རོགས།
གྲྭ་བའི་སྐོར་ལ་སོ་སོའི་གང་ཞིག་བྲིས་ན་རང་དབང་རེད་དམ།
ད་གྲྭ་བའི་སྐོར་ལ་འབྲི་རྒྱུ་ཅི་ཞིག་ལྷག་ཡོད། ནང་ལོགས་ཚང་མ་བྲིས་ཚར་བ་རེད། ཡིན་ཡང་སྐད་ཡིག་ཅིག་གི་དོན་དུ་འབྲི་ན་དགའ་བསུ་ཡོད།
དགོས་མེད་དགག་བྱ་ཅན་དཔེར་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དགོས་མེད་དགག་བྱ་ཅན་མ་ཡིན་པའི་བརྗོད་གཞིའི་མིང་ཙམ། གོང་གི་རྩོམ་བརྡའི་ནང་ནའང་ཡོད་དྲན་ཡོད་ལགས། གང་ལྟར། མདོར་ན་གྲྭ་པར་ཕན་པའི་གྲྭ་པའི་སྤྱིར་བཏང་གི་གནས་ཚུལ་དང་། དུས་རབས་ཉེར་གཅིག་པའི་གྲྭ་པ་ཞིག་ཡོང་ཐབས་ཀྱི་སྐོར་གང་ཡིན་རུང་ཆོག ལྷག་པར་དུ་གོང་ས་མཆོག་གིས་དུས་རྒྱུན་གདན་ས་ཁག་ལ་ཆེད་དུ་གསུངས་ཡོད་པའི། བླང་དོར་བསླབ་བྱ་ཚོའི་ནང་གི་གཅིག་རེར་གཞི་བཟུང་ནས་བྲི་ཐུབ་ན་ཧ་ཅང་གི་ཡག་པོ་འདུག་དྲན་གྱིན་ཡོད། གང་ཡིན་ཟེར་ན། གོང་ས་མཆོག་གིས་དགོན་སྡེའི་གྲྭ་པ་ཚོར་དམིགས་བསལ་ལམ་སྟོན་གནང་ཡོད་པ་དེ་ཚོ། སྔོན་བྱོན་ཀྱི་སྐྱེས་བུ་སུས་ཀྱང་བཀའ་ཕེབས་མ་མྱོང་བའང་མང་པོ་དེ་འདྲ་ཡོད་པས་ཡིན། ཐུགས་རྗེ་ཆེ། རྩོམ་བརྡས་ཁ་གསལ་མ་བྱུང་བ་ག་རེ་ཡོད་ན་གསུངས་དང་། ཁོམ་སྐབས་གང་ཡོད་ལ་ལན་གནང་ཆོག
དུས་དེབ་འདིར་འགོད་འོས་རྩོམ་ཡིག་དེ། ཆ་རྐྱེན་གཉིས་ཀྱི་སྟེང་ནས་བཤད་ཡོད་ལགས། ཁྱེད་ཀྱིས་སྐུར་འདོད་པའི་རྩོམ་ཡིག་དེ། སྒྲིག་ཁོངས་དེའི་ནང་དུ་ཡོད་ན་ཡིན་དང་ཡིན། སྐུ་ཉིད་ཀྱིས་རང་དབང་ངང་སྐུར། སྤྱིར་གྲྭ་པ་དང་དུས་རབས་ཉེར་གཅིག་པའི་གྲྭ་པའི་སྐོར། ད་གླེང་རྒྱུ་ལྷག་མེད་པར་འདོད་ཀྱིན་ཡོད་ན། དེ་ཁྱེད་ཀྱི་ལྟ་ཚུལ་རེད་ལགས། འདི་ཚོ་དེའི་སྔོན་ཁྱེད་རྣམ་པར་བཤད་རྒྱུ་བརྗེད་སོང་། དགོངས་དག
ཟབ་ནི་ཁྱད་ཚིག་ཡིན་པས་མཁན་ཞེས་པའི་ལས་ཚིག་གི་ཚིག་གྲོགས་སྦྱར་ན་མི་འགྲིག
བཀུར་འོས་ཁ་བརྡ་རྩོམ་སྒྲིག་པར་སྙིང་ཁོང་ནས་ཁ་དྲོ་ཟེར་གྱིན་ཡོད། བདག་གིས་རྩོམ་བརྡ་ཞིག་ལ་དགོས་ངེས་ཀྱི་ཞྭ་གོས་ལྷམ་གསུམ་པོ་མ་ཤེས་པར། རྡོ་རྡོ་ལོང་མེད་ཅིག་དང་ཐོག་བསྐུར་བཞག་པ་རེད། ཕྱིས་སུ་བཀུར་འོས་ཁ་བརྡ་རྩོམ་སྒྲིག་པས། ཟེ་འཐེན་རྒྱབ་སྐྱོར་གྱི་སྐྱབས་འཇུག་གནང་བར་བརྟེན། ད་གཟོད་ངེད་གཉིས་ཀྱི་རྩོམ་བརྡ་ལ། རྩོམ་བརྡ་ཞིག་གི་ཁ་མདོག་ངོ་མ་བོ་ཡོད་སོང་ཕྱིར། སྐུ་དྲིན་ནམ་ཡང་མི་བརྗེད་ལགས།
ངེད་རྩོམ་སྒྲིག་པ་གཉིས་ཀྱིས་རེ་བ་དང་དམིགས་ཡུལ་དགའ་ཞིག་བརྒྱབ་ཡོད་པ་ལས། དོན་གྱི་སྙིང་པོ་གང་ཞིག་ལ་ལྡོག་ཐུབ་མིན་ནི། གནད་དོན་འདི་ལ་འགན་ཡོད་མཁན་གྱི། རང་རེ་ཚོའི་བྱ་བཞག་ཅིག་གི་ཡར་རྒྱས་ལ་བལྟ་རྒྱུ་ཉིད་ཅིག་རེད་འདོད། མ་ཤེས་ནོར་བ་གང་ཡོད་ལ་དགོངས་དག
ལས་ཚིག་ཚབ་ཚིག་སླ་པོའི་དོན་དག་ཀྱང་།
ཉམས་མ་བཞག་ན་མཁས་པའི་རྫོབ་རྟགས་ཡིན།
བློ་དམན་མི་ཚོའི་ཡོན་ཏན་ཆུང་ཆུང་དེ།
ཆེན་པོ་བླ་མའི་མིག་ན་ཡོད་མི་དཔེ།