འོས་སྦྱོར་བ། བཀྲ་ཤིས་དོནའགྲུབ།
(མཁན་པོ་བསོད་དར་རྒྱས་ཀྱི་《དུས་ཀྱི་ཟླ་འོད།》ལས་དྲངས།)
༢༠༠༧ ལོའི་ཟླ་བ་ ༢ ཚེས་ ༡༦ ཉིན། བགྲེས་ཡོལ་བྱས་མ་ཐག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་(Kofi A-annan)གྱིས་རང་སྒེར་གྱི་གཞིས་ཀ་རུ་དགེ་ལས་ཐད་དགོང་གསོལ་ཐེངས་གཅིག་སྤེལ་ཏེ། ཕྷེ་གླིང་གི་དབུལ་ཕོངས་བྱིས་པར་དམིགས་ཏེ་ཞལ་འདེབས་བསྡུ་ལེན་བྱས།
ཚོགས་འདུ་ལ་ཞུགས་པའི་མི་སྣ་ཚང་མ་ནི། ཚོང་པ་དང་འབྱོར་ལྡན་སོགས་སྤྱི་ཚོགས་སྟེང་སྐད་གྲགས་ཡོད་པའི་མི་སྣ་ཤ་སྟག་རེད། དགོང་གསོལ་འགོ་རྩོམ་སྐབས། རྒན་མོ་ཞིག་གིས་བུ་མོ་ཆུ་ཆུང་ཞིག་ལག་མགོར་ཁྲིད་དེ་གཞིས་ཀའི་སྒོ་རུ་སླེབས། བུ་མོ་ཆུང་ཆུང་དེས་དཀར་དམ་སྤུས་དག་ཅིག་ལག་ཏུ་བསྣམས་ནས་ཡོད། སྒོ་སྲུང་བས་དེ་མཐོང་མ་ཐག རྒན་མོ་དང་བུ་མོ་ཆུང་ཆུང་གཉིས་ནང་དུ་འགྲོར་མ་བཅུག་པར། “ཁྱོད་གཉིས་ཀྱི་མགྲོན་འབོད་ཡི་གེ་སྟོན་རོགས། མགྲོན་འབོད་ཞུ་ཡིག་མེད་ན་ནང་དུ་འགྲོ་མི་ཆོག”ཅེས་ལབ་པ་རེད། བུ་མོ་ཆུང་ཆུང་དེས། “ངས་ བརྙན་ཕྲིན་ནང་ནས་ཕྷེ་གླིང་གི་བྱིས་པར་ཆེད་སྒྲུབ་རོགས་སྐྱོར་ཞལ་འདེབས་ཀྱི་ བྱ་འགུལ་སྤེལ་བ་འདི་ཤེས་པ་ཡིན། ཉམ་ཐག་སྙིང་རྗེ་བའི་བྱིས་པ་ཆུང་ཆུང་དེ་ཚོར་བྱ་བ་ཆུང་ཆུང་ཞིག་སྒྲུབ་བསམས་ནས། ང་རང་ཉིད་ཀྱི་དཀར་དམ་ནང་གི་བསོགས་དངུལ་ཚང་མ་བླངས་ཏེ་ཁོ་ཚོར་འབུལ་འདོད་ཡོད།”ཅེས་བཤད་ན་ཡང་། སྒོ་སྲུང་པས་འགྲོན་འབོད་ཡི་གེ་མེད་ན་ནང་ལ་འགྲོ་མི་ཆོག་པའི་གནས་ལུགས་བཤད་པ་མ་ཟད། ད་དུང་“ས་གནས་འདི་ལྟ་བུ་ལ་ཁྱོད་གཉིས་འོས་འཚམས་མ་རེད།”ཅེས་ལབ།
བུ་མོ་ཆུང་ཆུང་དེས། “ཨ་ཁུ། དགེ་ལས་ནི་སྒོར་མོ་མ་རེད། གཙོ་བོ་སེམས་མ་ཡིན་ནམ།”ཞེས་བཤད་པས། ཁོ་མོའི་སྐད་ཆ་དེས་སྒོ་སྲུང་པ་ཧོན་འཐོར་ནས་སྡོད་དུ་བཅུག་སོང་། ཡིན་ན་ཡང་། བུ་མོ་ཆུང་ཆུང་དེས་ཇི་ལྟར་ཐབས་བཀོད་འཐེན་ཡང་རང་ཉིད་ནང་དུ་འགྲོ་མི་ཐུབ་པར་ ཤེས་ནས། ཁོ་མོས་ལག་ཏུ་བཏེགས་པའི་དཀར་དམ་ཆུང་ཆུང་དེ་སྒོ་སྲུང་བར་གཏད་དེ། “མགྲོན་ འབོད་བྱས་པའི་མི་དག་ལ་སྒོར་མོ་མང་པོ་ཡོད་པ་ངས་ཀྱང་ཤེས། ཁོ་ཚོས་སྒོར་མོ་མང་པོ་སྟེར་ངེས་ཅན་རེད། ང་ལ་དེ་འདྲའི་སྒོར་མོ་མེད། ཡིན་ན་ཡང་། འདི་ནི་ངའི་སྒོར་མོ་ཡོད་ཚད་ཡིན། ང་དངོས་གནས་ནང་དུ་འགྲོ་མི་ཆོག་ན། ཁྱེད་ཀྱིས་ང་ལ་རོགས་པ་བྱས་ཏེ་འདི་ནང་ལ་འཁྱེར་རོགས།” ཞེས་སྒོ་སྲུང་བར་རེ་ཞུ་བྱས།
དེའི་སྐབས་སུ། གློ་བུར་དུ་འགྲམ་ནས་རྒད་པོ་ཞིག་གིས། “བུ་མོ་ཆུང་ཆུང་། དེ་འདྲ་བྱེད་མི་དགོས། ཁྱེད་ཀྱིས་བཤད་པ་དེ་འགྲིག་འདུག དགེ་ལས་ནི་སྒོར་མོ་མ་རེད། གཙོ་བོ་སེམས་རེད། ཁྱེད་རང་ནང་དུ་སོང་ཆོག དགེ་སེམས་ཅན་གྱི་མི་ཡོད་ཚད་ནང་དུ་འགྲོ་ཆོག་པ་རེད།” ཟེར། ཁོང་ནི་མཚན་སྙན་འབར་བའི་ཨ་རི་རྒྱལ་ཁབ་ཀྱི་རྐང་ལྷ་རུ་འབོད་པའི་(Warren Buffett) རེད།
དེའི་རྗེས་སུ་དགེ་ལས་དགོང་གསོལ་གྱི་བརྗོད་བྱའི་ཁ་བྱང་ལ་“དགེ་ལས་ནི་སྒོར་མོ་མ་རེད། གཙོ་བོ་སེམས་ཡིན།”ཞེས་ བསྒྱུར། ཉིན་དེའི་མི་སྣ་གཙོ་མོ་ནི་ཨ་སྒོར་ཁྲི་གསུམ་བརྒྱ་ཕུལ་བའི་(Warren Buffett)མ་ཡིན་ལ། ཨ་སྒོར་ཁྲི་བརྒྱད་བརྒྱ་ཕུལ་བའི་(Bill Gates)ཡང་མ་ཡིན་པར་ཨ་སྒོར་སུམ་ཅུ་ཕུལ་བའི་བུ་མོ་ཆུང་ཆུང་དེ་རེད། དགོང་གསོལ་དེར་སྤྲོ་སེམས་ཀྱི་ཐལ་མོ་རྡེབ་སྒྲས་དགའ་བསུ་ཆེས་མང་པོ་ཐོབ་མཁན་ཡང་མོ་རང་རེད།
གཏམ་རྒྱུད་འདིའི་མཚོན་དོན་ཅི་ཞིག་རེད་དམ། དགེ་ལས་ནི་འབྱོར་ལྡན་གྱི་ཆེད་ལས་ཤིག་མ་ཡིན་པར། འབྱོར་མེད་ཀྱང་དགེ་ལས་ལ་ཞུགས་ཆོག་པར་བསྟན་ཡོད།
(མཆན།) ཁ་བྱང་འོས་སྦྱོར་བས་བཏགས།
ལོ་རྒྱུས་འདི་དངོས་གནས་དོན་སྙིང་ལྡན་པ་ཞིག་རེད།འདིར་འགོད་མཁན་བཀྲ་དོན་མཆོག་ལ་ཐུགས་རྗེ་ཆེ།
འདིའི་རྩོམ་བྱང་ལ་ཡང་།༼དགེ་ལས་ནི་སྒོར་མོ་མ་རེད།གཙོ་བོ་སེམས་རེད༽ཅེས་བཀོད་ན་རྩོམ་བྱང་ལ་གཟི་བརྗིད་ཆེ་བར་འདུག་སྙམ།གང་ལྟར་ཐུགས་རྗེ་ཆེ་ཞུ།
མེ་ཏོག་ཆུང་རུང་མཆོད་པ་ལོས་ཡིན་ཡང་། གློག་རིན། ཆུ་རིན། ཁང་རིན། སྣུམ་རིན། རང་གི་འདུག་རྡེན། ནང་མིའི་འཚོ་རྟེན། གོམ་གང་སྤོས་ན་འགྲོ་སོང་དང་། མ་འགུལ་བསྡད་ན་གྱོང་ཁ་ཅན་གྱི་དེང་སང་གི་འཇིག་རྟེན་ན་Bill Gates དང་ Warren Buffet གཉིས་འདྲ་བའི་འབྱོར་ལྡན་ཀླུ་འདྲ་བའི་རོགས་སྐྱོར་མེད་ན་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་ནིའི་དགེ་ལས་ཡ་མཚན་འདྲ་བྱུང་དཀའ་ཡ། དཀའ་ཡ།
ཧཧཧཧཧཧཧཧ གནམ་ནི་གནམ་རང་རེད་བཞག སྲིད་པའི་བོན་གྱི་ལྟ་བ་དེ་འཁུར་ཐོག་ང་ལ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས། དོན་སྙིང་ལྡན་པའི་རླབས་ཆེན་གྱི་བསམ་བློ་དེ་ཚོར་སྐུར་འདེབས་མ་བྱེད། འདི་ན་སེམས་བཟང་ཁོ་ནས་འཚོ་གནས་ཀྱི་གནད་དོན་ཐག་ཆོད་པར་འདོད་མཁན་སུ་ཡང་མི་འདུག་མོད། སེམས་བཟང་གི་རིན་ཐང་ལ་ནི་འཇིག་རྟེན་འདི་འགེང་ཐུབ་པའི་སྒོར་མོས་ཀྱང་ཚབ་བྱེད་མི་ཐུབ་པ་ Bill Gates ལྟ་བུའི་ཕྱུག་བདག་ཁོང་ཚོས་ཀྱང་ཁས་ལེན་གྱི་འདུག་ན། ཁྱོད་མེད་པོ་ང་དང་འདྲ་བ་ཞིག་གིས་འུར་བརྒྱབ་པས་ཅི་ཕན།
ནམ་མཁའ་ལགས་ལ་ཞུ་རྒྱུར། ཁྱེད་ཀྱིས་བསམ་འཆར་བཏོན་པར་ཡི་རངས་ཞུས་པ་ཡིན་མོད། མ་གཞི་ཁྱེད་ཀྱིས་གསུངས་པ་དེར་གནས་ལུགས་མི་འདུག་ཅེས་ཞུ་མི་ཕོད་ཀྱང་། ངས་ནི་གཏམ་རྒྱུད་འདིའི་བསམ་བློའི་རྒྱབ་ལྗོངས་ཟེར་ན་ཡང་འདྲ་ཡང་ན་འདིར་དགོད་དགོས་པའི་ཉིང་དགོས་ཟེར་ན་ཡང་ཆོག་སྟེ། “གཏམ་རྒྱུད་འདིའི་མཚོན་དོན་གཙོ་བོ་ཅི་ཞིག་རེད་དམ། དགེ་ལས་ནི་འབྱོར་ལྡན་གྱི་ཆེད་ལས་ཤིག་མ་ཡིན་པར། འབྱོར་མེད་ཀྱང་དགེ་ལས་ལ་ཞུགས་ཆོག་པར་བསྟན་ཡོད་” ཅེས་པའི་བརྡ་ཕྲིན་ལྟར་བྱས་ན། གོང་གི་ཁ་བྱང་དེ་དོན་ལ་འབྱོར་བར་མཐོང་སྟེ་བཏགས་པ་ཡིན། རྒྱུ་མཚན་ནི་(Kofi Aanand)གྱི་དགོང་གསོལ་ཐོག་གི་ཁ་བྱང་དང་འདིར་བཀོད་པའི་ཁ་བྱང་གཉིས་ལ་སོ་སོར་དམིགས་ཡུལ་དང་ཉིང་དགོས་མི་འདྲ་བ་ཡོད་པས་སོ།།
བཀྲ་ཤིས་དོན་འགྲུབ་ཟེར་བའི་རྩོམ་ལ་བསམ་འཆར་ཉེས་པའི་ཆ་མ་བཤད་མ་གཏོགས་ཚོགས་གཏམ་གཏོང་རྐྱང་རེད་ད། སྲིད་པའི་བོན་པོའི་ཞེས་ངན་སྨོད་བྱེད་སྟངས་འདི་ལས་ཤེས། འོ་ང་ཡོང་ས་ནོར་བ་ཡིན་པ་འདྲ། ཡང་ཚོགས་གཏམ་གཏོང་གཏན་རེད།
འདི་ངའི་རྩོམ་མ་རེད་མཁན་པོ་བསོད་དར་རྒྱས་ཀྱི་རྩོམ་རེད་བན་དེ་བ་ལགས། དེ་ཙམ་ཡང་ཞིབ་ཆ་མི་ཐོན་པའི་ཧམ་པ་ཅན་གྱི་བཤད་ཡམས་དེ་ཚོར་ནམ་རྒྱུན་ངས་དམིགས་བསལ་གཏོང་གི་མེད་པས། དེ་ལ་ཁྱེད་ཀྱིས་ཚོགས་གཏམ་ལབ་ཀྱང་ཆོག་ལ་ག་རེ་ལབ་ཀྱང་ཆོག་སྟེ། གནས་ལུགས་མེད་པའི་ཧམ་བཤད་དེ་ཚོར་ནམ་ཡང་དམིགས་བསལ་གཏོང་རྩིས་མེད། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
འོ་ཏག་ཏག་ཚོགས་གཏམ་བཏང་སོང་ང་་མི་དེ་རིགས་ལ་འཚེ་མེད་ཞི་བའི་ལྟ་བ་ཟེར་བ་ཁ་ཙམ་ལས་མེད།
ཁ་སྐོར་རྒྱུ་ཚོ། དགེ་ལས་ཡིན་ན་ཅིག།
དགེ་རྒན་དང་ལས་བྱེད། དགེ་ལས།
དགེ་བའི་ལས་བྱེད་པ། དགེ་ལས།
རང་གི་རྩོམ་ལ་རང་གིས་མྱི་ཁ་བཟོ་ན་མྱིང་འདི་མོ་མི་བཀོལ་ཅི་ཤིག་བཀོལ། སོ་སོ་ནོར་ཡོད་པ་མི་ཤེས་བར། གཞན་ལ་མ་མ་མུག་མུག་བཅོ་བརྒྱད་གླེང་གི། ཧ་ཧ།
ཁྱད་མཚར། ཧཧཧཧཧཧཧཇཇཇཇ དེ་རིང་ཡིན་ན་ངོ་མ་ཡ་མཚན་མང་པོ་སྐྱེ་རུ་འཇུག་གི་འདུག ཧཧཧཧཧཧཧཧཧཧ
འཚེ་མེད་ཞི་བ་ཟེར་ན་ཅི་ཞིག་རེད་དམ། ཧ་ལམ་བཟའ་རྒྱུའམ་འཐུང་རྒྱུ་གང་རུང་ཡིན་པ་འདྲ། ཧཧཧཧཧཧཧཧ
འཚེ་མེད་ཞི་བ་མ་ཤེས་པ་ལ་བརྟེན་ནས་ཚོགས་གཏམ་བཏང་བ་རེད།
དགོངས་པ་མ་འཚོམ་ཀུ་རྩེད་ཞུས་ཡིན། ཐུགས་ཡངས་པོ་གནང་ན་སྙིང་གི་ནད་གཞི་མི་འབྱུང་
ཡིན་གྱི་རེད། ཡིན་གྱི་རེད། བོན་པོ་ལབ་པ་དང་སྙིང་ལ་ནད་ཞིག་ཕོག་ཡོད་བཟོ་འདུག དངོས་གནས་ཁག་མེད། ཀུ་རེ་ཞུས་པ་ཡིན་ལོ་་་་་་་་་་ཧཧཧཧ
ཧཧཧཧ་ཧ་ཧ་་་བཀྲ་ཤིས་དོོན་འགྲུབ་ལགས་ཀྱིས་་་་བོན་ལུགས་ཀྱི་ས་ལམ་སྐབས་སུ་བཤད་པའི་གནམ་ཞེས་པ་དེ་གང་ལ་གོ་དགོས་མིན་མི་ཤེས་ནས་ད་དུང་་་གནམ་སྲིད་པའི་བོན་གྱི་ལྟ་བ་རེད་ཟེར་གྱིན་འདུག་་་་ཧཧཧ
རྩོམ་ཡིག་ཐུང་ཐུང་འདི་ལ་རིན་ཐང་ཆེན་པོ་ཡོད་པར་འདོད། འདི་དངོས་བྱུང་ཡིན་ནམ་སྒྲུང་རྩོམ་རེད།