འོས་སྦྱོར་བ། བསོད་ནམས།
ཕྱི་ལོ་༢༠༡༣ ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བཅུ་བའི་ཐོག་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བཤེས་བསྟན་པ་ཆོས་འཕེལ་ལགས་ཀྱིས་གསུངས་པའི་གྲུབ་མཐའ་རིས་མེད་སྐོར་གྱི་འཆད་ཁྲིད་ཅིག་གནང་འདུག་པ་དང་། གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བཅུ་བ་དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༥ བར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་འཇུ་མང་དགོན་དུ་ཚོགས་འདུག
འཆད་ཁྲིད་དེ་དྲ་ཚིགས་འདི་བརྒྱུད་ནས་ཉན་ཆོག
http://kzone.kuwo.cn/mlog/u111586733/kge_6776894.htm
རིས་མེད་རུས་མེད་མདོ་མེད་ལ།།
སྐྱག་མིན་གཅིན་མིན་མཆོད་པ་འབུལ།།
དེང་སང་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་ཁག་ཏུ་སི་ཁྲོན་དཀར་མཛེས་ཟེར་བ་མང་པོ་འབྲི་གི་འདུག ལྷག་པ་ཏུ་ཨ་རིའི་རླུང་འཕྲིན་ཁང་གི་དྲ་རྒྱ་ཁག་ཏུ་སི་ཁྲོན་དཀར་མཛེས་ཅེས་འབྲི་བཞིན་འདུག ངས་བསམ་ཚུལ་བྱས་ན་ཁྱོད་ཚོ་འབྲི་མཁན་ཚོས་ནོར་བ་རེད་འདོད། ང་ཚོ་ཏྲེ་ཧོར་ཁམས་པས་ངོས་ནས་ང་ཚོ་སི་ཁྲོན་བ་ཡིན་པར་ངོས་ལེན་མེད། ང་ཚོ་བོད་པ་ཡིན་ལ་བོད་རྒྱལ་ཁབ་ཀྱི་ཁུངས་གཏོགས་ཡིན། འདི་ཤེས་དགོས་ཀྱི་ཡོད།
ལྷག་པ་ཏུ་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་བཀྲས་མཐོང་ལགས་ཀྱིས་སྐད་ཆ་འདི་གོ་དགོས་ཀྱི་ཡོད། གཉིས་པ་་་དུས་བབ་ཐོག་ཏུ་ཡང་སི་ཁྲོན་དཀར་མཛེས་ཅེས་འབྲི་བཞིན་འདུག ཁྱོད་ཚོ་ལ་ཏྲེ་ཧོར་ཁམས་པ་སི་ཁྲོན་གྱི་ཁུངས་ཡིན་པའི་གནད་ལུགས་བཤད་ཀྱི་མེད་ན་སི་ཁྲོན་དཀར་མཛེས་ཅེས་བྲིས་ན་འགྲིག་གི་མེད་དོ།། ཁམས་དཀར་མཛེས་ཅེས་བྲིས་ན་མི་འགྲིག་པ་དང་མི་གོ་བ་ཅི་འདུག་གམ།།
ལམ་དབུ་མ་ཡིན་ཙམ་སུ་ཁྲོན་དཀར་མཛེས་ཡིན་འགྲོ་།
༄། །དགེ་བཤེས་ཀྱི་གསུང་བདེན་དོན་རང་ལགས་པས་དེ་དེ་བཞིན་ནོ་ཞེས་མངོན་པར་བསྟོད་དོ།།
དགེ་བཤེས་ལགས་ཀྱི་ཐུགས་ལ་དེ་ལྟར་འཁྲུངས་པ་ནི་དགའ་འོས་དང་རྗེས་སུ་ཡི་རངས་ཞུ་འོས་ཞིག་རེད།
གཞིས་བཞུགས་བོད་མི་ཚོ་ནི་ཕྱིར་སྡོད་བོད་མི་དང་མི་འདྲ་བར། ཆོས་ལུགས་དང་ཆོས་རྒྱུད་དབར་ལ་རིས་མེད་ཀྱི་བགྲོས་གླེང་དང་གོ་བསྡུར་སྦྱང་བཤད་ཡང་ནས་ཡང་དུ་ས་གནས་གང་སར་བྱེད་འགོ་ཞིག་འབུས་སོང། མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་གཏོང་ལས་སོགས་ཀྱིས་བྱ་གཞག་རླབས་ཆེན་དེ་འདྲ་སྤེལ་བཞིན་འདུག་མོད། བཙན་བྱོལ་དུ་ཡོད་པ་དག་ནི་ཆོལ་ཁ་དང་ཆོས་ལུགས་དབར་ལ་དཀྲུགས་ཤིང་དང་མཐོ་བས་དམའ་གནོན་དབང་ཆེན་གྱིས་དབང་ཆུང་གཉའ་གནོན་་་་རྒྱུ་ཆེན་གྱིས་རྒྱུ་ཆུང་ཟིལ་གནོན་་་སྔར་གྱི་བོད་རྙིང་པའི་སྐུ་དྲག་དེ་ཚོའི་དུས་རབས་དང་ཁ་བྲལ་ཐུབ་མི་འདུག དེ་ནི་སེམས་སྐྱོ་བའི་གནས་ཞིག་རེད་འདུག་ངོ་ཐོག་བྱས་ན་བཙན་བྱོལ་བ་ཚོར་གོ་སྐབས་མང་བ་དང་མཐུན་རྐྱེན་གང་ས་ནས་མང་བ་ཡོད་རེད་དེ་་་་ཡིན་ནའང་ཚན་རིག་དམངས་གཙོ་ཡར་ཐོན་ཅན་ལ་ད་དུང་མིག་དོེ་ཡར་འདྲེན་བྱེད་མི་ཐུབ་པ་ནི་རྗེས་ལུས་ནང་ནས་རྗེས་ལུས་རེད་འདུག
རྒྱུ་མཚན་དང་གནས་མང་འདུག་བཀའ་དྲིན་ཆེ། དྲང་བདེན་ལ་གཞིར་བཅོལ་ན་ཆིག་སྒྲིལ་དོན་གྱི་འོང་། བསྟན་སྲིད་མི་རིགས་སྙིང་གི་གཅེས་ན། ཆོས་བརྒྱུད་རིས་མེད་ཞོར་དུ་འབྱུང་། མདོར་ན་ཕན་ཚུན་གུས་ཞབས་དང་བསམ་ཤེས་ནི་ཆོས་ལུགས་དང་ཆོལ་ཁའི་ཆིག་སྒྲིལ་རྩ་བ་དེ་ཡིན།
དགེ་བཤེས་ལགས་ཀྱིས་བསླབ་བྱ་ཡག་པོ་གནང་བྱུང་། ང་ཚོ་བོད་ཀྱི་ཆོས་སྲིད་གཉིས་ཀ་ཧ་ཅང་ཉག་ཕྲ་བར་འཕྲད་པའི་དུས་སྐབས་འདིར། ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་འཐེན་འཁྱེར་བྱ་སྤྱོད་ཚང་མ་ཕར་བཞག་ནས། ཕན་ཚུན་བར་ལ་མཛའ་མཐུན་དང་གུས་ཞབས་གནང་ན་ང་ཚོའི་བོད་ཀྱི་རིག་གཞུང་མུ་མཐུད་དུ་གནས་ཐུབ་པར་ཕན་ཐོགས་ཆེ།
ཆོལ་ཁ་ཟེར་བ་དེའང་ས་གནས་བགོ་སྟངས་གཅིག་ལས། དོན་དུ་མདོ་དབུས་ཁམས་གསུམ་གྱི་མི་ཚང་མ་བོད་རིགས་སྤུན་ཟླ་རེད། དཔེར་ན་ལོ་རྒྱུས་སྒང་དུ་ཁམས་ལི་ཐང་གི་ཚོ་སྡེ་གཅིག་ཨ་མདོ་ནས་ཆད་པ་ལྟ་བུ་དང་། རྒྱལ་མོ་ཚ་རོང་གི་མི་རབས་སྔོན་མ་དག་སྲོང་བཙན་སྐབས་སུ་དབུས་ནས་བྱུང་།
ཆོས་ལུགས་ཐད་ནས་རང་རང་སོ་སོའི་སྒེར་གྱི་གྲུབ་མཐའ་གང་ཡིན་ཉམས་སུ་བླངས་ནས། གཞན་པར་ཟུར་ཟ་སྨ་འབེབ་མ་བྱེད་ན་ཧ་ཅང་ལེགས། གོང་ས་མཆོག་གི་དགོངས་བཞེད་ཀྱང་འདི་ཡིན་ངེས་པས་ཚང་མས་ཐུགས་ཀ་ཟུངས། མཚམས་རེར་བསམ་བློ་གཏོང་སྟངས་གཅིག་ལ། ཁ་བརྡའི་དྲྭ་བ་འདི་ལ་རྒྱ་ནག་སྲིད་གཞུང་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད་སྲིད། གང་ཡིན་ཟེར་ན། འདིའི་ནང་དུ་མི་མང་བོ་ཞིག་གིས་ཆགས་སྡང་གི་སྐད་ཆ་ཉག་ཉོག་སྣ་ཚོགས་ལབ་ནས་བོད་མི་རིགས་ནང་ལ་འཁོན་འཛིན་ཆེན་པོ་བཟོ་བཞིན་འདུག །
ངས་གྲོགས་པོ་ཁ་ཤས་ཀྱིས་ཁ་བརྡ་དྲྭ་སྟེགས་འདི་འདྲེ་ཚང་དང་བདུད་ཁང་ལྟར་བཟུང་ནས། འདི་བལྟ་ཀློག་མི་ཡོང་བར་དམ་བཅའ་བྱས་སོང་། འོན་ཀྱང་སྐབས་སྐབས་རེར་ཁ་བརྡར་སྐུ་ཡོན་ཅན་མང་བོ་ཕེབས་ནས་རང་གཞན་ཚང་མར་ཕན་པ་ཡོད་པའི་བགྲོ་གླེང་གནང་བ་མཐོང་ཐུབ། དེས་ན་ཁ་བརྡར་སླེབས་མཁན་རྣམས་ཀྱིས་ཡིད་ལ་ལྷག་བསམ་གཉེར་ཞིང་། ངག་གིས་གུས་བཀུར་སྒོ་ནས་བསམ་འཆར་ལྷུག་འདོན་གནང་རྒྱུ་གལ་ཆེ་སྙམ།
རིེས་མེད་ཁ་ལ་ཁྱེར་བྱས་ཏེ།།
རང་དོན་རིས་ཆད་སྒྲུབ་པ་ལ།།
གཅིག་ཏུ་བརྩོན་པའི་དགེེ་སློབ་ཀུན།།
གངས་ཅན་ལྗོངས་སུ་མེད་གྱུར་ཅིག །
གཞན་གཞུང་གྲུབ་མཐའི་འཛིན་མཚམས་ལ།།
རྒྱུས་མངའ་ཅུང་ཟད་མེད་བཞིན་དུ།།
གཞུང་ལུགས་དེ་འདྲ་འཆད་པ་ལ།།
ཞུགས་པ་འདི་འདྲ་ཀྱེ་མ་ཧུད།།
རང་ལུགས་ཁོ་ན་མཆོག་གོ་ཞེས།།
དོན་གྱི་རློམས་པ་མ་འདོར་བཞིན།།
གཞན་གཞུང་ལའང་བསྟོད་ཁུལ་གྱིས།།
རིས་མེད་ཚུལ་བཟུང་ཅི་ཡི་ཕྱིར།།
ཁ་བརྡ་དྭ་བདག་ཚོ་ཕྱོགས་ཞེན་ཆེན་པོ་ཡོད་ཀྱང་། དོན་ལ་སྨྲ་བརྗོད་རང་དབང་གི་གོ་སྐབས་ལེགས་པོ་ཞིག་སྤྲོད་བཞིན་འདུག ངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་མིའི་གོམས་གཤིས་ལ་བསྟོད་པ་ཕུལ་མཁན་མ་གཏོགས་སྐྱོན་བརྗོད་བྱེད་མཁན་རྩ་མེད་དུ་གཏོང་དགོས་པའི་བསམ་ཚུལ་ཡོད་པ་རེད། བྱ་བ་འོག་མས་བསྒྲུབས་ཀྱང་མིང་དང་ཆོ་ལོ་གཞན་ལ་སྤྲད་པའི་ལུགས་སྲོལ་ཡོད་པ་རེད། འདི་ལྟར་མུ་མཐུད་ནས་བསྡད་ན་བོད་མི་རྣམས་གཞུང་ལ་ལྷག་བསམ་དང་སེམས་ཤུགས་ཆུང་རུ་འགྲོ་རྒྱུ་ཉག་གཅིག་ཡིན།
དབང་འདུས་ལགས།
ཁྱེད་ཀྱིས་ག་རེ་གསུངས་ཀྱིན་ཡོད། འདི་འདྲ་བྱས་ནས་རིམ་གྱིས་གྲུབ་མཐའ་ཡོང་གི་མ་རེད་དམ། ཁྱེད་རང་གིས་དགེ་བཤེས་ལགས་ཀྱིས་གྲུབ་མཐའི་འཛིན་མཚམས་མི་གསན་པ་ག་འདྲ་ཧ་གོ་སོང་།
གྲུབ་མཐའ་རིས་མེད་དུ
དབང་བསྡུས་ལགས། སྐྱོན་བརྗོད་ལ་བཟང་ངན་གཉིས་ཡོད་ལ། ཁ་བརྡར་མི་མང་བོ་ཞིག་གིས་གཞི་མེད་ཆགས་སྡང་ཁོ་ན་སློང་བྱེད་ཀྱི་སྐྱོན་བརྗོད་ཁ་ན་མ་ཎི་བཞིན་དུ་འདོན་བཞིན་ཡོད། དཔེར་ན་ཁྱེད་རང་གིས་གོང་གི་དགེ་བཤེས་དེའི་རྒྱུས་མ་ལོན་གོང་ནས་ཁོང་གིས་གྲུབ་མཐའི་འཛིན་མཚམས་མི་མཁྱེན་པར་སྐྱོན་བཏགས་སོང་།
དགེ་བཤེས་ལགས་ནས་གྲུབ་མཐའ་རིས་མེད་ལས་འཕྲོས་ཏེ་ནང་བསྟན་ཆོས་ལུགས་པ་ཞིག་ཡིན་ན་རྒྱུ་འབྲས་སྤྱི་ལ་བཞག་ནས་དྲང་བདེན་སྐྱོང་རྒྱུ་ཁ་ཚ་དགོས་གཏུགས་ཡིན་པ་གསལ་འདོན་གནང་བར་གུས་བཀུར་བསྔགས་བརྗོད་ཡོད།
དགེ་བཤེས་ཁོང་གི་རིག་སྟོབས་ནི་ཧ་ལས་བ་ཞིག་ཡིན།སྔོན་ཆད་ཁོང་གི་མདུན་ནས་སྐྱབས་འགྲོའི་བསླབ་བྱ་དང་ཚད་མའི་སྐོར་ཞུས་མྱོང་ཡོད།
རིས་མེད།
རིས་ཡོད་ནང་པ་ནང་ཕན་ཚུན། །
མི་ཕན་ཆོས་པས་སུ་ལ་ཕན། །
རིས་མེད་ནང་ཆོས་སྤེལ་མཁན་ལ། །
ཛམ་གླིང་ཡོངས་ཀྱིས་དགའ་བསུ་འདུག །
གྱིས་དང་།