འདྲེན་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མཚམས་ལ་བཞུགས་གཏན་འཁེལ་བ།
༄༅།།ཕྱི་ལོ་༢༠༡༣ ཟླ་༧ ཚེས་༢༩ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེའི་ཞི་བའི་ཚལ་ཕོ་བྲང་དུ་ཉིན་གྲངས་༢༡ སྐུ་མཚམས་ལ་བཞུགས་ཞག་མཛད་རྒྱུ་ཡིན་འདུག དེ་ཡང་༸གོང་ས་༸༉སྐྱབས་མགོན་ཆེན་པོ་མཆོག་གོང་ཚེས་ཉིན་ཁུལ་དེར་༸ཞབས་སོར་འཁོད་གཏན་འཁེལ་བར་བརྟེན། གནས་ཚུལ་ཆ་ཚང་འདི་ནས་གཟིགས http://bod.asia/2013/07/༸གོང་ས་༸སྐྱབས་མགོན་ཆེ9-10-365/
དགའ་བསུ་ཞུ།
༧གོང་ས་མཆོག་གི་ཐུགས་དགོངས་ལ་ཕྱི་རོལ་འཇིག་རྟེན་པའི་ཕུང་དཀྲུགས་མེད་པར་བདེ་བའི་མཆོག་ཏིང་ངེ་འཛིན་གྱི་རོ་ལ་རོལ་ནས་ཉི་མ་༢༡་ལ་བཞུགས་ཐུབ་པའི་གོ་སྐབས་བྱུང་བ་འདི་དགའ་བ་ལ།
འགྲོ་བའི་དོན་དུ་བཞུགས་ནས་ནད་མེད་ཚེ་དང་དབང་ཕྱུག་དང་ཤི་བོའི་ལམ་སྣ་འདྲེན་པར་ངེས། ལོ་གཅིག་གི་ནང་ལ་གཞན་དོན་དུ་དུས་ཚོད་མང་པོ་བསྐྱལ་དགོས་པ་དང་ད་རེས་སྐུ་མཚམས་ལ་བཞུགས་ནས་ངལ་གསོ་མཛད་པ་འོས་སོ།།
བསྟན་འགྲོའི་དོན་དུ་སྐུ་མཚམས་བཞུགས་པ་ལེགས། །
འོན་ཀྱང་ཁྱབ་སྒྲགས་གནང་པའི་གནས་དོན་འདི། །
ཆོས་བརྒྱད་འགོ་སྙོམ་མེད་པའི་རྟགས་ཡིན་དུས། །
ཞབས་ཕྱི་རྣམ་པས་གཟབ་ནན་བྱ་གལ་ཆེ། །