བསོད་ནམས་ནོར་བུ།
གྲྭ་ཤག་ནང་ནས
སེམས་པ་དམས་པའི་དེ་རིང
སྒེ་ཁུང་རྒྱབ་ཀྱི་ཆར་པའི་ཤག་སྒྲ་དེ་ཡང
བདག་ལ་མཚོན་ན
མྱ་ངན་གྱི་རོལ་དབྱངས་ཤིག་དང་ཁྱད་པར་མི་འདུག
མལ་གདན་སྒང་ནས
འགྲེ་ལྡོག་ཇི་ལྟར་རྒྱག་པ་ཡང
བདག་གི ངོ་གདོང་གི་རྣམ་འགྱུར་ལས
སེམས་ཀྱི་ནང་རོལ་ནང་རོལ་དེ
གྲྭ་ཤག་རོགས་པ་ཚོས
ནམ་ཡང་རྟོགས་མི་ནུས་སྙམ
དྲ་མིག་ལས་བཙན་གྱིས་རྒྱུ་བའི་ཆར་རླུང་ཕྲ་མོ་དེས
བདག་གི་སེམས་པ་བརྐུས་སོང་བ་འདྲ་སྟེ
མིག་མདུན་གཡོ་བའི་ཤིང་ལོ་ལྗང་གུ་དང
འཁྱག་བསིལ་བསིལ རློན་ཤིག་ཤིག་སྦངས་ནས་བྱུང
སྙིང་དཀྱིལ་ལ་ལྷུང་བའི་ཆར་ཟེགས་དེ་ནི
དགེ་སྐོས་ཆེན་མོའི གཉིད་དཀྲོག་དབྱུག་པ་ལྟར
སེམས་ཀྱི་གཏིང་ན་ཟུག་པའི
བདག་གི ཚོར་བའི་མགོ་བོ་རེ་རེ་ནས་བསླང་བྱུང་བ
ཡིད་སེམས་ཁོ་ནས་མྱོང་རྒྱུ་ཞིག་རེད་འདུག
དོན་དངོས ཆར་པ་ནི
གནམ་ཆུ་ཡིན་ནམ བདག་གི་མིག་ཆུ་ཡིན
༢༠༡༢/ ༨/ ༧/