ནག་ཆུ་ཀུན་དགའ།
ལུང་གསུམ་མདའ་ན་གཟན་ལ་འདུར་བའི་རི་སྤྱང་སྔོན་མོའི་སེམས་དང་གཅིག །
དར་གཟབ་འབོལ་ན་བརྗིད་ཆགས་འགྱིངས་པའི་ཨ་མཆོད་བླ་མའི་སེམས་དང་གཉིས།།
ཆུ་ཆེན་གཙང་པོའི་འགྲམ་དུ་རྒྱུ་བའི་ཉ་པ་རྒན་པོའི་སེམས་དང་གསུམ།།
སེམས་གསུམ་དབྱེར་མེད་རོ་གཅིག་ཉིད་ཀྱང་དཀར་ནག་ཁྱེད་པར་བླུན་པོས་ཕྱེས།།
ལྷ་ཆེན་གཙུག་ནས་བྱུང་བར་སྨྲས་པའི་བྲམ་ཟེའི་གདུག་པའི་རིགས་རྒྱུད་གཅིག །
ཉམ་ཆུང་དབུལ་པོའི་ཁྱིམ་དུ་སྐྱེས་པའི་ལྕགས་ནག་མགར་བའི་བུ་དང་གཉིས།།
བཙན་རྫོང་ཕྱུག་མོའི་སྦུབས་སུ་ཚར་བའི་གཏུམ་དྲག་རོལ་པའི་རྒྱལ་སྲས་གསུམ།།
ཤ་ཁྲག་ལུས་ལ་གཙང་བཙོག་མེད་ཀྱང་གཡོ་སྦྱོར་གྲུབ་མཐས་བཟང་ངན་ཕྱེས།།
ལོང་བའི་ཤྭོ་རྡེའུ་ལུང་ལ་རྟོན་ནས་མུན་པའི་ལམ་བུ་འཚོལ་དང་གཅིག །
ཡོད་དགུའི་འབྱོར་བ་ཆུད་ཟོས་བཏང་ན་མེད་དགུའི་དངོས་གྲུབ་རེ་བ་གཉིས།།
ས་རྡུལ་བརྩེགས་པའི་རི་བོ་བསྐོར་བ་རྣམ་དག་ལྷ་ཆོས་རློམས་དང་གསུམ།།
བླུན་པོའི་ལོག་རྟོགས་མཐར་ཐུག་ཡིན་ཀྱང་རང་ངོ་མ་འཕྲོད་བླུན་པོ་འཁྲུལ།།
རེག་གཅོད་སྤུ་གྲིའི་སོ་ལ་ཆགས་པའི་བྲམ་ཟེའི་མན་ངག་སྦྲང་རྩི་གཅིག །
ལྷ་འདྲེ་མི་གསུམ་བྱུང་བ་བརྗོད་པའི་སྒྲུང་གཏམ་བྱེ་མའི་ཆངས་བུ་གཉིས།།
བྲམ་ཟེའི་གཡོ་ཆོས་རྒྱ་གར་ཡུལ་ཆོས་བཙན་བཀབ་བོད་པའི་ལྷ་ཆོས་གསུམ།།
ཨ་འཐས་འཛིན་པའི་དང་དུ་བླངས་པ་རྒུད་པའི་དབུ་ཁྱུད་ཐོག་མ་བརྩམས།།
སྒྲོ་བཏགས་གདོན་གྱི་མཐུ་ལ་འཇིགས་ནས་ས་ཆེན་གནང་སྦྱིན་མི་ལན་གཅིག །
བདེ་ཆེན་མཁའ་ལ་འཕགས་འགྲོ་ཟེར་ནས་འཇའ་ཚོན་དམུ་སྐས་བསྒྲུབས་དང་གཉིས།།
ཚ་གྲང་མེ་ཆུ་ཟུང་དུ་སྦྲེལ་ཟེར་དངོས་པོ་གཤིས་ལ་རྒོལ་བ་གསུམ།།
གནའ་མི་གླེན་པས་ཕ་ནོར་རློམས་ཀྱང་ཕྱི་རབས་བུ་ཚའི་དོར་བྱ་ཉིད།།
རིགས་མཐུན་དགའ་མའི་བརྩེ་སེམས་དོར་ནས་དམ་ཚིག་སྒྲོལ་མ་སྒོམ་དང་གཅིག །
རིགས་རྒྱུད་སྟོན་མཐའི་མེ་ཏོག་འདྲ་ཡང་ཅལ་འདྲོག་རབ་བྱུང་སྤེལ་དང་གཉིས།།
མནོག་ཆུང་འཇག་མའི་ཕོན་པོ་བརྩད་ནས་ཕུ་ནུ་དམེ་འཛིང་གཏུགས་དང་གསུམ།།
གཉེན་ལ་མི་ཕན་དགྲ་བོ་དགྱེས་པའི་བླུན་པོའི་ལས་ཡིན་སྤོངས་པར་བྱོས།།
སྙན་ངག་སྙན་པོ་བྱུང་བས་ཏོག་ཙམ་དགའ་པོ་འདྲ་ཡང་བྱུང་། རྩོམ་པ་པོ་ཡང་ཆོས་དང་འཇིག་རྟེན་གཉིས་ལ་ཤེས་ཚོད་ཡག་པོ་ཡོད་ས་རེད་བསམས་བསམས་འདུག
རྩོམ་ཡག་གི་ ཕ་མེས་ཡ་རབས་དང་ལམ་སྲོལ་བཟང་པོ་རྡོག་རོལ་གཏོང་། རང་བྱུང་འཁོར་ཡུག་ལྤགས་པ་ཤུས་ནས་ཚན་རིག་དང་དངོས་པོ་ཡར་རྒྱས་ལ་རེ་བ་བཅོལ་ནས་མི་རབས་མང་པོའི་འཁྲུལ་བ་དེ་མི་རབས་འདིར་སེལ་རྒྱུ་རེ་བ་ཡོད་ས་རེད། ཡིན་ད་་་ཤུགས་རྒྱོབ་ཤོག་་བཀག་མཁན་སུ་ཡང་མི་ཡོང་ངོ་།
སྐུ་ཞབས་ནག་ཆུ་ཀུན་དགའ་ལགས།
ཁྱེད་ཀྱི་སྙན་རྩོམ་དེ་རྗོད་བྱེད་ཀྱི་ཚིག་སྙན་པོ་འདུག་ཀྱང་། བརྗོད་བྱའི་དོན་དེར་ནོར་འཁྲུལ་ཚབས་ཆེན་འདུག་སྙམ། གོང་གི་སྙན་རྩོམ་དུ། བྲམ་ཟེའི་གཡོ་ཆོས་རྒྱ་གར་ཡུལ་ཆོས་བཙན་བཀབ་བོད་པའི་ལྷ་ཆོས་གསུམ།།ཟེར་བ་འདིའི་དོན་དག་ག་རེ་རེད། ཞིབ་མོ་ཧ་གོ་མ་སོང་།
སྐུ་ཞབས་འོད་གསལ་ལགས ། བྲམ་ཟེས་ཡུལ་གྱི་རྒྱལ་པོ་དང་ཁ་མཐུན་ནས་གཡོ་འཕྲུལ་གྱིས་ལྷ་ཆོས་སུ་སྒྲོ་བཏགས་པ་དག་རྒྱ་གར་གྱི་ཡུལ་ཆོས་སུ་གྱུར་ཞིང་། དེ་དག་མང་པོ་ཞིག་ཆོས་སུ་རློམ་ནས་བོད་ལའང་བཙན་བཀབ་བྱས་ནས་ཨ་འཐས་ཀྱི་དང་དུ་བླངས་པས་ཞོ་ལ་ཁྲག་གི་ཐིག་པ་བསྐྲུན་འདུག་ཟེར་གྱིན་ཡོད་་མདོར་ན་སྙིགས་དོར་བཅུད་ལེན་དགོས་པའི་རེ་བ་འདོན་གྱིན་ཡོད །
རྙིང་ཞེན་ཅན་ཞིག་ཡིན་ན་བརྗོད་འདི་ནོར་འཁྲུལ་ལམ་ཡང་ན་ངོས་ལ་ལྟ་ལོག་རེད་ཟེར་རྒྱུ་ཡིན་པ་ངས་སྔོན་ནས་ཤེས་ཡོད ། སྐུ་ཞབས་ལགས ། ང་ཚོ་ཡང་མི་ཡིན་པས་རང་གི་རྣམ་དཔྱོད་བེད་སྤྱད་ནས་བྱ་དངོས་ཀྱི་ཆོས་ཉིད་ལ་ཅིའི་ཕྱིར་བརྟག་མི་ཆོག་གམ ། ང་ཚོས་བྲམ་ཟེས་བཤད་ཚད་ལ་ཅིའི་ཕྱིར་ཚད་འཛིན་བྱེད་དགོས་སམ །་རྣམ་པ་ཚོས་དོ་སྣང་མ་བྱུང་བ་འདྲ་ངས་རྩོམ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་དེ་འདིའི་ནང་གི་་ཚ་གྲང་མེ་ཆུ་ཟུང་དུ་སྦྲེལ་ཟེར་དངོས་པོའི་གཤིས་ལ་བརྒོལ་བ་དང་ཟེར་བ་དེ་ལ་མི་རབས་ཕྱི་མ་དག་གིས་དོ་སྣང་དང་ལྟ་ཚུལ་སྤེལ་རེས་ཡོང་བའི་ཆེད་དུ་ཡིན ། གསལ་ཙམ་བཤད་ན་མེ་ཆུ་གཉིས་ནི་དཔེ་ཡིན་པ་ལས་དོན་ངོ་མ་དེ་ཆོས་སྲིད་གཉིས་ཟུང་དུ་སྦྲེལ་ཟེར་བ་དེ་ལ་གོ་དགོས ། དེས་ན་རྣམ་པ་ཚོས་དགོངས་ཚུལ་དང་དགག་བཞག་གང་ཞིག་གནང་ཡང་དེ་ནི་བདག་གིས་རིན་བྲལ་གྱི་ལེགས་སྐྱེས་ཞིག་ཏུ་བརྩི་བ་ལས་གུ་དོག་བློ་ཆུང་གི་ཁྲོ་བ་ནམ་ཡང་མེད་པས་ངེས་པར་དུ་བསམ་ཚུལ་གསུངས་རོགས་གནང་།
ནག་ཆུ་ཀུན་དགའ་ནས
དེ་དང་ཆབས་ཅིག་གྱུར་ཅིང་ཟེར་བ་དེ་ལ་་་གྱུར་ཞིང་ཞེས་བྲིས་ནོར་ཤོར་འདུག་པས་དགོངས་དག་ཞུ
སྐུ་ཞབས་འོད་གསལ་ལགས ། བྲམ་ཟེས་ཡུལ་གྱི་རྒྱལ་པོ་དང་ཁ་མཐུན་ནས་གཡོ་འཕྲུལ་གྱིས་ལྷ་ཆོས་སུ་སྒྲོ་བཏགས་པ་དག་རྒྱ་གར་གྱི་ཡུལ་ཆོས་སུ་གྱུར་ཅིང་། དེ་དག་མང་པོ་ཞིག་ཆོས་སུ་རློམ་ནས་བོད་ལའང་བཙན་བཀབ་བྱས་ནས་ཨ་འཐས་ཀྱི་དང་དུ་བླངས་པས་ཞོ་ལ་ཁྲག་གི་ཐིག་པ་བསྐྲུན་འདུག་ཟེར་གྱིན་ཡོད་་མདོར་ན་སྙིགས་དོར་བཅུད་ལེན་དགོས་པའི་རེ་བ་འདོན་གྱིན་ཡོད །
རྙིང་ཞེན་ཅན་ཞིག་ཡིན་ན་བརྗོད་འདི་ནོར་འཁྲུལ་ལམ་ཡང་ན་ངོས་ལ་ལྟ་ལོག་རེད་ཟེར་རྒྱུ་ཡིན་པ་ངས་སྔོན་ནས་ཤེས་ཡོད ། སྐུ་ཞབས་ལགས ། ང་ཚོ་ཡང་མི་ཡིན་པས་རང་གི་རྣམ་དཔྱོད་བེད་སྤྱད་ནས་བྱ་དངོས་ཀྱི་ཆོས་ཉིད་ལ་ཅིའི་ཕྱིར་བརྟག་མི་ཆོག་གམ ། ང་ཚོས་བྲམ་ཟེས་བཤད་ཚད་ལ་ཅིའི་ཕྱིར་ཚད་འཛིན་བྱེད་དགོས་སམ །་རྣམ་པ་ཚོས་དོ་སྣང་མ་བྱུང་བ་འདྲ་ངས་རྩོམ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་དེ་འདིའི་ནང་གི་་ཚ་གྲང་མེ་ཆུ་ཟུང་དུ་སྦྲེལ་ཟེར་དངོས་པོའི་གཤིས་ལ་བརྒོལ་བ་དང་ཟེར་བ་དེ་ལ་མི་རབས་ཕྱི་མ་དག་གིས་དོ་སྣང་དང་ལྟ་ཚུལ་སྤེལ་རེས་ཡོང་བའི་ཆེད་དུ་ཡིན ། གསལ་ཙམ་བཤད་ན་མེ་ཆུ་གཉིས་ནི་དཔེ་ཡིན་པ་ལས་དོན་ངོ་མ་དེ་ཆོས་སྲིད་གཉིས་ཟུང་དུ་སྦྲེལ་ཟེར་བ་དེ་ལ་གོ་དགོས ། དེས་ན་རྣམ་པ་ཚོས་དགོངས་ཚུལ་དང་དགག་བཞག་གང་ཞིག་གནང་ཡང་དེ་ནི་བདག་གིས་རིན་བྲལ་གྱི་ལེགས་སྐྱེས་ཞིག་ཏུ་བརྩི་བ་ལས་གུ་དོག་བློ་ཆུང་གི་ཁྲོ་བ་ནམ་ཡང་མེད་པས་ངེས་པར་དུ་བསམ་ཚུལ་གསུངས་རོགས་གནང་།
ནག་ཆུ་ཀུན་དགའ་ནས
རྣོ་ངར་རལ་གྲིས་གཅོད་པས་མི་ཆོད་པ། །
གཏི་མུག་ཞགས་པས་བཅིངས་རྒྱ་དཀྲོལ་བ་ལ། །
རྣམ་དཔྱོད་རལ་གྲི་རྣོན་པོའི་སོ་ཙམ་གྱིས། །
རྨོངས་པའི་རྩ་བ་དྲུང་ནས་འབྱིན་མི་ནུས། །
བོད་འདི་རིང་ནས་གཉིད་དུ་ཡུར་བ་ལ། །
དལ་བུར་སད་ལ་ཁད་དུ་ངས་མ་མཐོང་། །
འཇིག་རྟེན་དུས་ཀྱི་ཉི་མའི་ཉིན་རྒྱབ་ན། །
གཉིད་ལས་ལང་ཡང་ཕྱིས་བ་ཁོ་ན་ཉིད། །
བདག་ནི་མི་རིགས་འདི་ལ་རེ་ཟད། །
རྒུད་པ་རྒུད་དུ་འགྲོ་བ་ལས་མ་མཐོང་། །
ངལ་བས་ཁྱོད་ཀྱིས་ཁུར་བའི་ལས་དང་འགན། །
བློ་སྟོབས་འདི་ཡང་ཅིའི་ཕྱིར་ངོ་མཚར་རྨད། །
ཟུངས་ཟད་ནད་པ་འཆི་བའི་མཚམས་འདི་ལ། །
ཇི་ཙམ་རེ་བ་ཆེ་ལུགས་དེ་ཙམ་གྱིས། །
བློ་གྲོས་མི་ལྡན་ཉམས་སུ་མྱོང་བ་ཉུང་། །
ཀླད་མེད་ལྐུགས་པའི་བུ་རུ་གདོན་མི་ཟ། །
ན་སོ་ཆུང་ཆུང་ལས་གཞན་མེད་པ་ཞིག །
མི་རིགས་བདེ་དོན་དོན་དུ་གཉེར་ཟེར་བ། །
ཁ་ཕོ་ཕོ་སྒྲོབ་ཆེ་ལུགས་དེར་ལྟས་ན། །
ཁམས་པའི་རིགས་ལས་ཆད་པ་ཡིན་ས་རེད། །
དེ་འདྲ་མིན་ན་དགོངས་པ་མ་ཚོམ་རོགས། །
ཚོམ་ཡང་བྱ་ཐབས་ཧ་ལམ་མི་འདུག་པས། །
ལེབ་ཀྲོབ་ངོས་ལ་ཁུ་ཚུར་ཞུ་ཡང་རུང་། །
ས་ལ་རྡེབ་པ་གང་དགྱེས་གང་འགབ་མཛོད། །
བསོད་ནམས་ཚེ་ཡི་འཕེན་པ་ཟད་པ་ལ།།
འཆི་མེད་བདུད་རྩིས་སོས་པའི་རེ་མེད་ཀྱང་།།
གསར་སྐྱེས་རིགས་ཀྱི་མྱུ་གུའི་ལང་ཚོ་ལ །།
སད་ཀྱིས་གནོད་པ་བྱུང་དོགས་འགོག་པ་ཙམ །།
ཁམས་དབུས་གང་དུ་གཏོགས་ཀྱང་གདོང་དམར་རིགས །།
བྱང་བརྒྱུད་རྩ་ཐང་ལྟེ་ཁྲག་འཐོར་བའི་ས །།
ཧོར་པའི་བུ་ངའི་མ་གསང་བདེན་པའི་གཏམ།།
གསལ་བར་བཤད་པ་ཤེས་དགའི་དགྱེས་སྟོན་མཛོད།།
བྱང་སྐྱེས་ཧོལ་རྒྱུག་ཚ་བ་ཧོར་གྱི་བུ། །
རྟོག་སད་མཁས་པའི་གྲལ་དུ་འཚང་བ་ཞིག །
བཙན་གྱིས་ཕ་ཡུལ་འཕྲུལ་གྱི་ཐང་ཆེན་ན། །
འགྲོས་བཟང་ཅང་ཤེས་ཡིན་ཟེར་རྒྱུག་གྱིན་འདུག །
ནམ་ལང་ཉི་མ་ཤར་ནས་གདུགས་ཚོད་རན། །
ད་བར་རང་ཉིད་གཉིད་དུ་ཡུར་པ་ལ། །
རྨོངས་པ་འདི་ཚོ་ད་དུང་ཉལ་འདུག་ཟེར། །
སད་པ་ཙམ་གྱི་གཤེ་བ་འདི་ཀོ་ཅི། །
ཡོངས་སུ་གྲགས་པའི་གཏམ་འདི་ཅི་ལ་ཟློས། །
ཕྱི་རབས་ཟེར་ནས་སྨྲེང་གླུ་ཅི་ལ་ལེན། །
སྐྱོན་དང་ཡོན་ཏན་མི་དང་དྲི་མ་བཞིན། །
གནའ་ཡང་ཡོད་ལ་ཕྱིས་ཀྱང་གཉིད་ཀ་འབྱུང་། །
འུ་ཚོས་བལྟས་ན་འོ་སྐོལ་ཕ་མ་བླུན། །
ཕ་མས་བལྟས་ན་བུ་དང་ཚ་བོ་བླུན། །
འཇིག་རྟེན་ཁྱོད་འཁྲུལ་ང་འཁྲུལ་ཟེར་ཟེར་ནས། །
དོན་དུ་ཐམས་ཅད་འཁྲུལ་བ་མཁྱེན་པར་མཛོད། །
རང་གི་ལས་དེ་ཧུར་ཐག་བྱེད་ལ་ལས། །
ཁ་བརྡ་བསླབ་བྱས་གཞན་ལ་མི་ཕན་ཞེས། །
ཉམས་མྱོང་མང་པོ་ནོར་བཞིན་བསགས་པ་ཡི། །
སྨྱུག་འཛིན་རྒན་པོའི་ཟེར་བའི་ཁ་ལ་ཉོན། །
ཨ་པོ་ཧོར་རང་རེད་འདུག
བློ་གྲོས་མེད་ན་རང་ལ་ཡིད་ཆད་འགྱུར།།
ཐབས་ལ་མཁས་ན་གཞན་ལའང་སྤྲོ་བས་འཇུག།
རང་ཉིད་མི་རིགས་རིག་གཞུང་གསུམ་པོ་དེ།།
བཟང་ངན་གཉིས་ཀ་སྲུང་བ་དམ་པའི་ལུགས།།
རྩོམ་ཡིག་དེ་བཀླགས་བཞག་ཡོད། སྙན་པོ་བྱུང་འདུག
ལོ་མང་གོང་དུ་དོར་ཤུལ་རྒྱ་མཚོ་ཞེས། །
ས་ཆེན་འདི་ན་སྔོན་མ་མ་གྲགས་པའི། །
ཁྱི་རྒན་སེང་གེའི་སྤགས་པ་ཅན་ཞིག་གིས། །
རྡ་སའི་སྨྱུག་ཐོགས་ཡོངས་ཀྱི་མགོ་བོ་སྨད། །
གོང་གི་དེ་འདིར་མིན། ལག་འཛོལ་ཤོར་ནས་འདི་རུ་བྲིས་ཞག ། དགོངས་དག །