འབྲུག་རྒྱལ་གྱི་གསུང་བཤད་ཅིག Posted on 2013-07-282013-07-28 By ཁ་བརྡ་ 60 Comments on འབྲུག་རྒྱལ་གྱི་གསུང་བཤད་ཅིག གསར་འགྱུར།
འབྲུག་རྒྱལ་གྱི་བོད་སྐད་དྭངས་མ་གསུངས་བྱུང་། ཨོ་མ་རེད། འབྲུག་སྐད་གསུངས་བྱུང་། འོན་ཀྱང་ངས་ཆ་ཚང་བ་གོ་གི་འདུག ད་ཡིན་ན་གཞུང་རྩིས་སྤྲོད་གནང་བའི་དུས་ལ་བབས་ཡོད་པ་ཚང་མས་མཁྱེན་ཡོད་པ་འདྲ། ངོ་མ་ཡག་བྱུང་། དེ་མིན་དམངས་ཚོགས་རང་བཞིན་གྱིས་ངོ་རྒོལ་བྱས་ཏེ་གཞུང་འཕྲོག་བཞག་ན་ངོ་མེད་ཤུལ་མེད་རེད་པ། འབྲུག་རྒྱལ་གྱི་གཞུང་མི་དམངས་རྩིས་གནང་བར་བཀའ་དྲིན་ཆེ།
འབྲུག་རྒྱལ་གྱི་གཤམ་འོག་གི་ལས་བྱེད་ཚོའི་སྡོད་སྟངས་ལ་གཞིགས་ཚེ་དམངས་གཙོ་ཚད་ལྡན་ཞིག་ཨེ་ཡོད་བསམ་ཡོང་མོད། རང་ཐག་རང་གིས་གཅོད་ཀྱིན། རང་ས་རང་གིས་སྲུང་གིན། རང་ལུགས་རང་གིས་སྐྱོང་གིན་སོགས་བྱས་ཏེ་རྒྱལ་ཁབ་གཞན་སུ་ལ་ཡང་རེ་ལྟོས་མེད་པར་རང་བཙན་གཙང་མའི་ངང་གནས་པ་ནི་ཧ་ཅང་གི་ཡིད་སྨོན་འཆོར་དགོས་པ་ཞིག་འདུག ད་དུང་བོད་སྐད་ཡིག་གིས་བརྒྱ་ཆའི་གང་མཐོ་ཟིན་པའི་རྫོང་སྐད་འདི་སྲུང་སྐྱོབ་གང་ལེགས་ངང་གཞུང་སའི་ལས་དོན་ཅི་རིགས་ཐད་དེ་བེད་སྤྱོད་གཙོ་ཆེ་བྱེད་ཀྱིན་པ་ནི། རྡ་སའི་ལས་སྣེ་སྟོང་སྐད་ཅན་ཚོའི་སྦྲགས་སྐད་དང་གཏན་ནས་མ་འདྲ་བ་ཞིག་ཏུ་མཐོང་སོང་། གང་ལྟར་བོད་ཆེ་ཆུང་ལ་མ་ལྟོས་པར་བོད་ཀྱིས་འབྲུག་ཡུལ་ཆུང་ཆུང་འདི་ལ་ཡང་དོ་ཟླ་མ་ཡོང་བ་དངོས་འབྲེལ་རེད།
འབྲུག་རྒྱལ་པོའི་གཞུང་དེར་ཡིད་སྨོན་ཤོར། ། འབྲུག་རང་བྱུང་ཡུལ་ལྗོངས་ཡིད་སྨོན། ། འབྲུག་བུ་མོའི་གཤིས་ཀར་ཡིད་སྨོན་ཤོར། ། འབྲུག་དཔའ་སྙིང་དེར་ཡང་ཡིད་སྨོན་ཤོར། །
ཧ་ལམ་གོ་བྱུང་་་འབྲུག་སྐད་དང་རྒྱ་མོ་ཚ་བ་རིང་གི་སྐད་གཉིས་གཅིག་སེ་འདུག་ག ཐེངས་ཁ་ཤས་ཉན་ན་ཚང་མ་གོ་འགྲོ་ས་རེད་བསམ་བསམ་འདུག བཟོད་རྒྱམ་ལགས་ཀྱིས་་་འབྲུག་སྐད་གོ་གི་ཡོད་ཀི་ཡོད་མེད་མི་ཤེས་ཏེ་་་་ལ་དྭགས་པའི་སྐད་ཕར་ཆེར་གོ་གི་ཡོད་ཚོད་འདུག
འབྲུག་རྒྱལ་འདིས་བསམ་བློ་གུ་ཡངས་པོའི་ཐོག་དམངས་གཙོ་གནང་བ་ལ་རྗེས་སུ་ཡི་རང་ཡོད། ལྷག་པར་དུ་ས་ཁུལ་འདི་འདྲ་ཆུང་ཆུང་ཞིག་གིས་ཀྱང་རང་གི་རྒྱལ་ཁབ་ཀྱི་རང་བཙན་ཤོར་དུ་མ་བཅུགས་པར་འཛིན་ཐུབ་པ་འདི་ལ་ཡིད་སྨོན་ཤོར་སོང་ལ།མ་ཟད་ལོ་གཞོན་ན་ཡང་འབྲུག་སྐད་ནང་ངྷ་སའི་སྐུ་ངོ་ཚོ་བཞིན་དབྱིན་སྐད་མ་བསྲེས་བར་ཤར་མར་བཤད་པ་འདི་དེ་བས་ཀྱང་ཡིད་སྨོན་ཤོར་སོང་།
ཆ་ཚང་ཉན་པ་ཡིན། དབྱིན་ཇི་ནས་མང་པོ་བཞུགས་སྐད་ཐོས། འོན་ཀྱང་གཏམ་དཔྱད་ནང་དུ་དབྱིན་སྐད་གཅིག་ཀྱང་བསྲེས་མ་སོང་། འདི་བོད་གཞུང་གི་ལས་བྱེད་ལས་ཁྱད་པར་དུ་འཕགས། ཟམ་གདོང་བཀའ་ཤག་ཡིན་དུས་དབྱིན་སྐད་དང་རྒྱ་གར་སྐད་བོད་སྐད་དཀྲུགས་མའི་གཏམ་བཤད་ཡིན་ཡིན་པ་འདྲ་བོ་རེད། དེ་བཞིན་དུ་སེངྒེས་ནི་བོད་སྐད་ཡག་པོ་བཤད་མི་ཤེས་པ་གཤམ་ཡོད་པ་དེ་རེད། དེ་བཞིན་དུ་གཏམ་བཤད་གཙོ་བོ་འགའ་འདུག སྔ་མའི་འཐུས་མི་རྙིང་པར་བརྩི་བཀུར་ཆེན་པོ་བྱེད་ཀྱི་འདུག དེ་བཞིན་དུ་ཁྲིམས་ལུགས་གཙོར་འདོན་བྱེད་མཁན་ཅིག་མཐོང་སོང་།
འབྲུག་རྒྱལ་ཁོང་ལ་ཡིད་སྨོན་ཤོར་ས་དེ་ནི་ཁོང་གིས་བོད་སྐད་གཙང་མ་དང་དཱངས་མ་སྐྱོན་པ་ཞིག་ལ་ཐ་ནེ་ཐུ་ནེ་མེད་པ་འདེངས་སྤོབ་ཆེན་པོས་སྐྱོན་སོང་བ། ང་ཚོའི་འགོ་ཁྲིད་ཚོས་གཟིགས་ན་ངོ་ཚ་དགོས་པ་ཞིག་རེད། དགུང་ལོ་གཞོན་གཞོན་ཁོང་བོད་སྐད་གཙང་མ་སྐྱོན་པ་དེ་ལྟར་ང་ཚོའི་འགོ་ཁྲིད་ཚོས་སློབ་སྦྱོང་བྱ་དགོས་པ་མཐོང།
འབྲུག་པའི་རྒྱལ་པོ་དང་། རྒྱལ་ཁབ་རྟག་ཏུ་རྒྱལ་གྱུར་ཅིག ཞར་དུ་མང་པོ་ཞིག་གིས་དྷ་སའི་མགོ་འཛིན་རྣམས་མི་འགྲིག་པའི་སྐོར་མང་པོས་བྲིས། འདི་འགྲིག་མི་འགྲིག་ཅེས་ཐ་སྙད་སྣ་ཚོགས་པ་ཡོད་པ་དེ་དག་ལ་རྣམ་དཔྱོད་བྱེད་ན། སོ་སོའི་བློ་གྲོས་རྒྱལ་པ་ལ་ཕན། འབྲུག་པ་གྲལ་དུ་འཁོད་པ་རྣམས་ཀྱིས་རྒྱལ་པོ་ལ་གུས་བཀུར་བྱེད་པ་མཐོང་ནས། རྒྱལ་པོ་དེ་ལ་བླ་མའི་འདུ་ཤེས་ཡོད་པ་མ་བརླགས་པར་སྐྱོང་བས། འབྲུག་རྒྱལ་ཁབ་བརྟན་པོ་ཆགས་ཐུབ་པ་ཡིན་འདུག དེ་མིན་མི་མངས་ལ་སློབ་སྦྱོང་མེད་པར་འདྲ་འདྲ་མཉམ་མཉམ་བརྩིས་པ་ཡིན་ན། འབྲུག་རྒྱལ་ཁབ་ཆེན་པོ་གཉིས་བར་ན། རང་དབང་དུ་གནས་ཐུབ་པར་དཀའ། འབྲས་ལྗོངས་ཀྱང་འབྲུག་པ་བཞིན་ཡིན་པ་ལས། མི་མངས་ཀྱིས་རྒྱལ་པོ་ལ་མ་བརྩིས་པས་རྒྱ་གར་གྱིས་ཐེ་བྱུས་མི་བྱེད་རང་བྱེད་བྱུང་། ལ་དྭགས་པའི་ཁ་སྐད་ར་མ་ལུག་འདྲེས་པ་ལྟ་བུ་གཙང་མ་ཞིག་མེད། ངས་ཁྱེད་ཚོ་ལྟར་ལ་དྭགས་ཁ་སྐད་བེད་སྤྱོད་བཏང་ན་། ཁྱོད་ཚོས་མིང་ཚིག་མང་པོ་མི་གོ་བ་ཐག་ཆོད། ལ་དྭགས་ཕལ་སྐད་ལ་བྲིས་པའི་གསར་ཤོག་ཅིག་༧་སྐུ་མདུན་གྱིས་གཟིགས་ཏེ། འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག ཅེས་གསུངས་པའི་ལན་དུ། ལ་དྭགས་པ་ཞིག་གིས་ང་ཅག་གིས། རེད། མ་རེད། ཟེར་བ་ཡང་མི་གོ་བ་འདུག་ ཅེས་ཞུས་པ་ཐོས་སོ།
འབྲུག་གི་མགོ་ཁྲིད་མཐོ་ཤོས་ཀྱིས་བོད་སྐད་རྒྱབ་ན་རང་གི་རྒྱལ་ཁབ་ལ མཐོང་ཆུང་རེད། ངའི་བསམ་པར་༧མི་དབང་མངའ་བདག་རིན་པོ་ཆེས་རང་སྐད་དམ་འབྲུག་སྐད་གཙང་མ་སྐྱོན་སོང་།
ལོས་ཡིན། ཆེ་ཆུང་མ་གཏོགས་རྒྱལ་ཁབ་ཞིག་གི་རྒྱལ་པོ་ཡིན་དུས་མ་འདྲ་བ་ཞིག་དགོས་རེད་པ། གཞོན་སྐྱེས་ཚོ་ལ་མིག་དཔེ་བཟང་པོ་ཞིག་འདུག །རྒྱལ་པོ་ཡབ་སྲས་སྐུ་ཚེ་བརྟན་པར་ཤོག།
འབྲུག་རྒྱལ་དོར་མ་ཐུང་ཐུང་ཅན་ཕོ་གསར་sexyའདི་ཚོས་གྲུང་གྲུང་མ་བྱས་ན་རྒྱ་གར་ནག་གཉིས་ཀའི་བར་ཏུ་སེན་མོའི་བར་གྱི་ཤིག་བཅུར་བཅུར་བྱ་རྒྱུ་རེད།
འབྲུག་དང་ལ་དྭགས་པ་ཚོས་འབྲུག་སྐད་དང་ཀ་དྭགས་ཀྱི་སྐད་མ་ཡི་གེ་ཡང་འབྲི་བཞིན་ཡོད་ཁུལ་རེད་མོད། དོན་གྱིས་བོད་སྐད་བོད་ཡིག་ལས་མ་འདས་པ་སུས་བསྙོད་འདང་བར་ནུས་སམ། དེས་ན། ཁམས་པའི་སྐད་དང་ཨ་མདོའི་སྐད། མངའ་རུས་ཀྱི་སྐད་སོགས་ཀྱང་བོད་སྐད་མིན་ལ་ཡི་གེ་ཡང་བོད་ཡིག་ཟེར་ནུས་སམ། ངས་བསམ་ན་འདི་ཚོ་ཚང་མ་དེང་སང་དགོས་དབང་གིས་རང་རང་སོ་སོར་བསྒར་ནས་ཡོད་པས་ན། དེ་ལྟར་དུ་འདོད་ཀྱང་དོན་ལ་བོད་སྐད་དང་བོད་ཡིག་མ་འདས་པ་བསྙོན་མི་ནུས། སྐད་ཡིག་གི་མིའི་ཟ་སྐོར་འཐུང་སྐོར་ཙམ་ཁོ་ན་མིན་ལ། རིག་གཞུང་ནི་དེ་བས་ཀྱང་ཟ་འཐུང་གི་སྐོར་རམ་ཁྱབ་ཁོངས་ཁོ་ནས་མཚོན་མི་ནུས་པའི་མེ་ཏོག་དཀར་པོ་སོགས་ཀྱིས་སྐད་མ་རྒྱགས་རོགས། རིག་གཞུང་དང་ཡུལ་གོམ་སྤྱིའི་ཆ་ནས་གཟིགས་ཐུབ་པ་བྱ་རོགས་སྙིང་ནས་ཞུ། ཡུལ་བྱེ་བྲག་པའི་ལོག་སྐད་དང་གོམ་སྲོལ་ཐན་ཐུན་རེ་བོད་གངས་ཅན་ཡོངས་ན་མི་འདྲ་བ་ཁྲི་འབུམ་ཡོད་པས་ན། དེ་ཚོ་དགོས་དབང་དུ་སྤྱད་དེ་ཚང་མ་སོ་སོ་བ་ཡིན་པར་བསྙོན་མ་འདང་རོགས་ཞུ།
འབྲུག་རྒྱལ་གྱི་དབང་ཆ་འཐུས་མིའིི་ཚོགས་པ་ལ་སྤྲོད་པའི་བར་བརྒལ་ལྟ་བུའི་དུས་སྐབས་འདིར་རྒྱ་ནག་གིས་ཏག་ཏག་གོ་སྐབས་བཟུང་ནས་་མཚམས་ལ་ཚུར་འཛུལ། ས་མཚམས་ནས་ས་ཁ་གེ་ཁུག་གེ་དུམ་བུ་མང་པོ་ཞིག་རྒྱ་ནག་ལ་ཤོར་འདུག རྒྱ་དཔོན་ལ་ཐུག་འཕྲད་ཅིག་བྱས། རྒྱ་གར་གཞུང་གིས་བཀའ་བཀྱོན་བཏང་། ངའི་གྲོགས་པོ་འབྲུག་པ་མཁས་པ་ཁ་ཤས་ཀྱིས་རྒྱ་གར་ནག་གཉིས་ཀའི་གཅིག་བདམས་དགོས་བྱུང་ན་རྒྱ་གར་བདམས་ན་དགའ་ས་རེད་ཟེར་གི་འདུག
སྔར་བོད་རང་བཙན་གཙང་མ་ཡིན་པ་་ལ་ཤོད་མི་དགོས་པ་ལ། བོད་རྒྱ་ནག་ཆ་ཤས་རེད་ཟེར་འདོད་ན། འབྲུག་དང་ལ་དྭགས་སོགས་ཀྱང་། རྒྱ་ནག་གི་ཆ་ཤས་རེད་དོ།། །།
འབྲུག་སྐད་གཙང་མ་བརྒྱབ་ལ། བོད་སྐད་གཙང་མ་རྒྱག་པ་མི་ཟེར་ན། ཨམ་དང་། ཁམས་སྐད་གཙང་མ་རྒྱག་པ་ལ་ཡང་། བོད་སྐད་གཙང་མ་བརྒྱབ་པ་མ་ཡིན་པར་མི་ཐལ་ལམ། མེ་དཀར་ལགས།
འབྲུག་གི་མི་འབོར་སྟོང་ཕྲག་བདུན་ཅུ་ཙམ་ལས་མེད་ཅེས་གོ་སོང་། དེའི་ནང་ནས་བརྒྱ་ཆ་སུམ་ཅུ་ལྷག་ནི། བལ་པོའི་རིགས་རེད་ཟེར། སོག་རིགས་མི་འབོར་ས་ཡ་གཉིས་ལྷག་ལས་མེད་ཟེར། བོད་རིགས་མི་སེར་ས་ཡ་དྲུག་ཡོད་པ་ལ། ཁྱི་མཚེས་བལ་པོའི་མི་སེར་ས་ཡ་ཉེར་བརྒྱད་བརྒལ་བ་ཡོད་པ་འདྲ། ང་ཚོ་ཚང་མ་བསྡོམས་ནས་རྒྱལ་ཁབ་གཅིག་ཆགས་ན་ཧང་སང་རྒྱུ་མི་འདུག་སྙམ་ལགས་ན། ངས་བཤད་པ་འདི་བརྒྱ་ཕྲག་ཉེར་གཅིག་གི་དུས་རབས་འདི་ལ། བདེན་མ་རེད་པེ། ལགས།
ད་ཡག་བྱུང་། འབྲུག་དམངས་གཙོར་འགྱུར་རྗེས་སུ་འབྲུག་ཟེར་བའི་མིང་དེ་བརྗེ་དགོས་ཀྱི་འདུག འབྲུག་ཟེར་བའི་མིང་དེ་ཧ་ཅང་གི་ཐབས་སྡུག་ཅིག་རེད། ༡ འབྲུག་ཟེར་བའི་མིང་དེ་ཡུལ་འདི་ལ་ཐོགས་པ་ནི་དུས་རབས་བཅུ་བདུན་པ་ཡན་ལ་འགྲོ་མི་ཐུབ་པས་ཡུལ་འདིའི་ལོ་རྒྱུས་མཚོན་ཐུབ་པའི་མིང་ཞིག་མ་རེད། ཡུལ་འདི་ལ་གནའ་སྔ་མོའི་དུས་སུ་ལྷོ་མོན་གྱི་ཡུལ་ཟེར་བའི་ཆ་ཤས་ཤིག་རེད། ༢ འབྲུག་ཟེར་བའི་སྲོག་ཆགས་དེའི་གཟུགས་བཟོ་སྲོལ་བོད་ལ་ཡང་ཡོད་མོད་གཙོ་བོར་རྒྱ་ནག་གི་མཚོན་བྱེད་ཡིན་པ་མ་གཏོགས་ཡུལ་འདི་ལ་འབྲེལ་བ་མི་འདུག་པས་དེ་ལ་ཁ་གཡར་ནས་ཉིན་ཞིག་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་ཉེན་ཁ་འདུག ༣ འབྲུག་པ་ཟེར་བའི་ཆོས་ལུགས་ཀྱི་ཆ་ནས་བཏགས་ན་ཆོས་ལུགས་བྱེ་བྲག་པ་ཞིག་གི་མིང་ཡུལ་ལུང་སྤྱི་ལ་བཏགས་ན་ཕྱོགས་རིས་ཀྱི་ཆེན་པོ་ཆགས་པ་རེད། འབྲུག་ཆེན་ངག་དབང་རྣམ་རྒྱལ་ཁོང་ཚོ་ནི་འབྲུག་ལ་བཙན་འཛུལ་བྱེད་མཁན་གྱི་བོད་མི་ཚོགས་ཁག་ཅིག་ཡིན་པ་མ་གཏོགས་ཡུལ་འདིའི་མི་ཞིག་ཀྱང་མིན་པས་ཉིན་ཞིག་རྒྱ་ནག་གིས་ང་ཚོའི་མིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཡོད་ཟེར་ནས་སྙད་རྐོ་སྲིད་པ་རེད།
ངས་ཐིམ་ཕུག་ལ་ཇུས་གཏོགས་བྱེད་ཡོང་བསམ་ནས་སྐྲག་མི་དགོས། ཡིན་ན་ཡང་ཐིམ་ཕུག་ལ་ཇུས་གཏོགས་རྒྱ་གར་ནག་གཉིས་ཀས་བྱེད་ས་རེད་ཟེར་གི་ཡོད།
སྔོན་མ་ལོ་ངོ་དྲུག་ཅུ་ལྷག་གོང་དུ། གཙང་དུ་ཤོ་རྒྱབ་པ་དག་གིས་སྐད་ཤུགས་ཆེན་པོས། འབྲུག་པ་བལ་པོའི་གཡོག་པོ་ཡིན། ཟེར་བ་ཐོས། དོན་དག་ཅི་ཡིན་ད་བར་དུ་མ་ཤེས། དིང་སང་བལ་པོའི་རྒྱལ་ཁབ་དང་། འབྲུག་པའི་རྒྱལ་ཁབ་གཉིས་སྡུར་ན། གཟི་རྗིད་ལ་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུ་ཞིག་མི་འདུག་གམ། རྒྱུ་མཚན་གང་ལས་བྱུང་ཤེས་དགོས་པ་གལ་ཆེ་བར་མཐོང་ངོ་།
འབྲུག་རྒྱལ་བོས་འབྲུག་སྐད་གཙང་མ་བརྒྱབ་པ་དེ་ཡག་པོ་རེད་ལ། དྲྭ་གྲོགས་ཚོས་ཀྱང་དགའ་བསུ་བྱེད་ཀྱིན་ཡོད་པ་འདྲ། འབྲུག་སྐད་འདི་བོད་སྐད་ཡིན་མིན་ལ་དཔྱད་པ་དུས་ཚོད་ཀྱི་དབང་གིས་འོས་འཚམས་ཤིག་མིན་སྙམ། ལོ་རྒྱུས་རིང་བ་དང་རྙོག་འཛང་སྣེ་མང་གི་རང་བཞིན་ཅན་’འདིར་དཔྱད་ནས་ཕན་ལས་གནོད་ཆེ་མི་སྲིད་པ་ཞིག་མ་རེད། རྒྱལ་བོ་འདིས་འབྲུག་སྐད་བརྒྱབ་པ་དང་དེ་ཡང་གཙང་མ་བརྒྱབ་པ་ཡིན་ཤས་ཆེ། དེ་ལ་ཧང་སང་བ་མི་འདུག་སྙམ། གང་ཡིན་ཟེར་ན་དེ་ནི་གཏམ་བཤད་ཐུང་ངུ་ཞིག་རེད། དེ་ནི་འབྲུག་པ་སྤྱི་ཡོངས་ཀྱི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད་རེད། འབྲུག་གཞུང་དང་ཡིག་ཆ་དང་སློབ་གྲྭ་ཆེ་ཆུང་ཁག་གི་སློབ་གཞི་སློབ་ཚན་ག་རེ་རེད། དེའི་སྟེང་ནས་འབྲུག་རྒྱལ་བོ་འདིས་འཇོན་ཐང་ཅི་ཞིག་བཞག་འདུག ་དེ་ཡང་བསམ་བློ་གཏོང་རིན་མེད་པ་ཞིག་མ་རེད་སྙམ། ངས་གོ་བ་ལ་འབྲུག་སྤྱི་ཡོངས་ཀྱི་ཡི་གེ་དེ་དབྱིན་ཇི་ཡིན་པ་འདྲ། ངའི་དྲྭ་གྲོགས་ཁྲོད་འབྲུག་པའི་མཐོ་སློབ་མི་བརྒྱ་ལྷག་ཅིག་ཡོད། ཁོ་ཚོའི་ནང་ན་བོད་ཡིག་གམ་འབྲུག་ཡིག་སྟེ་བྷོ་ཡིག་བེད་སྤྱོད་བྱེད་ཐུབ་མཁན་གཉིས་མ་གཏོགས་མེད། དགེ་རྒན་བུ་མོ་ཞིག་དང་སློབ་མ་བུ་མོ་ཞིག་གཉིས་ཡོད། ངས་བོད་ཡིག་བོད་ཡིག་ལབ་པའི་རྐྱེན་གྱིས་སློབ་མ་བུ་མོ་དེ་དང་ངེད་གཉིས་ཀྱི་གཏམ་གླེང་རྒྱུན་ཆད་ནས་ཟླ་འགའ་ཤས་ཡིན། དགེ་རྒན་བུ་མོ་དེའི་སྐོར་ད་རེ་བཤད་ཀྱི་མིན། ཐེངས་ཅིག་ང་འབྲུག་ལ་འགྲོ་དུས་ལས་ཁུང་ཕལ་ཆེ་པས་ནེ་པ་ལའི་སྐད་བརྒྱག་གི་འདུག ནེ་པ་ལའི་སྐད་ཤེས་ན་འབྲུག་ལ་ཆམ་ཉུལ་བྱེད་དགོས་ཀྱང་དཀའ་ངལ་མི་འདུག་བསམ་པ་ཞིག་ཡིད་ལ་འཁོར་མྱོང་། ངའི་སློབ་ཕྲུག་ཚོས་བཤད་ན་ད་དུང་འབྲུག་པ་ཤར་ཕྱོགས་པ་ཞིག་ཡོད་པས་ཁོ་ཚོས་ཕན་ཚུན་ལ་སྐད་ཆ་བཤད་ཀྱང་མི་གོ་ཟེར། དེ་ན་འབྲུག་རྒྱལ་བོའི་སྐད་ཆ་འདི་འབྲུག་པ་ཡོངས་རྫོགས་ཀྱི་གོ་ཐུབ་མིན་ཐེ་ཚོམ་རེད།
སེམས་ཁྲལ་མེད་པའི་སེམས་ཁྲལ། འབྲུག་ནང་རང་གི་གནའ་རྫས་མང་པར་བཅོས་གྱུར་གཏོང་བཞིན་ཡོད། མཐའ་ན་རྫོང་ཁ་སྐད་ཡིག་དེ་ཡང་གྱུར་བཅོས་དགོས་པར་ལབ་གླེང་ཤུགས་ཆེར་བྱས་བཞིན་ཡོད། ཆོས་ལུགས་ཡར་རྒྱས་གཏོང་བར་ནུས་པ་ཆ་ཚང་ཡོད་རུང་། དེ་ཡང་ནུབ་རི་ལ་འཕེབ་བསུ་ཞུ་བཞིན་ཡོད། རང་དབང་མེད་པའི་མི་ཞིག་གི་རང་བཙན་ཡོད་པ་ལ་ཐུགས་ཁྲལ་མི་དགོས་ལ། རེ་བ་ཡང་དེ་ཙམ་མ་གནང་། ཇུས་གཏོགས་མེད་ན་དེ་བས་བཟང་།
དཔྱད་པ་གཏོང་བ་ནི་འགྲོ་བ་མིའི་རིགས་ཀྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཅིག་ཡིན་པས་ རྣམ་དཔྱོད་ཀྱི་སྒོ་བཀག་ན་ དེ་ནི་འགྲིག་ལ་འོས་ཞིང་འཚམས་པ་ཞིག་གཏན་ནས་མིན་སྙམ།
དགེ་འདུན་རྒྱ་མཚོ་ལགས། ཁྱེད་བདེན། ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། ངའི་མཆན་ཐུང་དེ་ཡང་ཁྱེད་བཞིན་ལབ་འདོད་པ་རེད། གོང་དུ་མ་ཤེས་པ་རིགས་གཅིག་ནས་སེམས་ཁྲལ་ཚ་མདོག་སྟོན་དུ། ཧ་ལམ་འབྲུག་པས་ཤེས་ཀྱིས་མེད་པ་བཟོ་འདྲ་པོ།
སྟོད་ལ་དྭགས་ནས་སྨད་དར་རྩེ་མདོ་ཡན་ཆོད་ཚང་མའི་སྐད་དག་བོད་སྐད་རེད། ད་དུང་ད་ལྟ་རྒྱ་གར་གཞུང་གི་མི་ཁུངས་སུ་ཡོད་པ། ཟངས་དཀར། གར་ཞྭ། སྤི་ཏི། འབྲས་ལྗོངས་དང་ཨ་སམ་མོན་བཅས་ཚང་མ་བོད་སྐད་རེད། ཛམ་གླིང་སྐད་རིག་པའི་ཞིབ་འཇུག་པའི་བོད་སྐད་དང་ཁྱིམ་ཚང་གཅིག་པའི་སྐད་ལ་ཡུལ་འབར་Burmaམའི་སྐད་དེ་མ་གཏོགས་མེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་པ་འདྲ། དེས་ན་འབྲུག་སྐད་ཀྱང་བོད་སྐད་ཡིན་པ་ལ་རྩོད་ཡོད་མ་རེད། ༥༩སྔོན་ལ་བོད་ཀྱི་ནང་ཆོས་དར་ས་གཉིས་སྟེ། བོད་བྱང་ཕྱོགས་སུ་སོག་སྐད་དང་། བོད་ནུབ་ཕྱོགས་སུ་ཁུ་ནུའི་སྐད་བོད་སྐད་མིན་པ་འདྲ་སྙམ་མོ།། །།
དགེ་འདུན་རྒྱ་མཚོས་བསམ་ཚུལ་ཡག་པོ་ཞིག་གསུངས་འདུག འོན་ཀྱང་འབྲུག་པ་ཚོས་ཁོང་ཚོའི་ཡི་གེ་ལ་རྫོངས་དཀར་ཡི་གེ་ཟེར་སྲོལ་ཡོད་པ་ཞིག་གོ་ཐོས་བྱུང་། གང་ལྟར་བོད་པ་དང་འབྲུག་པ་གཉིས་ཀའི་ཡི་གེའི་འགྲོ་ལུགས་གཅིག་པ་ཡིན་པས་གཉིས་ཀས་སོ་སོའི་ས་ནས་བདག་པོ་ཡག་པོ་བརྒྱབ་ན་མིང་ག་རེ་དག་ནའང་ཁྱད་པར་མི་འདུག་སྙམ།
བོད་ནང་ལ་ཡང་། བོད་ནུབ་ཕྱོགས་ནུབ་ལ་དྭགས་ནས་དབུས་གཙང་སྐད་ལ་བོད་སྐད་དང་། གཞན་པ་ཚོས་ཨམ་སྐད་དང་ཁམས་སྐད་ཟེར་སྲོལ་ལས་བོད་སྐད་རང་མི་ཟེར། འབྲུག་སྐད་ལ་རང་ཡུལ་དུ་རྗོང་ཁའི་སྐད་ཡིག་ཟེར་བ་དང་། རྒྱ་གར་བྱང་ཕྱོགས་ཧི་མ་ལྰ་ཡ་ནང་ལ་བྷོ་ཊིའི་སྐད་ཟེར་བ་དང་། འབྲས་ལྗོངས་དང་བལ་པོའི་ས་མཚམས་སོགས་སུ་བོད་སྐད་ལ་བྷུ་ཊི་ཡའི་སྐད་ཡིག་ཀྱང་ཟེར་སྲོལ་འདུག
འབྲུག་སྐད་བོད་སྐད་ཡིན་ཁུངས་ནི། འབྲུག་རྒྱལ་ཁོང་གིས། ང་ཚོ་། ལ་ ང་ཆ་ཟེར་བ་འདིས་ཀྱང་རིགས་པས་བསྒྲུབས་པ་རེད།
བོད་ཡིག་དག་པོ་བརྒྱབ་ན་དའ་ཤིན་ཏུ་ནས་བཟང་རུང་། གོ་ཐོས་ལ་དེ་འདྲ་ཡིན་བཟོ་མི་འདུག རྫོང་ཁ་ཞེས་ ཁ་ཡིག་ནང་སྐད་ཡིག་བསྡུས་ནས་བསྟན་པ་རེད་གསུངས་ཀྱི་འདུག རྫོང་ཁའི་སྐད་ཡིག་ལབ་ན་ཟློས་པ་ཡིན་ས་རེད། རྫོང་ཁ་ཙམ་ལབ་ན་འགྲིག་པ་འདྲ།
འབྲུག་རྒྱལ་པོའི་སྐུ་ཚེ་རིང་བར་ཤོག། འབྲུག་རྒྱལ་མོའི་བསམ་དོན་འགྲུབ་པར་ཤོག། འབྲུག་སྲིད་བློན་མངའ་ཐང་རྒྱས་པར་ཤོག། འབྲུག་ཡུལ་མིར་བདེ་སྐྱིད་འཛོམས་པར་ཤོག། བོན་གཡུང་དྲུང་བསྟན་པ་དར་བར་ཤོག། མ་སྲིད་རྒྱལ་དབྱིངས་ནས་དགྱེས་པར་ཤོག། བོད་ལྷ་ཀླུས་སྡོང་གྲོགས་ཆེ་བར་ཤོག། ལྷ་འོད་དེ་གུང་རྒྱལ་བཙན་པར་ཤོག། བོན་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། འབྲུག་ཡུལ་དུ་རྒྱལ་སྲིད་གཞི་བརྟན་ནས་ཞི་བདེའི་དམངས་གཙོ་རྒྱས་པར་ཤོག། །
འབྲུག་རྒྱལ་གྱིས་ད་རེས་བོད་སྐད་གཙང་མ་རྒྱབ་སྟེེ་སྐད་གྲགས་བཞག་སོང། ང་ཚོའི་སྲིད་སྐྱོང་ནས་དབུ་ཁྲིད་པའི་དཔོན་ཆེན་ཚོས་དམིགས་དཔེ་བལྟས་ཏེ་སྐད་ཡིག་ར་མ་ལུག་མཚམས་འཇོག་བྱེད་རོགས།
གུ་རུ་རིན་པོ་ཆེའི་བཀའ་ཐང་བསྡུས་པ་ལས། བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་ནོན། རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་བྱོན། ཞེས་ལུང་བསྟན་པ་བཞིན་འབྲུག་རྒྱལ་ སྲིད་མངའ་ཐངབསོད་ནམས་རྒྱས་རྒྱས་རེད། བོན་གཡུང་དྲུང་བསྟན་པ་དར་རྒྱུ་རི་བོང་རྭ།
གསེར་ལ་རེག་ན་ལྟུང་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
གསེར་ལ་རེག་ན་ལྟུང་བ་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
གསེར་ལ་རེག་ན་ལྟུང་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་ཅན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
གསེར་ལ་རེག་ན་ལྟུང་བ་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་ཅན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
འབྲུག་རྒྱལ་མཆོག་ཤིང་ལ་གསེར་རྩིས་བཏང་བའི་ཤིང་ཁྲིའི་སྒང་ལ་བཞུགས་འདུག་མ་གཏོགས་གསེར་ཁྲི་དངོས་གནས་སྟེང་ལ་བཞུགས་པ་། ངས་ནི་མཐོང་བགྱིད་མི་འདུག དགེ་སློང་རིག་པ་འཛིན་པ་ཚོ་ཁྲི་མཐོར་བཞུགས་དགོས་དོན་ནི། སྟོན་ཤྰཀྱ་ཐུབ་རྩ་ཀུ་ཤའི་སྟེང་དུ་བཞུགས་དོན་ཀུན་གྱིས་ཤེས་ཀྱང་། རྒྱལ་དབང་རྡོ་རྗེ་འཆང་དམའ་སར་བཞུགས་ནས་གསང་སྔགས་མ་གསུངས་ཙང་བྱས་པ་ཡིན་པ་འདྲ།
ལྷོ་མོན་ཡུལ་ནགས་ཀྱི་ཚང་ཚིང་ཁྲོད། ། བོན་མཚན་ལྡན་བླ་མའི་གདུལ་ཞིང་ཡོད། མ་དྲིན་ཅན་སྲིད་པའི་རྒྱལ་མོ་ཡིས། ། དུས་དེ་རིང་བར་དུ་བསྲུང་ཞིང་སྐྱབས།
བོན་པོས་མ་སྲིད་རྒྱལ་དབྱིངས་དང་། ལྷ་འོད་དེ་གུང་རྒྱལ་བཙན་གཉིས་པོ་དག་འཇིག་རྟེན་པའི་ལྷའམ། འཇིག་རྟེན་ལས་འདས་པའི་ལྷ་རུ་བརྩིས་སམ། ཆོས་གྲོགས་བོན་པོ་ལགས།
མ་སྲིད་པའི་རྒྱལ་མོ། ལྷ་འོད་དེ་གུང་རྒྱལ། ཡང་ན། སྲིད་པའི་རྒྱལ་མོ། འོད་དེ་གུང་རྒྱལ། ཞེས་སུ་མཚན་ནས་བརྗོད་དགོས་པར་སེམས། འཇིག་རྟེན་ལས་འདས་དང་མ་འདས་དེ་ཚོ་དང་པོ་ཕར་བཞག་ན་ཡག་ས་རེད། ད་དེང་སང་འཇིག་རྟེན་པ་དེ་ཚོ་ཚན་རིག་དང་མཐུན་ཆེ་ལེ་འདྲ་ཞིག་འདུག་ད། འཇིག་རྟེན་ལས་འདས་ཚར་མཁན་དེ་ཚོ་ནི་གོ་རྒྱུ་རིག་རྒྱུ་ཟེར་བ་ཆེན་པོ་རང་མི་འདུག། ད་དུང་བོད་མི་ཡོད་དོ་ཅོག་གིས་ཤེས་དགོས་པའི་གནད་དོན་ཞིག་ནི་འདི་ཡིན་པར་སེམས། འཇིག་རྟེན་ལས་འདས་དང་མ་འདས་ཟེར་བའི་སྐད་ཆེ་དེ་ཚོ་ཕྱོགས་གཅིག་ནས་བསམ་ན་ཆབ་སྲིད་ཡིན་པ་འདྲ། དཔེར་ན་བྲམ་ཟེས་རང་ཉིད་གཅིག་པུ་རིགས་བཟང་བ་དང་གཞན་ཀུན་རིགས་དམན་པར་ལྟ་བ་འདྲ་པོ་རེད། ལྷག་དོན་དུ་བོད་རང་་ཡུལ་གྱི་སྲིད་པའི་ཡུལ་ལྷ་གཞི་བདག་ཚོ་ལ་བརྙས་བཅོས་ཚད་མེད་པ་བཏང་པ་རེད། མཐོང་ཆུང་ཚད་མེད་པ་བྱས་པ་རེད། གནས་ཚུལ་འདི་ཚོ་བོད་ཀྱི་བན་རྒན་ཚོས་མ་ཤེས་ནས་ཕྱེ་མ་ལེབ་མར་མེའི་ནང་དུ་ལྕེབས་སོང་འདྲ་པོ་འུར་འཆོང་བྱས་པའི་ཉེར་ལེན་ལས་རང་ངོ་དང་གཞན་ངོ་གཉིས་དབྱེ་བ་འབྱེད་མ་ཤེས་པ་ཡིན་ནམ་སྙམ། །
༤༤༽ ཀརྡོ་གཉེར་ཕྱག་པ་ནས། སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡ སྐར་མ་ ༣༨ བཀའ་ཐང་ནང་གི བུམ་ཐང་དེ་འབྲུག་ཡུལ་ཡིན་པའི་ཁུངས་གང་དང་གང་ཡོད་དམ། དྲ་གྲོགས་༣༦༽བཀྲ་ཤིས་ལགས། བུམ་ཐང་དེ་འབྲུག་ཡུལ་ཡིན་པའི་ཁུངས་དམིགས་བསལ་དཔེ་ཆ་སོགས་མཇལ་མ་མྱོང་ ཀྱང། བུམ་ཐང་ཟེར་བའི་ཡུལ་མིང་དེ་གཅིག་རང་ཡིན་པ་དང། འབྲུག་རྒྱལ་པོའི་རྒྱལ་ བརྒྱུད་ཀྱི་འབྱུང་ཁུངས་བུམ་ཐང་ནས་ཡིན་པ་དང། ལྷོ་མོན་དང་བུམ་ཐང་ཟེར་བ་ལས་ འབྲུག་ཞེས་པའི་ཐ་སྙད་སྔོན་མེད་པ་དང། གུ་རུ་རིན་པོ་ཆེའི་གདུལ་བྱར་མ་གྱུར་པའི་ འབྲུག་མི་གཅིག་ཀྱང་མེད་པ་སོགས་རྒྱུ་མཚན་དག་ལ་རྟེན་ནས་བུམ་ཐང་དེ་འབྲུག་ཡུལ་ ཡིན་པ་དང། གུ་རུས་སྤྲུལ་པ་འབྲུག་ཡུལ་དུ་བྱོན་པ་ནི་མངོན་གསལ་དོད་པོ་རེད།
སྔར་ལྷོ་མོན་དང་བུམ་ཐང་ཟེར་བ་ལས་འབྲུག་ཞེས་པའི་ཐ་སྙད་སྔོན་མེད་པ་ཞེས་འདི་ནི། ཤིན་ཏུ་ནས་བདེན་པ་འདུག གུ་རུའི་སྤྲུལ་པའམ། གུ་རུའི་བྱིན་གྱིས་བརླབས་པའི་སྐྱེས་མཆོག་དེ། ད་ལྟའི་འཚོ་བཞུགས་འབྲུག་རྒྱལ་འདི་ག་རང་ཡིན་པའི་ཚོད་དཔག་དང་། ཁུངས་སྐྱེལ་ཇི་ལྟར་ཐུབ་བམ། ལགས།
༤༢༽ BONPO ནས། སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ གི་ཆུ་ཚོད་ ༢༡ སྐར་མ་ ༤༤ ལྷོ་མོན་ཡུལ་ནགས་ཀྱི་ཚང་ཚིང་ཁྲོད། ། བོན་མཚན་ལྡན་བླ་མའི་གདུལ་ཞིང་ཡོད། མ་དྲིན་ཅན་སྲིད་པའི་རྒྱལ་མོ་ཡིས། ། དུས་དེ་རིང་བར་དུ་བསྲུང་ཞིང་སྐྱབས། ། ཞེས་པ་འདི་རང་རྩོམ་རེད་དམ། བོན་གཞུང་རྙིང་པའི་ཁུངས་ཅིག་རེད།
་་་་་་ ལྷག་དོན་དུ་བོད་རང་་ཡུལ་གྱི་སྲིད་པའི་ཡུལ་ལྷ་གཞི་བདག་ཚོ་ལ་བརྙས་བཅོས་ཚད་མེད་པ་བཏང་པ་རེད། མཐོང་ཆུང་ཚད་མེད་པ་བྱས་པ་རེད། ་་་་ཟེར།
ངའི་ཚེ་བཟང་དུས་བཟང་གི་བསང་ཡིག་བརྒྱགས་མརྔན་ཆེན་མོ་ནང་ལ། འོ་དེ་གུང་རྒྱལ་ལ་སོགས་པའི། ། ཉང་པོའི་འོལ་དགའི་གཞི་བདག་བརྔན། ། འདིར་ཚིགས་བཅད་ཀྱི་མཐར་ཉིས་བཤད་ལས། གཏེར་ཚིག་གི་རྟགས་རྣམས་སྦྱར་ཤེས་མ་སོང་བས་དགོངས་དག་ཞུའོ། །
ད་ལྟ་འཚོ་ཞིང་བཞུགས་པའི་འབྲུག་རྒྱལ་ཁོང་གུ་རུས་སྤྲུལ་པ་ཡིན་མིན་ ཞུ་མི་ཤེས་ཏེ། ཁོང་གི་རྣམ་ཐར་མཇལ་མ་མྱོང་བས་སོ། སྤྱིར་གུ་རུས་ སྤྲུལ་པ་རྒྱལ་པོ་ཁོ་ན་འབྱུང་བ་ངེས་མི་དགོས། བློན་ཆེན། སྒོམ་ཆེན། བླ་མ། མཁན་པོ་སོགས་གང་ལ་གང་འདུལ་ཀྱི་སྤྲུལ་པ་སྣ་ཚོགས་པའི་ འགྲོ་དོན་ཐོགས་མེད་དུ་བྱུང་དང་བྱུང་བཞིན་པ་རེད་སྙམ་མོ།
བུམ་ཐང་་་་ཟེར་བའི་ཡུལ་མིང་འདི་ནི་སྔོན་བོད་བཙན་པོའི་རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱི་དུས་ནས་ཡོད་དགོས་པ་ཞིག་ཡིན་པར་སེམས། རྒྱུ་མཚན་ནི་རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱི་བཙུན་པོའི་མཚན་ལ། བུམ་ཐང་སྨན་མཚོ་་་་་ཞུ་བ་ཞིག་འདུག། དེ་ནི་བོན་གྱི་ལོ་རྒྱུས་ཁག་ནང་ལའང་གསལ། སྤུ་ལྡེ་གུང་རྒྱལ་ལྷོ་མོན་ཕྱོགས་ལ་འབྲེལ་བ་ཡོད་དགོས་པ་རྒྱུ་མཚན་ནི། ལོ་ངམ་གྱིས་གྲི་གུམ་བཀྲོང་བའི་རྗེས་སུ་བཙན་པོ་གྲི་གུམ་གྱི་རྒྱལ་སྲས་རྣམས་རྐོང་པོ་ཉང་པོ་སྤོ་བོ་གསུམ་ལ་བཅུག་ནས་བོད་ཀྱི་རྒྱལ་སྲིད་ལོ་བཅུ་གསུམ་དུ་བཟུང་ལོ་ངམ་ཁོས་བཟུང་བར་བཤད། རྐོང་པོ་ཉང་པོ་སྤོ་བོ་གསུམ་ནི་ལྷོ་མོན་དང་ས་ཐག་ཉེ་པོ་ཆགས་བསྡད་ཡོད་པ་རེད། དེ་འདྲའི་དུས་མཚམས་ཤིག་ནས་རྒྱལ་སྲས་རྣམས་དང་མ་ཡུམ་གཅིག་དུ་གྱུར་པའི་ལྗང་གི་བུ་རུ་ལས་སྐྱེས་ཞུ་བའི་བུ་རྒོད་ངར་མ་ཞིག་བྱུང་ནས་། རྒྱལ་སྲས་རྣམས་སླར་གདན་དྲངས་ལོ་ངམ་ཕར་པར་བྱས། སྤོ་བོའི་་ཡུལ་ནས་སྲས་བྱ་ཁྲི་གདན་དྲངས། བོད་བཙན་པོའི་རྒྱལ་སར་བསྐོས་ནས་མཚན་ལ་སྤུ་ལྡེ་གུང་རྒྱལ་གསོལ། དེ་ནས་སླར་ཡང་བོད་བཙན་པོའི་རྒྱལ་སྲིད་མུ་མཐུད་ནས་སྐྱངས་བའི་ལོ་རྒྱུས་ཡོད་པ་རེད། དེ་དུས་བུམ་ཐང་སྨན་མཚོ་ཞུ་བ་དེ་བོད་བཙན་པོའི་ཁབ་ཏུ་གྱུར་བའི་ལོ་རྒྱུས་ཡོད། དེ་འདྲ་ཡིན་དུས་བུམ་ཐང་ཟེར་བའི་ཡུལ་མིང་བུམ་པ་ཞིག་གི་སྒྲ་ནས་དྲངས་ཡོང་བ་འདི་ཡང་བོན་པོའི་བུམ་པ་རེད་མ་གཏོགས། བན་དེའི་བུམ་པ་མ་རེད་དོ། ཧ་ཧ་ཧ། རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱི་སྐུ་དུས་སུ་བན་དེ་ཚང་གིས་དྲི་མ་ཙམ་ཡང་མི་བྲོ་བའི་ཕྱིར། གུ་རུ་ཁོང་ད་ག་བ་ག་བ་ཕ་རའི་སྤང་རྒྱན་རེད། །
་་་་་་ བོད་བཙན་པོའི་རྒྱལ་སར་བསྐོས་ནས་མཚན་ལ་སྤུ་ལྡེ་གུང་རྒྱལ་གསོལ། དེ་ནས་སླར་ཡང་བོད་བཙན་པོའི་རྒྱལ་སྲིད་མུ་མཐུད་ནས་སྐྱངས་བའི་ལོ་རྒྱུས་ཡོད་པ་རེད། དེ་དུས་བུམ་༼འབྲུག་བུམ་ཐང་༽ཐང་སྨན་མཚོ་ཞུ་བ་དེ་བོད་བཙན་པོའི་ཁབ་ཏུ་གྱུར་བའི་ལོ་རྒྱུས་ཡོད། ་་་་་ཟེར་བའདི་དག་ལེགས་བཤད་རེད་གདའ་ཕ་བཟང་བུ་ཚོ།
་་་་་་་བུམ་ཐང་ཟེར་བའི་ཡུལ་མིང་བུམ་པ་ཞིག་གི་སྒྲ་ནས་དྲངས་ཡོང་བ་འདི་ཡང་བོན་པོའི་བུམ་པ་རེད་མ་གཏོགས། བན་དེའི་བུམ་པ་མ་རེད་དོ། ཧ་ཧ་ཧ། ་་་་ཟེར།
མོན་འབྲུག་ཚོས་རང་གི་ཡུལ་སྐད་བདག་པོ་ཡག་པོ་བརྒྱབ་འདུག། ཁ་ནས་ཇི་ལྟར་བརྒྱབ་པ་ནང་བཞིན་ཡི་གེར་ཡང་འབྲི་གང་ཐུབ་བྱེད་ཀྱི་འདུག། ལས་སྟངས་འདི་རིགས་ངོ་མ་ཡག་པོ་རེད། འདི་ཚོ་འབྲུག་པའི་བྱས་རྗེས་ལོས་ཡིན། །
རྣམས་པ་ཚོས་འབྲུག་བོད་ཀྱི་ཆ་ཤས་ཡིན་པ་སྒྲུབ་ན་རྒྱུ་མཚན་དང་གཞུང་ལུགས་གང་ལ་ཐུག་གི་ཡོད། ཁ་ཤས་ཀྱིས་རྫོང་ཁ་ཟེར་བ་དེ་དོན་དངོས་བོད་ཡིག་ལས་མ་འདས་ཟེར་གལ་སྲིད་ཁྱེད་ཚོས་རྫོང་ཁ་དེ་བོད་ཡིག་ཡིན་པ་སྒྲུབ་ན་བོད་ཡིག་འདི་ཡང་དམིགས་གསལ་རྒྱ་གར་བའི་ཡི་གེ་ལས་མ་འདས་པས་བོད་ཀྱང་རྒྱ་གར་གྱི་ཆ་ཤས་ཡིན་པ་རྣམས་པ་ཚོས་ཁས་ལེན་བྱེད་དམ། རྒྱལ་ཁབ་ཞིག་ལ་མཚོན་ན་རིག་གཞུང་ཡོད་པ་ནི་སྨྲས་མི་དགོས། ལ་ལས་འབྲུག་རྒྱལ་པོས་བོད་སྐད་གསུངས་ཀྱིན་འདུག་ཟེར་འདི་ལྷམ་པ་རེད་འབྲུག་རྒྱལ་པོས་འབྲུག་གསུངས་པ་མ་གཏོགས་བོད་སྐད་མཁྱེན་གྱི་མེད་པ་འདྲ་མ་གཞི་མཁྱེན་དགོས་པའི་རྒྱུ་མཚན་ཡང་། ངས་བསམ་པར་འབྲུག་པའི་ཡི་གེ་དེ་རྒྱ་གར་ནས་བོད་དུ་དར་བོད་ནས་འབྲུག་ཡུལ་དུ་དར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། འགའ་ཤས་ཀྱི་འབྲུག་པའི་མི་རིགས་བོད་པ་དང་རྒྱ་ནག་ནས་ཡིན་པར་སྒྲུབ་ཀྱི་འདུག་ངས་བསམ་པར་འབྲུག་པའི་མི་རིགས་དེ་ནི་སྔོན་ཆོས་རྒྱལ་དྲི་མེད་ཀུན་ལྡན་བྱང་ཆུབ་སེམས་པའི་སྤྱོད་པ་ཡང་འབྲུག་ཡུལ་ལ་མཛད་ཡོད་པས་སྐབས་དེ་དུས་འབྲུག་ལ་མི་མེད་པ་རེད་པས། ད་ལྟ་བར་རྒྱལ་པོའི་གནས་དང་སྒྲུབ་ཆུ་སོགས་དངོས་གསལ་ཡོད་རེད་སྐབས་དེ་དུས་བོད་དང་བལ་ཡུལ་མཚོའི་རང་གཞིན་དུ་ཡོད་པ་སྨྲས་མི་དགོས། མི་རེ་གཉིས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོས་འབྲུག་ཡུལ་དུ་གཙུག་ལག་ཁང་བཞེངས་ཡོད་པའི་རྒྱུ་མཚན་དུ་བྱས་ནས་འབྲུག་མི་དེ་བོད་པའི་མི་རིགས་རེད་ཟེར། རྒྱུ་མཚན་འདི་ཡང་དག་ཡིན་མིན་བརྟག་ན་རྒྱ་གར་གྱི་རྒྱལ་པོ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བོད་དུ་མཆོད་རྟེན་སོགས་བཞེང་ཡོད་པའི་ལོ་རྒྱུས་ཡོད་པས་བོད་མི་རིགས་ཀྱང་རྒྱ་གར་བའི་མི་རིགས་ཡིན་ནམ། མཁས་པས་ཕྱོགས་ཐམས་ཅད་ལ་གཙུག་ལག་ཁང་དང་སྐུ་གསུངས་ཐུགས་རྟེན་བཞེངས་ཡོད་པ་དེ་ནི་མཁས་པའི་བྱ་བ་རེད་དོ།
འབྲུག་ཡུལ་ནི་ད་ལྟ་རང་དབང་གཙང་མའི་རྒྱལ་ཁབ་ཞིག་ཡིན་པས་དངོས་གནས་འཇོན་པོ་རེད། གང་ལྟར་བོད་པས་ཨུ་ཚུགས་བྱས་ནས་འབྲུག་ཡུལ་བོད་ཀྱི་ཡིན་རབས་དང་འབྲུག་སྐད་བོད་སྐད་ཡིན་རབས་དང་འབྲུག་ཡིག་བོད་ཡིག་ཡིན་པའི་བསྒྲུབ་བྱ་སྒྲུབ་བྱེད་བཀོད་རྒྱུ་ནི་ཡག་རྟགས་མ་རེད་དེས་མི་རིགས་ཕན་ཚུན་དབར་དང་རྒྱལ་ཁབ་ཕན་ཚུན་དབར་ལ་མི་མཐུན་པའི་འགལ་ཟླ་བཟོ་བྱེད་ཅིག་ཆགས་ཡོད། དེ་ཡིན་དུས་རང་རང་ས་ལ་རང་ཚུགས་སུ་བརྟན་པར་བཞུགས་པ་ཡིན་ན་གཞི་ནས་འཆམ་མཐུན་དང་འབྲེལ་ཟབ་དམ་པོ་ཟེར་བ་དེ་ཡོང་གི་རེད། ཡ་མཚན་པ་ཞིག་ལ་བོད་པས་བོད་པའི་ཡོད་ཚད་ཐམས་ཅད་རྒྱ་གར་གྱི་ཡིན་ཟེར་དུས་རྣམ་རྟོག་དང་དྭོགས་འཆར་གང་ཡང་མེད་པར་མ་ཟད་དེ་ཡིན་ཤག་ཤག་བྱས་ནས་བསྡོད་ཀྱི་ཡོད། ཡང་གཞན་ཞིག་གི་རིག་གཞུང་དང་ཡོད་ཚད་བོད་པས་ཡིན་རབས་བཤད་ཀྱི་རེད།
འབྲུག་རྒྱལ་གྱི་བོད་སྐད་དྭངས་མ་གསུངས་བྱུང་།
ཨོ་མ་རེད། འབྲུག་སྐད་གསུངས་བྱུང་། འོན་ཀྱང་ངས་ཆ་ཚང་བ་གོ་གི་འདུག
ད་ཡིན་ན་གཞུང་རྩིས་སྤྲོད་གནང་བའི་དུས་ལ་བབས་ཡོད་པ་ཚང་མས་མཁྱེན་ཡོད་པ་འདྲ། ངོ་མ་ཡག་བྱུང་། དེ་མིན་དམངས་ཚོགས་རང་བཞིན་གྱིས་ངོ་རྒོལ་བྱས་ཏེ་གཞུང་འཕྲོག་བཞག་ན་ངོ་མེད་ཤུལ་མེད་རེད་པ།
འབྲུག་རྒྱལ་གྱི་གཞུང་མི་དམངས་རྩིས་གནང་བར་བཀའ་དྲིན་ཆེ།
འབྲུག་རྒྱལ་གྱི་གཤམ་འོག་གི་ལས་བྱེད་ཚོའི་སྡོད་སྟངས་ལ་གཞིགས་ཚེ་དམངས་གཙོ་ཚད་ལྡན་ཞིག་ཨེ་ཡོད་བསམ་ཡོང་མོད། རང་ཐག་རང་གིས་གཅོད་ཀྱིན། རང་ས་རང་གིས་སྲུང་གིན། རང་ལུགས་རང་གིས་སྐྱོང་གིན་སོགས་བྱས་ཏེ་རྒྱལ་ཁབ་གཞན་སུ་ལ་ཡང་རེ་ལྟོས་མེད་པར་རང་བཙན་གཙང་མའི་ངང་གནས་པ་ནི་ཧ་ཅང་གི་ཡིད་སྨོན་འཆོར་དགོས་པ་ཞིག་འདུག
ད་དུང་བོད་སྐད་ཡིག་གིས་བརྒྱ་ཆའི་གང་མཐོ་ཟིན་པའི་རྫོང་སྐད་འདི་སྲུང་སྐྱོབ་གང་ལེགས་ངང་གཞུང་སའི་ལས་དོན་ཅི་རིགས་ཐད་དེ་བེད་སྤྱོད་གཙོ་ཆེ་བྱེད་ཀྱིན་པ་ནི། རྡ་སའི་ལས་སྣེ་སྟོང་སྐད་ཅན་ཚོའི་སྦྲགས་སྐད་དང་གཏན་ནས་མ་འདྲ་བ་ཞིག་ཏུ་མཐོང་སོང་།
གང་ལྟར་བོད་ཆེ་ཆུང་ལ་མ་ལྟོས་པར་བོད་ཀྱིས་འབྲུག་ཡུལ་ཆུང་ཆུང་འདི་ལ་ཡང་དོ་ཟླ་མ་ཡོང་བ་དངོས་འབྲེལ་རེད།
འབྲུག་རྒྱལ་པོའི་གཞུང་དེར་ཡིད་སྨོན་ཤོར། །
འབྲུག་རང་བྱུང་ཡུལ་ལྗོངས་ཡིད་སྨོན། །
འབྲུག་བུ་མོའི་གཤིས་ཀར་ཡིད་སྨོན་ཤོར། །
འབྲུག་དཔའ་སྙིང་དེར་ཡང་ཡིད་སྨོན་ཤོར། །
ཧ་ལམ་གོ་བྱུང་་་འབྲུག་སྐད་དང་རྒྱ་མོ་ཚ་བ་རིང་གི་སྐད་གཉིས་གཅིག་སེ་འདུག་ག ཐེངས་ཁ་ཤས་ཉན་ན་ཚང་མ་གོ་འགྲོ་ས་རེད་བསམ་བསམ་འདུག
བཟོད་རྒྱམ་ལགས་ཀྱིས་་་འབྲུག་སྐད་གོ་གི་ཡོད་ཀི་ཡོད་མེད་མི་ཤེས་ཏེ་་་་ལ་དྭགས་པའི་སྐད་ཕར་ཆེར་གོ་གི་ཡོད་ཚོད་འདུག
འབྲུག་རྒྱལ་འདིས་བསམ་བློ་གུ་ཡངས་པོའི་ཐོག་དམངས་གཙོ་གནང་བ་ལ་རྗེས་སུ་ཡི་རང་ཡོད། ལྷག་པར་དུ་ས་ཁུལ་འདི་འདྲ་ཆུང་ཆུང་ཞིག་གིས་ཀྱང་རང་གི་རྒྱལ་ཁབ་ཀྱི་རང་བཙན་ཤོར་དུ་མ་བཅུགས་པར་འཛིན་ཐུབ་པ་འདི་ལ་ཡིད་སྨོན་ཤོར་སོང་ལ།མ་ཟད་ལོ་གཞོན་ན་ཡང་འབྲུག་སྐད་ནང་ངྷ་སའི་སྐུ་ངོ་ཚོ་བཞིན་དབྱིན་སྐད་མ་བསྲེས་བར་ཤར་མར་བཤད་པ་འདི་དེ་བས་ཀྱང་ཡིད་སྨོན་ཤོར་སོང་།
ག་རེ། འགྲིག་མ་འགྲིག་ཚང་མ་རྡ་སའི་སྐུ་ངོ་ཚོ་དང་བསྡུར་དགོས་སམ།
ཆ་ཚང་ཉན་པ་ཡིན། དབྱིན་ཇི་ནས་མང་པོ་བཞུགས་སྐད་ཐོས། འོན་ཀྱང་གཏམ་དཔྱད་ནང་དུ་དབྱིན་སྐད་གཅིག་ཀྱང་བསྲེས་མ་སོང་། འདི་བོད་གཞུང་གི་ལས་བྱེད་ལས་ཁྱད་པར་དུ་འཕགས། ཟམ་གདོང་བཀའ་ཤག་ཡིན་དུས་དབྱིན་སྐད་དང་རྒྱ་གར་སྐད་བོད་སྐད་དཀྲུགས་མའི་གཏམ་བཤད་ཡིན་ཡིན་པ་འདྲ་བོ་རེད། དེ་བཞིན་དུ་སེངྒེས་ནི་བོད་སྐད་ཡག་པོ་བཤད་མི་ཤེས་པ་གཤམ་ཡོད་པ་དེ་རེད།
དེ་བཞིན་དུ་གཏམ་བཤད་གཙོ་བོ་འགའ་འདུག སྔ་མའི་འཐུས་མི་རྙིང་པར་བརྩི་བཀུར་ཆེན་པོ་བྱེད་ཀྱི་འདུག དེ་བཞིན་དུ་ཁྲིམས་ལུགས་གཙོར་འདོན་བྱེད་མཁན་ཅིག་མཐོང་སོང་།
འབྲུག་རྒྱལ་ཁོང་ལ་ཡིད་སྨོན་ཤོར་ས་དེ་ནི་ཁོང་གིས་བོད་སྐད་གཙང་མ་དང་དཱངས་མ་སྐྱོན་པ་ཞིག་ལ་ཐ་ནེ་ཐུ་ནེ་མེད་པ་འདེངས་སྤོབ་ཆེན་པོས་སྐྱོན་སོང་བ། ང་ཚོའི་འགོ་ཁྲིད་ཚོས་གཟིགས་ན་ངོ་ཚ་དགོས་པ་ཞིག་རེད། དགུང་ལོ་གཞོན་གཞོན་ཁོང་བོད་སྐད་གཙང་མ་སྐྱོན་པ་དེ་ལྟར་ང་ཚོའི་འགོ་ཁྲིད་ཚོས་སློབ་སྦྱོང་བྱ་དགོས་པ་མཐོང།
འབྲུག་པའི་རྒྱལ་པོ་དང་། རྒྱལ་ཁབ་རྟག་ཏུ་རྒྱལ་གྱུར་ཅིག ཞར་དུ་མང་པོ་ཞིག་གིས་དྷ་སའི་མགོ་འཛིན་རྣམས་མི་འགྲིག་པའི་སྐོར་མང་པོས་བྲིས། འདི་འགྲིག་མི་འགྲིག་ཅེས་ཐ་སྙད་སྣ་ཚོགས་པ་ཡོད་པ་དེ་དག་ལ་རྣམ་དཔྱོད་བྱེད་ན། སོ་སོའི་བློ་གྲོས་རྒྱལ་པ་ལ་ཕན། འབྲུག་པ་གྲལ་དུ་འཁོད་པ་རྣམས་ཀྱིས་རྒྱལ་པོ་ལ་གུས་བཀུར་བྱེད་པ་མཐོང་ནས། རྒྱལ་པོ་དེ་ལ་བླ་མའི་འདུ་ཤེས་ཡོད་པ་མ་བརླགས་པར་སྐྱོང་བས། འབྲུག་རྒྱལ་ཁབ་བརྟན་པོ་ཆགས་ཐུབ་པ་ཡིན་འདུག དེ་མིན་མི་མངས་ལ་སློབ་སྦྱོང་མེད་པར་འདྲ་འདྲ་མཉམ་མཉམ་བརྩིས་པ་ཡིན་ན། འབྲུག་རྒྱལ་ཁབ་ཆེན་པོ་གཉིས་བར་ན། རང་དབང་དུ་གནས་ཐུབ་པར་དཀའ།
འབྲས་ལྗོངས་ཀྱང་འབྲུག་པ་བཞིན་ཡིན་པ་ལས། མི་མངས་ཀྱིས་རྒྱལ་པོ་ལ་མ་བརྩིས་པས་རྒྱ་གར་གྱིས་ཐེ་བྱུས་མི་བྱེད་རང་བྱེད་བྱུང་།
ལ་དྭགས་པའི་ཁ་སྐད་ར་མ་ལུག་འདྲེས་པ་ལྟ་བུ་གཙང་མ་ཞིག་མེད། ངས་ཁྱེད་ཚོ་ལྟར་ལ་དྭགས་ཁ་སྐད་བེད་སྤྱོད་བཏང་ན་། ཁྱོད་ཚོས་མིང་ཚིག་མང་པོ་མི་གོ་བ་ཐག་ཆོད། ལ་དྭགས་ཕལ་སྐད་ལ་བྲིས་པའི་གསར་ཤོག་ཅིག་༧་སྐུ་མདུན་གྱིས་གཟིགས་ཏེ། འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག ཅེས་གསུངས་པའི་ལན་དུ། ལ་དྭགས་པ་ཞིག་གིས་ང་ཅག་གིས། རེད། མ་རེད། ཟེར་བ་ཡང་མི་གོ་བ་འདུག་ ཅེས་ཞུས་པ་ཐོས་སོ།
བོད་ལོའི་སྡོག་ཕྱོགས། ཕྱི་ལོ་རེད། གནམ་ལོ་ནི། ས་ལོའི་སྡོག་ཕྱོགས་སུ་འདུག་པས། སྤྱི་ལོ་འདི་ཉིད་དག་པར་གོ
འབྲུག་གི་མགོ་ཁྲིད་མཐོ་ཤོས་ཀྱིས་བོད་སྐད་རྒྱབ་ན་རང་གི་རྒྱལ་ཁབ་ལ མཐོང་ཆུང་རེད། ངའི་བསམ་པར་༧མི་དབང་མངའ་བདག་རིན་པོ་ཆེས་རང་སྐད་དམ་འབྲུག་སྐད་གཙང་མ་སྐྱོན་སོང་།
ལོས་ཡིན། ཆེ་ཆུང་མ་གཏོགས་རྒྱལ་ཁབ་ཞིག་གི་རྒྱལ་པོ་ཡིན་དུས་མ་འདྲ་བ་ཞིག་དགོས་རེད་པ། གཞོན་སྐྱེས་ཚོ་ལ་མིག་དཔེ་བཟང་པོ་ཞིག་འདུག །རྒྱལ་པོ་ཡབ་སྲས་སྐུ་ཚེ་བརྟན་པར་ཤོག།
འབྲུག་རྒྱལ་དོར་མ་ཐུང་ཐུང་ཅན་ཕོ་གསར་sexyའདི་ཚོས་གྲུང་གྲུང་མ་བྱས་ན་རྒྱ་གར་ནག་གཉིས་ཀའི་བར་ཏུ་སེན་མོའི་བར་གྱི་ཤིག་བཅུར་བཅུར་བྱ་རྒྱུ་རེད།
འབྲུག་དང་ལ་དྭགས་པ་ཚོས་འབྲུག་སྐད་དང་ཀ་དྭགས་ཀྱི་སྐད་མ་ཡི་གེ་ཡང་འབྲི་བཞིན་ཡོད་ཁུལ་རེད་མོད། དོན་གྱིས་བོད་སྐད་བོད་ཡིག་ལས་མ་འདས་པ་སུས་བསྙོད་འདང་བར་ནུས་སམ། དེས་ན། ཁམས་པའི་སྐད་དང་ཨ་མདོའི་སྐད། མངའ་རུས་ཀྱི་སྐད་སོགས་ཀྱང་བོད་སྐད་མིན་ལ་ཡི་གེ་ཡང་བོད་ཡིག་ཟེར་ནུས་སམ།
ངས་བསམ་ན་འདི་ཚོ་ཚང་མ་དེང་སང་དགོས་དབང་གིས་རང་རང་སོ་སོར་བསྒར་ནས་ཡོད་པས་ན། དེ་ལྟར་དུ་འདོད་ཀྱང་དོན་ལ་བོད་སྐད་དང་བོད་ཡིག་མ་འདས་པ་བསྙོན་མི་ནུས། སྐད་ཡིག་གི་མིའི་ཟ་སྐོར་འཐུང་སྐོར་ཙམ་ཁོ་ན་མིན་ལ། རིག་གཞུང་ནི་དེ་བས་ཀྱང་ཟ་འཐུང་གི་སྐོར་རམ་ཁྱབ་ཁོངས་ཁོ་ནས་མཚོན་མི་ནུས་པའི་མེ་ཏོག་དཀར་པོ་སོགས་ཀྱིས་སྐད་མ་རྒྱགས་རོགས། རིག་གཞུང་དང་ཡུལ་གོམ་སྤྱིའི་ཆ་ནས་གཟིགས་ཐུབ་པ་བྱ་རོགས་སྙིང་ནས་ཞུ། ཡུལ་བྱེ་བྲག་པའི་ལོག་སྐད་དང་གོམ་སྲོལ་ཐན་ཐུན་རེ་བོད་གངས་ཅན་ཡོངས་ན་མི་འདྲ་བ་ཁྲི་འབུམ་ཡོད་པས་ན། དེ་ཚོ་དགོས་དབང་དུ་སྤྱད་དེ་ཚང་མ་སོ་སོ་བ་ཡིན་པར་བསྙོན་མ་འདང་རོགས་ཞུ།
འབྲུག་རྒྱལ་གྱི་དབང་ཆ་འཐུས་མིའིི་ཚོགས་པ་ལ་སྤྲོད་པའི་བར་བརྒལ་ལྟ་བུའི་དུས་སྐབས་འདིར་རྒྱ་ནག་གིས་ཏག་ཏག་གོ་སྐབས་བཟུང་ནས་་མཚམས་ལ་ཚུར་འཛུལ། ས་མཚམས་ནས་ས་ཁ་གེ་ཁུག་གེ་དུམ་བུ་མང་པོ་ཞིག་རྒྱ་ནག་ལ་ཤོར་འདུག རྒྱ་དཔོན་ལ་ཐུག་འཕྲད་ཅིག་བྱས། རྒྱ་གར་གཞུང་གིས་བཀའ་བཀྱོན་བཏང་། ངའི་གྲོགས་པོ་འབྲུག་པ་མཁས་པ་ཁ་ཤས་ཀྱིས་རྒྱ་གར་ནག་གཉིས་ཀའི་གཅིག་བདམས་དགོས་བྱུང་ན་རྒྱ་གར་བདམས་ན་དགའ་ས་རེད་ཟེར་གི་འདུག
སྔར་བོད་རང་བཙན་གཙང་མ་ཡིན་པ་་ལ་ཤོད་མི་དགོས་པ་ལ། བོད་རྒྱ་ནག་ཆ་ཤས་རེད་ཟེར་འདོད་ན། འབྲུག་དང་ལ་དྭགས་སོགས་ཀྱང་། རྒྱ་ནག་གི་ཆ་ཤས་རེད་དོ།། །།
འབྲུག་སྐད་གཙང་མ་བརྒྱབ་ལ། བོད་སྐད་གཙང་མ་རྒྱག་པ་མི་ཟེར་ན། ཨམ་དང་། ཁམས་སྐད་གཙང་མ་རྒྱག་པ་ལ་ཡང་། བོད་སྐད་གཙང་མ་བརྒྱབ་པ་མ་ཡིན་པར་མི་ཐལ་ལམ། མེ་དཀར་ལགས།
འབྲུག་གི་མི་འབོར་སྟོང་ཕྲག་བདུན་ཅུ་ཙམ་ལས་མེད་ཅེས་གོ་སོང་། དེའི་ནང་ནས་བརྒྱ་ཆ་སུམ་ཅུ་ལྷག་ནི། བལ་པོའི་རིགས་རེད་ཟེར། སོག་རིགས་མི་འབོར་ས་ཡ་གཉིས་ལྷག་ལས་མེད་ཟེར། བོད་རིགས་མི་སེར་ས་ཡ་དྲུག་ཡོད་པ་ལ། ཁྱི་མཚེས་བལ་པོའི་མི་སེར་ས་ཡ་ཉེར་བརྒྱད་བརྒལ་བ་ཡོད་པ་འདྲ། ང་ཚོ་ཚང་མ་བསྡོམས་ནས་རྒྱལ་ཁབ་གཅིག་ཆགས་ན་ཧང་སང་རྒྱུ་མི་འདུག་སྙམ་ལགས་ན། ངས་བཤད་པ་འདི་བརྒྱ་ཕྲག་ཉེར་གཅིག་གི་དུས་རབས་འདི་ལ། བདེན་མ་རེད་པེ། ལགས།
ད་ཡག་བྱུང་། འབྲུག་དམངས་གཙོར་འགྱུར་རྗེས་སུ་འབྲུག་ཟེར་བའི་མིང་དེ་བརྗེ་དགོས་ཀྱི་འདུག འབྲུག་ཟེར་བའི་མིང་དེ་ཧ་ཅང་གི་ཐབས་སྡུག་ཅིག་རེད།
༡ འབྲུག་ཟེར་བའི་མིང་དེ་ཡུལ་འདི་ལ་ཐོགས་པ་ནི་དུས་རབས་བཅུ་བདུན་པ་ཡན་ལ་འགྲོ་མི་ཐུབ་པས་ཡུལ་འདིའི་ལོ་རྒྱུས་མཚོན་ཐུབ་པའི་མིང་ཞིག་མ་རེད། ཡུལ་འདི་ལ་གནའ་སྔ་མོའི་དུས་སུ་ལྷོ་མོན་གྱི་ཡུལ་ཟེར་བའི་ཆ་ཤས་ཤིག་རེད།
༢ འབྲུག་ཟེར་བའི་སྲོག་ཆགས་དེའི་གཟུགས་བཟོ་སྲོལ་བོད་ལ་ཡང་ཡོད་མོད་གཙོ་བོར་རྒྱ་ནག་གི་མཚོན་བྱེད་ཡིན་པ་མ་གཏོགས་ཡུལ་འདི་ལ་འབྲེལ་བ་མི་འདུག་པས་དེ་ལ་ཁ་གཡར་ནས་ཉིན་ཞིག་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་ཉེན་ཁ་འདུག
༣ འབྲུག་པ་ཟེར་བའི་ཆོས་ལུགས་ཀྱི་ཆ་ནས་བཏགས་ན་ཆོས་ལུགས་བྱེ་བྲག་པ་ཞིག་གི་མིང་ཡུལ་ལུང་སྤྱི་ལ་བཏགས་ན་ཕྱོགས་རིས་ཀྱི་ཆེན་པོ་ཆགས་པ་རེད། འབྲུག་ཆེན་ངག་དབང་རྣམ་རྒྱལ་ཁོང་ཚོ་ནི་འབྲུག་ལ་བཙན་འཛུལ་བྱེད་མཁན་གྱི་བོད་མི་ཚོགས་ཁག་ཅིག་ཡིན་པ་མ་གཏོགས་ཡུལ་འདིའི་མི་ཞིག་ཀྱང་མིན་པས་ཉིན་ཞིག་རྒྱ་ནག་གིས་ང་ཚོའི་མིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཡོད་ཟེར་ནས་སྙད་རྐོ་སྲིད་པ་རེད།
དང་པོ་རྡ་ས་དང་བེ་ཅིང་གི་སེམས་ཁྲལ་བྱོས། ཐིམ་ཕུག་ལ་ཇུས་གཏོགས་མ་བྱས་ན་དགའ་ཡོང་།
འབྲུག་རྒྱལ་གྱིས་བོད་སྐད་གཙང་མ་བཤད་ཀྱི་འདུག འདི་བཙན་བྱོལ་བོད་མིའི་དབུ་ཁྲིད་ཚོས་མཐོང་དགོས་ཀྱི་འདུག
ངས་ཐིམ་ཕུག་ལ་ཇུས་གཏོགས་བྱེད་ཡོང་བསམ་ནས་སྐྲག་མི་དགོས། ཡིན་ན་ཡང་ཐིམ་ཕུག་ལ་ཇུས་གཏོགས་རྒྱ་གར་ནག་གཉིས་ཀས་བྱེད་ས་རེད་ཟེར་གི་ཡོད།
སྔོན་མ་ལོ་ངོ་དྲུག་ཅུ་ལྷག་གོང་དུ། གཙང་དུ་ཤོ་རྒྱབ་པ་དག་གིས་སྐད་ཤུགས་ཆེན་པོས། འབྲུག་པ་བལ་པོའི་གཡོག་པོ་ཡིན། ཟེར་བ་ཐོས། དོན་དག་ཅི་ཡིན་ད་བར་དུ་མ་ཤེས། དིང་སང་བལ་པོའི་རྒྱལ་ཁབ་དང་། འབྲུག་པའི་རྒྱལ་ཁབ་གཉིས་སྡུར་ན། གཟི་རྗིད་ལ་ཁྱད་པར་ཆེན་པོ་ཡོད་པ་ལྟ་བུ་ཞིག་མི་འདུག་གམ། རྒྱུ་མཚན་གང་ལས་བྱུང་ཤེས་དགོས་པ་གལ་ཆེ་བར་མཐོང་ངོ་།
འབྲུག་རྒྱལ་བོས་འབྲུག་སྐད་གཙང་མ་བརྒྱབ་པ་དེ་ཡག་པོ་རེད་ལ། དྲྭ་གྲོགས་ཚོས་ཀྱང་དགའ་བསུ་བྱེད་ཀྱིན་ཡོད་པ་འདྲ། འབྲུག་སྐད་འདི་བོད་སྐད་ཡིན་མིན་ལ་དཔྱད་པ་དུས་ཚོད་ཀྱི་དབང་གིས་འོས་འཚམས་ཤིག་མིན་སྙམ།
ལོ་རྒྱུས་རིང་བ་དང་རྙོག་འཛང་སྣེ་མང་གི་རང་བཞིན་ཅན་’འདིར་དཔྱད་ནས་ཕན་ལས་གནོད་ཆེ་མི་སྲིད་པ་ཞིག་མ་རེད།
རྒྱལ་བོ་འདིས་འབྲུག་སྐད་བརྒྱབ་པ་དང་དེ་ཡང་གཙང་མ་བརྒྱབ་པ་ཡིན་ཤས་ཆེ། དེ་ལ་ཧང་སང་བ་མི་འདུག་སྙམ། གང་ཡིན་ཟེར་ན་དེ་ནི་གཏམ་བཤད་ཐུང་ངུ་ཞིག་རེད། དེ་ནི་འབྲུག་པ་སྤྱི་ཡོངས་ཀྱི་ཁོར་ཡུག་དང་འབྲེལ་བ་དམ་པོ་ཡོད་རེད། འབྲུག་གཞུང་དང་ཡིག་ཆ་དང་སློབ་གྲྭ་ཆེ་ཆུང་ཁག་གི་སློབ་གཞི་སློབ་ཚན་ག་རེ་རེད། དེའི་སྟེང་ནས་འབྲུག་རྒྱལ་བོ་འདིས་འཇོན་ཐང་ཅི་ཞིག་བཞག་འདུག
་དེ་ཡང་བསམ་བློ་གཏོང་རིན་མེད་པ་ཞིག་མ་རེད་སྙམ། ངས་གོ་བ་ལ་འབྲུག་སྤྱི་ཡོངས་ཀྱི་ཡི་གེ་དེ་དབྱིན་ཇི་ཡིན་པ་འདྲ། ངའི་དྲྭ་གྲོགས་ཁྲོད་འབྲུག་པའི་མཐོ་སློབ་མི་བརྒྱ་ལྷག་ཅིག་ཡོད། ཁོ་ཚོའི་ནང་ན་བོད་ཡིག་གམ་འབྲུག་ཡིག་སྟེ་བྷོ་ཡིག་བེད་སྤྱོད་བྱེད་ཐུབ་མཁན་གཉིས་མ་གཏོགས་མེད། དགེ་རྒན་བུ་མོ་ཞིག་དང་སློབ་མ་བུ་མོ་ཞིག་གཉིས་ཡོད། ངས་བོད་ཡིག་བོད་ཡིག་ལབ་པའི་རྐྱེན་གྱིས་སློབ་མ་བུ་མོ་དེ་དང་ངེད་གཉིས་ཀྱི་གཏམ་གླེང་རྒྱུན་ཆད་ནས་ཟླ་འགའ་ཤས་ཡིན། དགེ་རྒན་བུ་མོ་དེའི་སྐོར་ད་རེ་བཤད་ཀྱི་མིན།
ཐེངས་ཅིག་ང་འབྲུག་ལ་འགྲོ་དུས་ལས་ཁུང་ཕལ་ཆེ་པས་ནེ་པ་ལའི་སྐད་བརྒྱག་གི་འདུག ནེ་པ་ལའི་སྐད་ཤེས་ན་འབྲུག་ལ་ཆམ་ཉུལ་བྱེད་དགོས་ཀྱང་དཀའ་ངལ་མི་འདུག་བསམ་པ་ཞིག་ཡིད་ལ་འཁོར་མྱོང་། ངའི་སློབ་ཕྲུག་ཚོས་བཤད་ན་ད་དུང་འབྲུག་པ་ཤར་ཕྱོགས་པ་ཞིག་ཡོད་པས་ཁོ་ཚོས་ཕན་ཚུན་ལ་སྐད་ཆ་བཤད་ཀྱང་མི་གོ་ཟེར།
དེ་ན་འབྲུག་རྒྱལ་བོའི་སྐད་ཆ་འདི་འབྲུག་པ་ཡོངས་རྫོགས་ཀྱི་གོ་ཐུབ་མིན་ཐེ་ཚོམ་རེད།
སེམས་ཁྲལ་མེད་པའི་སེམས་ཁྲལ། འབྲུག་ནང་རང་གི་གནའ་རྫས་མང་པར་བཅོས་གྱུར་གཏོང་བཞིན་ཡོད། མཐའ་ན་རྫོང་ཁ་སྐད་ཡིག་དེ་ཡང་གྱུར་བཅོས་དགོས་པར་ལབ་གླེང་ཤུགས་ཆེར་བྱས་བཞིན་ཡོད། ཆོས་ལུགས་ཡར་རྒྱས་གཏོང་བར་ནུས་པ་ཆ་ཚང་ཡོད་རུང་། དེ་ཡང་ནུབ་རི་ལ་འཕེབ་བསུ་ཞུ་བཞིན་ཡོད། རང་དབང་མེད་པའི་མི་ཞིག་གི་རང་བཙན་ཡོད་པ་ལ་ཐུགས་ཁྲལ་མི་དགོས་ལ། རེ་བ་ཡང་དེ་ཙམ་མ་གནང་། ཇུས་གཏོགས་མེད་ན་དེ་བས་བཟང་།
དཔྱད་པ་གཏོང་བ་ནི་འགྲོ་བ་མིའི་རིགས་ཀྱི་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཅིག་ཡིན་པས་
རྣམ་དཔྱོད་ཀྱི་སྒོ་བཀག་ན་
དེ་ནི་འགྲིག་ལ་འོས་ཞིང་འཚམས་པ་ཞིག་གཏན་ནས་མིན་སྙམ།
དགེ་འདུན་རྒྱ་མཚོ་ལགས། ཁྱེད་བདེན། ཁྱེད་ཀྱི་བསམ་ཚུལ་ལ་མོས་མཐུན་ཡོད། ངའི་མཆན་ཐུང་དེ་ཡང་ཁྱེད་བཞིན་ལབ་འདོད་པ་རེད། གོང་དུ་མ་ཤེས་པ་རིགས་གཅིག་ནས་སེམས་ཁྲལ་ཚ་མདོག་སྟོན་དུ། ཧ་ལམ་འབྲུག་པས་ཤེས་ཀྱིས་མེད་པ་བཟོ་འདྲ་པོ།
སྟོད་ལ་དྭགས་ནས་སྨད་དར་རྩེ་མདོ་ཡན་ཆོད་ཚང་མའི་སྐད་དག་བོད་སྐད་རེད། ད་དུང་ད་ལྟ་རྒྱ་གར་གཞུང་གི་མི་ཁུངས་སུ་ཡོད་པ། ཟངས་དཀར། གར་ཞྭ། སྤི་ཏི། འབྲས་ལྗོངས་དང་ཨ་སམ་མོན་བཅས་ཚང་མ་བོད་སྐད་རེད། ཛམ་གླིང་སྐད་རིག་པའི་ཞིབ་འཇུག་པའི་བོད་སྐད་དང་ཁྱིམ་ཚང་གཅིག་པའི་སྐད་ལ་ཡུལ་འབར་Burmaམའི་སྐད་དེ་མ་གཏོགས་མེད་པའི་རྒྱུ་མཚན་ཡང་དེ་ལ་ཐུག་པ་འདྲ། དེས་ན་འབྲུག་སྐད་ཀྱང་བོད་སྐད་ཡིན་པ་ལ་རྩོད་ཡོད་མ་རེད། ༥༩སྔོན་ལ་བོད་ཀྱི་ནང་ཆོས་དར་ས་གཉིས་སྟེ། བོད་བྱང་ཕྱོགས་སུ་སོག་སྐད་དང་། བོད་ནུབ་ཕྱོགས་སུ་ཁུ་ནུའི་སྐད་བོད་སྐད་མིན་པ་འདྲ་སྙམ་མོ།། །།
དགེ་འདུན་རྒྱ་མཚོས་བསམ་ཚུལ་ཡག་པོ་ཞིག་གསུངས་འདུག
འོན་ཀྱང་འབྲུག་པ་ཚོས་ཁོང་ཚོའི་ཡི་གེ་ལ་རྫོངས་དཀར་ཡི་གེ་ཟེར་སྲོལ་ཡོད་པ་ཞིག་གོ་ཐོས་བྱུང་།
གང་ལྟར་བོད་པ་དང་འབྲུག་པ་གཉིས་ཀའི་ཡི་གེའི་འགྲོ་ལུགས་གཅིག་པ་ཡིན་པས་གཉིས་ཀས་སོ་སོའི་ས་ནས་བདག་པོ་ཡག་པོ་བརྒྱབ་ན་མིང་ག་རེ་དག་ནའང་ཁྱད་པར་མི་འདུག་སྙམ།
བོད་ནང་ལ་ཡང་། བོད་ནུབ་ཕྱོགས་ནུབ་ལ་དྭགས་ནས་དབུས་གཙང་སྐད་ལ་བོད་སྐད་དང་། གཞན་པ་ཚོས་ཨམ་སྐད་དང་ཁམས་སྐད་ཟེར་སྲོལ་ལས་བོད་སྐད་རང་མི་ཟེར། འབྲུག་སྐད་ལ་རང་ཡུལ་དུ་རྗོང་ཁའི་སྐད་ཡིག་ཟེར་བ་དང་། རྒྱ་གར་བྱང་ཕྱོགས་ཧི་མ་ལྰ་ཡ་ནང་ལ་བྷོ་ཊིའི་སྐད་ཟེར་བ་དང་། འབྲས་ལྗོངས་དང་བལ་པོའི་ས་མཚམས་སོགས་སུ་བོད་སྐད་ལ་བྷུ་ཊི་ཡའི་སྐད་ཡིག་ཀྱང་ཟེར་སྲོལ་འདུག
རྗོང་ཁའི་སྐད། འདི། རྫོང་ཁའི་སྐད་ལ་བཅོས།
འབྲུག་སྐད་བོད་སྐད་ཡིན་ཁུངས་ནི། འབྲུག་རྒྱལ་ཁོང་གིས། ང་ཚོ་། ལ་ ང་ཆ་ཟེར་བ་འདིས་ཀྱང་རིགས་པས་བསྒྲུབས་པ་རེད།
བོད་ཡིག་དག་པོ་བརྒྱབ་ན་དའ་ཤིན་ཏུ་ནས་བཟང་རུང་། གོ་ཐོས་ལ་དེ་འདྲ་ཡིན་བཟོ་མི་འདུག
རྫོང་ཁ་ཞེས་ ཁ་ཡིག་ནང་སྐད་ཡིག་བསྡུས་ནས་བསྟན་པ་རེད་གསུངས་ཀྱི་འདུག རྫོང་ཁའི་སྐད་ཡིག་ལབ་ན་ཟློས་པ་ཡིན་ས་རེད། རྫོང་ཁ་ཙམ་ལབ་ན་འགྲིག་པ་འདྲ།
འབྲུག་རྒྱལ་པོའི་སྐུ་ཚེ་རིང་བར་ཤོག། འབྲུག་རྒྱལ་མོའི་བསམ་དོན་འགྲུབ་པར་ཤོག། འབྲུག་སྲིད་བློན་མངའ་ཐང་རྒྱས་པར་ཤོག། འབྲུག་ཡུལ་མིར་བདེ་སྐྱིད་འཛོམས་པར་ཤོག། བོན་གཡུང་དྲུང་བསྟན་པ་དར་བར་ཤོག། མ་སྲིད་རྒྱལ་དབྱིངས་ནས་དགྱེས་པར་ཤོག། བོད་ལྷ་ཀླུས་སྡོང་གྲོགས་ཆེ་བར་ཤོག། ལྷ་འོད་དེ་གུང་རྒྱལ་བཙན་པར་ཤོག། བོན་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། འབྲུག་ཡུལ་དུ་རྒྱལ་སྲིད་གཞི་བརྟན་ནས་ཞི་བདེའི་དམངས་གཙོ་རྒྱས་པར་ཤོག། །
འབྲུག་རྒྱལ་གྱིས་ད་རེས་བོད་སྐད་གཙང་མ་རྒྱབ་སྟེེ་སྐད་གྲགས་བཞག་སོང། ང་ཚོའི་སྲིད་སྐྱོང་ནས་དབུ་ཁྲིད་པའི་དཔོན་ཆེན་ཚོས་དམིགས་དཔེ་བལྟས་ཏེ་སྐད་ཡིག་ར་མ་ལུག་མཚམས་འཇོག་བྱེད་རོགས།
གུ་རུ་རིན་པོ་ཆེའི་བཀའ་ཐང་བསྡུས་པ་ལས། བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་ནོན།
རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་བྱོན། ཞེས་ལུང་བསྟན་པ་བཞིན་འབྲུག་རྒྱལ་
སྲིད་མངའ་ཐངབསོད་ནམས་རྒྱས་རྒྱས་རེད། བོན་གཡུང་དྲུང་བསྟན་པ་དར་རྒྱུ་རི་བོང་རྭ།
གསེར་ལ་རེག་ན་ལྟུང་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
གསེར་ལ་རེག་ན་ལྟུང་བ་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
གསེར་ལ་རེག་ན་ལྟུང་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་ཅན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
གསེར་ལ་རེག་ན་ལྟུང་བ་འབྱུང་བའི་བོད་ཀྱི་དགེ་སློང་ཚོ་གསེར་ཁྲིར་སྡོད་པ་ལས། ཤེས་ཡོན་ཅན་གྱི་མི་ཆེན་འདི་འདྲ་གསེར་ཁྲིར་བཞུགས་ན་དངོས་ནས་མཛེས་པོ་འདུག
འབྲུག་རྒྱལ་མཆོག་ཤིང་ལ་གསེར་རྩིས་བཏང་བའི་ཤིང་ཁྲིའི་སྒང་ལ་བཞུགས་འདུག་མ་གཏོགས་གསེར་ཁྲི་དངོས་གནས་སྟེང་ལ་བཞུགས་པ་། ངས་ནི་མཐོང་བགྱིད་མི་འདུག དགེ་སློང་རིག་པ་འཛིན་པ་ཚོ་ཁྲི་མཐོར་བཞུགས་དགོས་དོན་ནི། སྟོན་ཤྰཀྱ་ཐུབ་རྩ་ཀུ་ཤའི་སྟེང་དུ་བཞུགས་དོན་ཀུན་གྱིས་ཤེས་ཀྱང་། རྒྱལ་དབང་རྡོ་རྗེ་འཆང་དམའ་སར་བཞུགས་ནས་གསང་སྔགས་མ་གསུངས་ཙང་བྱས་པ་ཡིན་པ་འདྲ།
ལྷོ་མོན་ཡུལ་ནགས་ཀྱི་ཚང་ཚིང་ཁྲོད། །
བོན་མཚན་ལྡན་བླ་མའི་གདུལ་ཞིང་ཡོད།
མ་དྲིན་ཅན་སྲིད་པའི་རྒྱལ་མོ་ཡིས། །
དུས་དེ་རིང་བར་དུ་བསྲུང་ཞིང་སྐྱབས།
བོན་པོས་མ་སྲིད་རྒྱལ་དབྱིངས་དང་། ལྷ་འོད་དེ་གུང་རྒྱལ་བཙན་གཉིས་པོ་དག་འཇིག་རྟེན་པའི་ལྷའམ། འཇིག་རྟེན་ལས་འདས་པའི་ལྷ་རུ་བརྩིས་སམ། ཆོས་གྲོགས་བོན་པོ་ལགས།
བཀའ་ཐང་ནང་གི བུམ་ཐང་དེ་འབྲུག་ཡུལ་ཡིན་པའི་ཁུངས་གང་དང་གང་ཡོད་དམ། དྲ་གྲོགས་༣༦༽བཀྲ་ཤིས་ལགས།
མ་སྲིད་པའི་རྒྱལ་མོ། ལྷ་འོད་དེ་གུང་རྒྱལ། ཡང་ན། སྲིད་པའི་རྒྱལ་མོ། འོད་དེ་གུང་རྒྱལ། ཞེས་སུ་མཚན་ནས་བརྗོད་དགོས་པར་སེམས། འཇིག་རྟེན་ལས་འདས་དང་མ་འདས་དེ་ཚོ་དང་པོ་ཕར་བཞག་ན་ཡག་ས་རེད། ད་དེང་སང་འཇིག་རྟེན་པ་དེ་ཚོ་ཚན་རིག་དང་མཐུན་ཆེ་ལེ་འདྲ་ཞིག་འདུག་ད། འཇིག་རྟེན་ལས་འདས་ཚར་མཁན་དེ་ཚོ་ནི་གོ་རྒྱུ་རིག་རྒྱུ་ཟེར་བ་ཆེན་པོ་རང་མི་འདུག། ད་དུང་བོད་མི་ཡོད་དོ་ཅོག་གིས་ཤེས་དགོས་པའི་གནད་དོན་ཞིག་ནི་འདི་ཡིན་པར་སེམས། འཇིག་རྟེན་ལས་འདས་དང་མ་འདས་ཟེར་བའི་སྐད་ཆེ་དེ་ཚོ་ཕྱོགས་གཅིག་ནས་བསམ་ན་ཆབ་སྲིད་ཡིན་པ་འདྲ། དཔེར་ན་བྲམ་ཟེས་རང་ཉིད་གཅིག་པུ་རིགས་བཟང་བ་དང་གཞན་ཀུན་རིགས་དམན་པར་ལྟ་བ་འདྲ་པོ་རེད། ལྷག་དོན་དུ་བོད་རང་་ཡུལ་གྱི་སྲིད་པའི་ཡུལ་ལྷ་གཞི་བདག་ཚོ་ལ་བརྙས་བཅོས་ཚད་མེད་པ་བཏང་པ་རེད། མཐོང་ཆུང་ཚད་མེད་པ་བྱས་པ་རེད། གནས་ཚུལ་འདི་ཚོ་བོད་ཀྱི་བན་རྒན་ཚོས་མ་ཤེས་ནས་ཕྱེ་མ་ལེབ་མར་མེའི་ནང་དུ་ལྕེབས་སོང་འདྲ་པོ་འུར་འཆོང་བྱས་པའི་ཉེར་ལེན་ལས་རང་ངོ་དང་གཞན་ངོ་གཉིས་དབྱེ་བ་འབྱེད་མ་ཤེས་པ་ཡིན་ནམ་སྙམ། །
༤༤༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ གི་ཆུ་ཚོད་ ༡ སྐར་མ་ ༣༨
བཀའ་ཐང་ནང་གི བུམ་ཐང་དེ་འབྲུག་ཡུལ་ཡིན་པའི་ཁུངས་གང་དང་གང་ཡོད་དམ། དྲ་གྲོགས་༣༦༽བཀྲ་ཤིས་ལགས།
བུམ་ཐང་དེ་འབྲུག་ཡུལ་ཡིན་པའི་ཁུངས་དམིགས་བསལ་དཔེ་ཆ་སོགས་མཇལ་མ་མྱོང་
ཀྱང། བུམ་ཐང་ཟེར་བའི་ཡུལ་མིང་དེ་གཅིག་རང་ཡིན་པ་དང། འབྲུག་རྒྱལ་པོའི་རྒྱལ་
བརྒྱུད་ཀྱི་འབྱུང་ཁུངས་བུམ་ཐང་ནས་ཡིན་པ་དང། ལྷོ་མོན་དང་བུམ་ཐང་ཟེར་བ་ལས་
འབྲུག་ཞེས་པའི་ཐ་སྙད་སྔོན་མེད་པ་དང། གུ་རུ་རིན་པོ་ཆེའི་གདུལ་བྱར་མ་གྱུར་པའི་
འབྲུག་མི་གཅིག་ཀྱང་མེད་པ་སོགས་རྒྱུ་མཚན་དག་ལ་རྟེན་ནས་བུམ་ཐང་དེ་འབྲུག་ཡུལ་
ཡིན་པ་དང། གུ་རུས་སྤྲུལ་པ་འབྲུག་ཡུལ་དུ་བྱོན་པ་ནི་མངོན་གསལ་དོད་པོ་རེད།
སྲིད་པའི་རྒྱལ་མོ་དང་། འོད་དེ་གུང་རྒྱལ་རྣམ་གཉིས་པོ་དག བརྒྱགས་བརྔན་ཆན་མོའི་ནང་ལ་མཚན་དེ་གཉིས་མེད་པ་འདྲ།
སྔར་ལྷོ་མོན་དང་བུམ་ཐང་ཟེར་བ་ལས་འབྲུག་ཞེས་པའི་ཐ་སྙད་སྔོན་མེད་པ་ཞེས་འདི་ནི། ཤིན་ཏུ་ནས་བདེན་པ་འདུག གུ་རུའི་སྤྲུལ་པའམ། གུ་རུའི་བྱིན་གྱིས་བརླབས་པའི་སྐྱེས་མཆོག་དེ། ད་ལྟའི་འཚོ་བཞུགས་འབྲུག་རྒྱལ་འདི་ག་རང་ཡིན་པའི་ཚོད་དཔག་དང་། ཁུངས་སྐྱེལ་ཇི་ལྟར་ཐུབ་བམ། ལགས།
༤༢༽ BONPO ནས།
སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༠ གི་ཆུ་ཚོད་ ༢༡ སྐར་མ་ ༤༤
ལྷོ་མོན་ཡུལ་ནགས་ཀྱི་ཚང་ཚིང་ཁྲོད། །
བོན་མཚན་ལྡན་བླ་མའི་གདུལ་ཞིང་ཡོད།
མ་དྲིན་ཅན་སྲིད་པའི་རྒྱལ་མོ་ཡིས། །
དུས་དེ་རིང་བར་དུ་བསྲུང་ཞིང་སྐྱབས། །
ཞེས་པ་འདི་རང་རྩོམ་རེད་དམ། བོན་གཞུང་རྙིང་པའི་ཁུངས་ཅིག་རེད།
་་་་་་ ལྷག་དོན་དུ་བོད་རང་་ཡུལ་གྱི་སྲིད་པའི་ཡུལ་ལྷ་གཞི་བདག་ཚོ་ལ་བརྙས་བཅོས་ཚད་མེད་པ་བཏང་པ་རེད། མཐོང་ཆུང་ཚད་མེད་པ་བྱས་པ་རེད། ་་་་ཟེར།
ངའི་ཚེ་བཟང་དུས་བཟང་གི་བསང་ཡིག་བརྒྱགས་མརྔན་ཆེན་མོ་ནང་ལ།
འོ་དེ་གུང་རྒྱལ་ལ་སོགས་པའི། །
ཉང་པོའི་འོལ་དགའི་གཞི་བདག་བརྔན། །
འདིར་ཚིགས་བཅད་ཀྱི་མཐར་ཉིས་བཤད་ལས། གཏེར་ཚིག་གི་རྟགས་རྣམས་སྦྱར་ཤེས་མ་སོང་བས་དགོངས་དག་ཞུའོ། །
ད་ལྟ་འཚོ་ཞིང་བཞུགས་པའི་འབྲུག་རྒྱལ་ཁོང་གུ་རུས་སྤྲུལ་པ་ཡིན་མིན་
ཞུ་མི་ཤེས་ཏེ། ཁོང་གི་རྣམ་ཐར་མཇལ་མ་མྱོང་བས་སོ། སྤྱིར་གུ་རུས་
སྤྲུལ་པ་རྒྱལ་པོ་ཁོ་ན་འབྱུང་བ་ངེས་མི་དགོས། བློན་ཆེན། སྒོམ་ཆེན།
བླ་མ། མཁན་པོ་སོགས་གང་ལ་གང་འདུལ་ཀྱི་སྤྲུལ་པ་སྣ་ཚོགས་པའི་
འགྲོ་དོན་ཐོགས་མེད་དུ་བྱུང་དང་བྱུང་བཞིན་པ་རེད་སྙམ་མོ།
བུམ་ཐང་ལས། བུ་ཊང་ངམ་(Bhu-tan or Bhutan)ཨིན་མིང་དེ་ཡང་བུམ་ཐང་གི་ཚིག་འདི་ལས་ཟུར་ཆག་པ་ཡིན་པར་སེམས་ལགས།
བུམ་ཐང་ བུ་ཐང་ བུ་ཐན་ བུ་ཊན། ནས་བྷུ་ཊྰན་(Bhutan)དུ་ཆགས་པར་ངེས་སོ།། །།