ཁྱི་རྒན།
ཁ་སང་ང་ཁྲོམ་དུ་ཙག་ཙིག་ཉོ་ཆེད་སོང་བའི་སྐབས། ཆར་བ་ཟམ་ཟིམ་ཞིག་གིས་རྐྱེན་པས་རྒྱ་གར་བའི་ཟ་ཁང་ཞིག་ཏུ་ཇ་བཏུང་དུ་སོང་། དེར་འབྲུག་གི་གྲྭ་པ་ཞིག་གིས་ཇ་བཏུང་གིན་བསྡད་འདུག་ལ་ཁོང་གིས་ལམ་སེང་ང་ཡང་ཁོང་དང་མཉམ་དུ་ཇ་བཏུང་ཤོག་ཅེས་བོས་བྱུང་། ཁོང་གིས་ཇ་བཏུང་ཚར་ནས་འགྲོ་གྲབས་འདུག་ཀྱང་། ཡང་བསྐྱར་ཇ་གཉིས་མངགས་ཞོར། ངེད་གཉིས་ཕན་ཚུན་གར་སོང་འདི་འོང་སོགས་ཀྱི་ཁ་བརྡ་བྱས།
སྐབས་དེ་ཤེད་ཅིག་ལ་འབྲུག་གི་འོས་ཤོག་བླུགས་སྟངས་དང་འབྲུག་གི་སྲིད་བློན་དུ་སུ་ཐོབ་མིན་སོགས་ཀྱི་སྐད་ཆ་བྱུང་། ད་ལོ་འོས་ཤོག་ཐོབ་མཁན་ནི་སྔ་མའི་གཞུང་འཛིན་པ་ལས་གཞན་ཞིག་ཐོབ་ཡོད་སྐད་དང་། སྔ་མའི་གཞུང་ཤོར་དོན་ནི་དེ་སྔོན་ལོ་འགའ་ཤས་རིང་རྒྱ་ནག་དང་འབྲེལ་བ་བཟང་དུ་བཏང་ཐབས་བྱས་ཡོད་པ་དང་། དེས་རྒྱ་གར་གཞུང་ལ་ཕོག་ཐུག་སོང་ཡོད་པས་ང་ཚོ་འབྲུག་རྒྱལ་ཁབ་ནི་ནམ་ཡང་རྒྱ་གར་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་མང་ཚོགས་ཀྱིས་ཟེར་བཞིན་ཡོད་པ་རེད་ཟེར།
གསར་དུ་ཐོབ་མཁན་དེས་ནི་གཙོ་བོ་རྒྱ་གར་དང་འབྲེལ་བ་བྱེད་དགོས་པ་དང་ཁོང་ཚོས་དེ་ལྟར་བྱེད་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག
ངོ་མཚར་བ་ཞིག་ལ། ངེད་ཚང་གི་མང་ཚོའི་ལམ་ལུགས་ནང་གྲྭ་པ་རེ་རེས་ཆོས་ལུགས་ཀྱི་འོས་ཞིག་དང་ཆོལ་ཁའི་འོས་ཞིག་བཅས་གཉིས་བླུགས་ཀྱི་ཡོད་པ་དང་། འབྲུག་གི་མང་གཙོའི་ལམ་ལུགས་ནང་གྲྭ་པ་དང་སྔགས་པའམ་སྒོམ་ཆེན་རིགས་ལ་འོས་བླུགས་པའི་ཐོབ་ཐང་མེད་འདུག
དེས་ན་འདི་གཉིས་ནི་བར་ཁྱད་ཧ་ཅང་ཆེ་བའི་ལུགས་གཉིས་རེད་འདུག ངས་སྐབས་དེར་གནས་དོན་འདི་ཁ་བརྡའི་དྲ་གྲོགས་ཚོ་མཉམ་དུ་བཤིབ་བསྡུར་གྱིས་བསམ་ཚུལ་བརྗེ་ལེན་ཞིག་བྱེད་འདོད་བྱུང་།
གྲྭ་བ་འོས་ཀྱི་ཐོབ་ཐང་དང་། ཆོས་ལུགས་ཀྱི་འཐུས་མི་ཟེར་བའི་ས་བཀག་ས་མི་དགོས། གཉིས་ཀ་ཆོས་དང་འགལ་བ་རེད།
དེ་ཁྱེད་རང་ནོར་བ་རེད། བོད་པ་དད་པ་ཆེ་དྲགས་པས་ཆོས་བྱེད་དགེ་བཙུན་རྣམས་ལ་ཉིས་སྐལ་ཕུལ་བ་རེད། མ་གཞི་ང་ཚོས་འོས་ནི་འགྲོ་སོང་ཆེ་རོགས་འདྲ་བོ་རེད། གང་ཡིན་ཞེ་ན་འོས་བསྡུ་བྱེད་པ་ལ་ཆབ་སྲིད་ལྟ་གྲུབ་སྣ་མང་ལྡ་པས་འགྲན་རྩོད་དགོས་པ་རེད། ང་རང་ཚོ་སུ་ཐོབ་ཀྱང་དང་པོ་ཆབ་སྲིད་ལངས་ཕྱོགས་གང་ཡིན་ལ་མ་ལྟོས་པར། ཐོབ་ཚར་བའི་མཇུག་དེར་ལམ་དབུ་མར་འགྲོ་དགོས་པ་ཤེས་མཁན། ཚང་མ་ཆོས་དང་མཐུན་པའི་སྒོ་ནས་བླ་མའི་བཀའ་བཞིན་བྱེད་མཁན་ཆོས་པ་རྣམ་དག་གཅིག་དགོས་པ་དེ་ཐུན་མོང་མ་ཡིན་པའི་མང་གཙོ་ཡིན་ཚོད་རེད།
བོད་པའི་ལུགས་དེ་རྟག་མཐའ་རེད། འབྲུག་པའི་ལུགས་དེ་ཆད་མཐའ་རེད། དེ་གཉིས་ཀས་འོས་ཤོག་ཚད་ལྡན་བླུགས་ཤེས་ཀི་ཡོད་མ་རེད། རྒྱལ་ཁབ་དེའི་མངའ་ཁོངས་ཡིན་ནོ་ཅོག་གི་མི་རེ་ལ་འོས་རེ་རེ་བླུགས་པའི་ཐོབ་ཐང་དགོས་པ་རེད། རེད་དེ་འདི་གཉིས་ཀྱིས་ཤེས་ཀྱི་མེད་པ་རེད། ཅི་ཁག བོད་དང་འབྲུག་པ་གཉིས་ཀས་མང་གཙོ་ཟེར་བ་དེ་དེ་རིང་ཁ་སང་གི་སྐད་ཆ་ལྟ་བུ་ལས་གོམ་པ་གཞི་ནས་སྤོ་བཞིན་ཡོད་པ་རེད།
ཁྱི་རྒན་ནས
ངེད་ཚང་གི་མང་ཚོའི་ལམ་ལུགས་ནང་གྲྭ་པ་རེ་རེས་ཆོས་ལུགས་ཀྱི་འོས་ཞིག་དང་ཆོལ་ཁའི་འོས་ཞིག་བཅས་གཉིས་བླུགས་ཀྱི་ཡོད་པ་དང་། འབྲུག་གི་མང་གཙོའི་ལམ་ལུགས་ནང་གྲྭ་པ་དང་སྔགས་པའམ་སྒོམ་ཆེན་རིགས་ལ་འོས་བླུགས་པའི་ཐོབ་ཐང་མེད་འདུག
ཟེར།
ཁྱི་རྒན་གྱིས་བསམ་ཕྱོགས་འདིར་ཡང་རྒྱུ་མཚན་མེད་པ་མ་རེད་སྙམ། ཡིན་ཡང་གྲྭ་བ་དང་སྔགས་པ་མི་ཡིན་པ་དང་མི་འབོར་ལ་བལྟས་པས་ཁོ་ལ་ཡང་ཐོབ་ཐང་དགོས་ངེས་རེད། དེ་མེད་ན་བོད་པ་ཚང་ནམ་ཡང་དམངས་གཙོ་མིན། དམངས་གཙོ་དང་དམངས་གཙོའི་གཞུང་མ་འདྲ་བ་འགའ་ཤས་ཡོད་པས་སྐད་ཤོར་དགོས་པ་ཅང་ཡོད་མ་རེད། ང་ཚོའི་གཞུང་འདི་ཡང་ཆེ་ཆུང་ལ་མ་བལྟས་པའི་དམངས་གཙོའི་གཞུང་ཞིག་རེད། དེ་ཡིན་པ་བོད་མི་ཡོངས་ནས་ངེས་ལེན་ཡོད་པའི་རྒྱུ་མཚན་གྱིས་རེད།
མཚན་ཉིད་ཚང་ཚང་དེ་ཡང་མི་དམངས་ཀྱིས་དངོས་ལེན་ཡོད་མེད་ལ་རེག་ལས་པ་རེད་མ་གཏོགས་གནམ་སྐོས་ཀྱི་ཡིག་ཆ་བརྗིད་པོ་ཞིག་ལོགས་སུ་བསྟན་ཡ་ཡོད་མ་རེད་།
སྤྱི་འཐུས་དང་གྲོས་ཚོགས་ཡང་ན་ཁྲིམས་བཟོ་གང་གི་གྲལ་དུ་ཡང་ཆོས་པའམ་གྲྭ་བ་ཞིག་ཡོད་ན་དེ་ནི་དམངས་གཙོ་མིན་པ་དང་སྲིད་གཞུང་མིན་པར་འགྱྱུར་རྒྱུ་མ་རེད། གཙོ་བོ་ཡུལ་དུས་དང་མི་དམངས་ཀྱི་མངོན་འདོད་དང་མཐུན་དགོས་པ་རེད་ལ། ཕུགས་རྒྱང་རིང་བོའི་ཕན་གནོད་ལ་ཡང་བསམ་བློ་གཏོང་དགོས་ངེས་རེད། ག་དུས་ཡིན་ན་གཞན་གྱིས་རྗེས་ལ་རྒྱུགས་དགོས་པ་མ་རེད། མཚུངས་བསྡུར་བྱེད་དགོས་པ་མ་རེད་ལ་དཔེ་ལ་ཡང་ལྟ་དགོས་པ་མ་རེད།
བོད་པ་ཚང་ལ་མཚོན་ན་ཆོལ་ཁ་དང་དང་ཆོས་ལུགས་མེད་ན་མེད་པ་རེད་ལ་དེ་ལས་གཞན་པའི་སྤྱི་འཐུས་འགྲུབ་ལུགས་ཀྱང་ཡོད་མ་རེད། དེ་ལ་ཧང་སང་བ་དང་ཧོམ་ཐོར་དགོས་པ་ཅང་མ་རེད་སྙམ།
དྲང་མོར་བཤད་ན་དེ་ལ་ངོ་མཚར་བ་ཞིག་ལ་རྩིས་དགོས་པ་མ་རེད། གཙོ་བོ་ཆོས་ལུགས་ཀྱི་བརླགས་པ་མིན་པར་མི་རང་རང་གི་ནུས་རྩལ་དང་འཇོན་ཚོད་ལ་རགས་ལས་པ་ཡིན་པ་སྨྲོས་མ་དགོས་པ་རེད། ཆོས་པའི་ནང་ན་མཁས་པ་དང་འཇོན་པོ་ཡོད་ལ་ཆོས་མེད་ཚོའི་ནང་ན་ཡང་དེ་བཞིན་རེད།
ཆོས་པ་ཡིན་ན་ལས་འབྲས་ལ་བསམ་པ་དང་ལྐོག་ཟ་སོགས་ཉུང་བ་ཡོང་གི་ཡོད་པས་ཆོས་ཤེས་པ་ཞིག་གིས་ལས་ཀ་བྱས་ན་མི་དམངས་ཀྱི་བློ་བདེ་བ་ཡོང་གི་རེད། མི་འགའ་ཤས་ཀྱི་སྐད་ཆ་བཤད་ཡོང་དུས་ཆོལ་ཁ་དང་ཆོས་ལུགས་དབྱེ་བ་མེད་པའི་མི་ཞིག་བཙལ་དགོས་ཟེར། དང་པོ་རང་ནས་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་མིན་ན་འཐུས་མི་དབྱེར་མེད་ཞིག་ཅི་ལྟར་ཡོང་ངམ། བརྒྱ་ཡོང་བའི་དབང་དུ་བཏང་ཡང་མི་དེ་ནི་ས་རྡོ་དང་ཤིང་གཏུམ་ཞིག་ལས་ཁྱད་པར་ཅི།
ཆོལ་ཁ་དང་ཆོས་ལུགས་ལ་མི་ཕན་པའི་མི་ཞིག་གིས་སྤྱི་ལ་ཅི་ལྟར་ཕན། ངོ་མ་དགོད་བྲོ་བོ་རེད། དེའི་ཕྱིར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཆེད་དུ་ཤི་ཐམ་རོ་ཐམ་བྱེད་ཐུབ་པ་ཞིག་དགོས་ངེས་རེད། ཡིན་པ་ཡང་རང་གིས་བྱ་ཕྱོགས་དང་བཤད་ཕྱོགས་སོགས་ཆོལ་ཁ་དང་ཆོས་ལུགས་གཞན་ལ་མི་གནོད་པ་ཞིག་དགོས་པ་དེ་རེད། ད་དེ་ཚོ་ཡོང་དཀོན་པོ་ཆགས་ཀྱིན་ཡོད་རེད། དེ་ལྟར་མི་དཀྱིས་མ་ཞིག་ཡོང་དགོས་ན་སློབ་སྦྱོང་ཡག་པོ་ཡོད་དགོས་ངེས་རེད། སྤྱོ་ཡོངས་ཀྱི་སློབ་སྦྱོང་གི་ཚད་ཇེ་མཐོར་གཏོང་དགོས་ལ་མི་བྱས་བྲག་སྒེར་བའི་ངོས་ནས་ཀྱང་ཡར་རྒྱས་ལ་འགྲོ་དགོས་པ་རེད། དེའི་སྐོར་༧་གོང་ས་མཆོག་གི་བཀའ་སློབ་དག་ལ་གཟིགས་ན་ར་འཕྲོད་ངེས་རེད།
གྲྭ་བ་དང་སྔགས་པ་ཡོད་ན་ཆོས་དད་རང་མོས་དང་རིགས་གཞུང་སྲུང་སྐྱོབས་སོགས་ལ་ཕན་སྲིད་པ་རེད་ལ། མེད་ན་གྲོས་ཚོགས་ནང་འདྲ་མིན་བཤད་ནས་ཆོས་དད་སོགས་ལ་རྩིས་མེད་དང་རྐང་རྫིས་ཀྱི་ཉེན་ཁ་ཕྲད་མི་སྲིད་པ་མིན། དཔེར་ན་ཁྱི་རྒན་ལྟ་བུ་གྲོས་ཚོགས་ཀྱི་ནང་དུ་བསླེབས་ན་གྲྭ་བ་དང་སྔགས་པ་ལ་ངོ་མཚར་དུ་བཟུང་ནས་ཟ་ཟུར་ཞིག་ནས་ལྷག་རྒྱུ་ངེས་གཏན་རེད་ལ། ཆོས་ལུགས་དང་རིག་གཞུང་ལ་སྡང་ཟུག་བྱེད་རྒྱུ་ཡིནཔ་ཡང་ད་ལྟ་ནས་ཚོད་དཔག་བྱེད་ཐུབ། ཀུ་རེ་ཡིན། བདེ་མོ།
ཡིག་ནོར་ཡོད་ངེས་པས་དགོངས་པ་མ་ཚོམ་རོགས་གནང་།
བཀུར་འོས་དགེ་འདུན་རྒྱ་མཚོ་ལགས། ང་ཡང་མང་གཙོ་ཟེར་ཡོང་དུས་མཐའ་གཅིག་ཏུ་འགྲོ་སྟངས་གཅིག་མ་གཏོགས་མེད་པ་དེ་འདྲ་ཞིག་མིན་པར་ངས་ཤེས་ཡོད་ལ་མང་གཙོའི་ཟབ་སྦྱོང་མང་པོའི་ནང་མཉམ་ཞུགས་བྱེད་མྱོང་། སྲིད་འཛིན་ལམ་ལུགས་ཨ་རི་ལྟ་བུ་དང་། སྲིད་བློན་ནམ་གྲོས་ཚོགས་ལམ་ལུགས་རྒྱ་གར་ལྟ་བུ། ལམ་དང་ལུགས་སྲོལ་སྣ་ཚོགས་པ་རྒྱལ་ཁབ་རང་རང་གི་ཆེ་ཆུང་དང་སྟོབས་འབྱོར། མི་འབོར། མང་ཚོགས་ཀྱི་བསམ་ཚུལ་སོགས་སོ་སོར་ཡོད་པ་ཇི་བཞིན་མང་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་ཡང་དེ་ལ་དེར་སྟོན་ཞིག་འཛམ་གླིང་ནང་གི་མང་གཙོའི་རྒྱལ་ཁབ་ཡོངས་ཀྱི་བྱེད་བཞིན་ཡོད། ངས་བཤད་ཡ་དེ་འབྲུག་དང་ང་ཚོའི་བར་འོས་བླུགས་སྟངས་ལ་ཧ་ཅང་བར་ཁྱད་འདུག་པས་དཔྱད་བསྡུར་བྱེད་དགོས་ཟེར་ཡིན་མ་གཏོགས་ང་རང་སྒེར་གྱི་བསམ་ཚུལ་ད་དུང་བཤད་རྒྱུ་ལྷག་ཡོད་ན་་་་་་་་་་དགག་པ་དེ་སྔ་སོང་་་་་། ཀུ་རེ་མིན་ངོ་མ་ཡིན།
དམངས་གཙོའི།
དྷ་སའི་འོས་ཤོག་འཕེན་སྟངས་དང་། །
འབྲུག་གི་འོས་ཤོག་འཕེན་སྟངས་གཉིས། །
ཞི་ཅིང་ཕི་ཡི་དམར་གཞུང་གི །
ཡོངས་འཛིན་རྣམ་པ་གཉིས་སུ་འོས། །
ཡོངས་འཛིན།