བཀྲ་ཤིས་དོན་འགྲུབ།
བྲང་ཁོག་དགུང་ལ་གཏོད་པའི་ང་རྒྱ
ལས་ཀྱི་རླུང་དམར་གདོང་གིས་བསུ་
སེམས་པ་འཁོར་བར་འཁྲེང་བའི་སྐྱོ་
མིག་ཆུ་ཁོག་ཏུ་བསྐྱིལ་བའི་མྱ་
གནམ་གྱི་ལུང་བསྟན་ས་ལ་བབས་པ་དང་
རྟེན་འབྱུང་རྒྱལ་མོ་དགྱེས་པའི་
འབྱུང་བཞི་དྲག་ཏུ་འཐབ་པའི་གཡུལ་
སྲིད་པའི་སྙང་ངག་མཁན་པོ་ལྷོད་ཀྱིས་འཁྲུངས།།
སྤྲིན་ནག་ལང་ལོང་འཁྲིགས་པའི་ཀློ
གློག་ཞགས་ས་ལ་ཟུག་པའི་རྔམ་ཟིལ་
འཇིག་རྟེན་གཉིད་དུ་ཡུར་བའི་ལྷི
ཁྲག་བཞིན་དཀྲུགས་པའི་མཐུ་སྟོབས་
མཚོན་གྱི་རྣོ་དབལ་གྱེན་ལ་གཟེང་
ཁྲག་གི་རལ་པ་ཐུར་དུ་འཕྱང་ས་ནས།།
ཕུག་རོན་དཀར་མོའི་གཤོག་འགྱུ་ངོ
ཞི་བདེའི་མགུར་མ་གྱེར་བའི་སྤོ
མཚན་ཉུལ་རྐུན་པོའི་འོག་མིག་རིག་
རུམ་གྱི་འབའ་ཁུག་བསླུ་བའི་ལྕགས་
གནམ་སའི་ཁ་དོག་འདྲེན་པའི་སྨྱུག་
གཉུག་མའི་བརྩེ་བ་འཕྲོག་པའི་ཇག་
ཕྱོགས་མེད་དགུང་སྔོན་སྟོང་པའི་
རྒོད་པོའི་གཤོག་ཟུང་རླུང་བུས་
དགའ་སྐྱོའི་རྟ་ལ་འཆིབ་པའི་གྲེ་
རྟོག་པའི་གླུ་ལ་དྲངས་པའི་སྣང་ཚུ
རྣག་ཁྲག་གཡའ་ཆུས་གང་བའི་རྫབ་དོ
དྭངས་བཅུད་བདུད་རྩི་ལེན་པའི་
སྡུག་གི་སྐྲ་ལོ་འཛིངས་པའི་ཡུགས་
འཛུམ་ཆུང་མེ་ཏོག་འདྲེན་པའི་ཕྱག་
ས་གཞི་མུན་པས་བཟུང་བའི་དུས་གཉན་
གཟེ་བའི་རྦ་རླབས་འཕྱོ་བའི་རྟ་
ཇག་ཚོགས་གཞུང་ལ་བཏེགས་པའི་འཇི
སྨྱུ་གུའི་རྩེ་ནས་འཁྲུངས་པའི་ལྟ
འཇའ་འོད་གུར་ཁང་ཕུབ་པའི་ལྡིང་
ཉམས་རྟོགས་གླུ་རུ་ལེན་པའི་དགའ་
རྟོག་འགྱུའི་ཕྱྭ་གཡང་འགུག་པའི་
མགྲིན་པ་དམར་པོའི་སྦུབས་སུ་བསྐྱ
ཆར་པ་མིག་ཆུར་གྱུར་བའི་སྐྱོ་སྣ
ཉི་མ་དམར་པོར་གྱུར་བའི་འཇིགས་སྣ
སེམས་ཀྱི་མྱ་ངན་སངས་དུས་ཡེ་མེད་
སྙན་ངག་པ་ཡིས་བདམས་པའི་ནམ་མཁའ་
དྲག་རླུང་འུར་འུར་ལྡང་བའི་ས་སྲོས་ཀྱི།།
རྐང་གླིང་ཟད་པོའི་ཤུར་སྒྲ་ལྷང་
སྙན་ངག་པ་ཡི་རྒྱགས་ཕྱེ་ཡིན་གདའ་
རྒྱགས་ཕྱེ་བསྐྱུར་ནས་མ་ཕེབས་སྙ
མདུན་གྱི་བདེན་པ་གླེང་བའི་ཁ་ལྕེ་དང་།།
རྒྱབ་ཀྱི་རྒོལ་བར་མི་འཇིགས་སྙིང་སྟོབས་གཉིས།།
ཡོད་ཚད་སྨྱུག་ཁར་འདྲེན་པའི་བློ་སྤོབས་གསུམ།།
འདི་གསུམ་མེད་ན་སྙན་ངག་རོ་དང་འདྲ།།
སྙན་ངག་འདིས་ཁོ་བོའི་ཡིད་ལ་རྒྱ་མཚོའི་རྦ་རླབས་ལྟ་བུའི་རྟོག་འགྱུ་ཞིག་བསླངས་སོང་།
རྣམ་ཤེས་རྒན་པོས་སྨྱུ་གུའི་མཁར་བ་ལ།།
བརྟེན་ནས་སྙན་ངག་མཛའ་མོ་ཁབ་བསུས་ཚེ།།
དུས་བཞིའི་བགྲོད་པ་ལུགས་ལས་ལྡོག་གྱུར་ཀྱང་།།
མི་ཤེས་དེ་ཡི་ལང་ཚོ་གང་གིས་གཞལ།།
མཁྱེན་རབ་དབང་ཕྱུག་བསྙེན་ལ་མི་ཞུམ་པའི།།
ཡིད་ཀྱི་རྟོག་འགྱུ་འཕྱུར་བའི་རླབས་འཕྲེང་རྩེར།།
སྙན་འཇེབས་ངག་གི་འགྱུར་ཁུག་གཡོ་བ་ན།།
སྒྲ་དབྱངས་ལྷ་མོ་ཡིན་ཡང་སྙེམས་པ་ཤོར།།
ཐེངས་མ་དགུ་ལ་ཀློག་ཀྱང་མི་གོ་བའི།།
ཚིགས་བཅད་བཅུ་གཅིག་ལྷུ་ལ་འགྲིག་པ་འདི།།
ང་ལ་མཚོན་ན་མི་མཁོའི་ཅ་ལག་སྟེ།།
གསང་སྤྱོད་ནང་གི་སེར་པོ་རྡོག་རྡོག་བཞིན།།
ཡིད་ཀྱི་མདུན་པ་འཕྲོག་པའི་སྙན་ཚིག་དང་། །
སེམས་ཀྱི་གཏད་སོ་མེད་པའི་སྙན་དངགས་མཁན། །
ཚེ་གང་སྙན་ཚིག་ལམ་དུ་ཉུལ་སོང་ན། །
དྲང་བདེན་རླུང་ལ་མ་བསྐུར་སྙན་དངགས་པ། །