ལུང་རྟོགས།
ཁ་སང་བཤད་པའི་སྐད་ཆ་དེ་རིང་མེད།།
ན་ཉིན་འགྲོག་པའི་གྲོགས་པོ་ད་ལོ་འགྱུར།།
མི་༵རྟག་དངོས་པོའི་ཆོས་ཉིད་འདི་མཐོང་ན།།
འདོད་པའི་ཡོན་ཏན་རྩྭ་མགོའི་ཟིལ་པ་འདྲ།།
འདོད་པའི་གཉེན་གྲོགས་རྣམས་དང་རིང་དུ་གྱེས།།
མི་འདོད་ནད་དང་དགྲ་སོགས་གནོད་པ་མང་།།
སྡུག་༵བསྔལ་འཁོར་བའི་རང་བཞིན་འདི་བསམ་ན།།
ཆགས་སྡང་འཁྲི་བ་ཆོད་རྣམས་ཤིན་ཏུ་སྐྱིད།།
ཆོས་རྣམས་རྒྱུ་དང་རྐྱེན་ལ་རག་ལས་པས།།
བལྟོས་གྲུབ་སྒྱུ་མའི་སྐྱེས་བུའི་རྟ་གླང་བཞིན།།
སྟོང་༵པ་ཆོས་ཀྱི་གནས་ལུགས་འདི་རྟོགས་ན།།
སྐྱིད་ཀྱི་འགོ་བོ་ཚུགས་པ་ཡིན་ནམ་སྙམ།།
སྡུག་བསྔལ་ཕུང་པོར་དམིགས་ནས་གཞི་མེད་ལ།།
བདག་ཏུ་འཛིན་པའི་བདག་འཛིན་སུན་ཕྱུང་ནས།།
བདག་༵མེད་རྟོགས་པའི་ཤེས་རབ་སྐྱེས་པ་ན།།
འཕགས་པའི་ལམ་ལ་སྙེག་པར་ཐུབ་པས་གསུངས།།
དང་བོར་ཕྱག་རྒྱ་བཞི་ཡི་གྲངས་འདྲེན་ཤེས།།
བར་དུ་དེ་ཡི་དགོངས་དོན་ཇི་བཞིན་རྟོགས།།
མཐའ་མར་སྙིང་དགོས་ཉམས་སུ་ལན་ཤེས་ན།།
ཕྱག་རྒྱ་བཞི་ཞེས་སྤོམ་ཤོམ་བཤད་ཀྱང་འགྲིག།