དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་དྲངས།
ལས་བྱེད་གསར་འདེམས་ཀྱི་བོད་ཡིག་ཤེས་ཚད་ཡིག་རྒྱུགས་ཀྱི་དྲི་ཤོག་སྒྲོམ་གཞི་དཔེ་མཚོན།
འབྲི་རྒྱུགས
དུས་ཡུན་ཆུ་ཚོད་ ༣ བརྒྱ་ཆ་ ༨༠ ལེའུ་དང་པོ་རྩོམ་བྲིས།
༡༽ བོད་མིའི་རང་དབང་སྒེར་ལངས་ ༥༢ པ་གཞུང་འབྲེལ་སྲུང་བརྩིའི་མཛད་སྒོའི་ཐོག་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་་་
ཞིབ་འཕྲོས་འདིར་གཟིགསhttp://bod.asia/2013/07/ལས་བྱེད་གསར་འདེམས་སྐབས/
རྩ་བས་བོད་ཡིག་ཤེས་ཚད་ཡིག་རྒྱུགས་འདི་འཛིན་སྐྱོང་བཀའ་ཤག་གིས་གཙོས་པའི་ལས་སྣེ་ཚོ་ལ་བཏང་བ་ཡིན་ན། ཡེ་ནས་འགོག་མི་ཐུབ་པའི་གད་མོ་འཆོར་བའི་ལྟད་མོ་ཞིག་འབྱུང་ངེས་རེད།
དངོས་གནས་བོད་ཀྱི་རིག་གནས་ལ་རྒྱུས་མངའ་མེད་པའི་བཟོ་རང་བསྟན་འདུག
དྲི་ཤོག་བཟོ་མཁན་དེ་ནི་ཇི་འདྲའི་ཨུ་ཚུགས་ཅན་དང་གླེན་རྟགས་ཚ་བོ་ཞིག་འདུག་ཨང་། ཡིག་ནོར་དང་། དོན་ནོར། ཚིག་ནོར། མིང་ནོར་བཅས་མང་བའི་དྲི་ཤོག་རིང་བོ་འདིར། དུས་ཡུན་ཆུ་ཚོད་གསུམ་གྱི་རིང་ལ་ཉུང་མཐའ་ཡང་ཡིག་འབྲུ་༥༠༠༠ མ་ཟིན་ཙམ་ངེས་པར་དུ་འབྲི་དགོས་འདུག
དེའི་ཁར་འགྲེལ་བཤད་ཞིབ་ཕྲ་འབྲི་དགོས་པ་ཁ་ཤས་ཀྱང་འདུག ཧཧཧ
དེ་ནས་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་གསུང་རྩོམ་དངོས་མ་སྙན་ངག་སྤྱི་དོན་ནི། མཁས་དབང་ཁོང་གིས་ཕྱོགས་སྒྲིག་བྱས་པར་བཞག་པ་སོགས་ཀྱི་ནོར་འཁྲུལ་གཞན་ཡང་མང་དུ་འབྱུང་། ཆུ་མགོ་ནས་རྙོག་ན། ཆུ་མཇུག་ནས་ག་འདྲ་བྱས་ནས་དྭངས་དགོས་སམ།
ཡང་སུ་ཚང་གི་བུ་ཕྲུག་ལས་མེད་དུ་ལྷག་ཡོད་ན།