གྲོགས་པོ་རྣམས་པ་། འདས་ལོ་2008ཀྱི་ལོར་། བདག་གིས་འདིར་བྱང་ཀེ་ལི་ཕོ་ནའི་གྲོང་ཁྱེར་སན་ཕ་རན་སེ་སུ་ཁོ་ནང་། རྒྱ་ནག་ཨོ་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཡོང་བ་དང་འབྲེལ་བོད་དོན་སྐོར་གྱི་གློག་བརྙམ་དུམ་གང་མང་ཞིག་། youtube ཐོག་བཀོད་པ་ཡིན་། youtube སྤྱོད མིང་ལ་ Danaktsang ཡིན།
དེས་ནང་བོད་ཀྱི་རྒྱལ་གླུ་ཞིག་བཀོད་པ་དེར་ལྟ་མཁན་གྲངས་འབོར་5,878ལས་རྒལ་ཡོད་ལ་། གློག་བརྙམ་ཐུང་དེར་བསྟེན་མི་གང་མང་ཞིག་བོད་ཀྱི་རྒྱལ་གླུ་སྦྱང་རྒྱུར་སྟབས་ཤིན་དུ་བདེ་བོ་ཡོད་པ་། ་སོགས་ཀྱི་བསྟོད་བསྔགས་ཀྱང་གང་མཚམས་འབྱོར་། ཡིན་ན་ཡང་། དེ་རིང་བདག་ལ་འཕྲིན་ཐུང་ཞིག་གི་འབྱོར་བའི་ནང་་སྡུག་མོད་དང་བཅས་དང་མཉམ་དུ་བདག་གི་གློག་བརྙན་ཐུང་བུ་དེ་ཚུར་སྐུར་ཡོད་པ་། ང་ཡང་མགོ་འཐོམ་སོང་། youtube ཐོག་བཀོད་པའི་བརྙན་ཐོག་མི་གཞན་པའི་སྣོན་སྦྱོར་དང་ངམ་ཡང་ན་། བསྐྱར་བསྒྲིགས་བྱེད་ཐུབ་གི་རེད་དམ་། གྲོགས་པོ་ཚོས་གནས་ཚུལ་འདི་ལ་ཞིབ་འཇུགས་རེ་གནང་ནས་ལན་རེ་གནང་རྒྱུར་བསྒུགས་བསྡད་ཡོད་། བྱང་ཀེ་ལེ་ཕོ་ཉ་ནས་སྦྲ་ནག་གིས་།
འདིར་སྡབས་ནས་གནས་ཚུལ་དེ་གཟིགས་རོགས་གནང་།
http://www.youtube.com/watch?v=b6RI2HbGQJU
youtube ནི་gooble བཟོ་ཚོགས་ལ་གཏོགས་ཤིང་googleབཟོ་ཚོགས་ཀྱིས་རྒྱ་ནག་གི་རྐུབ་ལྡག་གིན་ཡོད་པ་མ་ཐོས་སམ། སྔོན་མར་ས་བྱིའི་ཞི་རྒོལ་གྱི་གློག་བརྙན་རེ་ཟུང་དེ་ཚང་གིས་བཀག་འགོག་བྱས་པ་མ་ཐོས་སམ།
ད་དུང་google ཚང་གིས་རྒྱ་ནག་དང་བོད་དུ་བོད་དོན་ཆབ་སྲིད་གློག་བརྙན་དག་བཀག་སྡོམ་བྱས་ཡོད་པ་ཡང་མ་ཐོས་སམ།
ཧ་གོ་མ་སོང།་སུས་ཁྱོད་ལ་བསྐུར་ཡོང་ཡོད་པ་རེད་།་སུས་youtube་སྟེང་ལ་བཀོད་མི་ཆོག་ཅེས་ལབ་པ་རེད་།་བདེན་དབང་དགོས་ནི་རེད།་
གསེར་ལ་རིན་ཐང་མེད་པས་མིང་ཞིག་ཁུར་ནས་མི་ལ་རུས་པ་མེད་པའི་དོན་དེ་བསྟན་འདུག་ག། རྟགས་དཔྱད་མེད་པར་གཏམ་གཤད་མ་བྱེད་།
སྦྲ་ནག་ལགས་། ང་ལྟས་ན་ཁྱེད་ཀྱི་youtube ལ་ འབྲེལ་བ་བྱས་ནས་སྐད་ཆ་དྲིས་ཐུབ་ན་ཡག་པོ་རེད་། རྒྱ་ནག་གི་ནད་བཏང་ཡིན་རྒྱ་བསམ་།
ཉིན་ཤས་གོང་ལ་ངས་ཁ་བརྡ་ཚང་ལ་བསྐུར་བའི་ཁ་བརྡ་ཟེར་བའི་རྩོམ་ཡིག་ཅིག་ཁ་བརྡ་ཚང་གི་དྲ་དཔོན་གསུམ་གྱི་མིང་ཐོག་ནས་བཏང་ཡོད་རུང་། དེ་རིང་བར་དུ་ད་དུང་ཁ་བརྡ་དྲ་བར་བཀོད་མི་འདུག ཁ་བརྡ་ཚང་ལ་ཁོང་ཚོའི་འདོད་འདུན་དང་འཚམས་པ་ཞིག་མིན་ན་རྩོམ་ཡིག་འགོད་ཀྱི་མེད་པ་འདྲའོ། རྣམ་པ་ཚོས་གཟིགས་འདོད་ན་བོད་ཀྱི་དུས་བབ་ཐོག་གི་ངའི་ཟིན་བྲིས་སུ་གཟིགས་རོགས། http://www.tibettimes.net/blogs.php?id=40&post_id=5591
དགེ་རབ་ལགས། ཁྱེད་ཀྱི་གཡུ་ཆུབ་དེའི་ནང་མི་གཞན་ཞིག་གིས་གསང་བའི་རྟགས་བཀོད་ནས་གཞས་སྒྱུར་བ་བཏང་བ་རེད། ཁྱེད་ཀྱིས་དང་པོ་རང་གི་གཡུ་ཆུབ་གྱི་གསང་མིང་དེ་བརྗེས། དེ་ནས་ནང་གི་གཞས་དེ་བླངས་ནས་རྒྱལ་གླུ་དེ་ཡང་བསྐྱར་བཞག་ནས། ཉིན་ཤས་རྗེས་ལྟོས་དང་ཧ་གོ།
ཁྲིམས་གཏུགས་བྱེད་ས་མེད། དེ་རྒྱ་ནག་གི་དྲ་འཇག་ཏེ། དབྱིན་ཡིག་ནང་Hacker ཟེར་བ་དེ་ཚོས་ཁྱེད་ཀྱི་གསང་རྟགས་གཏོར་ནས་ནང་གི་གཞས་རྣམས་མེད་པ་བཟོས་པ་རེད།
སེམས་མ་སྐྱིད་པ་མ་བྱེད། རྒྱ་ནག་གིས་ཕྱི་ལ་མ་བཤད་པ་མ་གཏོགས། ལོ་ལྟར་ཕྱི་རྒྱལ་ནས་རྒྱའི་དྲ་རྒྱར་གཏོར་གཤིག་བཏང་ནས་ཨ་སྒོར་ས་ཡ་མང་པོ་བརླགས་པ་མ་ཟད། དེང་སང་རྒྱ་ནག་གི་དམག་གི་དྲ་རྒྱ་དེ་ཚོར་ཉིན་ལྟར་དེ་ལྟ་བུའི་གནོད་ཚེ་སྟོང་ལས་མང་བ་ཡོང་གི་ཡོད་འདུག གཤམ་གྱི་གསར་འགྱུར་ལ་གཟིགས་དང་།
China’s Military Says Website had 2.3 Million Attacks
China’s Ministry of Defense website is reported to have been the victim of cyber attacks. From Reuters:
A website set up by China’s Defense Ministry said it was hit by 2.3 million hacker attacks in its first month of operation, but none of them were successful.
Website editor Ji Guilin was quoted as saying the site (www.mod.gov.cn) had been popular with less malign visitors as well, drawing 1.25 billion visits in the three months since its August 20 launch.
Earlier, the official English-language China Daily put the number of hacker attacks at 230 million. That figure appeared wrong because it would equate to more than 5,000 attacks per minute.
ཚངས་དབྱངས་ཅན་ཁྱི་རྒན་འདི་རྒྱ་མིའི་ངོ་ཚབ་ཏུ་ལངས་ནས་བོད་མིའི་གོང་བུའི་ནུས་ཤུགས་ལ་གཏོར་བཤིག་བཏང་པ་ཉུང་ཉུང་མིན། ཁོ་མི་ཤེས་ཤེས་མདོག་བྱེད་རྒྱུར་དེ་བས་དགའ། ནང་རུལ་པ་རང་རེད། དྲ་གྲོགས་ཚངས་མས་འདི་ཚོ་གཟབ་གལ་ཆེ།
ཨ་མྱེས་ཡུལ་ལྷ།
ངས་བལྟས་ན། ཁྱེད་རང་ལ་པེ་ཅིང་ནས་ཟླ་ཕོག་ཞིག་ཐོབ་ཀྱི་ཡོད་པ་འདྲ་བོ་འདུག ངས་འདིར་ཁ་གསལ་གཏིང་གསལ་ལ་བོད་ཀྱི་རྒྱལ་གླུ་དེ་ཡང་བསྐྱར་གཏོང་ཐུབ་པའི་བསམ་འཆར་བཏོན་ཡོད། འདི་ལ་ཁྱེད་རང་འདོད་ཀྱི་མེད་སྟབས། ང་རྒྱ་མིའི་ཚབ་ཏུ་ལངས་པའི་སྐད་ཆ་ཤོད་ཀྱི་འདུག
མ་ཟད་ཁྱེད་ཀྱིས་ཨ་མདོའི་མིང་ལྟ་བུ་ཞིག་བེད་སྤྱད་ནས་འདིར་ཡོང་གི་འདུག ད་བདེན་པ་སུ་ལ་འདུག་ལྟ་འདོད་དམ། ཁྱེད་ངོ་མ་ཁ་བཤད་ལག་བསྟར་བྱེད་མཁན་ཞིག་ཡིན་ན། ང་ལ་ཁྱེད་ཀྱི་ཁ་པར་དང་ཡིག་བྱང་སྤྲོད་དང་། ང་གཉིས་ངོ་གདོང་ཐུག་ནས་སྐད་ཆ་ཞིག་ཤོད་དོ།
དེ་མིན་བཀུར་འོས་སྐུ་ཞབས་ཁྱེད་ཀྱིས་ཁ་བརྡའི་རྒྱབ་ལ་འགབ། ཨ་མདོའི་ངོ་བཤུབ་གྱོན། ལག་ཏུ་བོད་པའི་དར་ཆ་ཁྱེར་ནས་ང་ལ་བསུན་པོ་མ་ཟོ། ཁྱེད་ང་ལ་ཐད་པ་མེད་ན། རང་གི་མིང་བེད་སྤྱད། གསལ་གསལ་མཐོང་མཐོང་ལ་ང་དང་གླེང་ན་མི་འགྲིག་གམ།
ཁ་སྔོན་མིང་བརྫུན་མ་བེད་སྤྱོད་བྱེད་མཁན་ཞིག་གིས་འདི་ལྟར་བྱས་བྱུང་། ཡིན་ནའི་ཁོ་པ་སུ་ཡིན་རྟོགས་རྗེས་ཁ་པར་བཏང་པ་ཡིན། གནས་ཚུལ་ཚང་མ་གསལ་པོ་ཆགས་སོང་། ངེད་གཉིས་ཀྱང་འདི་ལྟར་ཡོང་བའི་རེ་བ་ཡོད།
བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དེ་། ང་ཚོའི་སེམས་ན་ལེན་ལེན་གི་ཡོད་པས་རྒྱ་ན་གཞུང་གི་དུས་རྣམས་ཀུན་དུ་སུབས་ཐུབ་མ་རེད་།
http://www.youtube.com/watch?v=BvxgQGqFdvg