བྱམས་པ་ལྷུན་གྲུབ་ཀྱིས་དབྱིན་ཡིག་ནས་བསྒྱུར།
གནའ་སྔ་མོའི་དུས་ཚོད་ཅིག་ལ། ལུང་པ་ཞིག་ཏུ་ཀུ་ཤུའི་ཤིང་སྡོང་ཧ་ཅང་མང་པོ་ཡོད། ཕྲུ་གུ་ཆུང་ཆུང་ཞིག་ཉིན་རྟག་པར་ཤིང་སྡོང་དེའི་ཉེ་འཁོར་དུ་སླེབས་ནས་རྩེད་མོ་རྩེ་ཡག་ལ་དགའ་པོ་ཡོད། ཁོང་ཤིང་སྡོང་དེའི་རྩེར་འཛེགས་ནས་ཀུ་ཤུ་ཟ་བ་དང་། ཤིང་སྡོང་གི་གྲིབ་ནག་འོག་ལ་གཉིད་ཉལ་གྱི་ཡོད། ཁོང་ཤིང་སྡོང་དེ་ལ་དགའ་བོ་ཡོད་ལ་ཤིང་སྡོང་དེ་ཡང་ཁོང་དང་མཉམ་དུ་རྩེད་མོ་རྩེ་ཡག་ལ་དགའ། དུས་ཚོད་གང་མཚམས་འདས་རྗེས། ཕྲུ་གུ་དེ་ནར་སོན་པས་ཁོས་ཉིན་ལྟར་ཤིང་སྡོང་དེའི་ཉེ་འཁོར་དུ་རྩེད་མོ་རྩེ་ཡག་དེ་ཡང་མེད་པར་གྱུར།
ཉིན་ཞིག་བུ་དེ་སེམས་སྐྱོ་པོའི་ངང་ཤིང་སྡོང་དེའི་རྩར་ཕྱིར་སླེབས་པས། ཤིང་སྡོང་དེས་ཁོང་ལ་ “ཤོག ངའི་མཉམ་དུ་རྩེད་མོ་རྩེས།”ཞེས་ལབ་དུས། བུ་དེས་ “ང་ད་ཆ་ཕྲུ་གུ་ཆུང་ཆུང་མ་རེད། ངས་དེང་སང་ཤིང་སྡོང་གི་ཉེ་འཁོར་ལ་རྩེད་མོ་རྩེ་གི་མེད། ང་ལ་རྩེད་ཆས་དང་རྩེད་ཆས་ཉོ་ཡག་གི་དངུལ་དགོས།”ཞེས་ལན་སྤྲད་པ་རེད། དེས་ནས་ཤིང་སྡོང་དེས་ “དགོངས་དག་ང་ལ་དངུལ་མེད། ཡིན་ན་ཡང་ཁྱེད་རང་གིས་ངའི་ཀུ་ཤུ་ཡོད་ཚད་བཀོག་ནས་ཚོང་དང་ཁྱེད་ལ་དངུལ་རག་གི་རེད།”ཅེས་ལབ་པས། བུ་དེ་ཧ་ཅང་དགའ་སྣང་བྱུང་བས། ཀུ་ཤུ་ཚང་མ་བཀོག་ནས་སྐྱིད་པོའི་ངང་ལོག་ཕྱིན་པ་རེད། ཀུ་ཤུ་ཚང་མ་བཀོག་པའི་རྗེས་ནས་བཟུང་བུ་དེ་ནམ་ཡང་ཕྱིར་སླེབས་མེད་པས། ཤིང་སྡོང་དེ་སེམས་སྡུག་ཆེན་པོ་བྱུང་།
ཉིན་ཞིག བུ་དེ་མི་ཆེན་པོ་ཆགས་ནས་ཤིང་སྡོང་དེའི་རྩར་ཕྱིར་སླེབས་པས་ཤིང་སྡོང་དེ་དགའ་སྤྲོ་ཆེན་པོ་བྱུང་བ་དང། མི་དེ་ལ་“ཤོག་ངའི་མཉམ་དུ་རྩེད་མོ་རྩེས།”ཞེས་བཤད་དུས། མི་དེས་ “ང་ལ་རྩེད་མོ་རྩེ་ཡག་གི་དུས་ཚོད་མེད། ངས་ནང་མི་ཚོའི་དོན་དུ་ལས་ཀ་བྱེད་དགོས། ང་ཚོ་ལ་སྡོང་ཁང་ཞིག་དགོས་ཀྱི་འདུག ཁྱེད་རང་གིས་ང་ལ་རོགས་པ་བྱེད་ཐུབ་ས་རེད་པས།” ཞེས་དྲིས་པས། ཤིང་སྡོང་དེས་ “དགོངས་པ་མ་ཚོམ། ང་ལ་ཁང་པ་གཅིག་ཀྱང་མེད། ཡིན་ན་ཡང་ཁྱེད་ཀྱིས་ངའི་ཡལ་ག་རྣམས་བཅད་ནས་ཁང་པ་བརྒྱབ་ན་འགྲིག་གི་རེད།”ཞེས་ལབ། དེ་ལྟར་མི་དེས་ཤིང་སྡོང་དེའི་ཡལ་ག་ཚང་མ་བཅད་ནས་དགའ་བོའི་ངང་ལོག་ཕྱིན་པས། ཤིང་སྡོང་དེས་ཁོང་གི་དགའ་སྣང་དེ་མཐོང་ནས་སྐྱིད་པོ་བྱུང་པ་རེད། འོན་ཀྱང་དེ་ནས་བཟུང་མི་དེ་ནམ་ཡང་ཕྱིར་ལོག་མ་སླེབས་པས། ཤིང་སྡོང་དེ་སླར་ཡང་ཁེར་རྐྱང་དང་སེམས་སྡུག་ཆེན་པོ་བྱུང་།
ནམ་ཞིག་དབྱར་ཀ་ཚ་བ་ཆེན་པོ་ཡོད་པའི་ཉིན་གཅིག མི་དེ་ཕྱིར་ལོག་སླེབས་པས་ཤིང་སྡོང་དེ་དགའ་བོ་བྱུང་ནས། “ཤོག ངའི་མཉམ་དུ་རྩེད་མོ་རྩེས།”ཞེས་ལབ་དུས། མི་དེས་ “ང་རྒན་འཁོག་ཆགས་འགྲོ་བཞིན་ཡོད་པས། གྲུ་བཏང་ནས་སྤྲོ་གསེང་ལ་འགྲོ་འདོད་འདུག ཁྱེད་རང་གིས་ང་ལ་གྲུ་གཅིག་སྥྲོད་རོགས།”ཞེས་ལབ་པས། ཤིང་སྡོང་དེས་ “ཁྱེད་རང་གིས་ངའི་སྡོང་པོ་བེད་སྤྱོད་བཏང་ནས་གྲུ་བཟོས་དང་། ཐག་རིང་པོར་བཏང་ནས་སྐྱིད་པོ་བཏང་ཆོག་གི་རེད།”ཅེས་ལབ། དེ་ལྟར་མི་དེས་ཤིང་སྡོང་དེའི་སྡོང་པོ་བཅད་ནས་གྲུ་བཟོས་ཏེ་བཏང་ནས་ཕྱིན་པས། རྒྱུན་རིང་པོར་གཏན་ནས་མཐོང་ས་མེད་པར་གྱུར།
མཐར་ལོ་མང་རྗེས་ལ་མི་དེ་ཕྱིར་ལོག་སླེབས་པས། ཤིང་སྡོང་དེས་ “ངའི་བུ་ཁྱེད་དགོངས་པ་མ་ཚོམ། ང་ལ་སྤྲོད་རྒྱུ་ཅི་གང་མེད། ཁྱེད་རང་ལ་ཀུ་ཤུ་ཡང་ལྷག་མི་འདུག” ཅེས་བཤད་པས། མི་དེས་ “གང་ཡོད་མ་རེད། ང་ལ་ཤིང་ཏོག་ཟ་ཡག་གི་སོ་གཅིག་ཀྱང་ལྷག་མི་འདུག ང་འཛེགས་སའི་སྡོང་པོ་ཡང་མི་འདུག ད་ཆ་ང་རྒས་ནས་འཛེགས་ཐུབ་ས་མ་རེད།” ཅེས་ལབ་པས། ཤིང་སྡོང་དེས་མིག་ནས་མཆི་མ་ཤོར་གྱིན། “ངས་ཁྱེད་ལ་དངོས་གནས་གང་ཡང་སྤྲོད་ཐུབ་ས་མ་རེད། ད་ཆ་ང་ལ་སྐམ་པོ་ཆགས་བཞིན་པའི་ཤིང་གི་རྩ་བ་དེ་ལས་གང་ཡང་ལྷག་མེད།” ཅེས་ལབ་པས། མི་དེས་ “ད་ནི་ང་ལ་ངལ་གསོ་སའི་ས་ཆ་གཅིག་ལས་གང་ཡང་མི་དགོས། ལོ་འདི་དག་གི་རྗེས་སུ་ང་ཡིད་ཐང་ཆད་སོང་།” ཞེས་བཤད། ཤིང་སྡོང་དེས་ “ཡག་པོ་བྱུང་། ཤིང་སྡོང་རྙིང་པའི་རྩ་བ་ནི་སྔས་ས་དང་ངལ་གསོ་ས་ཡག་ཤོས་དེ་ཡིན། ཤོག ངའི་མཉམ་དུ་བསྡད་ནས་ངལ་གསོ་རྒྱོབས།” ཞེས་བཤད་པས། མི་དེ་དགའ་སྐྱོ་གཉིས་ལྡན་དུ་གྱུར་པས་འཛུམ་སྟོན་བཞིན་མིག་ནས་མཆི་མ་ཤོར།
སྒྲུང་འདི་ནི་མི་ཚང་མར་འབྲེལ་ཡོད་ཅིག་ཡིན། ཤིང་སྡོང་འདི་ནི་ང་ཚོའི་ཕ་མ་དང་འདྲ་ལ། ང་ཚོ་ཆུང་ཆུང་སྐབས་སུ་ཕ་མའི་མཉམ་དུ་རྩེད་མོ་རྩེ་ཡག་ལ་དགའ་པོ་ཡོད་པ་དང་། ཆེན་པོ་ཆགས་དུས་ང་ཚོས་ཕ་མ་བཞག་ནས། སོ་སོ་ལ་གཅིག་དགོས་དུས་དང་དཀའ་ངལ་ཞིག་འཕྲད་དུས་མ་གཏོགས་ཕ་མའི་དྲུང་དུ་བཅར་གྱི་མེད། གང་ལྟར་ཀྱང་། ཕ་མས་ང་ཚོར་བདེ་སྐྱིད་ཅིག་སྐྲུན་ཆེད་ཡོད་ཚད་བློས་བཏང་བྱེད་ཀྱི་ཡོད། ཁྱེད་ཀྱིས་བུ་དེས་ཤིང་སྡོང་དེར་ཆེས་མ་རབས་བྱེད་ཀྱི་འདུག་དྲན་སྲིད་མོད། འོན་ཀྱང་དེ་ནི་ང་ཚོ་ཚང་མས་སོ་སོའི་ཕ་མར་གང་ལྟར་བྱེད་ཀྱི་ཡོད་པ་དང་མཚུངས། ང་ཚོས་ཕ་མའི་བཀའ་དྲིན་ཚོར་གྱི་མེད། ང་ཚོས་ཡུན་རིང་སོང་ནས་ཕྱི་དྲགས་དུས་མ་གཏོགས་ཕ་མའི་བཀའ་དྲིན་བསམ་ཤེས་བྱེད་ཀྱི་མེད།
སྒྲུང་འདིའི་བསླབ་བྱ།
ཕ་མ་ལ་བརྩེ་བའི་ཐོག་ནས་སྲི་ཞུ་སྒྲུབ་དགོས། ཕ་མའི་ཞབས་བཀྱག་སྟོང་པ་ཆགས་པའི་དུས་དེར་གཞི་ནས་ཁྱེད་ཀྱིས་ཁོང་རྣམ་གཉིས་ཀྱི་རིན་ཐང་དེ་ཤེས་ཀྱི་རེད། ང་ཚོས་སོ་སོ་རང་ཉིད་ཕ་མ་མ་ཆགས་བར་དུ་ཕ་མས་ང་ཚོར་བཅངས་པའི་བརྩེ་དུང་དེ་ཤེས་ཐུབ་ཀྱི་མེད།
བསྒྱུར་རྩོམ་འདི་གཡག་རྒོད་དྲ་ཐོག་ཏུ་འགོད་ཐུབ་ན་ཤིན་ཏུ་ལེགས་སྙམ།
ལགས་སོ། ནམ་མཁའ་ལགས་ངས་འགོད་དྲ་ཐོག་དེར་འགོད་ངེས།
དབྱིན་ཡིག་ནང་མིང་ཇི་ལྟར་ཡོད།
བསླབ་བྱ་མང་གི་་་་ཐུགས་རྗེ་ཆེྲ
སྒྲུང་འདི་དངོས་ནས་སྙན་པོ་བྱུང་། མ་ཟད་རྒྱབ་ལྗོངས་འདི་ཀུན་ལ་དྲན་བསྐུལ་གཏོང་བའི་གཅོང་ཆེན་ཞིག་རེད་འདུག
མུ་མཐུད་ནས་དེ་འདྲ་བ་གང་མང་བསྒྱུར་རོགས།
ཧ་ཧ་ཧ་་་་་བོད་སྐད་དུ་ཀུ་ཤུ་བཀོག་ནས་་་་་་ཞེས་ལབ་སྲོལ་ཞིག་ཡོད་དམ།
༥༽ སྙེ་ལྷའི་ཐུགས་སྲས་ལགས།
ཚིག་མཛོད་ཆེན་མོ།
གཅོང་ཆེན། ནད་རྙིང་ཆེན་པོ།
ཅོང་། དྲིལ་བུ་ཆེན་པོ་ཞིག ཅོང་ཆེ་ཆུང༌། ཅོང་གི་སྒྲ་དབྱངས་ལྷང་ངེར་སྒྲོག་པ།
རྣམ་པ་ཚོས་ལེགས་གསོ་གནང་བར་ཐུགས་རྗེ་ཆེ་ཞུ།
སྡོང་ཁང་ཞེས་པ་དེ་སྡོད་ཁང་ཞེས་བཅོས་རོགས་ཞུ།