གོང་དཀར་ངག་རྣམ།
དེ་རིང་གྲོགས་པོ་ཁ་ཤས་དང་མཉམ་དུ་ད་ལྟ་ཤར་ནུབ་ཀྱི་ཡུལ་གྲུ་ཚང་མས་ཨ་གསར་ངང་སྤྱོད་བཞིན་པའི་weChatཞེས་པ་འདིར་བོད་སྐད་དུ་ཅི་ཞིག་འབོད་དགོས་མིན་གྱི་བསམ་ཚུལ་བྱུང་། མཁྱེན་གསལ་བཞིན་ཐ་སྙད་འདི་ནི་དབྱིན་ཇི་མགོ་སེར་བ་འགས་བཏགས་པའི་མིང་ཞིག་ཡིན་པར་སྙམ། དྲ་གྲོགས་ཚོས་ཐོག་མར་བོད་ནས་ཉེ་ཆར་གཏན་འབེབས་གནང་བའི་འཕྲིན་ཕྲན་ཞེས་པ་ཞིག་བསྟན་པ་དང་དེ་ལ་བསམ་བློ་གཏོང་དགོས་རྒྱུའི་བསམ་ཚུལ་བཏོན་པ་དེར་གཞི་བྱས་ཏེ་སྐད་ཆ་རེ་གཉིས་བཤད་ན། མཁྱེན་གསལ་བཞིན་weChaཐ་སྙད་འདི་ནི་དབྱིན་ཇི་མགོ་སེར་བ་འགས་ཕྱིས་སུ་བཏགས་པའི་མིང་ཞིག་དང་དེ་ཡང་འདོད་རྒྱལ་གྱི་མིང་ཡིན་སྙམ།
འདི་ཇི་ལྟར་བཏགས་མིན་སྐོར་གུ་གྷལ་ནས་བཙལ་ཡང་རག་མ་བྱུང་། སྤྱིར་བཏང་མཉེན་ཆས་འདི་ནི་ཐོག་མར་རྒྱ་ནག་ནས་བཟོས་ཤིང་རྒྱ་སྐད་ཐོག་ནས་དེ་ལ་ 微信; pinyin: Wēixìn;ཞེས་བཏགས་འདུག དེའི་དོན་ནི་micro messageཞེས་པའི་དོན་ཡིན་པ་དང་། མཡེ་ཁོརོ་ཞེས་པ་ནི་ཆུང་ངུའི་དོན་དང་མད་སེད་ཇེ་ཞེས་པའི་དོན་ནི་འཕྲིན་གྱི་དོན་ཡིན་པས་བོད་ནས་འཕྲིན་ཕྲན་དང་། འདི་ཕྱོགས་ནས་འགའ་རེས་འཕྲིན་ཐུང་ཞེས་འབོད་པར་རྒྱུ་མཚན་ཡོད།
འོན་ཏེ། ང་ལ་མཚོན་ན་ཐ་སྙད་འདི་གཉིས་ཀ་ཁ་ལ་འཇགས་བདེ་པོ་ཞིག་མི་འདུག བྱས་ཙང་ད་བར་དབྱིན་སྐད་ཀྱི་weChatཞེས་པ་དེ་ག་རང་སྤྱོད་ཀྱི་ཡོད། ཡང་ལ་ལས་སྐད་འཕྲིན་ཞེས་སྤྱོད་པ་དེ་ལ་ཁྱབ་ཆུང་བའི་སྐྱོན་ཡོད། གང་ཡིན་ཟེར་ན། འཕྲིན་ཙམ་ལ་ཡིག་འཕྲིན་དང་ངག་འཕྲིན་གཉིས་ཡོད་པས། messageཞེས་པ་འདིའི་གོ་དོན་ངག་གི་འཕྲིན་ཙམ་ལ་གོ་མི་ཉན། ཡང་དོན་སྒྱུར་འབའ་ཞིག་ལ་བསམ་བློ་མི་གཏོང་བར་སྒྲ་སྒྱུར་ལ་བསམས་ན་ནི་ངེད་ཀྱི་ལུགས་ལའང་རྒྱུ་མཚན་མེད་པ་ག་ལ་ཡིན། (ཝུད་ཆད་ཌེ།)ཞེས་འབོད་ན་ཅི་འདྲའི་གོ་བདེ་བ་ཞིག་མི་འདུག་གམ།
གལ་ཏེ་ཁྱེད་ཀྱིས་འདིར་རྒྱུ་མཚན་གཟིགས་ཀྱི་འདུག་ན། ད་ནས་ཝུད་ཆད་ཌེ་ཞེས་སྤྱོད་རོགས་གྱིས། མགོ་སེར་ཚོས་གལ་ཏེ་དོན་སྒྱུར་ལ་འབའ་ཞིག་ལ་བསམས་ན་བརྗོད་མི་བདེ་བའི་སྐྱོན་ཅན་དུ་མཐོང་ནས་འདི་ལྟར་སྟབས་བདེ་བའི་ཐ་སྙད་weChat (ཝུད་ཆད་ཌེ།)ཞེས་བཏགས་པ་འདྲ་པོ་མི་འདུག་གམ།
རྩོམ་ཐུང་འདིར་གཟིགས་ཏེ་ད་ནས་བཟུང་ཐོན་རྫས་གསར་པ་ཞིག་གི་མིང་འདི་རང་རེའི་ཐ་སྙད་ཀྱི་མཛོད་དུ་འཇུག་ཕྱིར་ཝུད་ཆད་ཌེ་ཞེས་བེད་སྤྱོད་གནང་ན་ག་འདྲ་འདུག་གམ།
བོད་ཕྱི་ནང་གཉིས་ནས་ཕལ་མོ་ཆེའི་འཕྲིན་ཕྲིན་ཞེས་ཡོང་གྲགས་ཀྱི་ཐོག་ནས་བཀོལ་སྤྱོད་ཀྱི་ལོ་གཅིག་ལྷག་འགྲོ་བཞིན་པའི་སྐབས་སུ་སླར་ཡང་དོན་མེད་ཀྱི་གཏམ་འཆའ་མ་མང་ན་མཛེས། ཕྱིས་གྲབ་སོང་། ཅ་དངོས་གསར་པ་གང་ཞིག་སྤྱི་ཚོགས་ནང་ཐོན་མ་ཐག་མིང་གང་འདོག་སོགས་ལ་བགྲོ་གླེང་བྱུང་ན་ཡག་པོ་རེད། འཕྲིན་ཕྲན་འདི་ཡང་ཐོག་མར་མིང་གང་འདོག་སོགས་ལ་བོད་ཕྱི་ནང་གཉིས་སུ་བགྲོ་གླེང་ལྷུག་པོ་བྱུང་ཟིན་པ་མཁྱེན་ཡོད་ཤག་ལགས། སྤྱི་ན་བོད་ཕྱི་ནང་གཉིས་ཀྱི་མཐུན་མོང་ཐོག་གཅིག་གྱུར་གྱི་ཐ་སྙད་དག་བེད་སྤྱོད་གནང་དགོས་པ་དེ་གལ་ཆེ་ནང་གི་དོན་ཆེ་རེད། དཔེ་ན། ༼ དབྱིན་ཇི༽ཅེས་པའི་མིང་ཚིག་འདི་བོད་ཕྱི་ནང་གཉིས་ནས་གཅིག་གྱུར་གྱི་བེད་སྤྱོད་ནས་ལོ་བཅུ་ཕྲག་མང་པོ་སོང་ཟིན་ཡང་ད་ཆ་ཡང་ཤེས་རིག་ནས་༼ཨིན་༽ཞེས་པ་བསྒྱུར་ཏེ་དཀའ་ངལ་ཐོལ་པ་བཟོས་ཡོད། སྒྲ་དག་མིན་གང་ལྟར་ཡང་དགེ་སྐྱོན་གང་ཆེ་ངེས་པ་གཟབ་གལ་ཆེ། དེ་ཡང་ཐོག་མར་གསར་བཟོ་སྐབས་ཞིབ་ཕྲ་དཔྱོད་ཞིབ་དང་འབྲེལ་སྤྱི་ཚོགས་ཁྱོན་ཡོངས་ལ་དགོང་པ་ཟབ་བཞེས་གནང་དགོས། གཞན་རང་གང་འདོད་ཀྱི་མི་རེ་ནས་ལམ་རེ་ལེན་ཏེ་སོང་ན་བླ་ན་མེད་པའི་སྐད་ཡིག་རིག་གཞུང་འདི་ཐོར་ཞིག་འགྲོ་བའི་རྒྱུ་རུ་འགྱུར་ཉེན་ཆེ་བས་ཀུན་གྱི་སེམས་ཚོར་དང་འགན་ཁུར་ངེས་པ་གནང་གལ་ཆེ་བ་བསམ།
Wechat translated in to Tibetan. །།ང་ཚོའི་ཁ་བརྡ།། ཞེ་ཟེར་དགོས་རེད། གློག་ཕྲིན་ཁ་བརྡ་ལབ་ན་ག་འདྲ་འདུག ཡང་ན་རང་འཇགས་ངང་། ང་ཚོའི་ཁ་བརྡ། གློག་ཕྲིན་ཁ་བརྡ།།
དབྱིན་སྐད་རང་འཇགས་བཞག་ན། བེ་ཆ་ཏྲི་ཞེ་བརྗོད་ན་ཨ་མདོ་སྐད་ཀྱི་དབྱིན་སྐད་སྒྲ་གདངས་ཇི་མ་ཇི་བཞིན་ཐོན་ཐུབ་པ་རེད། ཝུད་ཆད་ཏྲེ་ནི་སྒྲ་གདངས་བར་ཆད་ཧ་ཅང་ཆེན་པོ་འདུག་སྙམ།།
ཡཡཡ་་་་་་་་་་་་གྲོགས་པོ་་་་་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་མ་བྱེད། གོང་མིང་གི་ཐད་ལ་བོད་གཞིས་བྱེས་གཉིས་ཀའི་ནང་དུ་ཐ་སྙད་བཀོལ་སྤྱོད་བྱེད་བཞིན་པའི་སྒང་རེད་་་་་་་་་གཅིག་ཏུ་ན་་་་་་་འཕྲིན་ཕྲན་ཟེར་བཞིན་ཡོད་ལ་་་་་་་་་དེའང་བོད་ཀྱི་མཁས་དབང་མཁན་ཆེན་ཚུལ་བློ་སོགས་ཀྱིས་གཏན་འབེབ་གནང་བ་ཞིག་རེད་་་་་་་་་་གཞན་ཏུ་ན་སྐད་འཕྲིན་ཟེར་བཞིན་ཡོད་་་་་་་་་དེ་ནི་བོད་མི་ཕལ་མོ་ཆེའི་ངག་ལ་བདེ་ཞིང་དོནལ་་གནས་པའི་ཐ་སྙད་སྤྱོད་སྒོ་ཅན་ཞིག་ཡིན་པས་རེད་་་་་་་་་་མདོར་ན་སྐད་འཕྲིན་ཟེར་བ་འདི་ནི་བོད་མིང་ཡིན་པ་གང་ཞིག་ལ་་་་་་་་་དོན་ལའང་གནས་ཀྱི་འདུག་་་་་་་་་་་་་་རྒྱུ་མཚན་ནི་་་་་་་་་འདི་བཀོལ་སྤྱོད་བྱེད་པའི་མི་བརྒྱ་ཆ་དགུ་བཅུས་སྐད་སྒྲ་བསྐུར་གྱི་ཡོད་པ་ལས་འཕྲིན་ཐུང་བསྐུར་གྱི་མེད་། དེ་བས་ན་མིང་དེ་འོས་པར་འདོད་དོ
ཁ་བརྡ་ཟེར་ན།
ཡང་ན་ལབ་ཙེ་ཟེར་ན་གང་དྲག
དེ་ནི་ལས་སླ་བའི་མིང་ཅིག་རེད།
wechat སྐར་འཕྲིན་ལ་ཟེར་པ་རེད།
རྒྱ་སྐད་དུ་ weixing ནི 卫星 འཁོར་སྐར་གྱི་དོན་དང་། chat ཞེས་པ་ནི་དབྱིན་སྐད་དེ་བརྡ་དང་འཕྲིན་གང་རུང་ལ་འཇུག་པ་ཡིན།
དེས་ན། weichat ནི སྐར་འཕྲིན་རང་ལ་གོ་དགོས། མགོ་ཉོག་ཚ་བོ་གཞན་གང་ཡང་མེད།
རྗེས་སོར་སྐར་འཕྲིན་ཞེས་བོས་ན་ནོར་འཁྲུལ་མེད་ལ་གོ་བདེ་བ་ཡིན།
ངག་དབང་སྟོབས་ལྡན་ལགས་ཀྱི་དགོངས་ཚུལ་ཉན་འཇོག་བྱེད་ཀྱི་ཡོད། གཞིས་ཀྱི་བོད་པ་ཚོ་ནི་བོད་ཀྱི་རིག་གཞུང་གི་བདག་པོ་ངོ་མ་དེ་ཡིན་པའི་ཡིད་ཆེས་ངེས་རྙེད་གསལ་པོ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་རྩོམ་ཐུང་འདི་སྤེལ་པའི་ཞར་གྱི་དགོས་པ་གཅིག་ནི་ང་ཚོའི་སྔོན་ནས་བོད་ཀྱི་དོ་སྣང་ཅན་ཚོས་དགོངས་པ་བཞེད་ཚར་ཡོད་པའི་གནས་ཚུལ་འདི་ཤེེས་རྟོགས་ཀྱི་ཆེད་དུ་ཡིན། འོན་ཏེ། ད་ལྟ་དེ་ཡོངས་གྲགས་ལྟ་བུ་དེ་འདྲ་གང་ཡང་ཡིན་ས་མ་རེད། བྱས་ཙང་ངའི་བསམ་ཚུལ་ཐུང་ངུ་འདིས་དོ་ཕོག་དེ་ཙམ་འགྲོ་གི་ཨེ་ཡོད་ན་སྙམ། ལར་ནས་ཁྱེད་ཀྱི་གསུངས་པ་བདེན་པ་རེད། འདི་ཕྱོགས་ནས་བོད་ནང་ཡོངས་གྲགས་ཀྱི་ཚིག་ཡོད་བཞིན་དུ་དོན་མེད་གསར་བཟོ་བྱས་ཏེ་གཞན་མགོ་རྙོག་པར་བྱེད་པར་མོས་མཐུན་མི་བྱེད་མཁན་ཞིག་དང་། འདིའི་ཐད་ཤེས་རིག་ལས་ཁུངས་ཀྱི་ཚིག་མཛོད་རྩོམ་སྒྲིག་པར་ཡིག་འབྲེལ་བྱེད་མཁན་ཨང་དང་པོ་དེ་ཡིན་ཟེར་ནའང་ཧམ་པ་མིན།
མ་གཞི་ནས་འཕྲིན་ཕྲན་ལས་ཞེས་པ་ལས་འཕྲིན་ཐང་ཞེས་གསུངས་ནའང་བདེ་བ་མི་འདུག བསམ་ཚུལ་འདི་ཚོར་བོད་ཀྱི་མཁས་པ་དེ་ཚོས་ལྟ་བ་མཁྲེགས་འཛིན་གནང་གི་མ་རེད་སྙམ་པ་བཅས་སོ།
ལབ་ལབ། སྐད་འཕྲིན་ལོབ། སྐད་པར་ལོབ། མི་རེས་མིང་རེ་ཐོགས། ངས་ནི་wechat རང་ཟེར་རྒྱུ་ཡིན
སྐད་འཕྲིན་ནས་བྱེད་ལས་གཙོ་བོའི་ཆ་ནས་མིང་བཏགས་པ་ཞིག་ཡིན་ལ། ཁ་ནས་བརྗོད་པ་བདེ་བ་དང་བོད་ཡིག་རང་གི་ཐོག་ནས་བདེ་བླག་ཏུ་འབྲི་ཐུབ་པའི་རྗེས་གྲུབ་ཀྱི་མིང་ཞིག་ཆགས་བཞིན་པས་ངས་བསམ་ཚུལ་ལ་མིང་འདི་རང་སོར་བཞག་ན་ལེགས་བསམ། ཁྱབ་ཆེ་ཆུང་གི་སྐྱོན་ལ་ཡང་མཚན་ཉིད་པས་རིགས་བསྒྲེ་གནང་མི་དགོས་སྙམ། རྒྱུ་མཚན་ནི་བྲེ་བྲག་གི་མིང་སྤྱི་ལ་ཐོག་པ་དང་།
ཆ་ཤས་ཀྱི་མིང་ཆ་ཅན་ལ་ཐོག་པ། གཙོ་བོའི་བྱེད་ལས་ཀྱི་ཆ་ནས་མིང་བཏགས་པ་སོགས་དུ་མ་སྣང་བ་དང་ཡོད་པས་སོ།། མ་གཞི་སྐུ་ཞབས་རྣམ་གྲོལ་ལགས་ཀྱིས་གསུངས་པའང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཐ་སྙད་ཁ་ཅིག་བོད་རང་གི་ཡི་གེའི་ནང་དུ་འབྲི་ཐུབ་ཕྱིན་སྒྲ་རང་སོར་བཞག་ན་ལེགས་པའང་མང་པོ་ཞིག་མཐོང་། དཔེར་ན། རླང་འཁོར་དང་་སྣུམ་འཁོར་་ལྟ་བུ་ལ་ཡིག་ཐོག་ནས་ཨུ་ཚུགས་ཀྱིས་བྲིས་ཀྱང་། སྤྱི་ཚོགས་ནང་དུ་རྒྱུད་བཀོལ་བྱེད་མི་མེད་པས་ཐ་སྙད་འདི་དང་སྤྱི་ཚོགས་བར་ལ་རྒྱང་ཐག་རིང་ཙམ་མངོན་པ་མ་ཟད་ཁ་སྐད་དང་ཡིག་སྐད་ཟེར་བའི་དཀའ་ངལ་གྱི་ལམ་བུ་རྙིང་པ་དེ་ལ་སླར་གཞོལ་འགྲོ་བར་མངོན་་་དེས་ན་་བོད་ཡིག་ཐོག་བདེ་བླག་ཏུ་འབྲི་ཐུབ་ཅིང་རྒྱུན་ཏུ་སྤྱི་ཚོགས་ནང་མཆོག་དམན་ཚང་མའི་ཁ་ནས་ཐོན་བཞིན་པའི་ཐ་སྙད་དེ ་་མོ་ཏྲོར་་་་་་རང་བྲིས་ན་དགག་དགོས་གཉིས་ལས་དགོས་པ་ཆེ་བར་སེམས་་འདི་ལྟ་བུ་ནི་མང་དུ་ཡོད་པས་་དགོངས་འཆར་དང་བགྲོ་གླེང་ནས་དུས་ཐོག་གི་ཆར་པ་ཞིག་ཏུ་མངོན་ནོ །། །།
ཐ་སྙད་གསར་བཟོ་བྱ་དགོས་ན་དེ་ལ་སྔ་ཕྱིའི་བསམ་བློ་མང་པོ་གཏོང་དགོས། ད་ལྟ་ཁྱོད་ཅག་གིས་Wechat ཟེར་བའི་མཉེན་ཆས་དེའི་བྱེད་ལས་བྱེ་བྲག་པར་གཞིགས་ཏེ་སྐད་འཕྲིན་དང་སྐར་འཕྲིན་ཞེས་མིང་བཏགས་ཡོད། དེ་ཡང་རྒྱའི་སྐད་ཡིག་དོན་སྒྱུར་བྱས་པ་ཞིག་རེད། འོན་ཀྱང་Wechat ལས་ལྷག་པའི་མཉེན་ཆས་Viber དང་ Line དེ་བཞིན་Whatsapp སོགས་ཀྱི་མཉེན་ཆས་མང་པོ་ཞིག་ཐོན་ཡོད་ཅིང་། དེ་དག་གིས་སྐད་འཕྲིན་དང་སྐར་འཕྲིན་གྱི་བྱེད་ལས་གཅིག་མཚུངས་སུ་བྱེད་པས། དེ་ལ་ཁྱོད་ཅག་གིས་ཅི་ཟེར།
སྐད་འཕྲིན་(Voice Message)ནི་Wechat ཡི་བྱེད་ལས་བྱེ་བྲག་ཅིག་ཡིན་ཞིང་། ཡིག་འཕྲིན་དང་བརྙན་འཕྲིན་གླེང་མོལ་སོགས་བྱེད་ལས་གཞན་དག་ཀྱང་མང་པོ་ཡོད།
དོན་དངོས་ཐོག་གོང་གསལ་མཉེན་ཆས་ཡོད་ཚད་ཀྱིས་དྲ་རྒྱ་བརྒྱུད་ནས་སྐད་འཕྲིན་བསྐུར་བས།( Instant messaging voice-over-Internet Protocol ) མཉེན་ཆས་འདི་རིགས་ཀྱི་སྤྱི་མིང་ལ་སྐད་འཕྲིན་ཞེས་བཏགས་ན་འོས་པར་མཐོང་།
Wechat ཡི་དོན་སྒྱུར་བྱས་ན། ང་ཚོས་གླེང་མོལ་བྱེད་ཅེས་པའི་དོན་ཡིན་ཡང་། མིང་དུ་འདོགས་སྐབས་”ང་ཚོའི་གླེང་མོལ་” ཞེས་དང་། Viber ལ་”ཚོར་གླེང་།” Line “ལ་འབྲེལ་ཐིག” Whatsapp ལ་”ཁམས་འདྲི།”སོགས་ཐོགས།
ཡང་སྒྲ་སྒྱུར་གྱིས་”ཝེ་ཆེཊ་” ཝི་བར། ལྱན། ཝ་ཙེ་ཨེབ། སོགས་ཀྱང་འབོད་པར་རིགས།
གུས་མོས་ནན་བཤད་བྱ་རྒྱུར་ཐ་སྙད་གསར་བཟོ་བྱས་ནས་ཕན་ཐོགས་པ་ཞིག་བྱུང་ན་ཡག་པོ་རེད། དེ་མེད་ན་དེང་གི་མཉེན་ཆས་འདི་དག་ལ་སྒྲ་སྒྱུར་བྱས་ན་ཐབས་ཤེས་ལེགས་ཤོས་ཤིག་མིན་ཡང་། འདིས་གནོད་སྐྱོན་མི་བྱེད་པར་སེམས་སོ།
གང་ལྟར་ཐ་སྙད་གང་ཞིག་བཏགས་རུང་གཙོ་བོ་ནི་བཀོལ་སྤྱོད་བྱ་མཁན་ལ་ཐུག་ཡོད་པས། བཀོལ་སྤྱོད་རྒྱ་ཁབ་གང་ཞིག་མང་བ་བྱེད་ན་ད་ག་རང་ལ་ཁས་ལེན་བྱ་དགོས། དེའི་ཕྱིར་”འདོད་རྒྱལ་” ནི་རྗེས་གྲུབ་ལས་རྒྱལ་བ་ཡིན་ཞིང་། རྟགས་མཚུངས་ལས་བརྗོད་བདེ་རྒྱལ་བ་མ་ཡིན་ནམ།
བོད་པས་བཟོས་པ་ཞིག་མིན་ན་དང་ཐོག་མིང་གང་བཏགས་བཞག་པ་དེ་རང་གི་སྒྲ་བསྒྱུར་ལ་བཞག་ན་ལེགས་པར་མཐོང་།
དྲ་གྲོགས་ཚོས་དོན་ཕན་ལྡན་པའི་སྐད་ཆ་མང་པོ་བཤད་འདུག
ཐུགས་རྗེ་ཆེ
གྲོགས་པོ་ལགས། རྩོམ་དངོས་དང་འོག་མཆན་བཅས་ཆ་ཚང་བཀླགས་ཟིན།
ངའི་བསམ་ཚུལ།
ཝི་ཆེ་ཌི་ ཞེས་སྒྲ་ཐད་སོར་བཞག་ན་ལེགས། དེ་རིགས་ཀྱི་མཉེན་ཆས་སྤྱིའི་བོད་མིང་ཞིག་ཡོད་ན་ཆོག་པ་ལས། བོད་པར་འབྲེལ་བ་ཡོད་ཚད་ལ་བོད་མིང་ཞིག་ག་ལ་དགོས།
སྤྱི་ཚོགས་ནང་ཁྱབ་ཟིན་པའི་མིང་སྟེ། དཔེར་ན། སྦག་སྦག་ ཞེས་ཡོངས་སུ་གྲགས་ཟིན་ཀྱང་ཨུ་ཚུགས་ཀྱིས་ ལྕགས་རྟ་དང་འཕྲུལ་རྟ་སོགས་བཙན་གྱིས་སྤེལ་བ་ལྟ་བུ་ནི་དོན་མེད་མགོ་རྙོག་རང་རེད། ཚང་མ་ལ་རྗེས་སྒྲུབ་དགོས་ཡས་མེད། མི། ཁྱི། ལྟ་བུ་རེད། རྗེས་སྒྲུབ་གང་ཡིན་པ་དེ་སྤྱིར་བཏང་བརྗོད་ཁག་ལ་འདོད་རྒྱལ་ནི་དེ་ལས་ལྡོག་སྟེ་བརྗོད་བདེ་ལ། མིང་དོན་སྦྱར་རྗེས་མིང་ལ་བརྟེན་ནས་དོན་དེ་སྣང་བ་ཤར་བ་ན་རྗེས་སྒྲུབ་དང་མི་འདྲ་བར་དོན་ལ་འཇུག་པ་མྱུར་བ་ཡོད་པ་ནི་བློ་ཁ་ནང་དུ་ཕྱོགས་ན་མྱོང་བས་ཁ་གྲགས་པ་ཞིག་རེད།
དེ་ཙམ་ཡིན།
སྐད་འཕྲིན་ནས་ནང་གི་བསམ་པའི་འཆར་སྒོ་ཡི་གེའི་བརྒྱུད་ནས་གཞན་ལ་གོ་བརྡ་སྤྲོད་པ་དང་ལན་བསྐུར་བ་མ་ཡིན་པ། སྐད་རང་གི་བརྒྱུད་ནས་ཐག་རིང་གི་གཉེན་ཉེ་འབྲེལ་ཡོད་སོགས་ལ་འཕྲིན་་བསྐུར་པ་ཞིག་པས་ཆ་ནས་མིང་བཏགས་པ་ཡིན་པ་ལས་་རྒྱ་སྐད་དང་བསྟུན་ནས་བཟོས་པ་ཞིག་མིན་་མིང་བཏགས་པ་ལ་རྒྱ་སྐད་དང་བསྟུན་དགོས་དོན་མེད ། རྒྱུའི་གྲུབ་ཆ་གློག་ལས་བྱུང་བའི་འཕྲིན་ཡིག་རིགས་ལ་གློག་འཕྲིན་ཞེས་འབོད་དགོས་པར་བསམ། དཔེར་ན་e mail ལྟ་བུ་རེད་་message འདི་ལ་གློག་གི་འཕྲིན་འཐུང་ཞེས་འབོད་ཀྱང་། ཐ་སྙད་བཀོལ་སྤྱོད་བདེ་བའི་ཆེད་དུ་གོང་དུ་ཡོད་པའི་མིང་གི་ཆ་ཤས་བསྡུས་ནས་འཕྲིན་ཐུང་ཞེས་འདོགས་དགོས་བསམ། གློག་འཕྲིན་སྤྱིའི་མིང་དེ་་་ emall་་འདིས་སྒེར་བདག་བྱས་ནས་སྤྱི་མིང་བྱེ་བྲག་ལ་ཐོབ་པ་ཡིན། Line འདི་ལ་བརྡ་འཕྲིན་འབྲེལ་ཐག་ཞེས་པའི་མིང་དེ་ཚིག་བསྡུ་བྱས་ཏེ ། བརྡ་ཐག་ཞེས་་ཡོངས་སུ་གྲགས་བཞིན་ཡོད་་གང་ལྟར་ཡང་མིང་འདོགས་ལུགས་སྣ་ཚོགས་ཡོད་པ་རེད་པ །་་རེ་འགའ་འདོད་རྒྱལ་དང་། རེ་འགའ་རྗེས་གྲུབ། འདྲ་བའི་ཆ་ནས་བཏགས་པ་་བྱེད་ལས་ཀྱི་ཆ་ནས་བཏགས་པ་་དབྱིབས་ཀྱི་སྒོ་ནས་བཏགས་པ་་་ཁ་དོག་གི་ཆ་ནས་བཏགས་པ་སོགས་ཤིན་ཏུ་ནི་མང་བས་མཐའ་དག་འདིར་བརྗོད་མི་ཐུབ། གང་ལྟར་དངོས་པོ་གསར་པ་རེ་ཐོན་སྐབས་དེའི་ལ་ལེགས་པར་བརྟག་ནས་མི་རིགས་རང་གི་སྐད་ཀྱི་སྟེང་ནས་མིང་རང་སྐྱ་ཐུབ་པ་ཞིག་འདོག་དགོས་པར་བསམ་་དཔེར་ན་ཡབ་མེས་ཚོས་་དྲི་བའི་སྒོ་ནས་མིང་བཏགས་པ་མི་འམ་ཅི་ཞེས་པའི་ཐ་སྙད་འདི་དང་ཡང་འདྲ་བ་འཁྲུལ་དོགས་ཀྱི་དོགས་པ་བཅད་པ་་ལྷ་མ་ཡིན་་ལྟ་བུ་སོགས་ཐ་སྙད་འདོགས་སྟངས་འདི་རིགས་་ངོ་མ་ཡིད་སྨོན་ཤོར་མྱོང་ལ་་ང་ཚོས་ཀྱང་འདི་བཞིན་བྱ་འདོད་ན་སྒྲུབ་མི་ཐུབ་པ་ཞིག་མིན །། གང་ལྟར་མི་རིགས་རང་གི་སྐད་ཡིག་ཀྱི་ལེགས་བྱང་རྩེར་སོན་ཞིག་ཡོད་ན་སྐད་ཡིག་གཞན་ཚིག་གཅིག་མི་ཤེས་ཀྱང་་དངོས་པོ་གསར་པ་ལ་ཐ་སྙད་བདེ་བླག་ཏུ་གདག་ཐུབ་པ་འགྱུར་བས་་རྒྱ་སྐད་་ནས་གཅིག་གཅིག་དང་དབྱིན་སྐད་ནས་གཅིག་གཅིག་ལ་འབྲེལ་བ་མེད་་་མིང་དེ་སྤྱི་ཚོགས་ནང་དུ་འབྱམས་ཟིན་པ་བསྒྱུར་དཀའ་བ་དེ་འདྲ་ཡིན་ཚེ་་བོད་ཡིག་རང་གི་ནང་དུ་ཚེགས་མེད་དུ་འབྲི་ཐུབ་ཚེ་སྒྲ་རང་སོར་འཇོག་དགོས་པ་དེ་ཡང་དགོས་མཁོ་ཞིག་ཏུ་མཐོང་། གང་ལྟར་བོད་ཀྱི་ཀ་མད་སུམ་ཅུ་འདིས་མིང་གསར་པ་བཟོ་བ་ལ་མི་འདང་བ་མེད་ལ་་རྒྱ་སྐད་བཞིན་སྒྲ་ཇི་བཞིན་བསྒྲུར་མི་ཐུབ་པའི་རིགས་ཀྱང་མེད་ངེས་སུ་ཡིན་་བོད་ཡིག་ཐོག་་བྷུ་ཤུ་ཟེར་འབྲི་སྐབས་སྒྲ་དབྱིན་སྐད་ལྟར་བདེ་བླག་ཏུ་ཐོན་མོད་། རྒྱ་ཡིག་ལ་པུ་ཧྲི་མ་གཏོགས་སྒྲ་མི་ཐོན་པ་མ་རེད་དམ་
ཐ་སྙད་འདི་བོད་ཕྱིར་ནང་གཉིས་ཀྱིས་འཕྲིན་ཕྲན་ཞིག་འབོད་ཀྱི་ཡོད་རེད་།ད་འདི་ལ་གསར་དུ་མིང་ཞིག་དགོས་པ་གང་ཡང་ཡོད་མ་རེད་།
ནག་ཆུ་བས་བཤད་པ་ལྟར། སྤྱི་ཚོགས་སྟེང་ཁྱབ་ཟིན་པ་ཞིག་ལ་ནན་གྱིས་གསར་སྤེལ་མ་བྱས་ན་ལེགས་ཀྱང་། བོད་རང་གི་སྐད་གདངས་དང་མཐུན་པའི་དག་ཆ་ཞིག་དགོས་པ་སྟེ། དཔེར་ན། ལེགས་སྦྱར་སྐད་ནང་། ‘ཀལྤ’ བོད་སྐད་དུ། ‘བསྐལ་པ།’ ཡང་རྒྱ་སྐད་ནང་། (菜) ‘ཚའ་འེ་’ བོད་སྐད་དུ། ‘ཚལ།’ ལྟ་བུ་སྐད་གདངས་ཅུང་མི་འདྲ་བར་བཀོལ་བ་ལྟར་དག་ཆ་ཡང་ཐུན་མིན་ཡོད་པ་བཞིན་ནོ།།
དྲྭ་གྲོགས་རྣམས་ཀྱིས་གོང་དཀར་ལགས་ཀྱི་བརྗོད་གཞི་ལས་མ་བརྒལ་བ་བགྲོ་གླེང་ལྷུག་པོ་གནང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། གཞན་རྩོམ་ཡིག་གང་ཞིག་ལ་མཆན་རྒྱབ་སྐབས་བརྗོད་གཞི་ལས་བརྒལ་ཏེ་དོན་མེད་ཀྱི་ཆོལ་ཁ་དང་ཆོས་ལུགས་སོགས་འཐེན་འཁྱེར་གྱི་དཀྲུག་ཤིང་ཅང་བྱེད་བཞིན་པ་འདིས་མི་རིགས་རིག་གཞུང་དང་བཅས་པ་ལ་གནད་ཚབ་ཧ་ཅང་ཆེ་བས་དྲྭ་གྲོགས་ཡོངས་ཀྱིས་དགོངས་པ་ཟབ་བཞེས་གནང་རོགས་ཞེས་སྙིང་ནས་ཞུ།
ངག་དབང་སྟོབས་ལྡན་ལགས་ཀྱིས་གསུངས་པར་ཡིད་ཆེས་དང་རྒྱུ་མཚན་མཐོང་།
སྐད་འཕྲིན་ཟེར་ན་བརྗོད་བདེ།
གཙོ་ཆེ་བས་ཡིན།
ངས་ཀྱང་སྐད་འཕྲིན་སྨྲས་ནས་ཡུན་འགའ་ཐལ།
ད་ལྟ་ངས་མཆན་འབྲི་བཞིན་པའི་སྐབས་འདི་འདྲ་ཞིག་ཐོལ་གྱིས་དྲན། སྔོན་མ་ནས་ TV ལ་ ‘གཟུགས་མཐོང་རླུང་འཕྲིན་’ དུ་བཏགས་ཡོད་ཀྱང་བེད་སྤྱོད་མེད་པར་ལོ་འགའ་ཐལ་རྗེས་བོད་ནས་ ‘བརྙན་འཕྲིན་’ ཞེས་བཏགས་པ་བརྗོད་བདེ་ཞིང་དོན་ལ་འབྱོར་བས་ཡོངས་ཁྱབ་ཏུ་དར་སོང་།
དེར་བརྟེན་མིང་ཞིག་དོན་གང་ཞིག་ལ་འདོགས་ཀྱང་སྒྲ་དོན་དང་གཅིག་ཏུ་བབས་ན་རྩེ་གྲ་རེད། མ་བྱུང་ཡང་དོན་ལ་ཤིན་ཏུ་ཉེ་ཞིང་བརྗོད་བདེ་བ་ཞིག་བྱུང་ན་དེ་གས་འགྲིག་པར་སེམས་སོ།།
ཡ་་མི་རེས་མིང་རེ་བཏགས་ནས་མཐར་གང་ན་འགྲོ་སོང་བལྟ་ཨང་། ངས་འདི་ལ་འདོག་འདོད་པ་ནི་༼འུད་འཆད་སྒྲོག༽ཡིན། འདི་ལ་ཡང་རྒྱུ་མཚན་དང་གོ་དོན་ཡོད་ཀྱང་འགྲེལ་མི་དགོས་པར་མཁྱེན་ལྡན་ཚོས་དགོངས་ངེས།
མིང་བརྡ་འདོགས་སྟངས་ཐད་ལ་བསམ་ཚུལ་དྲན་ཚུལ་ཡོད་ཚད་ལ་ཁྱབ་པའི་མིང་ཞིག་འདོགས་ཁེག་པོ་རེད། མིང་གང་ཞིག་བེད་སྤྱོད་བྱས་ན་དོན་དང་ཚིག་གཉིས་ཀའི་ཆ་ནས་ནོར་འཁྲུལ་མེད་པར་མ་ཟད་ཡོངས་ཁྱབ་ཏུ་གྱུར་ཡོད་ན་དེ་ལ་བཟོས་བཅོས་དང་བརྗེ་བསྒྱུར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དོ།། སྐད་འཕྲིན་ནི་དེང་སང་བོད་གཞིས་བྱེས་གཉིས་ན་ཕལ་ཆེར་ཡོངས་ཁྱབ་ཏུ་གྱུར་ཡོད། འོན་ཀྱང་ད་དུང་མིང་གཞན་ཞིག་བཏགས་ན་དགོས་ཕན་ཅི་ཡང་མེད། དེ་ནི་གཞུང་ག་གེ་མོ་བརྡ་ཆད་གཙོ་བོ་ནི་མ་རེད། ཅ་དངོས་གང་ཞིག་མིང་ཙམ་རེད་། གཞན་རབ་བྱུང་བཅུ་བདུན་པའི་མངོན་བརྗོད་མིང་ལའང་ཨ་ལགས་ཞབས་དྲུང་ཚང་གིས་རབ་གནས་དང་ཨ་ཁུ་མུ་དགེ་ཚང་གིས་རབ་རྒྱན་བཏགས་ཏེ། རྗེས་སུ་བེད་སྤྱོད་སྐབས་སོ་སོ་སློབ་རྒྱུད་ཀྱིས་སོ་སོ་བར་བྲིས་ཏེ་དེང་སང་ཡིག་ཐོག་མང་པོ་ན་རབ་རྒྱན་དང་རབ་གནས་གཉིས་མཐོང་རྒྱུ་ཡོད་པ་ལྟ་བུ་རེད། གསར་བྱུང་ཅ་དངོས་རྣམས་ལ་དངོས་མིང་གཅིག་ལས་གཉིས་དགོས་དོན་མི་འདུག་སྙམ། ཡོངས་གྲགས་ཆགས་བཞིན་པའི་མིང་ཚིག་གཅིག་མེད་པར་བཟོས་ཏེ་ཡང་བསྐྱར་གསར་བ་ཞིག་བརྗེ་བསྒྱུར་བྱས་ནས་ཞེ་འདོད་ཡོངས་ཚད་བསྟུན་དགོས་ན་མཐའ་ག་ལ་ཟིན། ངག་རྣམ་གྱིས་བསམ་ཚུལ་བཤད་ས་དེ་མིན་གཞན་ཞིག་ཡིན་བསམ་བྱུང་། དོན་དག་ཁ་ཅིག་ནི་གོམས་གཤིས་ཅན་ལས་གཞན་གང་ཡང་མིན་པ་ཤེས་དགོས་སྙམ།།
གངས་དཀར་ངག་རྣམ་ལགས། ཁྱེད་ཀྱིས་we chat ཞེས་པ་དེ་སྒྲ་ཐད་སྒྱུར་བྱས་ནས་ཝུད་ཆད་ཌེ་ཞེས་སྤྱོད་ན་ལེགས་ཚུལ་གསུང་པ་དེ་ལ་བོད་སྐད་ལ་ནང་དོན་ནི་གོ་རྒྱུ་མེད་པ་གང་ཞིག་ལ། སྒྲ་ཡང་ཏག་ཏག་སྒྱུར་མི་འདུག་ལ་བརྗོད་ཡང་བདེ་པོ་མི་འདུག གལ་ཏེ་དངོས་གནས་སྒྲ་ཐད་སྒྱུར་དང་གོ་བདེ་བོ་ཞིག་འབྲི་འདོད་ན་we chat ལ་
བི་ཅཊ་དང་ཡང་ན་ཝི་ཅཊ་ཞེས་བྲིས་ན་སྒྲ་ཡང་ཏག་ཏག་ཡོད་ལ་ལབ་ཡང་ཤིན་ཏུ་བདེ་བ་ཡོད། དེ་མིན་ཝུད་ཆད་ཌི་ཞེས་བཟོས་ན་གོ་བདེ་གློག་བདེ་གང་ཡང་མི་འདུག་སྙམ།
གོང་དུ་མང་པོ་ཞིག་གིས་འཕྲིན་ཐུང་ཞེས་ལབ་དགོས་ལབ་ཀྱི་འདུག འོ་ན་message ཞེས་པར་ག་རེ་ལབ་ཀྱི་ཡིན་ནམ། འཕྲིན་ཐུང་དང་འཕྲིན་ཕྲན་ནི་ཚིག་འདིར་རན་པ་ལས་weChat ལ་འཇུག་པོ་གཏན་ནས་མཐོང་གི་མི་འདུག
སྤྱིར་བཏང་weChat 微信; pinyin: Wēixìn; དབྱིན་ཡིག་ནང་དེའི་དོན་ནི་micro message ཞེས་ཡིན་པས་དོན་ལ་འཕྲིན་ཐུང་རང་རེད། གལ་ཏེ་ཁྱེད་ཀྱིས་message དང་འདི་གཉིས་ཀྱི་དབར་ཁྱད་པར་འབྱེད་རྒྱུ་ཡོད་ན་འཕྲིན་ཐུང་ཞེས་བོས་ཤིག་གུ།
གང་ལྟར་གོང་དུ་དྲ་གྲོགས་ཕོ་མོ་མང་དག་ཅིག་གིས་ཆས་ཤས་བླངས་པར་དགའ་པོ་བྱུང་།
ཧོབ་སྟེ་གཟིགས་ན་སྐད་ཆ་འདི་ཚོར་བྱབ་མེད་པ་འདྲ་པོ་ཡོད་རེད། འོན་ཏེ། སྐད་ཆ་འདི་ཚོའི་ཞར་དང་ཞོར་དུ་ཡིད་ལ་བརྣག་དགོས་པ་དང་སེམས་ནས་ཤེས་དགོས་པའི་གནད་དོན་མང་པོ་ཞིག་ཡོང་གི་ཡོད་པ་ནི་བགྲོ་གླེང་གི་ཆོས་ཉིེད་རེད། ལྷག་པར་ཡིག་སྒྱུར་དང་ཚིག་མཛོད་རྩོམ་སྒྲིག་གི་ལས་གནས་དང་ཐད་ཀར་འབྲེལ་བ་ཅན་ཚོས་འདི་ཚོར་བལྟ་རྒྱུ་གལ་ཆེན་པོ་རེད། དེ་མིན་ཕྱོགས་གཅིག་ལ་བློ་ཕུགས་བཏད་དེ་སྡོད་པ་དང་། ལྷག་པར་སྐད་ཡིག་གི་རྒྱུན་འཇགས་རང་བཞིན་ལ་མནོ་བསམ་ཡེ་ནས་མེད་པར་གསར་པ་ཞིག་བཙན་གྱིས་སྒྲིག་པ་འདི་ནི་སྤྱི་སྐད་ལ་གནོད་མིན་དེ་ཤེས་གསལ་རེད། བྱས་ཙང་འདིའི་རིགས་ལ་སྣང་མེད་གནང་མི་ཉན་ནོ།།
ང་ཚོ་འཛོམས། སྐད་ཡིག་གླེང་།
༼འུ་ཅག་འཕྲད་༽ཅེས་བཏགས་ན་ཅི་འདྲ་འདུག
སྒྲ་ཡིན་ན་རྗེས་གྲུབ་ཡིན་དགོས་པའི་ག་ན་ཁྱབ།
འདོད་རྒྱལ་གྱི་མིང་སྙན་པོ་ཞིག་འདོགས་དང་ལོས་ཆོག།
སྐད་ཡིག་གླེང་ན་སྐད་བརྡ་རིག་པ་བ་ཞིག་ཡིན་པས་ངོས་ནས་གླེང་ན་རིན་ཐང་ཡོད་ཚོད། དེ་གླེང་གླེང་བའི་མཐའ་སྣེ་ནས་ཟིན་ཐབས་མེད་པའི་འཆར་ཡན་གྱི་ཡིད་ཁམས་རྐྱང་རྐྱང་རེད་སྙམ། རང་སྐད་ནས་མིང་འདོགས་པ་དང་།་གཞན་སྐད་སོར་བཞག སྒྲ་བསྒྱུར། དོན་བསྒྱུར་སོགས་གང་བྱས་ཀྱང་མི་ཆོད་པ་མེད་མོད། རབ་བྱུང་ན་མྱོང་བ་ཟབ་མོས་རང་སྐད་ནས་མིང་བཏགས་ན་བཟང་། གཞན་སྐད་ནས་སྒྲ་སྒྱུར་བྱས་ན་གཞན་སྐད་གང་ཡིན་པ་དེའི་སྒྲ་གདངས་དང་བར་ཐག་ཅི་ཙམ་ཉེ་ན་དེ་ཙམ་བཟང།་ དེ་མིན་གཞན་སྐད་གཉིས་ལ་ཕྱོགས་ལྷུང་བྱེད་དགོས་དོན་མེད། དོན་སྒྱུར་བྱས་ན་ཡང་ལེགས་ཉེས་ཀྱི་ཁྱད་པར་འབྱེད་ཁུལ་བྱེད་མཁན་མང་ནའང་། དོན་དངོས་ལ་མིང་འདོགས་སྟངས་ཀྱི་ཁྱད་ཆོས་སྤྱི་མཐུན་ཡིན་ན་ཁྱད་པར་དབྱེ་དགོས་དོན་མེད། དཔེར་ན། དབྱིན་སྐད་ལ་བལྟས་ནས་དོན་སྒྱུར་བགྱིས་པའི་ སློབ་གྲྭ་ཆེན་མོ་ལ་མཐོ་སློབ་ཏུ་བསྒྱུར་འདུག རྒྱ་ནག་སྐད་དང་བསྟུན་ནས་བསྒྱུར་བ་ལ་སློབ་གྲྭ་ཆེན་མོ་ཞེས་བསྒྱུར་ཡོད། གཅིག་མཐོ་དང་གཅིག་ལ་ཆེན་པོ་ཞེས་བསྒྱུར་ཡོད། འདི་ལྟ་བུ་ལ་མཚོན་ན།་དགེ་སྐྱོན་དང་ལེགས་ཉེས་ཀྱི་ཁྱད་དབྱེ་ཅི་མེད། ཡིན་ནའང་དེང་སང་ཁ་ཅིག་གི་དེ་དག་རང་གི་ཞེ་འདོད་དང་གཏན་ནས་མ་བབ་པའི་རྒྱུ་མཚན་མེད་ཀྱང་། འུ་ཚུགས་ཀྱིས་གསར་བ་ཞིག་གི་ཆེད་དུ་ལྟར་སྣང་བསམ་ཚུལ་བཤད་ཀྱིན་འདུག དགེ་སྐྱོན་ཅི་ཡང་མི་འདུག ངལ་བ་ནི་གྱོང་གུད་རེད།
ཐུགས་རྗེ་ཆེ།
མི་རེ་རེ་ཡིས་བསམ་ཚུལ་རེ་རེ་བཤད་འདུག
དངོས་གནས་ཡག་པོ་རེད་ཤག
སེར་བྱེས་ངག་དབང་སྟོབས་ལྡན་གྱིས་བཤད་པ་ལ་དོན་སྙིང་འདུག
སྐད་ཟེར་བ་དེར་རྒྱུ་མཚན་འགྲོ་ས་ཧ་ལམ་མེད། ཐ་མར་ཡོངས་སུ་གང་གྲགས་པ་དེའི་ཐོག་རང་ཆ་བཞག་རྒྱུ་རེད། འོན་ཀྱང་ཝི་ཅཱཋ་ལ་འཕྲིན་ཕྲན་ནམ་འཕྲིན་ཐུང་ཟེར་བའི་ཐ་སྙད་དེ་ཁྱབ་ཆེ་གྲགས་པའི་སྐྱོན་འདུག་མོད། འདོད་རྒྱལ་ནི་འདོད་རྒྱལ་རང་ཡིན་པས་ད་དེ་རྒྱལ་ཚར་བ་རེད།