གཡང་སྐྱབས་རྒྱལ་གྱིས།
ཀུན་གསལ་ཟེར་བ་དང་མེས་རྒྱལ་ཟེར་མཁན་ཚོ་ལ།
ཁྱོད་ཚོ་སུ་ཡིན་ཡང་། གང་ན་ཡོད་ཀྱང་། ལས་ཀ་གང་ཡིན་ཀྱང་། ངས་གཤམ་གསལ་གྱི་ཚིག་གྲུབ་འགའ་བརྗོད་དོན་བྱུང་།
༡ ཀྲུང་གོའི་གཞུང་གིས་བོད་མི་རིགས་ལ་ད་བར་དུ་སྤུན་ཟླའི་འདུ་ཤེས་བཞག་མྱོང་མེད། ད་བར་དུ་བོད་མི་རིགས་ཀྱི་གནད་དོན་འདི་ནི་དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླ་ཅན་ཞིག་ལ་བརྩིས་ཡོད།
༢ དུས་རབས་ཉེར་གཅིག་པ་རེད། ཀྲུང་གོའི་མི་རིགས་སྲིད་བྱུས་ནི་ད་དུང་ལོ་ཉི་ཤུས་རྗེས་ལུས་ཐེབས་ཡོད། ཚན་རིག་གི་ཐོག་ནས་ཀྱང་མི་ཟེར་བ་འདི་རྒྱུད་པའམ་རིགས་རྒྱུད་ཀྱི་ཐོག་ནས་མཐོ་དམའ་དབྱེ་འབྱེད་བྱེད་རྒྱུ་མེད་པ་ཤེས་ཡོད། རྒྱ་རིགས་ཀྱིས་འདི་ཤེས་མེད།
༣ བོད་པ་ཚོ་ལ་རྒྱ་ནག་གིས་ཁྱོད་ཚོའི་དཀའ་ངལ་གང་ཡིན་ཞེས་དྲིས་མྱོང་མེད། ད་བར་དུ་ཁྱོད་ཚོའི་དཀའ་འདི་རེད་ཅེས་བཤད་པ་རེད།
༤ རྒྱ་ནག་མི་མང་གི་བསམ་བློ་དང་རྒྱ་གར་མི་མང་གི་བསམ་བློའི་གནས་ཚད་བསྡུར་གི་ཡིན་ན། ཏན་ཏན་རྒྱ་གར་བ་ཚོ་ལ་བསམ་བློའི་གནས་ཚད་མཐོ་གི་རེད།
༥ བོད་པ་དེ་ལྐུགས་པ་ཞིག་ཡིན་པ་ཆ་ཞོག ཡིན་ན་ཡང་ལྐུགས་པ་ལ་ཡང་ཚོར་བ་ཡོད་རེད། ཧུ་ཅིན་ཐོའམ་རྒྱ་རིགས་ཀྱི་མི་སྣ་གྲགས་ཅན་ཞིག་གི་མིང་ནས་སྨོས་ཏེ་ཁྱོད་ཚོ་ནང་བཞིན་གསོད་གཏུབ་བཅོམ་དང་ཕམ་པར་རྒྱོབས་ཞེས་བྲིས་ན་ཁྱོད་ཚོར་ཚོར་བ་ཞིག་ཡོང་གི་རེད་དམ།
དོན་ཚན་ལྔ་བོ་འདི་ཁྱོད་ཚོའི་སོ་པའི་མགོ་ཁྲིད་ལ་སྤྲོད། གཅིག་བྱས་ན་སྒོར་མོ་མང་ང་རག་གི་རེད།
གཡང་རྒྱལ་ལགས། ངོ་སྤྲོད་གནང་བ་བཀའ་དྲིན་ཆེ། ངའི་སྤུན་ཟླ་གཡུ་ཚང་གི་མིང་ཐོན་མེད་པ་ཅི་ཡིན་ནམ།
འདི་ལ་ཡང་བསྐྱར་ལན་གཅིག་ཞིབ་གཟིགས་གནང་རོགས
དེ་རིང་ཡང་གཡུ་ཚང་ཁྱེད་ལ་རྒྱབ་སྐྱོར་གྱི་ཁ་བརྡའི་ཁ་སྣོན་འདི་་བྲིས་ན་འདོད་སོང་། ཁྱེད་(གཡུ་ཚང་)ཀྱིས་ཏྰ་ལའི་དམིགས་འབེན་ལ་བཟུང་བ་ནོར་མི་འདུག གཙོ་བོ་བོད་མིས་ཏྰ་ལའི་ལྷ་རུ་འཛིན་པའི་འདུ་ཤེས་དེ་རེད། འདུ་ཤེས་དེའི་དབང་གིས་བོད་ཀྱི་ཁ་བྲལ་ཀྱི་ལས་འགུལ་འདི་ལ་ནུས་པ་ཐོན་པ་རེད། ད་ལོ་གཅིག་བུའི་ནང་བོད་ཀྱི་ས་ཁུལ་མི་འདྲ་བ་བརྒྱ་ལྷག་གི་ནང་ཛ་དག་གི་ལས་འགུལ་བྱུང་་ཡོད་པ་དེའི་བརྒྱ་ཆའི་གོ་ལྔ་ཡན་ཏྰ་ལའི་ལྷ་རུ་འཛིན་པའི་ཆོས་ལུགས་ཀྱི་འདུ་ཤེས་ཡོད་མཁན་ཚོས་བསླངས་པ་རེད། འདུ་ཤེས་འདི་མུ་མཐུད་ནས་གནས་ཚེ་ཨ་རིས་ཨ་སྒོར་དུང་ཕྱུར་སྟོང་གཅིག་ལྷག་བཏང་སྟེ་མགོ་གནོན་མ་ཐུབ་པའི་ཨེ་རེག་ནང་གི་ཆོས་ལུགས་ཀྱི་འདུ་ཤེས་ལས་བྱུང་བའི་ཁ་ཆེ་བ་ཚོས་རང་སྲོག་བློས་གཏོང་གི་ལས་འགུལ་དེ་འདྲ་བ་བོད་ནང་འབྱུང་ཉེན་ཆེ། དེ་འདྲའི་དམག་འཁྲུག་བྱུང་ཚེ་ང་ཚོའི་མི་དམངས་དུང་ཕྱུར་༡༣་ལ་རེ་གཅིག་ལོའི་མུ་གེ་དེ་འདྲ་ཡང་བསྐྱར་འབྱུང་རྒྱུ་མ་ཟད། ཀྲུང་གོ་རྒྱལ་ཁབ་རྩད་མེད་དུ་ཡང་འགྲོ་སྲིད། ང་ཚོ་བོད་མི་ཞིག་ཡིན་ཡང་ཏང་གི་སློབ་གསོ་མྱང་མཁན་ཞིག་ཡིན་པའི་ཆ་ནས་ཉེན་ཁ་འདི་དག་འགོག་ཆེད་བོད་མི་ཚོས་ཏྰ་ལའི་ལྷ་རུ་འཛིན་པའི་འདུ་ཤེས་རྩད་མེད་བཟོ་བ་ལ་ཐོག་མར་ཁྱེད་ནས་་”བོད་མི་དང་ཏཱ་ལའི་བླ་མ་གཉིས་ལོགས་སུ་བཀར་བར་ཡང་རྒྱུ་མཚན་ཡེ་ནས་མ་མཐོང༌།བོད་མིའི་ངོས་ཐད་ནས་བཤད་ན་ཁོང་ཡང་བོད་མི་ཏཱ་ལའི་བླ་མ་རེད། གསུངས་བ་ལྟར་ཏྰ་ལའི་ལྷ་ཡིན་པའི་འདུ་ཤེས་ལས་མི་ཡིན་པའི་འདུ་ཤེས་ལ་རྒྱུར་ནས་སྐྱོན་བརྗོད་པ་ཡག་པོ་འདུག ཡིན་ནའང་ལོ་བརྒྱ་ཕྲག་མང་པོའི་རིང་གི་བག་ཆགས་ཤ་ཞག་་རུས་ཞག་ལ་སོང་ཡོད་པས་ཁོ་ལོགས་སུ་བཀར་ནས་བོད་མི་དཀྱུས་མ་ཞིག་བཟོ་བ་ལས་སླ་བོ་ཞིག་ག་ལ་ཡིན། གང་བྱས་ཀྱང་ང་ཚོས་ཐབས་ལམ་སྣ་ཚོགས་སྤྱོད་དགོས། མཚམས་མཚམས་བོད་དོན་ལ་ཤ་ཞེན་དང་སེམས་ཁུར་ཡོད་མདོག་མདོག་དང་།སྐབས་སྐབས་ཏྰ་ལའི་ལ་དགའ་ཁུལ་དང་མང་པོ་ཞིག་ཤེས་ཁུལ་བྱས་ནས་ཏྰ་ལའི་ལྷ་ནས་མིར་བསྒྱུར་ཐུབ་ཚེ་བོད་ནང་གི་ཁ་བྲལ་ལས་འགུལ་རང་ཆད་འགྲོ་ལ་།རྒྱལ་སྤྱིའི་ཐོག་གི་ཏྰ་ལའི་ཁོའི་སྟོབས་ཤུགས་ཡང་ཉམ་རྒུད་ལ་འགྲོ་ཐུབ། སྐབས་དེ་དུས་ཁྱེད་ནས་གསུངས་པ་ལྟར’’དེ་ནས་བཟུང་ཏཱ་ལའི་བླ་མའང་བོད་དོན་གྱི་ཆེད་དུ་མཁའ་ལམ་བརྒྱུད་ནས་འཕུར་བ་’’མཚམས་འཇོག་ཐུབ་ལ་།ཏྰ་ལའི་”ས་ལ་བབས་ནས་མི་མང་དང་མཉམ་དུ་་་་་གོམ་བགྲོད་ལ་ཕེབས”ཐུབ། ’’དེ་ནས་བཟུང་ཏཱ་ལའི་བླ་མས་ཀྱང་བོད་དོན་གྱི་ཆེད་དུ་ཁྲི་ཐོགས་ནས་སྨོན་ལམ་རྒྱག་པ་ལས།ཐང་ལ་བབས་ནས་མི་མང་དང་མཉམ་དུ་་་་་་་་་བཞུགས་”ཐུབ་ལ།”ད་ནས་བཟུང་ཏཱ་ལའི་བླ་མའང་ཕོ་བྲང་ནང་་་་སྐུ་མཚམས་ལ་བཞུགས་པ་ལས། ཕྱི་ལ་ཕེབས་ནས་མི་མང་དང་མཉམ་དུ་’’འགྲོ་ཐུབ།
ལྷག་པར་ཏུ་ཁྱེད་ཀྱིས ཏྰ་ལའི་”བོད་དོན་གྱི་ཆེད་དུ་བཙོན་ལ་བཞུགས་དགོས།”ཟེར་བ་ལ་།
ཏྰ་ལའི་བཙོན་དུ་ཁྲིད་རྒྱུ་ནི་ཀུན་སློང་ཡག་པོ་ཞིག་ཡིན་ནའང་འགྲུབ་དཀའ་བ་ཞིག་རེད། ང་ཚོས་ཏྰ་ལའི་ཁོ་གྰན་དྷི་ནང་བཞིན་རང་ཡུལ་ནས་གོམ་་བགྲོད་བྱེད་དུ་འཇུག་ཐུབ་ཚེ་མར་ཁྲིན་ལོ་ཐིར་ཀིན་ལྟར་སྲོག་ལ་ཉེན་ཁ་བཟོ་མཁན་ཡང་ཡོད་སྲིད་ལ། ནེལ་སོན་མན་དེ་ལ་དང་ཨན་སང་སོ་སྐྱེད་ནང་བཞིན་མུན་བཙོན་དང་བཟང་བཙོན་གང་ལ་འཇུག་དགོས་ཀྱང་ལས་སླ་བོ་རེད། དེ་དུས་ཁོས་ཨན་སང་སོ་སྐྱེད་ནང་བཞིན་བཙོན་འོག་ནས་སྡུག་སྐད་རྒྱབ་ནས་སྡོད་རྒྱུ་ལས་ནུས་པ་མི་ཐོན་པ་ནི་སོ་སྐྱེད་ལས་ཤེས་ཐུབ། ཡིན་ནའང་དེ་ནི་ང་ཚོ་གཉིད་མ་ལོག་པར་རྨི་ལམ་རྨིས་པ་རང་རེད།
བོད་པ་འདི་ཚོ་སྙིང་རྗེ་ཏྰ་ལའི་ལ་དུང་ཞེན་ཆེ་བས་ཏྰ་ལའི་སྐྱོན་བརྗོད་ན་རུབ་ཡོང་ནས་ཏྰ་ལའི་ལ་སྟོད་པ་འབྲི་བཞིན་འདི་རིག་ན་ཁྱོ་ད་སེམས་ལེ་དགའ་ང་ཡང་ནི་སྤྲོ་ནི་ཞིག་རེད།
སྙིང་ཉེ་ཡུགས་ཚང་ལགས། ་ཁྱེད་ཀྱིས་མུ་མཐུད་ནས་བྲིས་དང་ང་ལ་ཁྱོད་ཀྱི་དག་ཆ་དང་སྙན་ཆ་དེ་འདྲ་མེད་ནའང་ངས་མ་ཤི་བར་ཏུ་ཁྱེད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།
འདི་ལ་གོ་རིམ་ཡོད་པའི་སྒོ་ནས་ལན་རེ་འབྲི་མཁན་ཡོད་ན་ཁྱེར་ཤོག
སྐབས་འདིར་ང་ཚོར་བོད་ནང་གི་ཐ་སྙད་”འཆམ་མཐུན་སྤྱི་ཚོགས”ཞེས་པ་དེ་དགོས་ཀྱི་འདུག ཚང་མས་གནའ་ཤི་ད་འགྱེལ་ཟེར་མཚམས་བཞག་ནས་ཆེད་བརྗོད་དང་རྩོམ་ཡིག་རེ་སྤེལ་རོགས་ཞུ།
ཡ་ཁོ་རེ་ཉོན་དང་གཡུ་ཚང་གི་བུ་ཡ།
ཡང་ཁོག་ན་སྙིང་རུལ་མེད་པའི་རེ་བུ་ཡ༎
ཡང་སྙིང་གི་དྲོད་ཁོལ་ད་ཤོར་བའི་ཞིག་བུ་ཡ།
ཡང་བོད་ལ་གཏིང་ནད་ཡོད་པའི་རེ་བུ་ཡ། ཁྱོས་མི་བཤད་དགུ་བཤད་སྨྱོ་གཏམ་རེ་བཤད་ཡ། ཁྱོས་མི་དྲན་དགུ་དྲན་གྱི་ཆོ་འཕྲུལ་རེ་སྟོན་
ཡང་ཆོས་ཀྱི་དད་པ་ཞིག་གང་ན་རེ་ཡོད་ཡ།
ཡང་སྲིད་ཀྱི་ལ་རྒྱ་རེ་མེད་པའི་རེ་བུ་ཡ།
ཡང་གོ་རྟོགས་ཀྱི་བློ་རིག་ཉམས་པའི་རེ་བུ་ཡ། དཔྱོད་ཤེས་ཀྱི་རིག་སྟོབས་མེད་པའི་རེ་བུ་ཡ།
ཉམས་མྱོང་གི་གནས་ཚད་ཞན་པའི་རེ་བུ་ཡ། གཞན་ཉིད་ལས་རང་ཉིད་མི་མཐོང་བའི་བུ་ཡ༎
གཞན་སྟོབས་དང་རང་སྟོབས་ནོར་བའི་བུ།
རང་ཉིད་ཀྱི་ངོ་གདོང་སྐུང་བའི་རེ་བུ་ཡ།
ཡང་བདེན་ལུགས་ཡོད་ན་དྲང་མོ་རེ་ཤོད་ཡ།
རང་ཉིད་དང་རང་མིང་སྦས་བཞིན་དུ་ཡ།
བདག་མེད་ཀྱི་སྐད་ཆ་ལྡོམ་པོ་རེ་དེས།
བོད་ཁ་བའི་སེམས་ལ་རྨ་མ་བཟོ་ཡ།
ཁྱེད་ཟླ་བ་གཉིས་ལས་འཆི་རན་ན།
ད་འཆི་བཅས་མ་ནི་འདོན་པ་ལས།
ད་གསོན་བཅས་སྲིད་དོན་རེ་མ་བབ་རེ་ཟིག་ཡ།
ད་བབ་རུང་ཆེ་ཞིག་ནི་མི་ཤེས་རེ་གི།
ཉོག་བཤད་དེས་ང་ཚོར་མི་ཕན་གི།
གླུ་གོ་རྣ་བའི་བདུད་རྩི་རེ་ཡིན་ཡ།
ད་མ་གོ་གླུ་འགྲེལ་བ་ཞིག་མེད་ཡ།
ད་ལོ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་མགྲིན་ཚབ་བྱས་ཏེ་ངོ་རྒོལ་བྱེད་མཁན་ཚོར་སྒོར་མོ་རེག་གི་ཡོད་པ་རེད། ཀུན་གསལ་་ ཁྱེད་ལ་ག་ཚོད་རེག་སོང༌། ཁྱེད་ཚོ་བཟི་འདུག ཁག་ཡོད་ནི་མ་རེད། སྔོན་མ་ང་ཚོའི་སྐུ་དྲག་ཚོ་ཡང་རྡ་ཡང་གིས་བཟི་མྱོང་བ་རེད། མ་གཞི་ཁྱི་དང་ཞི་མི་སོགས་འགུག་པ་དང་དེང་ཐོག་ནས་ཟ་རྒྱུ་ཞིག་སྟོན་དགོས་རྒྱུ་དེ་འགྲོ་སྟངས་ཡིན་པ་རྒྱ་ནག་ལྟ་སྤྱང་པོ་མེད་མཁན་ཚོས་ཀྱང་ཤེས་ནི་རེད། ཤུ་རེ་གོ་ ང་ཚོ་ལ་ཡང་སྦྱིན་རྒྱུ་མོད་པོ་ཞིག་ཡོད་རྒྱུ་ན། རྒྱལ་བ་རིན་པོ་ཆེ་སྣང་བ་ལ་མི་འགྲོ་མཁན་ཁྱེད་ཚོ་རྒྱལ་བ་རིན་པོ་ཆེས་གསོ་སྐྱོང་བྱས་པ་ཞིག་ཡིན་ན་ནི། ཁྱེད་ཚོ་ལ་ངོ་ཚ་རྒྱུ་ཞིག་ནི་གཏན་ནས་མི་འདུག་དཱ། མི་ངོ་ཚ་མེད་ན་ ག་རེ་རེད། ངས་མ་བཤད་ཀྱང་ཁྱེད་ཚོས་དེ་ཤེས་ཀྱི་རེད། ཁྱེད་ཚོ་དེའི་གྲས་ལ་འགྲོ་རྒྱུ་ཡིན་ནམ།
ང་རང་ནང་པ་མིན། བོན་པོ་ཡིན། བོད་པ་མིན། མགོ་སེ་ཡིན། ཕོ་ཁྱོ་ཀ་མིན། བུད་མེད་ཉམས་ཆུང་ཡིན། ངའི་བསམ་ཚུལ་ལ་ཏ་་ལའི་བླ་མ་མཆོག་ནི། གངས་ཅན་པའི་རིགས་སུ་གཏོགས་པའི་འགྲོ་བ་ཚང་མ་དང་། ཆོས་ལ་དགའ་བའི་སྐྱེ་བོ་ཀུན་གྱི་མིག་དཔེ་དང་དབུ་ཁྲིད་བཀའ་འདྲིན་ཅན་ཞིག་རེད། ཁོང་ལ་སྨད་ར་བཏང་མཁན་ནི་དགེ་བའི་ལས་ལ་མི་དགའ་བཞིན། གཞན་ལ་གནོད་སེམས་ཁོ་ན་བཅངས་མཁན་གྱི་མི་ལས་མ་འདས་སོ། དེར་བརྟེན་ཀུན་བཟང་དང་ལྷ་མོ་དོན་གྲུབ་སོགས་ནི་བོད་མི་རྩ་མེད་གཏོང་མཁན་གྱི་རྒྱ་ནག་པ་དེ་ཚོ་རེད། གལ་ཏེ་དགྲ་ནག་པ་མིན་ན། ཁོང་ཚོའི་ངན་སེམས་ཁོག་ཏུ་བཅངས་པའི་བོད་འདྲེ་དེ་ཚོའི་སྤྲུལ་པ་རེད།
བོད་དོན་གྱི་དཀའ་ངལ་འདི། རྒྱ་ནག་གིས་ཁྲིམས་འགལ་གྱི་ཐོག་བོད་ལ་བཙན་འཛུལ་བྱས་ཏེ་ད་ལྟའང་མུ་མཐུད་དུ་བཙན་བཟུང་བྱེད་བཞིན་པའི་དཀའ་ངལ་དེ་རེད། འདི་བོད་ནང་གི་བོད་མི་ཚོའི་ཁྲིམས་མཐུན་གྱི་དབང་ཆ་ལ་བཙན་དབང་གིས་རྡོག་རོལ་གཏོང་བར་ཐུག་པའི་དཀའ་ངལ་ཞིག་རེད།
ད་བར་བོད་ནང་བྱུང་བའི་དོན་དག་ཚང་མའི་འབྱུང་རྐྱེན་ཐུག་ས་དེའང་ཏྰ་ལའི་བླ་མ་མིན་པར་རྒྱ་ནག་གུང་ཁྲན་ཏང་གི་གཅིག་གཅོད་ལ་ཐུག་ཡོད། དེ་ནི་གུང་ཁྲན་ཏང་ལ་དཔྱད་པ་དགུ་བ་ཟེར་བའི་ནང་བྲིས་པ་ལྟར། ཇི་སྲིད་གུང་ཁྲན་ཏང་གིས་དབང་བཟུང་བ་དེ་སྲིད་དུ་རྒྱ་ནག་མི་དམངས་ལ་རེ་བ་མེད་ཅེས་བྲིས་པ་ལྟར་བོད་མི་དམངས་ལའང་རེ་བ་མེད་པ་རེད། མི་རིགས་གཞན་པ་ཚོ་ལའང་རེ་བ་མེད་པ་རེད།
དེ་བས་བོད་ནང་གི་བོད་མི་རྣམས་ལ་འདོད་བློ་ཁེངས་པའི་སྲིད་བྱུས་ཤིག་ལག་ལེན་མ་བསྟར་བར་ཏྰ་ལའི་བླ་མ་བཞུགས་རུང་མ་བཞུགས་རིང་བོད་ནང་ངོ་རྒོལ་མཚམས་ཆད་རྒྱུ་མིན་པ་རེད། ད་ལོའི་ངོ་རྒོལ་ནང་སློབ་གྲྭ་ཆེན་མོ་ནས་སློབ་གྲྭ་འབྲིང་བའི་བར་སློབ་མ་ག་ཚོད་ཅིག་ངོ་རྒོལ་ནང་ཞུགས་ཡོད་པ་ཀུན་གསལ་ཁྱེད་རང་ནས་ཤེས་ཤེས་པ་རེད། ད་རུང་གཅིག་བཤད་ན། བོད་ནང་གི་ཁྲིམས་མཐུན་དབང་ཆ་ལ་བརྩོན་ལེན་བྱེད་མཁན་གཙོ་བོའི་འགའ་བཤད་ན། ཏང་མི་ཡིན་པ་ཕུན་ཚོགས་དབང་རྒྱལ། བཀྲ་ཤིས་དབང་འདུད། སངས་རྒྱས་ཡེ་ཤེས་སོགས་རེད། དེས་ན་དེ་ཚོའང་ཁྱེད་ཀྱིས་ཏྰ་ལའི་ལྷ་རུ་འཛིན་མཁན་རེ་ཟེར་རྒྱུ་ཡིན་ནམ།
བོད་ཀྱི་གནད་དོན་དེ་ཏྰ་ལའི་བླ་མའི་གནད་དོན་མ་རེད། མཚམས་རེ་ཕྱི་གླིང་བ་དེ་འདྲས་ཀྱང་དྲི་བ་ཁྱད་མཚར་དེ་འདྲ་བཀོད་ཀྱི་འདུག ཁྱེད་ཀྱིས་ཏྰ་ལའི་བླ་མ་ལ་རྒྱབ་སྐྱོར་ཡོད་སུ་ལ་རྒྱབ་སྐྱོར་ཡོད་ཟེར་བ་དེ་འདྲ། ངས་བོད་མི་དམངས་ལ་རྒྱབ་སྐྱོར་ཡོད། ཏྰ་ལའི་བླ་མས་ཀྱང་བོད་མི་དམངས་ལ་རྒྱབ་སྐྱོར་ཞུ་གི་ཡོད་པ་རེད་ལབ་ཀྱི་ཡོད། རྒྱ་ནག་གི་ནང་དུའང་བོད་དོན་ལ་རྒྱབ་སྐྱོར་ཞུ་མཁན་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་པ་མཐོང་ཆོས་ལྟར་རེད། དེ་ཚོ་ཚང་མར་རྗེས་སུ་ཡི་རང་ཡོད། ང་ཚོ་དགའ་འོས་པའི་གཏམ་རེད། ཡིན་ན་ཡང་། མཚམས་རེར་བོད་མི་དཔོན་ངན་དང་མི་ངན་གྱི་སྦྲང་ནག་རེ་ཟུང་རེ་རྒྱ་དངུལ་གྱི་སྐྱག་དྲིར་ཞེན་ནས་ཕན་ཚུན་བར་དཀྲུག་ཤིང་བཟོ་བཞིན་པ་དེ་ཐབས་སྐྱོ་བོ་ཞེ་དྲག་རེད། རྒྱ་གུང་ཁྲན་ཁྱི་དང་མི་རིགས་ཁྱི་ཡི་མཇུག་མ་རེད།
ནོར་བཅོས། རྒྱ་གུང་ཁྲན་ཁྱི་དང་མི་དེ་རིགས་ཁྱི་ཡི་མཇུག་མ་རེད།
ང་ནི་བུད་མེད་ཡིན་ན་བན་བོན་དང་མགོ་དཀར་ནག་མི་ལྟ་བའི་འདོད་ཆགས་ཅན་ཞིག་ཡིན་པས། གོང་དུ་རིག་བྱེད་མ་མཐོང་བ་དང་ཅིག་ཆགས་སོང་། བུ་མོ་ངོ་མ་ཡིན་ན་ཅི་འདྲའི་སྣང་བ་འགྲོ་མདོག་ཁ་བོ་བཤད་འདུག ཡིན་ཡང་ཁྱེད་རང་གིས་སེམས་ཁྲལ་མ་བྱེད། མི་རིགས་ཞིག་གི་འཐབ་རྩོད་ངོ་ལོག་པ་དང་སོ་བ། ནང་འཀྲུགས་མཁན་སོགས་མེད་མི་སྲིད་པས་བློ་ཕམ་མ་བྱེད། འདི་ལྟར་ཕྱི་ནང་གཉིས་ཀའི་འགལ་རྐྱེན་མང་སྟབས་ང་ཚོས་ལྷག་པར་སྤྲོ་སྣང་དང་སྤོབས་པ་མ་དོར་བའི་ཐོག་ནས་འཐབ་རྩོད་སྙུགས་སྲིང་དགོས་པ་རེད།
གཡང་སྐྱབས་རྒྱལ་ལགས། ཁྱེད་ཀྱིས་གསུངས་པ་གཞན་དག་ལ་ངས་མོས་མཐུན་བྱེད་ཀྱི་ཡོད་ཀྱང་རྒྱ་གར་རྒྱ་ནག་གཉིས་བསྡུར་ན་རྒྱ་གར་གྱི་མིའི་བསམ་བློའི་ཚད་མཐོ་ཟེར་བ་གང་གསུང་གི་ཡོད་དམ། བསམ་བློའི་ཆུ་ཚད་མཐོ་ཟེར་བ་དེ་རང་དབང་དང་ཞི་བདེ་ལ་དགའ་བར་ཟེར་གྱིན་ཡོད་ན་ཅུང་མ་འགྲིགས་ཏེ། ཀ་ཤི་མིར་གྱི་རང་དབང་འཐབ་རྩོད་པ་དང་། ཨ་སམ་ནང་གི་རང་དབང་འཐབ་རྩོད་པ། སིག་གི་རང་དབང་འཐབ་རྩོད་ལ་དྲག་གནོན་བྱེད་སྟངས་ལ་བལྟས་ན་དེ་རིང་གི་རྒྱ་གར་གཞུང་འདི་གྷན་དི་ཇིའི་འཚེ་མེད་ཞི་བའི་ལམ་ལ་འགྲི་གི་མེད་པ་གསལ་པོ་རེད། ཁར་སང་ཁེར་ཉིན་ཡང་དེར་ཁ་ཆེའི་མི་བཅུ་གྲངས་ཤིག་བསད་སོང་ང་།
སྤོབས་པ་ལགས།
ང་ཁོང་ཁྲོའི་ཐོག་ནས་སོ་པ་འདྲ་བོ་དེ་ཚོར་དོན་ཚན་ལྔ་ཅན་དེ་བཤད་པ་རེད། རྒྱ་དཀར་ནག་གི་མིའི་བསམ་བློའི་མཐོ་ཚད་བཤད་པ་དེ་ངའི་ཚོར་སྣང་ཞིག་རེད། གཅིག་བྱས་ན་དོན་ཚན་དེ་མ་བཤད་ན་ཡང་འགྲིག་འཐུས་སྙམ། ཡིན་ན་ཡང་ངའི་ཚོད་དཔག་དེའི་རྒྱབ་ཀྱི་རྒྱུ་མཚན་ནི་དགག་སྒྲུབ་ཀྱི་ཕྱོགས་གཉིས་ཡོད། སྒྲུབ་ཕྱོགས་ཀྱི་རྒྱུ་མཚན་ནི། རྒྱ་གར་བཟང་ངན་གང་ལྟར་ཡང་འཛམ་གླིང་ཟེར་བ་འདི་ལ་སྒོ་ཕྱེས་ནས་ཡུན་རིང་པོ་སོང་ཡོད་པ་རེད། མི་མང་ལ་ཡང་དེའི་ཚོད་ཀྱིས་ཤེས་བྱ་ཞིག་འཐོབ་ཡོད་པ་རེད། རྒྱ་ནག་དེ་ལྟར་མ་རེད། དགག་ཕྱོགས་ཀྱི་རྒྱུ་མཚན་ནི་གསར་པ་ཞིག་ཡིན། དེ་ཡང་ཉེ་ཆར་བོད་མིས་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ་བྱེད་སྐབས་དེར་རྒྱ་རིགས་ཚོས་རྣམ་འགྱུར་སྟོན་སྟངས་ནས་ཡོང་བ་རེད། རྒྱ་རིགས་ཚོའི་བྱེད་ཕྱོགས་དང་དེའི་རྒྱབ་ཀྱི་རྒྱུ་མཚན་ནམ་ཡང་ཀུན་སློང་། ཡང་ན་བསམ་བློ་སོགས་ནི་རིག་གསར་སྐབས་ཀྱི་དམར་ཆུང་དམག་གི་བྱེད་སྟངས་དེ་ག་རང་ལས་གཞན་དུ་མི་གདའ། ཁྱེད་རང་བོད་ནས་འཚར་བ་ཞིག་ཡིན་ན་ངས་དམར་ཆུང་དམག་ཟེར་བ་འདི་ཁྱེད་ལ་མྱོང་ཐོག་ནས་རྒྱུས་ཡོད་ལས་ཆེ། དེ་ཙམ་ཡིན།
ཕྱག་གཉིས་པ་ལགས།
༡ ད་ལོ་སློབ་གྲ་བ་ཚོས་བླ་རྒན་ཚོར་རྒྱབ་སྐྱོར་བྱས་པ་ན་ངོ་མ་རེད། དེ་ཚོ་ལ་ཡང་རྨོང་དད་དང་མི་རིགས་ཀྱི་ལ་ཞེན་ཆུང་ཆུང་རེ་ལྷག་ནའང། ཁོ་ཚོ་སློབ་མཐར་ཕྱིན་ན་བྱ་བ་རེ་སྤྲད་བཞག་ན་དེའི་ཡིད་ཚིམ་ནས་འདུག་གི་རེད། ད་དུང་ཁོ་ཚོས་མེས་རྒྱལ་ལག་རྗེས་ཆེན་པོ་འཇོག་ཐུབ་ནི་རེད། དཔེར་ན། ད་ལོ་ངོ་རྒོལ་ལས་འགུལ་འདིའི་བོད་མི་འཛིན་གཟུང་བྱེད་མཁན་དང་སྔོར་བཤེར་བྱེད་མཁན། གཅར་རྡུང་བྱེད་ཕལ་ཆེ་བ་བོད་རིགས་སློབ་མཐར་ཕྱིན་པའི་ལས་བྱེད་པ་རྐྱང་རྐྱང་ཡིན། ཁོ་ཚོ་ང་ཚོ་ལ་བཀའ་དྲིན་ཆེན་པོ་རེད།
༢ ཏང་མི་ཕུན་དབང་དང་དབང་སོགས་ནི་བོད་བཅིང་འགྲོལ་གཏོང་མཁན་ནང་གི་ཉི་མ་དང་ཟླ་བ་ལྟ་བུ་རེད། ཁོ་ཚོ་འདྲ་བ་བོད་རིགས་ལས་བྱེད་ནང་ད་སྔ་བྱུང་མྱོང་མེད། མཚམས་མཚམས་ཁོ་ཚོས་བོད་ལ་ཤ་ཚ འདྲ་བོ་དེ་འདྲ་བྱས་ཡོད་པ། དེ་ནི་བོད་རིགས་ཚོ་འགུགས་ཐབས་ཆེད་རེད། ཆབ་སྲིད་པ་ཟེར་བ་དེ་འདྲ་ལོས་ཡིན།
༣ རྒྱ་ནག་ནང་ཆོས་རྨོང་དད་བྱེད་མཁན་ཏྰ་ལའི་དགའ་མཁན་འགའ་ཤས་བོད་ལ་རྒྱབ་སྐྱོར་བྱེད་ཡོད་ནི་རེད།
གཡུ་ཚང་གིས་ཏྰ་ལའི་”བོད་དོན་གྱི་ཆེད་དུ་བཙོན་ལ་བཞུགས་དགོས།”ཟེར་བ་ལྟར་ཏྰ་ལའི་བཙོན་ལ་འཇུག་ཐུབ་ན་རྒྱབ་སྐྱོར་འདི་དག་རང་ཡལ་ལ་འགྲོ་གི་རེད།
སྤྱིར་ན་རྒྱ་གར་བའི་རང་དབང་དང་གུ་ཡངས་ཀྱི་བསམ་བློ་དེ་རྒྱ་ནག་ལས་ཏོག་ཙམ་དྲག་དགོས་པ་ཞིག་ཏུ་སྣང་ཡང་། དེང་རབས་ཀྱི་བསམ་བློའི་སྨིན་སྟངས་དེ་ནི་ཕལ་ཆེར་ལྟ་རྒྱ་མཐོང་རྒྱ་དང་ཤེས་ཡོན་སློབ་སྦྱོང་གིས་རྒྱ་བསྐྱེད་དགོས་པ་ཞིག་ཡིན་པས། རང་རང་གི་མི་རིགས་ལ་འཛིན་པའི་ཚོར་སྣང་དེ་ནི་རྒྱ་གར་ནག་གཉིས་ཀྱི་མིའི་བསམ་བློ་དང་ཀུན་སྤྱོད་གཉིས་ལ་བར་ཁྱད་ཅང་མ་མཐོང་། དེ་བཞིན་རྒྱ་གར་བས་བོད་ཐོག་ལ་འཛིན་པའི་རྣམ་འགྱུར་ཡང་རྡ་སའི་རི་གྲོང་གི་རྒྱ་གར་བ་ཚོ་བོད་པ་དང་ཁྱིམ་མཚེས་བྱས་ནས་ལོ་འདི་སྙེད་སོང་ཡང་སྡུག་ནས་སྡུག་ཏུ་འགྲོ་བ་འདིས་ཤེས་ཀྱི་རེད། བོད་པར་རྒྱབ་སྐྱོར་བ་རེ་ཟུང་ཞིག་རྒྱ་དཀར་ནག་གཉིས་ཀའི་ནང་དུ་ཡོད་པ་རེད་ལ། སྤྱིར་ན་རྒྱ་གར་བའི་ཧིན་དྷུའི་མི་རིགས་དང་རྒྱ་མི་རིགས་གཉིས་ཀ་བོད་པར་ཡག་ན་ཡག་མཉམ་དང་སྡུག་ན་སྡུག་མཉམ་རེད་བསམས། སྔོན་མ་ང་ཚོ་སྐྱབས་བཅོལ་བ་ཐོག་མ་བྱས་ནས་ཡོང་དུས་ཀྱི་རྒྱ་གར་བ་དང་ད་ལྟའི་རྒྱ་་གར་བ་གཉིས་ཀྱི་བར་དུ་གནམ་ས་ལྟ་བུའི་གཞན་ཕན་གྱི་ལྷག་བསམ་ཞིག་ཡོད་པ་རེད། དེ་དུས་རྒྱ་གར་མི་མང་དབྱིན་ཇིའི་བཙན་འོག་ནས་ལངས་མ་ཐག་ཡིན་པས། མི་རིགས་གཞན་གྱི་གཉའ་གནོན་མྱངས་པའི་ཉམས་མྱོང་ཡོད་པ་རེད་ལ། རྒྱ་གར་གྱི་ད་ལྟའི་མི་རབས་འདིས་སྡུག་བསྔལ་དེ་དག་ཕལ་ཆེར་བརྗེད་ཚར་ཡོད་སྲིད། ད་ལྟ་ཁོ་ཚོར་ཡོད་པ་ནི་ཧིན་དྷུ་དང་ཁ་ཆེའི་བར་གྱི་མི་རིགས་འཐབ་རྩོད་ཀྱི་ཚོར་སྣང་དང་། དབུལ་ཕྱུག་བར་གྱི་འདྲ་མཉམ་མེད་པའི་ཚོར་བ་སོགས་ནང་ཁུལ་གྱི་ཚོར་བ་བྱེ་བྲག་པ་དག་གི་ཀློང་ནས་ནམ་ཡང་ཕྱིར་འཁོར་མེད་པར་ལུས་ཡོད་པ་དེ་རེད། རྒྱ་ནག་པ་ཚོ་ནི་ད་ལྟ་བར་དུ་ཀྲུང་ཧྭ་མི་རིགས་ཟེར་བའི་ང་རྒྱལ་གཅིག་བུས་མགོ་བོ་སྦོས་ཏེ་མི་རིགས་གཞན་པ་དེ་དག་ནམ་ཡང་རྐང་འོག་གི་འབུ་རུ་བརྩིས་ནས་བསྡད་ཡོད་པ་རེད།
ཕྱག་གཉིས་པ་ལགས།
༡ ད་ལོ་སློབ་གྲ་བ་ཚོས་བླ་རྒན་ཚོར་རྒྱབ་སྐྱོར་བྱས་པ་ངོ་མ་རེད། དེ་ཚོར་རྨོང་དད་དང་མི་རིགས་ཀྱི་ལ་ཞེན་ཆུང་ཆུང་རེ་ལྷག་ཡོད་ནའང། ཁོ་ཚོ་སློབ་མཐར་ཕྱིན་ན་བྱ་བ་རེ་སྤྲད་གཞག་ན་དེའི་ཡིད་ཚིམ་ནས་འདུག་གི་རེད། ད་དུང་ཁོ་ཚོས་མེས་རྒྱལ་ལ་ལག་རྗེས་ཆེན་པོ་འཇོག་ཐུབ་ནི་རེད། དཔེར་ན། ད་ལོ་ངོ་རྒོལ་ལས་འགུལ་འདིའི་བོད་མི་འཛིན་གཟུང་བྱེད་མཁན་དང་སྔོར་བཤེར་བྱེད་མཁན། གཅར་རྡུང་བྱེད་མཁན་ཕལ་ཆེ་བ་བོད་རིགས་སློབ་མཐར་ཕྱིན་པའི་ལས་བྱེད་པ་རྐྱང་རྐྱང་ཡིན། ཁོ་ཚོ་ང་ཚོ་ལ་བཀའ་དྲིན་ཆེན་པོ་རེད།
༢ ཏང་མི་ཕུན་དབང་དང་བཀྲ་དབང་སོགས་ནི་བོད་བཅིང་འགྲོལ་གཏོང་མཁན་ནང་གི་ཉི་མ་དང་ཟླ་བ་ལྟ་བུ་རེད། ཁོ་ཚོ་འདྲ་བ་བོད་རིགས་ལས་བྱེད་ནང་ད་སྔ་བྱུང་མྱོང་མེད། མཚམས་མཚམས་ཁོ་ཚོས་བོད་ལ་ཤ་ཚ འདྲ་བོ་དེ་འདྲ་བྱས་ཡོད་པ་རེད། དེ་ནི་བོད་རིགས་ཚོ་འགུགས་ཐབས་ཆེད་རེད། ཆབ་སྲིད་པ་ཟེར་བ་དེ་འདྲ་ལོས་ཡིན།
༣ རྒྱ་ནག་ནང་ཆོས་ལ་རྨོང་དད་བྱེད་མཁན་དང་ཏྰ་ལའི་ལ་དགའ་མཁན་འགའ་ཤས་བོད་ལ་རྒྱབ་སྐྱོར་བྱེད་ཡོད་ནི་རེད།
གཡུ་ཚང་གིས་ཏྰ་ལའི་”བོད་དོན་གྱི་ཆེད་དུ་བཙོན་ལ་བཞུགས་དགོས།”ཟེར་བ་ལྟར་ཏྰ་ལའི་བཙོན་ལ་འཇུག་ཐུབ་ན་རྒྱབ་སྐྱོར་འདི་དག་རང་ཡལ་ལ་འགྲོ་གི་རེད།
གཡང་སྐྱབས་རྒྱལ་ལགས། དོན་རྟོགས་ཡོད། ངས་ཁྱེད་ལ་ཀུ་རེ་ཙམ་བརྩིས་པ་ཡིན། ན་ནིང་ཨ་མདོའི་ཕོ་གསར་ཞིག་གིས་ཕ་ཡུལ་ནས་ཡོང་མཁན་ཁ་ཤས་ལ་རྒྱ་གར་ངོ་སྤྲོད་བྱེད་བཞིན་འདུག ཁོས་བཤད་དོན། རྒྱ་གར་འདིའི་ཡོན་ཏན་དང་པོར་མཐོང་དཀའ་ཡང་རྒྱ་གར་དུ་བསྡད་ནས་ལོ་ངོ་དྲུག་བདུན་སོང་རྗེས་གཞི་ནས་རྒྱ་གར་གྱི་ཡོན་ཏན་དེ་ཚོ་མཐོང་ཡོད་ཡོང་གི་རེད་ཟེར། ངས་དེ་ཡང་བདེན་པ་མ་རེད་ཟེར་རྒྱུ་མི་འདུག་སྙམ་བྱུང་། རྒྱ་གར་བས་ལ་དྭགས་འཛིན་སྐྱོང་གི་སྲིད་ཇུས་དང་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་གཉིས་བསྡུར་ན་དངོས་གནས་ཁྱད་པར་ཆེན་པོ་འདུག ལ་དྭགས་ཀྱི་བ་ཀུ་ལ་རིན་པོ་རྒྱ་གར་གྱི་གཞུང་ཚབ་ཏུ་སོག་ཡུལ་དུ་བཞུགས་པ་རེད། ཁོང་ལ་དྭགས་པ་དང་བོད་ལ་ཤ་ཞེན་ཆེན་པོ་ཡོད་པ་ཁོང་གི་མི་ཚེའི་ལོ་རྒྱུས་པདྨ་དཀར་པོའི་ཕྲེང་བ་ལ་བལྟས་ན་ཤེས། རྒྱ་མིས་བོད་པ་བོད་ལ་ཞེན་ཁོག་བྱེད་མཁན་ཞིག་གཞུང་ཚབ་ལ་བསྐོ་བཞག་བྱེད་རྒྱུ་མ་རེད།
གཡང་རྒྱལ་ལ་ལན་ཞིག་མ་བྲིས་ན་མི་དགའ་ན་ཐང།
༡ ཀྲུང་གོའི་གཞུང་གིས་བོད་མི་རིགས་ལ་ད་བར་དུ་སྤུན་ཟླའི་འདུ་ཤེས་བཞག་མྱོང་མེད། ཟེར་བ་ལ།
ཀྲུང་གོའི་གཞུང་གིས་མི་རིགས་ཟེར་བ་འདི་ཉིན་རེ་ལ་ལན་བཅུ་གྲངས་རེ་ཟློ་བཞིན་ཡོད་ལ། དཔེར་ན་རྒྱ་རིགས་དང་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་བའི་གཞུང་འབྲེལ་གྱིས་སྐུལ་བའི་ཚེ་བརྟན་སྒྲོལ་མའི་གཞས་དེ་བོད་པ་ཚོས་ད་བར་ཏུ་ཆད་དུ་བཅུགས་མེད།
༢ ཀྲུང་གོའི་མི་རིགས་སྲིད་བྱུས་ནི་ད་དུང་ལོ་ཉི་ཤུས་རྗེས་ལུས་ཐེབས་ཡོད། ཟེར་བ་ལ། ད་སྐབས་ཀྲུང་གོའི་ མི་རིགས་སྲིན་བྱུས་ནི་འཛམ་གླིང་ཐོག་གི་ཡག་ཤོས་ཨང་དང་པོ་ཡིན་པ་ཁྱེད་ཀྱིས་མ་ཤེས་སམ།
༣ བོད་པ་ཚོ་ལ་རྒྱ་ནག་གིས་ཁྱོད་ཚོའི་དཀའ་ངལ་གང་ཡིན་ཞེས་དྲིས་མྱོང་མེད། ཟེར་བ་ལ། བོད་པ་ཚོས་ཀྲུང་དབྱང་བརྙན་འཕྲིན་སོགས་ཀྱི་ནང་ན་ང་ཚོ་བོད་པ་ལ་དཀའ་ངལ་གང་ཡང་མེད། ད་སྐབས་བོད་ཡུལ་ནི་ལྷ་ཡུལ་གྱི་ཞིང་ཁམས་ལྟ་བུ་ཞིག་ཡིན་ཞེས་བཤད་ཀྱིན་འདུག་ག།
༤ རྒྱ་ནག་མི་མང་གི་བསམ་བློ་དང་རྒྱ་གར་མི་མང་གི་བསམ་བློའི་གནས་ཚད་བསྡུར་གི་ཡིན་ན། ཏན་ཏན་རྒྱ་གར་བ་ཚོ་ལ་བསམ་བློའི་གནས་ཚད་མཐོ་གི་རེད། ཟེར་བ་ལ། རྒྱ་དཀར་ནག་གཉིས་ཀ་མྱིའི་དོན་སྣོད་ སྙིང་དང་མཁལ་མ་སོགས་གསོན་པོར་བཏོན་ནས་བཙོང་མཁས་པའི་ཚན་རིག་ལག་རྩལ་འདྲ་འདྲ་ཡིན་ནྰ ། སྲིད་དོན་གྱི་ཆ་ནས་རྒྱ་ནག་རྒྱ་གར་ལས་གནས་ཚད་མཐོ་བ་ཡོད་ལྰ། རྒྱ་ནག་གི་ཏང་གི་ལྟ་བ་རྒྱ་གར་གྱི་མངའ་སྡེ་ལྔ་དྲུག་ཞིག་གི་ནང་ལ་ཁྱབ་ཡོད་པས་ལོ ་རེ་རེ་བཞིན་རྒྱ་གར་གྲོས་འཚོགས་ནང་ཏང་གི་རྐུབ་རྟགས་ཇེ་མང་ས་ཇེ་མང་མ་རེད་དམ། འདས་པའི་ལོ་བཅུའི་ནང་རྒྱ་ནག་གི་ཏང་གིས་བལ་ཡུལ་ནང་ལས་འགུལ་སྤེལ་ནས་ད་ལོ་བལ་ཡུལ་ཏང་གིས་དབང་བསྒྱུར་ཚར་བ་ཡིན་ནྰ། མ་འོང་ལོ་བཅུའི་ནང་རྒྱ་གར་རྒྱ་ནག་ཏང་གིས་དབང་བསྒྱུར་ཐུབ་རྒྱུ་རེད།
༥ ཧུ་ཅིན་ཐོའམ་རྒྱ་རིགས་ཀྱི་མི་སྣ་གྲགས་ཅན་ཞིག་གི་མིང་ནས་སྨོས་ཏེ་ཁྱོད་ཚོ་ནང་བཞིན་གསོད་གཏུབ་བཅོམ་དང་ཕམ་པར་རྒྱོབས་ཞེས་བྲིས་ན་ཁྱོད་ཚོར་ཚོར་བ་ཞིག་ཡོང་གི་རེད་དམ། ཟེར་བ་ལ། བོད་པ་ཚོས་ཧུ་ཅིན་ཐོ་སོགས་ལག་དམར་རེད་ཟེར་ནས་ཕྱི་རྒྱལ་ནས་སྐད་བརྒྱབས་ན་ང་ཚོར་གནོད་ཀྱིན་ཡོད་པས་ང་ཚོའི་གཞུང་གིས་ཕྱི་རྒྱལ་གྱི་གཞུང་དེ་དག་ལ་གནོད་ཤུགས་སྤྲོད་བཞིན་ཡོད་ད།
ནོར་བཅོས། ཀྲུང་གོའི་གཞུང་གིས་མི་རིགས་ཟེར་བ་འདི་ཉིན་རེ་ལ་ལན་བཅུ་གྲངས་རེ་ཟློ་བཞིན་ཡོད་’། ཟེར་བ་ལ མི་རིགས་སྤུན་ཟླ་ཟེར་དགོས།
ཀུན་གསལ་ཡིན་ན་རོ་ཁྱོད་ད་ཆོག་གི་པ། ཁྱོས་སྐད་ཆ་བཤད་ནོ་དོན་མེད་ཀི རྐང་སྣམ་གོན་ནོ་འདོན་མེད་ཀི མ་གཞི་བཤད་སྟངས་ལ་བལྟས་ན་ཨོང་མདོང་མེད་ནི་ཟིག་རེད།
ཁ་སང་ཨོ་འགྲན་མ་ཚོགས་གོང་ལ་པེ་ཅིང་ན་ཡོད་པས་བོད་ཚང་ནང་ལ་གོང་གསེང་ལ་བཏང་སོང་ཟེར་བ་དེ་ཀྱང་། རྒྱ་ནག་གཞུང་གི་བོད་རིགས་འདི་་སྤུན་ཟླར་རྕིས་གི་ཡོད་དམ་དགྲ་ཟླ་རྩིས་ཡོད་པ་གསལ་བོར་ཤེས་ཐུབ།
ཀུན་ཡིན་སྐྱག་ཟན་པོ་། ལས་ངན་བོ། ཁ་བདེ་བོ་མ་བྱེད་། དྲང་མོ་བཤད་ན་ཁྱོད་ཡང་གོང་གི་གུང་ཁྲན་ཏང་གི་ཁྱོག་བཤད་དེ་དག་འབྲི་སྐབས་སུ་། སེམས་ལ་མི་བདེ་ཡོད་པ། ཡིན་ཡང་རྒྱ་སྒོར་ཁ་ཤེས་ཀྱི་ཆེད་དུ་རྐུབ་འརྡེག་གི་ཡོད་པ། དེ་འདྲ་ཞིག་མིན་ན་ཁྱོད་སྐྱེས་ས་སྐྱེས་ཡུལ་དང་མིང་ངོ་མ་དེ་དེ་རིང་འདི་གསལ་བཤད་ཞིག་བྱས་ད་།
བློ་མཐུན་ཀུན་གསལ་དང་ཀུན་ཁྱབ་རླུང་འཕྲིན་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཏེ། ཏང་གི་མགྲིན་ཚབ་པ་རེད། ཁོ་འདིར་ཁ་བརྡ་བྱེད་དུ་ཡོང་བ་མིན་པར་སྲིད་ཇུས་དྲིལ་བསྒྲགས་བྱེད་དུ་ཡོང་བ་རེད། དེ་གནད་དོན་གསར་བ་ཅང་མ་རེད། ད་སྔ་ཁ་བརྡ་དྲ་དེབ་འདི་དྲིལ་བསྒྲགས་ཀྱི་ལག་ཆར་བེད་སྤྱོད་གཏོང་མཁན་ཀུན་གསལ་གཅིག་པུ་མ་རེད། ད་དུང་ཀླུ་སྨྱོན་ཡང་ཡོད། ཀུན་གསལ་ནི་གཞུང་གི་མགྲིན་ཚབ་པ་ཡིན་པས་གོང་རིམ་གྱི་སྲིད་ཇུས་མ་གཏོགས་ཁོ་རང་ཉིད་ཀྱི་བསམ་ཚུལ་བཤད་མི་ཆོག་པ་ང་ཚོས་ལོས་ཤེས། དེ་མ་ཟད་ད་དུང་ཁྱོས་ང་ཚོར་བཤད་པའི་སྐད་ཆ་མང་ཆེ་ཤོས་སྐྱག་བརྫུན་ཡིན་པའང་ཤེས་ཀྱི་ཡོད། ཡིན་ནའང་ཕྱིར་འཁོར་ནས་གོང་རིམ་ལ་ཁ་བརྡའི་ཐོག་གི་གནས་ཚུལ་གྱི་སྐོར་ལ་སྐྱག་བརྫུན་མ་བཤད།
ཁ་བརྡའི་ཐོག་ཏུ་གླུ་ལེན་མཁན་དང་ཁ་ཆེམས་འཇོག་མཁན། གཡབ་བཤད་རྒྱག་མཁན། སྒྲུང་བཤད་མཁན། སྙན་ངག་འབྲི་མཁན། རང་བཙན་བཤད་མཁན། རྒྱ་བོད་ཀྱི་གཞུང་གཉིས་ལ་སྐྱོན་བརྗོད་བྱེད་མཁན་སོགས་སྣ་མ་སྣ་ཚོགས་སླེབས་སོང་། ཀུན་གསལ་གྱིས་ཕལ་ཆེར་ལྟད་མོ་འདི་ཚང་མ་མཐོང་ཡོད་ཤག་རེད། ཁ་བརྡའི་ཐོག་ཏུ་མི་སྣ་ཚོགས་འདི་འདྲ་མང་པོ་ཞིག་གིས་སྐད་ཆ་སྣ་ཚོགས་འདི་ཙམ་བཤད་ཀྱི་ཡོད། དེ་བས་ཁྱོད་ཀྱང་འདིར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཁ་བརྡ་ཚང་གིས་དམངས་གཙོའི་རིན་ཐང་ཤེས་ཀྱི་རེད། དེ་བས་ཁྱོད་ལ་བཟང་སྐྱོན་ཅི་ཞིག་བཤད་རྒྱུ་ཡོད་ཀྱང་ཁྱོའི་ཁ་འགོག་གི་མ་རེད། ང་རང་ཉིད་ཀྱི་ཐད་ནས་ཁྱོད་ལ་ཁ་བརྡའི་ཐོག་ནས་ལྟད་མོ་ཡག་པོ་ཞིག་ལྟོས་ཞེས་བཤད་རྒྱུ་མ་གཏོགས་གཞན་ཅང་འུ་གཉིས་ཀྱི་བར་ན་ཁ་བརྡ་མེད། ངས་བལྟས་ཚོད་ལ་ད་སྔ་སུ་གཅིག་གིས་ཀྱང་མི་ཆ་མེད་ཁྱོད་ལ་རང་དབང་སྤྱི་ཚོགས་ཀྱི་འགྲོ་ལུགས་ཅུང་ཟད་ཀྱང་ངོ་སྤྲོད་བྱས་མ་སོང་བས་ངས་འདིར་ཁ་བརྡ་ཐུང་ཐུང་ཞིག་བྱས་པ་ལ་ཁ་བརྡ་ཚང་དགོངས་འགལ་མེད་པ་ཞུ། ང་ནི་སུ་གང་གི་འཐུབ་ཚབ་ཀྱང་མིན་པ་ཡིད་འཇགས་འཚལ།
ཀུན་གསལ་ཁྱོད་ལ་འདི་བཤད་ཀྱི་ཉོན་ཞིག
ཁྱོད་ཀྱི་ཨ་མས་མི་ཚེ་སྡུག་ལ་སྦྱར་ནས། ཕྲུ་གུ་ཁྱོད་གསོས། ཨ་ཕས་རྒྱ་ལ་སྤྲེལ་ལད་ཁྲབ། གཞན་ལ་ཕྱག་འབུལ་ཞུས་ནས་དངུལ་གསོག་འཇོག་བྱས་པ་འདིས་ཁྱོད་སློབ་གྲྭྲར་བཏང་། ད་ཆ་ཁྱོད་འཚར་ལོངས་བྱུང་མ་ཐག་ལམ་གསེང་ཕ་མ་གསོད་མཁན་གྱི་དགྲྭ་ལ་མགོ་བོ་བཏགས། རང་གི་སྤུན་ཚང་མའི་སེམས་དཀྲུག་པའི་ལས་ངན་འདི་འདྲ་བྱས་པ་འདིས། ཁྱོད་ཀྱི་ཕྲུ་གུ་ཚོས་ཅི་ཟེར། གལ་ཏེ་ཁྱོད་ཀྱི་ཕྲུ་གུ་ཚོས་ཁྱོད་ཀྱི་ལོག་སྤྱོད་ཀྱི་བྱ་བ་འདི་དག་ཤེས་ཚེ། ཁྱོད་དགོངས་མོ་གཉིད་ཉལ་བའི་སྐབས་གྲི་གྲང་མོ་ཞིག་འཁུར་ཡོང་ནས། ཁྱོད་ཀྱི་སྐེ་དེ་གཅོད་ངེས་ཡིན་ལ། ཁྱོད་ཀྱི་མགོ་བོ་གནམ་ལ་ཕྱར་ནས། ད་མེས་པོའི་དགྲ་ཤ་ལེན་ཐུབ་སོང་། ད་སྤོ་སྤོ་རྨོ་རྨོ་ཡི་དགྲ་ཤ་ལེན་ཐུབ་སོང་ཅེས་སྐྐད་རྒྱབ་ནས་བརྟེན་འབྲེལ་བྱེད་ངེས་ཡིན། དེ་ནི་ཁྱོད་ངེད་བོད་མི་ཀུན་གྱི་དགྲ་ཡ་ཡིན་པས་སོ།