རེབ་ཐོག་མདའ།
ལྷ་ས་ན
ཨ་མས་བྲིས་པའི་གཏམ་རྒྱུད་གླེང་མཁན་མང་ལ
ཨ་ཕས་བཟོས་པའི་བོད་ལྭ་གྱོན་མཁན་ཡང་མང
ད་དུང་
ཞེན་ཁོག་དང་ཤ་ཞེན་གྱི་མེ་ལྕེ་གྱེན་དུ་མཆེད་ཀྱིན
ཕ་སྐད་དང་མྱི་སྐད་གསོན་པོ་གླེང་སྟངས་བརྟན་ལྷིང་ངེར་གནས
མི་རིགས་འདིའི་ཡོད་ཚད་མིག་ཆུས་གླེང་བཞིན
ཕ་ཡུལ་གྱི་བདེ་སྡུག་ཚེ་སྲོག་གིས་འབྲི་བཞིན
བདག་གི་སྤོ་བོ་ལྟ་བུའི་སྤོ་བོ་ཆ་མེད་དེ་ལ་སྒུག་གིན་ཡོད
ལྷ་ས་ན
དུད་སྤྲིན་འཐིབས་པའི་ནམ་མཁའ་ཞིག་ཡོད་ལ
མཁར་གྱང་མཐོན་པོ་ཅན་གྱི་བླ་མཁར་ཞིག་ཀྱང་ཡོད
སྒོར་མོས་ཉོ་མ་ཐུབ་པའི་ལྷ་ས
སེམས་པ་གྲངས་མེད་ཞིག་གི་མིག་ཟུང་བརླན་གྱིས་ཟིན་ཀྱང
སྨྲེ་ངག་དང་ཡིད་ཆད་མེད་པར
དུས་རབས་ཀྱི་གདོང་ན་བགྲེང་སྟེ་ཡོད
རྡ་ས་ན
སྐུ་དྲག་ཚོའི་ནད་རྙིང་ལྗི་བས མྱི་ཆེན་ཚོའི་ཕྱོགས་ཞེན་ཟབ་པས
ཕ་ཡུལ་དང་སྦྲ་ནག་གི་ལས་དབང་གླེང་མཁན་ཉུང་ལ
ཕ་སྐད་ལ་དུངས་ཞེན་ཟབ་མཁན་དེ་བས་ཀྱང་ཉུང
ན་ནིང་དོ་ཚིགས་རྡ་སའི་ཁོར་ཡུག་རུལ་བཞིན་པས
ཀ་ཁ་སུམ་ཅུའི་ཚེ་སྲོག་ལ་ཡང་སྒོ་ལྕགས་རྒྱག་བཞིན་ཡོད
ལོ་ངོ་འདི་དག
རྡ་ས་ནི་འབྲི་མི་ཤེས་པའི་སྙན་ངག་ཚན་པ་གཅིག་གམ
རྨིས་མི་འདོད་པའི་རྨི་ལམ་རབ་རིབ་ཅིག་སྟེ
མྱི་གཞི་དང་རང་ཚུགས་བོར་བས
ད་དུང་གློ་སྙིང་མཆིན་གསུམ་བཅོལ་སའི་གནས་འདི་ན
ངེད་ཚང་གི་མདུན་ལམ་བོར་བའི་མི་རབས་ཤིག་དང
གངས་རི་ལ་དུང་བ་དབེན་པའི་ཕུ་ནུ་ཧ་ཅང་མང་བས་ན
ཉེས་ཅན་ལྟ་བུའི་ངའི་སྨྱ་གུ་འདི་ལ་ཡང
ཚེ་སྲོག་གསར་བ་ཞིག་རྒྱས་མ་ཐུབ
སྐུ་དྲག་ཟེར་བ་འཇུག་བསྡུས་ནས་ལོ་ ༥༠ བརྒལ་སོང་། ད་སྐུ་དྲག་སྐུ་དྲག་ཟེར་ངུ་མ་སྡོད། འདུན་ལམ་ལ་བསམ་བློ་ཐོངས། ལར་རང་ཉིད་འབྱོན་ཐངས་མེད་ནས་ལུས་པ་རང་གི་ལན་པ་དང་། གཞན་འབྱོར་ཞིང་བཙན་པ་ཁོང་ཚོས་འཇོན་པ་རེད་པས་དེ་ལ་མི་དགའ་བ་མ་བྱེད། ཡོངས་རྫོགས་ཐིག་བཏབ་པ་ནང་བཞིན་ཡ་ཡོ་མེད་པ། དབུལ་ཕྱུག་མེད་པ་གང ནའང་མེད། སྔ་མོ་བཅད་པ་མུ་ཁྲི་བཙན་པོས་བོད་དུ་དབུལ་ཕྱུག་གི་ཁྱད་པར་སེལ་ཆེད། ཐེངས་མ་གསུམ་དུ་དབུལ་ཕྱུགས་མཉམ། ཡིན་ནའང་སྔར་བཞིན་བྱུང་བས་རྒྱུ་མཚན་ལོ་པཎ་དག་ལ་དྲིས་པས་སྔར་གྱི་ལས་འབྲས་ཡིན་ནོ་གསུངས། དེ་བཞིན་མ་འོས་ཀྱང་བཙན་དབང་གིས་དབུལ་ཕྱུག་མཉམ་མོད་ད་ལྟ་རྒྱ་ནག་ལ་དབུལ་ཕྱུག་མི་འདུག་གེ། དེས་ན་སེམས་ནད་འབྱུང་བའི་ལས་མ་རྩོམས་ཤིག
ལྷ་ས་ནས་རེ་བ་རུམ་གང་འཁུར་ཏེ་དྷ་སར་འབྱོར་ཞིང་་་་་དྷ་ས་ནས་ཨ་ཐང་འུ་ཆད་གྱི་མིག་ཆུ་ཕོ་བ་གང་འཁྱེར་ཏེ་ལྷ་སར་ལོག
ཨོཾ་མ་ཎི་པདྨེད་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།