དཔྱོད་ལྡན་སློབ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ྋགོང་ས་མཆོག་གི་མཛད་རྣམ་གཉིས་པ་ཕྱི་ཡུལ་དུ་རང་དབང༌། ཞེས་པ་འདི་དི་ལླིའ་བོད་ཁང་ནས་སྔར་ལོའི་འཁྲུངས་སྐར་དུས་ཆེན་ཉིན་དཔར་སྐྲུན་དབུ་འབྱེད་ཀྱིས་འགྲེམས་སྤེལ་གནང་འགོ་བཙུགས་པ་ཞིག་རེད། འོན་ཀྱང་ད་བར་དྲ་ཐོག་ནས་ཚོང་འགྲེམས་ཞུ་རྒྱུའི་ཆ་རྐྱེན་སྐྲུན་ཐུབ་མེད་ཀྱང་སྦྲགས་ཐོག་ནས་ཚོང་འགྲེམས་ཞུ་བཞིན་ཡོད་པས་དགོངས་འཇགས་ཞུ།
ཕྱི་ཡུལ་དུ་རང་དབང༌། Freedom In Exile
བླུ་ཡོན་ཧིན་སྒོར་༤༠༠།༠༠
འབྲེལ་མཐུད་ཁ་བྱང༌།
Tibet House
Cultural Centre of H.H.the Dalai Lama
1, Institutional Area,Lodhi Road,
New Delhi-110003 India
Tel:+91 11 24611515
E-mail:tibethouse@airtelmail.in
བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་བདུན་པ་དེ་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། 2009 ཟླ་ 12 ཉིན་ 24 ནས་
31 བར་འཚོག་གཏན་ཁེལ་ཞིང་། ༧དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གིས་ཚོགས་མགོན་མཛད་ནས་བླ་སྤྲུལ་ཆེ་བགྲེས་
དུ་མ་ཞིག་ཀྱང་ཚོགས་ཕེབས་མཛད་རྒྱུ་ཡིན།
༧རྒྱལ་དབང་མཆོག་ནས། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ ༼ ཐམས་ཅད་མཁྱེན་པའི་ལམ་སྟོན། ༽
ལོ་སྔ་མའི་འཕྲོ་བསྐྱང་ནས་མཇུག་ཡོངས་སུ་གྲུབ་པའི་བར་བཤད་ལུང་གནང་འཆར་དང་། ད་དུང་གསུང་ཆོས་ཀྱི་སྐབས་སོ་སོའི་
སྒོམ་རིམ་དང་ཐུན་སོ་སོའི་འདོན་བྱའི་འགྲེལ་བཤད། རྗེ་མི་ལའི་བླ་སྒྲུབ་ཀྱི་སྨིན་དབང་། གཏེར་སྒར་དགོན་དུ་མགོན་པོ་མི་
འཁྲུགས་པའི་སྒོ་ནས་གཤིན་ཆོག་བྱང་སྲེག་བཅས་མཛད་གཏན་ཁེལ།
དེ་བཞིན་སྐུ་རིམ་ཁག བསྟན་སྲིད་ཞབས་རིམ། སྨན་ཆོག །བཀའ་འགྱུར་དག་སྒྲོགས། མི་འཁྲུགས་པའི་དཀྱིལ་ཆོག་དང་མདོ་
སྒྲོགས། གནས་ཆོག །བསོད་སྙོམས་རྒྱུ་འབུལ། བླ་མ་མཆོད་པའི་ཚོགས། མར་མེའི་སྨོན་ལམ་སོགས་དམིགས་བསལ་མཛད་
རིམ་འདྲ་མིན་ཡང་ཡོད།
དམིགས་བསལ་གསལ་བསྒྲགས།
འདི་ལོ་མི་ལའི་རྣམ་ཐར་གྱི་གསུང་ཆོས་ལེགས་པར་གྲུབ་པ་དང་སྒོ་བསྟུན་ཐེངས་ཉེར་བདུན་པའི་སྨོན་ལམ་གྱི་མཛད་རིམ་
རྣམས་ཀྱང་གཙོ་བོ་བཀའ་དྲིན་རྗེས་དྲན་ནས་དབུ་བརྩམས་པ་ཡིན་ལ།དེ་འབྲེལ་རྗེ་མི་ལའི་བཀའ་དྲིན་རྗེས་དྲན་མཚོན་
བྱེད་དུ་དམིགས་བསལ་མཛད་རིམ་ཁག་འགའ་ཡོད་པ་སྟེ།
ཕྱི་ཟླ་བཅུ་གཉིས་པའི་ཞག་ཉི་ཤུ་རྩ་དགུ་པའི་ཆུ་ཚོད་བདུན་ཐོག་གཏེར་སྒར་དགོན་དུ་རྒྱལ་དབང་མཆོག་ནས་ཚོགས་
མགོན་མཛད་དེ། སྐྱ་སེར་ཕོ་མོ་རྣམས་ལྷན་ཅིག་ཏུ་མི་ལའི་བླ་མའི་རྣལ་འབྱོར་ཡེ་ཤེས་དཔལ་འབར་ལ་བརྟེན་ནས་
ཚོགས་འཁོར་མཛད་གཏན་འཁེལ། ཚོགས་ཞུགས་ཀྱི་སེར་སྐྱ་རྣམས་སྒྲུབ་བརྒྱུད་འདི་པའི་ལུགས་ཀྱི་སྔོན་འགྲོ་འབུམ་
བཞི་སོང་ཟིན་ངེས་པར་ཡིན་དགོས་ལ། བླ་རྣམ་གྱི་ཕྱག་དཔེ་ཡང་རང་རང་གིས་གྲ་སྒྲིག་མཛད་ནས་བསྣམ་ཕེབས་དགོས།
2010 ལོའི་ཞག་དང་པོ་རེས་གཟའ་པ་སངས་ཉིན་གཏེར་སྒར་དགོན་པའི་ཉེ་འདབས་སུ་དགོན་སྡེ་ཁག་ནས་ཕེབས་
པའི་དགེ་འདུན་ཡོངས་ལ་མཆོད་སྟོན་གཟབ་རྒྱས་འབུལ་རྒུདང་། དེ་སྐབས་རྗེ་མི་ལའི་དཀའ་ཐུབ་ཀྱི་རྣམ་ཐར་མཚོན་
ཕྱིར་ཟྭ་ཡི་ཐུག་སྡོར་ཞིག་འབུལ་རྒྱུ་ཡིན།
ཉིན་དེ་ཁའི་དགོང་མོར་ས་གནས་དེ་ཉིད་དུ་རྗེ་བཙུན་མི་ལའི་རྣམ་ཐར་ཟློས་གར་གྱི་ལམ་ནས་གཟིགས་འབུལ་ཞུ་རྒྱུ་
དང་ཆབས་ཅིག།གནས་དུས་དང་མཚམས་པའི་བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་སྒྱུ་རྩལ་འགའ་ཞིག་ཀྱང་སྤེལ་འཆར་
ཡོད་པས་སྐུ་ཉིད་སྨོན་ལམ་དུ་ཕེབས་སྐབས་མཛད་རིམ་ཁོད་དུ་འཇུག་རྒྱུ་མ་བསྙེལ་བ་ཞུ།
Copyright © Kagyu Monlam Chenmo. All R བཀའ་བརྒྱུད་སྨོན་ལམ་ཐེངས་ཉི་ཤུ་རྩ་བདུན་པ་དེ་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། 2009 ཟླ་ 12 ཉིན་ 24 ནས་
31 བར་འཚོག་གཏན་ཁེལ་ཞིང་། ༧དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་གིས་ཚོགས་མགོན་མཛད་ནས་བླ་སྤྲུལ་ཆེ་བགྲེས་
དུ་མ་ཞིག་ཀྱང་ཚོགས་ཕེབས་མཛད་རྒྱུ་ཡིན།
༧རྒྱལ་དབང་མཆོག་ནས། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ ༼ ཐམས་ཅད་མཁྱེན་པའི་ལམ་སྟོན། ༽
ལོ་སྔ་མའི་འཕྲོ་བསྐྱང་ནས་མཇུག་ཡོངས་སུ་གྲུབ་པའི་བར་བཤད་ལུང་གནང་འཆར་དང་། ད་དུང་གསུང་ཆོས་ཀྱི་སྐབས་སོ་སོའི་
སྒོམ་རིམ་དང་ཐུན་སོ་སོའི་འདོན་བྱའི་འགྲེལ་བཤད། རྗེ་མི་ལའི་བླ་སྒྲུབ་ཀྱི་སྨིན་དབང་། གཏེར་སྒར་དགོན་དུ་མགོན་པོ་མི་
འཁྲུགས་པའི་སྒོ་ནས་གཤིན་ཆོག་བྱང་སྲེག་བཅས་མཛད་གཏན་ཁེལ།
དེ་བཞིན་སྐུ་རིམ་ཁག བསྟན་སྲིད་ཞབས་རིམ། སྨན་ཆོག །བཀའ་འགྱུར་དག་སྒྲོགས། མི་འཁྲུགས་པའི་དཀྱིལ་ཆོག་དང་མདོ་
སྒྲོགས། གནས་ཆོག །བསོད་སྙོམས་རྒྱུ་འབུལ། བླ་མ་མཆོད་པའི་ཚོགས། མར་མེའི་སྨོན་ལམ་སོགས་དམིགས་བསལ་མཛད་
རིམ་འདྲ་མིན་ཡང་ཡོད།
དམིགས་བསལ་གསལ་བསྒྲགས།
འདི་ལོ་མི་ལའི་རྣམ་ཐར་གྱི་གསུང་ཆོས་ལེགས་པར་གྲུབ་པ་དང་སྒོ་བསྟུན་ཐེངས་ཉེར་བདུན་པའི་སྨོན་ལམ་གྱི་མཛད་རིམ་
རྣམས་ཀྱང་གཙོ་བོ་བཀའ་དྲིན་རྗེས་དྲན་ནས་དབུ་བརྩམས་པ་ཡིན་ལ།དེ་འབྲེལ་རྗེ་མི་ལའི་བཀའ་དྲིན་རྗེས་དྲན་མཚོན་
བྱེད་དུ་དམིགས་བསལ་མཛད་རིམ་ཁག་འགའ་ཡོད་པ་སྟེ།
ཕྱི་ཟླ་བཅུ་གཉིས་པའི་ཞག་ཉི་ཤུ་རྩ་དགུ་པའི་ཆུ་ཚོད་བདུན་ཐོག་གཏེར་སྒར་དགོན་དུ་རྒྱལ་དབང་མཆོག་ནས་ཚོགས་
མགོན་མཛད་དེ། སྐྱ་སེར་ཕོ་མོ་རྣམས་ལྷན་ཅིག་ཏུ་མི་ལའི་བླ་མའི་རྣལ་འབྱོར་ཡེ་ཤེས་དཔལ་འབར་ལ་བརྟེན་ནས་
ཚོགས་འཁོར་མཛད་གཏན་འཁེལ། ཚོགས་ཞུགས་ཀྱི་སེར་སྐྱ་རྣམས་སྒྲུབ་བརྒྱུད་འདི་པའི་ལུགས་ཀྱི་སྔོན་འགྲོ་འབུམ་
བཞི་སོང་ཟིན་ངེས་པར་ཡིན་དགོས་ལ། བླ་རྣམ་གྱི་ཕྱག་དཔེ་ཡང་རང་རང་གིས་གྲ་སྒྲིག་མཛད་ནས་བསྣམ་ཕེབས་དགོས།
2010 ལོའི་ཞག་དང་པོ་རེས་གཟའ་པ་སངས་ཉིན་གཏེར་སྒར་དགོན་པའི་ཉེ་འདབས་སུ་དགོན་སྡེ་ཁག་ནས་ཕེབས་
པའི་དགེ་འདུན་ཡོངས་ལ་མཆོད་སྟོན་གཟབ་རྒྱས་འབུལ་རྒུདང་། དེ་སྐབས་རྗེ་མི་ལའི་དཀའ་ཐུབ་ཀྱི་རྣམ་ཐར་མཚོན་
ཕྱིར་ཟྭ་ཡི་ཐུག་སྡོར་ཞིག་འབུལ་རྒྱུ་ཡིན།
ཉིན་དེ་ཁའི་དགོང་མོར་ས་གནས་དེ་ཉིད་དུ་རྗེ་བཙུན་མི་ལའི་རྣམ་ཐར་ཟློས་གར་གྱི་ལམ་ནས་གཟིགས་འབུལ་ཞུ་རྒྱུ་
དང་ཆབས་ཅིག།གནས་དུས་དང་མཚམས་པའི་བོད་ཀྱི་དགོན་སྡེའི་རིག་གནས་ཀྱི་སྒྱུ་རྩལ་འགའ་ཞིག་ཀྱང་སྤེལ་འཆར་
ཡོད་པས་སྐུ་ཉིད་སྨོན་ལམ་དུ་ཕེབས་སྐབས་མཛད་རིམ་ཁོད་དུ་འཇུག་རྒྱུ་མ་བསྙེལ་བ་ཞུ།
ནོར་རྫི་སྤེན་པ་ནི་གཤིས་རྒྱུད་དྲང་ན་ངང་རྒྱུད་འཇམ་པའི་རྫི་བོ་དཔེ་བཟང་ཅན་ཞིག་ཡིན་པར་བཤད། བདེན་མིན་གང་ལྟར་ཡང་དེང་སྐབས་ཁོ་རང་ཕ་རྒན་གྱི་སེམས་རྟེན་མི་ཉན་ཡང་ལག་རྟེན་གྱི་ཚབ་ཏུ་བཟུང་ཡོད་ལ་ཁོང་ཚང་གི་ནོར་རྫི་ཡང་ཡིན། ཁོ་ལ་ཕོ་སྒོ་དེ་ཙམ་མེད་ནའང་ལུས་སྟོབས་ཆེ་ལ་གདོང་དབྱིབས་ནི་རྡོ་ཡིས་ལས་བའི་སེང་གེ་ཞིག་དང་འདྲ་བས། ནོར་རྫི་ཐུབ་མིན་གང་ལྟར་ཡང་ཕར་བལྟས་ཚོད་ལ་ཁྱི་སྤྱང་གི་ཉེན་ཁ་འགོག་པའི་ནུས་བ་ཅུང་ཙམ་ལོས་ཡོད་འདོད་པའི་སྣང་བ་སྟེར། ཁོ་རང་ཡུལ་གྱར་བའི་ལུང་བ་ཞིག་ནས་སྐྱེས་བ་ཡིན་པས་བུ་རང་སྐྱེས་དང་རྒྱ་མ་རང་ཐེག་མ་ཐུབ་ཚེ་སྡུག་གཏམ་བཤད་ས་སུའང་མེད། དེ་བས་ཁོས་ཚེ་མཇུག་ལ་མཁའ་དབུགས་གཙང་མ་བརྔུབ་སའི་ཁོར་ཡུག་ཅིག་འཚོལ་དགོས་ཀྱི་འདུག་ཅེས་རྒྱུན་དུ་བཤད་བཞིན་ཡོད།
ཁོ་རང་ན་ནིང་གསར་དུ་ནོར་རྫི་དཔེ་ལགས་ཅན་ལ་འདེམས་ནས་ཡུན་རིང་འགོར་མེད། རྟག་པར་ཁོས་ནོར་འཚོ་ས་དེ་རྩྭ་བཟང་ཐང་དང་ཆུ་བཟང་སྒང་སོགས་ཡིན་པས་ནོར་ནག་ལ་ཤ་ཤེད་རྒྱས་བ་ཤིན་ཏུ་བཟང་། ཁོ་ཚང་ལ་ནོར་ནག་བཞི་བཅུ་ཙམ་ཡོད་ལ། དེའི་ནང་ན་བ་ལང་འགའ་དང་ལྟོལ་ལུ་འགའ་ཡང་ཡོད། འབྲི་རྒན་སྔོ་ཐོ་མ་དང་འབྲི་རྒན་རོག་འཁྱོག་མ་གཉིས་ནོར་ཁྱི་འདི་ནས་ལོ་མང་འགོར་ནའང་ད་དུང་བེའུ་གཅིག་ཀྱང་ཁྲིད་མ་མྱོང་བའི་འབྲི་སྐམ་གཉིས་ཡིན། ན་ནིང་ཕྱུགས་བདག་ཚང་གིས་དགུན་ཤར་བེད་སྤྱད་བྱས་ན་ལེགས་ཚུལ་གྱི་ནང་གྲོས་ཤིག་བྱས་ནའང་ནོར་རྒྱུད་དགའ་ཞིག་ཡིན་པས་ད་དུང་ལོ་འགར་ཉར་རྒྱུའི་གྲོས་ཐོག་ལ་བབས།
སྤྱིར་ནོར་རྒྱུད་བཟང་བའི་འབྲི་མོ་འདི་གཉིས་ནོར་ཁྱུ་ནས་གྲགས་འགུལ་མེད་ནའང་ད་ལོའི་དབྱར་ཁར་ཁོ་གཉིས་ལ་ཤ་ཤེད་རྒྱས་བ་བཟང་བས་ཧར་སྒྲ་སྒྲོག་བཞིན་མགོ་ཐུག་བརྒྱབས་ནས་གཡག་རྒན་ཚོ་ལྷས་ར་ནས་ཕྱི་ལ་དེད། གླང་རྒན་དམར་ལྡང་ཚོས་འབྲི་གཡག་གི་རྩོད་གཞི་ངོ་མ་དེ་མ་ཤེས་བར་འབྲི་རྒན་གཉིས་ཀའི་གཅིན་དྲི་ལ་སྣོམ་བཞིན་ཡར་དཀྲུག་མར་དཀྲུག་བྱས་པས་ལྷས་རའི་ནང་གི་འཁྲུག་འཛིང་ཇེ་ཆེར་གྱུར། ནོར་རྫི་སྤེན་པ་འུ་ཐུག་ཏེ་ལྷས་འདབས་ནས་ཡར་རྒྱུག་མར་རྒྱུག་བྱེད་བཞིན། སྐད་མགོ་དམའ་མོ་བྱོས། སྤྱང་ཀིས་གོ་རྒྱུ་རེད། སྤྱང་ཀི་ཡོང་ན་ང་ཚོ་ཚང་མས་འགན་འཁུར་དགོས་བ་ལས་ང་ནོར་རྫི་གཅིག་པུས་འགན་འཁུར་ཐུབ་ཀི་མ་རེད་ཅེས་ཚང་མའི་ཁ་འགོག་ཐབས་བྱས་ནའང་མཐའ་མ་དེར་ཚང་མ་རང་རང་སར་གྱེས་ཏེ་ལྷས་ར་སྟོང་བར་ལུས། དྲང་མོར་བཤད་ན་ལྷས་ར་འདི་སྟོང་བར་ལྷག་དོན་འབྲི་རྒན་འདི་གཉིས་ཀའི་གཅིན་དྲི་མ་འགྲིག་པ་ཡིན་ལ་གླང་རྒན་དམར་ལྡང་ཚོའི་ཧོལ་རྒྱུག་མ་འགྲིག་པའང་ཡིན། སྤྱིར་ཡིན་ན་གླང་རྒན་འདི་དག་རྩྭ་ཆུ་འཛོམས་ཤིང་དྲོད་གྲང་སྙོམས་པའི་ཁོར་ཡུག་ཁུ་སིམ་ཞིག་ནས་རང་དགར་བསྡད་ན་འོས་མོད། ཐམས་ཅད་ཐོབ་ཐང་ཡིན་ཞེས་མཐོ་སྒང་གི་མེ་ཏོག་ཟ་འདོད་ཀྱིས་གཡག་རྒན་ཚོའི་ལྷས་རར་འཚང་གིན་ཡོད།
ནོར་རྫི་སྤེན་པ་ནི་རྫི་བོ་དཔེ་ལེགས་ཤིག་ཡིན་པ་བདེན་པའི་དབང་དུ་བཏང་ཡང་། རྫི་བོ་འདིའི་དཀའ་ངལ་ངོ་མ་དེ་ཁོས་གཡག་གི་ངུར་སྒྲ་སྒྲོག་མི་ཤེས་ལ་བ་ལང་གི་རྩྭ་ཟ་སྟངས་དང་ཆུ་འཐུང་སྟངས་དེ་བས་ཀྱང་མི་ཤེས་པས་རེད་ལ། གཤིས་རྒྱུད་མི་གཅིག་པའི་བ་ལང་དང་ནོག་ནག་མཉམ་འཚོ་བྱེད་དགོས་བ་དེ་ཁོའི་དཀའ་ངལ་གྱི་དཀའ་ངལ་ཡང་རེད།
ཚེས་༢༠་ ཉིན་གྱི་བོད་གཞུང་གི་དྲ་རྒྱའི་ནང༌། རྒྱ་ནག་གཞུང་གིས་དངོས་དོན་མ་ཤེས་པའི་ཚུལ་གྱིས་སྤྱི་འཐུས་རྣམས་ཕྱིར་ཐོན་པ་དེར་ཧ་ལས་ཧང་སངས་ལྟ་བུ་བྱས་འདུག གལ་སྲིད་དེ་ལྟར་མིན་ན་མང་གཙོའི་འགྲོ་སྟངས་སྐོར་ཅི་ཡང་ཤེས་རྟོགས་མེད་པ་གསལ་པོ་རེད། མང་གཙོ་ཞེས་པ་ནི་རང་དབང་གི་བདམ་ག་བྱ་རྒྱུ་ཡོད་པ་དེ་ཡིན། བོད་མི་མང་སྤྱི་འཐུས་ཁག་ཅིག་ཕྱིར་ཐོན་པ་དེར་བེད་སྤྱོད་ལོག་པར་བཏང་སྟེ། བཙན་བྱོལ་བོད་མིས་མང་གཙོའི་ལམ་སྲོལ་བཙུགས་པ་དེ་རྫུན་བཟོ་ལྟ་བུ་ཁྱོག་བཤད་བྱས་པ་ནི་བདེན་པ་མ་རེད། སྤྱི་འཐུས་རྣམས་ཕྱིར་ཐོན་བྱས་པ་དེས་མང་གཙོའི་ལམ་ལུགས་དང་སོ་སོའི་རང་དབང་བེད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་མཚོན་ཡོད། ཅེས་བཀོད་འདུག
བརྙན་བསྡུས་དེའི་ནང༌། ཚོགས་གཙོས་སྤྱི་འཐུས་སྒོར་དོན་ནས་གྲོས་ཚོགས་ཚོགས་མ་ཐུབ་པ་དེ། རྒྱལ་བ་རིན་པོ་ལ་གདོང་བསྟན་མི་ཕོད་ཞབས་འདྲེན་དང༌། དེ་ནི་སྤྱི་འཐུས་ཀྱི་མདོག་ཆ་བསྟན་པ་རེད་ཟེར་བཤད་སོང༌། འོན་ན་ཚོགས་གཙོ་ཡང་མང་གཙོའི་འགྲོ་སྟངས་སྐོར་ཅི་ཡང་ཤེས་རྟོགས་མེད་མཁན་ཞིག་ཡིན་ནམ། སོ་སོའི་རང་དབང་བེད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་མཚོན་ཀྱི་ཡོད་པ་ཧ་མ་གོ་བ་ཡིན་ནམ།
ཁེད་ཚོའི་དྲ་རྒྱ་འདི་ཅ་འདྲ་ཞིག་ཡིན་པར་ཤེས་སོང༌། ཨ་ཁ་ཁ། སྐྱོ་བ་ལ། ཨ་མདོ་བ་གཅིག་ལ་སྐྱོན་བརྗོད་འགྲོ་ས་མི་འདུག ལམ་སང་བསུབ་འགྲོ་ཡི་འདུག
࿋࿋࿋࿋ྈ࿋࿊࿋࿋࿊ད་དྲ་གྲོགས་རྣམ་པ
གྲོས་ཚོགས་ཀྱི་བརྙན་འཕྲིན་ལ་བལྟས་བལྟས་པའི་མཐར་ང་ལ་སྙིང་ནད་བྱུང་འདུག
སྤྱི་འཐུས་རྒྱུན་ལས་ལ་སྐྱབས་འཇུག་ཅིག་ཞུས་ན་མཐུན་སྦྱོར་འདྲ་རེག་གི་ཡོད་ན།
ང་ཡང་ཞུས་མཁས་པ་དང་རྒྱབ་སྐྱོར་ཡོད་ས་དེ་འདྲ་མིན་པས་ཐབས་གང་འདྲ་བྱེད་དགོས་རྒྱུ་རེད།
ཡང་བསྐྱར་རྙོག་གླེང་ཞིག་གི་གཞིར་འགྱུར་ཌྷཌྷའཌྷེ་འཌྷགྲོ་བ་སྐྲག་ནི་ཞིག་རེད།་་འོན་ཀྱང་ང་རྒྱབ་རྩ་མེད་པས་དེ་སྔའི་ལམ་སྲོལ་གྱི་འགྲེལ་བཤད་ཅིག་ལས་འབྲས་གཞན་གང་ཡང་ཐོབ་ཌྷཌྷའེ་ཡོང།
སྤྱིར་ལམ་སྲོལ་གསར་བ་བཟོ་ན་འགྲིག་གི་རེད་དེ་ང་ཐོག་ནས་བཟོ་ཌྷཌྷའེ་ཡོང་དཀོན་མཆོག་མཁྱེན།
ངའི་ཐོག་ནས་བཟོ་
ཁ་དང་ཁོག་ན་མི་དགོས་ཕྱོགས་རུས་ཅན།།
དབའ་དང་དབུང་བ་ངོམ་རྒྱུ་ཡིན་རབས་སོགས།།
སྐད་ཤུགས་ཆེན་པོའི་གླེང་འཕོད་སྤྱི་འཐུས་འགའི།།
བོད་ཀྱི་སྐྱིད་སྡུག་བསམ་ལུགས་ཡིན་ནམ་ཅི།།
དེ་ལྟར་སྙམ་ཞོར་སེམས་པ་སྐྱོ་བའི་བཟུང་།།
སྤྱི་འཐུས་རྣམ་པ་ཚོས་སྐུ་མཉེལ་བོ་ཞེ་དྲག་གནང་འདུག ཚང་མ་ཁོང་ཁྲོ་ལངས་ནས་རིལ་རིལ་ཆགས་འདུག་ག བཀྲ་ལག་ཀུན་འཛོམས་ཀྱི་མི་གྲུང་པོ་གཅིག་གིས་ཀླད་པའི་ནང་ཀླད་ཞོ་མེད་པའི་མི་ལྐུགས་པ་དེ་ཚོ་ག་བར་ཁྲིད་ཁྲིད་རེད།
ནོར་འཁྲུལ་གྱི་འབྱུང་ཁུངས་རྒྱུན་ལས་ལ་ཐུག བགྲོ་གླེང་གི་ཁ་ཕྱོགས་ཆོལ་ཁ་དང་མི་སྒེར་ཞིག་གི་ཐོག་སྒྱུར་མཁན་ཡང་རྒྱུན་ལས་པ་ཁ་ཤས་ཤིག་རེད། ང་ཚོགས་འདུར་ཡོང་གི་མིན། སང་ཉིན་ཡང་ཡོང་གི་མིན་ཟེར་ནས་རང་ཚུགས་མེད་པའི་རྒྱུན་ལས་པ་དང་གཞན་སྤྱི་འཐུས་སྐོར་ཞིག་ཁྱི་ཁྲིད་ཁྲིད་བྱས་ཕྱི་ལོགས་ལ་ཐོན་འགྲོ་མཁན་གྱི་གཏེ་དཔོན་ཡང་རྒྱུན་ལས་པ་ཀརྨ་ཆོས་འཕེལ་རེད།
མངའ་རིས་མི་མང་ཚུད་པའི་དབུས་གཙང་བ་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། ཀརྨ་ཆོས་འཕེལ་རྗེས་མ་ནས་སྤྱི་འཐུས་ལ་མ་འདེམས་རོགས་གནང་། མ་འདེམས་རོགས་ཟེར་ནས་རྒྱུ་མཚན་བཤད་རྒྱུ་མེད་ན་དགའ་མ་དགའི་དོན་དག་ཡིན་པས་རྒྱུ་མཚན་ནི།
ཀརྨ་ཆོས་འཕེལ་འདི་སྤྱིར་བཏང་མི་རྒྱལ་སྤྱིའི་ཕྱི་ནང་གི་གནས་ཚུལ་སོགས་ག་རེ་ཡིན་ནའང་མགོ་ཚོས་མཁན། དགའ་བ་ཡིན་ན་ཅི་བྱེད་དགོས་ཀྱང་འཇོན་ཐང་ཡང་ཡོད་མཁན་མི་དེ་འདྲ་རེད། ཡིན་ན་ཡང་། ཁོ་མི་ཡིད་ཆེས་འཁེལ་རུང་བ་ཞིག་མིན་པའི་ཚོར་བ་དེ་ང་ལ་སྔོན་མ་ཞིག་ནས་ཡོད། ད་ལྟ་དངོས་སུ་ད་བར་ཁོས་ཅི་བྱས་ཀྱིས་རང་ཉིད་མི་བཀྲ་ལག་ཀུན་འཛོམས། གཡོ་སྒྱུ་ཅན། སྤྱང་པོ་ཝ་འདྲ་བ་ཞིག་ཡིན་པ་རང་ལ་རང་གིས་བདེན་དཔང་བྱས་ཚར་པ་རེད། དོན་ཚན་འདི་དག་ལ་ཅིག་གཟིགས།
༡ སྔོན་སིམ་ལ་སློབ་གྲྭའི་འགན་འཛིན་བྱས་དུས་གཞུང་རྒྱུ་ཧམ་ཟོས་བྱས་པའི་རྙོག་དྲ་ལུང་བ་གང་ཡོད་པ་རེད།
༢ རང་ཉིད་སྤྱི་འཐུས་ཀྱི་ཚོགས་གཙོར་འདེམས་སྐབས་ཀྱང་གདོང་སྟོན་དགོས་སར་གདོང་། རྐུབ་སྟོན་དགོས་སར་རྐུབ་བསྟན་ཏེ་སྤྲེའུའི་རྩེད་སྟོན་མང་པོ་བྱས་འདུག ་་རང་བཙན་གྱི་ལྟ་བ་འཛིན་ཁུལ་བྱས་གཞོན་ནུའི་ནང་རྒྱབ་སྐྱོར་བཙལ། མདོ་སྟོད་ཀྱི་སྤྱི་འཐུས་ཚོར་གང་ཡག་བྱེད་ཁུལ་བྱས་ནས་དེ་ནས་རྒྱབ་སྐྱོར་བ་ཁ་ཤས་ཤིག་རག་་ ཐབས་ངན་ཡོད་རྒུ་རྩལ་སྤྲུགས་བྱས་མཐར་ད་ལྟའི་ཚོགས་གཙོ་ལས་ཐོགས་པ་དང་འོས་ཤོག་མཉམ་ཙམ་བྱུང་འདུག རང་ཉིད་ལ་རྒྱབ་སྐྱོར་བ་བཙལ་བའི་ཐོབ་ཐང་ཡོད་ནའང་བྱེད་སྟངས་དེ་ཚོས་ཁོའི་རང་གཤིས་ཤིག་ཀྱང་སྟོན་གི་ཡོད་པ་རེད།
༣ ༢༠༠༨ གྱི་གྲོས་ཚོགས་སྐབས་ནས་སྤྱི་འཐུས་དུ་མ་ཞིག་གིས་སྒྲིག་གཞི་གསལ་ཁ་མི་འདུག་བཤད་པར་གསལ་བཤད་ཀྱིས་གསལ་བོ་བྱས་ཡོད་བཞིན་དུ་དེ་ལ་སྣང་མེད་ཀྱིས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་བཏང་སྟེ་སྒྲིག་གཞི་དང་ལམ་ལུགས་སྲོལ་ལ་བརྩི་མེད་ཀྱིས་རྙོག་དྲ་ཆེད་བཟོ་བྱས་པའི་ནང་ཚུད་ཡོད་པ།
༤ ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་གྲོས་ཚོགས་ནང་ཁྲིམས་མཐུན་གྱིས་སླེབས་ཤིང་། འབྱུང་འགྱུར་ལ་དམིགས་པའི་གྲོད་ཆོད་གང་ཞིག་ལ་ཚུལ་མཐུན་དང་རྒྱུ་མཚན་ལྡན་པའི་བགྲོ་གླེང་མ་བྱས་པར་འགན་མེད་དཀྲོག་རྐྱེན་གྱི་སྐད་ཆ་རྐྱང་རྐྱང་བཤད་པ། མདོ་སྟོད་པ་ཚོར་སྐུལ་སློང་གིས་རྗེས་མ་ཡང་བསོད་ནམས་སྟོབས་རྒྱལ་འདེམས་ཤོག ལམ་གྲོན་གཏོང་མི་གཏོང་ལྟ་དགོས་ཟེར་བ་ལྟ་བུ།
༥ མཐར་ང་གྲོས་ཚོགས་ལ་ཡོང་གི་མིན། སང་ཉིན་ཡང་ཡོང་གི་མིན་ཟེར་ནས་ལུག་སྐྱ་བོ་དང་ལུག་དམར་པོ་འགའ་ཤས་ཁྲིད་ནས་ཕྱི་ལ་དངོས་སུ་ཐོན་ཕྱིན་ཏེ་གྲོས་ཚོགས་ལ་གཏོར་སྐྱོན་བཏང་བ།
༦ ང་ཡིན་ན་མི་བཀྲ་ལག་དང་གཡོ་སྒྱུ་ཀུན་འཛོམས། དགའ་ན་ཉིན་དཀར་ལྷ་མོའི་ལྷ་ལས་རོགས མ་དགའ་ན་དགོང་མོ་འདྲེ་མོའི་ཐག་འཐག་རོགས་འདི་འདྲ་སྤྱི་འཐུས་ནང་འདེམས་ས་མ་རེད།
སྲིད་མི་ཤེས་ཀྱང་སྲིད་ལ་ཁ་འཇུག་མཁན་གྱི་ཁྱི་སྤྱང་དམར་དམར། ཆབ་སྲིད་པ་མགོ་གྲུང་པོ་ཚོས་རྩམ་རྡོག་རེ་སྟེར་གི་སྟེར་གི་གང་སར་ཁྲིད་དགོས་ན་ཁྲིད་ཆོག་ཆོག་གི་ཆོས་ལུགས་སྤྱི་འཐུས་དེ་ཚོ་རྦད་དེ་བསྡུ་གསོག་རྒྱབ་ན་ཡག་གི་རེད། ཁོ་ཚོའི་རྐང་པ་དེ་ཚོ་རང་ཉིད་ཀྱི་རྐང་པ་ཡིན་ནི་མ་རེད། རྐང་པ་བཟོས་མ་ཡིན་ནི་རེད།
རྐང་པ་བཟོས་མ་དེ་ཚོ་མི་གཞན་ལ་གཏོགས་ནི་རེད།
ཨོ་འདིར་ཚང་མར་གསལ་བཤད་ཞུ་རྒྱུ་ཞིག་ལ་མི་མང་པོ་ཞིག་གིས་རེ་བ་བཏོན་པ་ལྟར་གྲོས་ཚོགས་ཀྱི་བརྙན་པར་དེ་ཚང་མ་དྲ་ཐོག་ལ་འཇོག་ཐུབ་ན་ཡག་པོ་ཡོད་པ་བཤད་མཁན་བྱུང་། ཡིན་ཡང་རྒྱུ་རྐྱེན་མང་པོ་ཞིག་གི་རྐྱེན་པས་འཇོག་ཐུབ་མ་སོང་། སྟབས་ལེགས་པ་ཞིག་ལ་བོད་རྒྱལ་ལོས་འོད་སྡེར་ཁྱབ་བསྒྲགས་དང་མཉམ་དུ་བཟོས་པའི་བརྙན་ཐུང་དེར་ཕྲན་ནས་ཁ་གནོན་ཕྱོགས་བསྡུས་བྱས་ནས་འདིར་བཀོད་ཐབས་བྱས་བ་ཡིན་པས་རྣམ་པ་ཚོས་ཕལ་ཆེར་གྲོས་ཚོགས་སྐབས་ཀྱི་སྤྱི་ཡོངས་ཀྱི་གནས་སྟངས་ཁག་ཉེས་དགའ་ཕྱོགས་རིས་མེད་པར་དོན་ངོས་ཤེས་རྟོགས་ཐུབ་ཐབས་ལ་ཕན་པའི་རེ་བ་ཡོད།
ཨ་ཙི་ཙི། དེ་འདྲའི་ཁྱད་མཚར་བ་ལ། ཞབས་འདྲེན་ནི་ཞུས་ཚར་འདུག་པས། ད་ཁོ་ཚོ་རྒྱག་རེས་ཤིག་བརྒྱབ་ཡོད་ན་རྒྱལ་ཕམ་གྱི་དབྱེ་མཚམས་གསལ་པོ་འབྱེད་ཐུབ་ས་རེད། དེ་དུས་ངུར་སྨྲིག་རྒྱལ་མཚན་འཆང་བའི་སྡེ་ཅན་ཚོ་ལ་རྒྱལ་ཁའི་རྟགས་མ་རེག་ཡོང་བ་ནི་སེམས་ཐག་བཅད་ཆོག་ཆོག་འདུག ལྷ་བདུད་དུ་བབས་པའི་བཟོ་ལྟར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དེ་ཚོ་ཇི་འདྲའི་འཇིགས་སུ་རུང་བ་ཞིག་འདུག་ཨང་། ཆོས་དྲེད་ལ་སོང་བའི་རྟགས་མཚན་མངོན་གསལ་ཅན་ནི་དེ་འདྲ་རང་རེད། གྲོས་ཚོགས་ཀྱི་བྱབ་ཆུང་རྩོད་རྙོག་འདི་ནི་ཆོས་ལུགས་དང་ཆོལ་ཁའི་དབྱེ་བ་མེད་པར་གྲོས་ཚོགས་སྤྱིའི་ནག་ཉེས་དང་། ཉམ་ཆུང་བོད་མི་མང་གི་ངོ་ཚར་གྱུར་ཡོད། བོད་མི་མང་གི་འཐུས་ཚབ་ཡིན་ཟེར་བཞིན་བོད་མི་མང་གི་སེམས་ནང་ལ་རྨ་ཁ་འདི་འདྲ་ཇི་ལྟར་འཇོག་ཐུབ་པ་ཡིན་ནམ། བསམ་ཚུལ་མི་མཐུན་པ་ཙམ་ལ་དེ་འདྲའི་ཞེ་འཁོན་ཆེན་པོ་བཟུང་བསྡད་ན་གྲོས་ཚོགས་ཀྱི་ར་བ་འདི་གང་ཟག་སྒེར་གྱི་སྙིང་ནད་གླེང་སྟེགས་སུ་འགྱུར་རྒྱུ་ལས། བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་བོད་དོན་གླེང་སྟེགས་ཤིག་ནམ་ཡང་ཆགས་དཀའ་བ་ཡིན།
སེམས་སྐྱོ་བ་ལ།་་་ང་ཚོའི་ཨ་ཡོད་ནང་གི་ད་ཡོད།་་་སྒོ་ང་ནང་སེར་རིལ་ཚོའི་བཀའ་མོལ་གསུངས་སྟངས་ལ་གཟིགས་དང།་་་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ད་ལེན་གྱི་གནས་ཚུལ་འདིའི་རྒྱབ་ལྗོངས་གྱི་བྱེད་ལྟེ་ངོ་མ་ཞིག་ཡིན་པ་ང་ཚོས་དངོས་དངོས་རྗེན་རྗེན་གྱི་ཤེས་བྱུང།་་་རྗེས་སུ་མི་འདི་རིགས་ལ་དོ་སྣང་བྱེད་དགོས།་་་་མི་རབས་གསར་པ་ཚོས་ད་ལེན་གྱི་གནས་ཚུལ་དེ་སྐྱར་བཟློས་མི་གནང་བའི་རེ་བ་ཞུ།་་་ད་ནས་བཟུང་སྤྱི་འཐུས་ལས་ཐོག་པ་ཚོས་གནས་ཚུལ་འདི་རིགས་མི་ཡོང་བ་ལ་ཆོལ་ཁ་དང་ཆོས་ལུགས་བེད་སྤྱོད་མེད་པར་གནས་ཚུལ་གྱི་ངོ་བོ་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་བེད་སྤྱོད་གཏོང་རོགས།་་་་་གལ་སྲིད་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་མེད་ན་རྗེས་སུ་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་སྤྱི་འཐུས་སུ་མི་བཞེངས་པའི་རེ་བ་ཞུ།
ཆོལ་ཁ་གསུམ་གྱི་མི་མང་ཚང་མར་འབོད་སྐུལ་ཞུ་རྒྱུར། རྗེས་མ་ནས་སྤྱི་འཐུས་འདེམས་སྐབས་རང་རང་གི་ཆོལ་ཁའི་ཕྱོགས་ཞེན་ཆེ་བའི་མི་སུ་གཅིག་ཀྱང་སྤྱི་འཐུས་ལ་མ་འདེམས་རོགས། ང་ཚོས་ད་བར་དུ་སྤྱི་འཐུས་ཚོར་ལྟད་མོ་བལྟས་ཡོང་པ་རེད། ཕྱོགས་ཞེན་ཅན་དེ་ཚོས་སྐུ་མདུན་གྱིས་གསུངས་པ་ལྟར་སྤྱི་པའི་འཐུས་མི་ཞིག་བྱེད་མི་ཐུབ་པ་མ་ཟད་ཆོལ་ཁའི་མཐུན་སྒྲིལ་ལ་གནོད་པ་བྱེད། རང་ཉིད་ཀྱི་ཞབས་འདྲེན་ཞུས། ཆོལ་ཁ་ལ་ཕན་ཐོགས་མེད་པ་མ་ཟད་ཆོལ་ཁ་ལ་མིང་ཆད་ངན་པ་ཡོང་བ་དེ་ནི་དངོས་མཐོང་རེད། དེས་ན་ང་ཚོས་ཅིའི་ཕྱིར་ཆོལ་ཁའི་ཕྱོགས་ཞེན་ཅན་དེ་ཚོ་སྤྱི་འཐུས་ལ་འདེམས་ཡོང་གི་ཡོད་པ་རེད།
གྲོས་ཆོད་ལ་རྒྱབ་སྐྱོར་དང་ངོ་རྒོལ་གང་ཡིན་ནའང་གནས་ལུགས་དང་རྒྱུ་མཚན་བཤད་ནས་ངོ་རྒོལ་དང་ཡང་ན་རྒྱབ་སྐྱོར་བྱས་ན་དེ་ནི་འོས་ཤིང་འཚམས་པ་ཞིག་རེད། གྲོས་ཆོད་ལ་མང་མོས་བྱུང་བ་ཡིན་ནའང་དེ་ནི་བསོད་ནམས་སྟོབས་རྒྱལ་གཅིག་པོ་མིན་པར་མ་འོངས་པར་རྒྱ་བོད་འབྲུག་གསུམ་གྱི་སྤྱི་འཐུས་ཕྱི་ལོགས་ན་ཡོད་པ་ཚང་མར་འབྲེལ་བ་ཞིག་རེད་ལ། གྲོས་ཆོད་ལ་ངོ་རྒོལ་གྱིས་ཕྱིར་འཐེན་བྱས་ཏེ་ཕྱི་བཞུགས་སྤྱི་འཐུས་ཚོའི་ལམ་གྲོན་གཞུང་གིས་གཏོང་དགོས་པའི་གྲོས་ཆོད་གསར་པ་ཞིག་བཞག་པ་ཡིན་ནའང་སྤྱི་འཐུས་ཡོང་གི་ཐོབ་ཐང་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས་སྤྱི་འཐུས་རེ་ཟུང་དང་ཆོལ་ཁ་བྱེ་བྲག་པ་ཞིག་ལ་འབྲེལ་བ་ཞིག་མ་རེད།
ཧ་སངས་པ་ཞིག་ནི་གྲོས་ཆོད་དེ་འཇོག་དགོས་མི་དགོས་ཀྱི་སྐོར་རྒྱུ་མཚན་མི་བཤད་པར། མི་སྒེར་ཞིག་དང་ཆོལ་ཁ་ཞིག་དེའི་ནང་ཨུ་ཚུགས་རྒྱབ་ནས་དྲུད་ཡོང་མཁན་དེ་ཚོ་རྫབ་ཆེན་རེད། བློ་ཕམ་ཞེ་དྲག་ཡོད།
ཀརྨ་ཆོས་འཕེལ་གྱི་སྐད་ཆ་མགོ་མཇུག་ཚང་མ་དཀྲོག་རྐྱེན་དང་ངན་སྐུལ་གྱི་སྐད་ཆ་ཁོ་ན་རེད། མགོ་མཇེ་མགོ་ལྟ་བུའི་སྐུ་ཤོག་ཅིག་གིས་ཁམས་ལུང་པ་ལས་སླ་པོ་མ་རེད་ཟེར་བ་ལྟ་བུ། འཇུ་ཆེན་དཀོན་མཆོག་ཟེར་བའི་སྐྱེས་དམན་རླུང་རོ་མ་དེས་བསོད་ནམས་སྟོབས་རྒྱལ་ལ་བདག་པོ་མེད་པ་མ་རེད་ད་ཟེར་བ་ལྟ་བུ། གཞན་པ་འགའ་རེས་ཡག་པོ་བྱས་ན་ཡག་པོ་ཡིན། ཡག་པོ་མ་བྱས་ན་ག་རེ་ཡིན་ནའང་ཡོང་སྲིད་གི་རེད་ཟེར་བ་ལྟ་བུའི་སྐད་ཆ་དེ་ཚོ་ཧམ་ཆེན་རང་རེད།
བསྟན་འཛིན་མགོན་པོས་ད་ཐེངས་ཆོལ་ཁ་ལ་ཕྱོགས་ཞེན་མེད་མདོག་ཇོ་བཟང་གི་མིང་ཞིག་ལེན་དགོས་བསམ་པ་རེད་དེ་དུས་ནོར་ལམ་ནོར་བྱུང་བ་རེད། སྔོན་མ་ཞིག་ལ་ཁོས་ཟམ་གདོང་རིན་པོ་ཆེས་སྒྲིག་འགལ་བྱས་སོང་ཟེར་ནས་རྙོག་དྲ་མང་པོ་ཞིག་བཟོས་པ་རེད། དེ་དུས་ངས་ཁོའི་སྦྱར་ཡིག་དེར་ཡག་པོ་ཞིག་བལྟས་པ་ཡིན་ཏེ། ཚིག་འབྲུ་མི་གསལ་བ་། དོན་མི་གསལ་བ། ག་རེ་བཤད་གི་ཡོད་མེད་གསལ་ཁ་མེད་པ་ཞིག་རེད་ངས་དེ་དུས་མགོ་ཡག་པོ་ཚོས་མ་སོང་། ཡིན་ནའང་སྒྲིག་འགལ་ཕྲ་ཞིང་ཕྲ་བ་ཞིག་ཡིན་ནའང་དེ་ལ་དོ་སྣང་གིས་དེ་རིགས་ལ་ངོ་རྒོལ་བྱས་ན་དེར་རྒྱབ་སྐྱོར་ཡོད། བསམ་ཡིད་ལས་འདས་པ་ཞིག་ལ་ད་རེས་རྒྱུན་ལས་ཀྱིས་བསམ་བཞིན་ཁྲིམས་འགལ་གྱི་བྱ་བ་བྱས་པ་འདི་འདྲའི་སྐབས་གདོང་འབབ་གཞན་ཞིག་བསྟན་པ་དེ་སྤྱང་པོ་འཁྲབ་མ་ཤེས་པར་ལྐུགས་པའི་ལས་སུ་ཕྱིན་པ་རེད།
དྲ་བརྙན་འདིའི་ཐོག་གི་དུག་སྦྲུལ་ལྟ་བུའི་སྤྱི་འཐུས་ཕྱོགས་ཞེན་གྱི་མིག་འབྲས་ཞ་ར་དེ་ཚོ་ཆོལ་ཁོངས་གང་ཡིན་ངོས་ཟིན་པ་བྱས་ནས་རྗེས་མ་སྤྱི་འཐུས་ནང་མི་འདེམས་པའི་འབོད་སྐུལ་ཞུ་གི་ཡིན།
དཔྱད་བརྗོད་པ་སྐོར་ཞིག་གི་སྐད་ཆ་དེ་ཕྱོགས་ཞེན་རེད་ཟེར་ནས་ངས་བཤད་མི་ཐུབ་ཀྱང་། གྲོས་ཚོགས་ཀྱི་ངོ་གདོང་རང་ལ་བལྟས་ཏེ། གྲོས་ཆོད་འདོན་མཁན་སྒྲོལ་མ་འཚོ་མོར་སྐྱོན་བརྗོད་མང་པོ་ཞིག་བྱེད་པ་དེར་རྒྱབ་སྐྱོར་བྱེད་མི་ཐུབ། རྙོག་དྲ་ཚང་མའི་འབྱུང་རྩ་རྒྱུན་ལས་ཀྱི་ནོར་འཁྲུལ་ལ་ཐུག་པ་རེད། ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་གྲོས་ཆོད་དེ་གྲོས་ཚོགས་ལ་སླེབས་སྟངས་ཁྲིམས་མཐུན་རེད་འདུག མི་བཅུ་བཞིས་སྔོན་ལ་ས་རྟགས་རྒྱབ་པ་དེའང་ཁྲིམས་འགལ་སྒྲིགས་འགལ་དེ་འདྲ་གང་ཡང་རེད་མི་འདུག
སྤྱི་འཐུས་སྒྲོལ་མ་འཚོ་མོ་ནས་ད་ཐེངས་རྒྱུན་ལས་པ་ཁག་ཅིག་གིས་དཔུང་སྒྲིལ་གྱིས་ཁྲིམས་འགལ་གྱི་ལས་ཀ་དང་སྤྱི་འཐུས་གྲོས་ཚོགས་ལ་བསམ་བཙུགས་ནས་གཏོར་བཤིག་བཏང་བའི་ཁ་གཏད་དུ་ལངས་པར། ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཆོལ་ཁ་གསུམ་གྱི་སྤྱི་འཐུས་མང་ཆེ་བ་ལྟར་ངས་ཀྱང་རྒྱབ་སྐྱོར་ཡོད། མུ་མཐུད་དུ་ཁྱི་སྤྱང་ངན་འབྲེལ་བྱེད་མཁན་ཚོའི་ཁ་གཏད་ལ་ལངས་རྐྱང་བྱོས་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།
ད་རུང་བཤད་དགོས་ན་ད་རུང་བཤད། ངས་ཕྱོགས་ཞེན་བྱེད་གི་འདུག་ཟེར་མཁན་རེ་ཟུང་ཡོད་པ་ངས་ཤེས་གི་ཡོད། ངས་སུའི་་ཕྱོགས་ཞེན་བྱེད་དགོས་རེད། དོན་དམ་པས་ངས་ཕྱོགས་ཞེན་བྱས་སོང་ཟེར་མཁན་དེ་ཚོ་ཕྱོགས་ཞེན་པ་རེད། གཅིག་ངར་གཉིས་ངར་བྱས་ནས་མིང་རྫུན་འདྲ་མི་འདྲ་ཁྱེར་ཏེ་ཤོག་དང་ངས་ཕྱགས་ཐེངས་གཅིག་ལ་གད་རྙིགས་ནང་འདེད་གི་ཡིན།
ཁོང་ཚོ་ཚང་མར་རྒྱུག་པ་རེ་སྤྲད། རང་རང་སོ་སོའི་མི་དགའ་སའི་སྤྱི་འཐུས་ཁ་གཏད་དེ་འདེམས་ཅུག གངས་སྐྱིད་ཀྱི་ཐང་དེ་ལ་རྒྱག་རེས་ཡག་པོ་ཞིག་རྒྱག་ཅུག དེ་ནས་སྤྲང་པོ་དེ་ཚོ་ཚང་མ་རླངས་འཁོར་ཞིག་གི་ནང་ལ་བླུག། ལྡི་ལིའི་སྤྱན་གཟན་ཁང་གི་སྟག་གཟིག་ཁྱི་སྤྱང་དེ་ཚོའི་ལྟོ་ལ་སྦྱིན་ན་ཡང་། ད་དུང་ང་ཁོང་ཁྲོ་འཇགས་མི་ཐུབ།
ད་ལྟ་བོད་དོན་འདི་གལ་འགངས་ཆེ་བའི་སྐབས། རྒྱལ་བ་རིན་པོ་ཆེ་ཁོང་གོང་ལོ་རྒས་ནས་སེམས་ཁྲལ་ཆེ་ཤོས་སྐབས། རྒྱ་ནག་འདི་སྟོབས་ཤུགས་རྒྱས་པའི་སྒང་། བོད་ནང་གི་བོད་མི་ཚོ་སྡུག་གཅོད་ཆེས་སྡུག་པའི་སྐབས། བོད་མི་རིགས་ཀྱི་གསོན་འཇིགས་དེ་གཉན་འཕྲང་གི་སྒང་། ད་དུགན་རྒྱ་གར་ནང་བོད་མི་སྡོད་ཐུབ་མིན་གྱི་གནད་འགག་སྐབས་ལ། སྤྲང་པོ་དང་སྤྲང་མོ་དེ་ཚོས། རང་མགོ་ལ་རང་གི་རྡོ་རྒྱབ་པའི་ལས་རྫབ་ཆེན་འདི་འདྲ་གྱིད་དུས། ངོ་མ་སྤྱི་འཐུས་དེ་ལ་སྣུམ་ཀྲག་གཉིས་ཙམ་ཤོས་ནས་མཉམ་དུ་མེ་སྲེག་གཏོང་དགོས་ས་རེད། རྒྱལ་བ་རིན་པོ་ཆེ་ཞལ་ནས་ཇི་མ་གསུངས་རུང་ག་ཚོད་ཐུགས་ཕམ་སོང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་ག་ཚོད་རྟེན་འབྲེལ་སྤྱིན་མ་སོང་ངམ།
ད་རེས་ཕྱོགས་བཞེན་བྱེད་མཁན་གཏེ་པོ་དེ་ཚོའི་མགོ་ལ་རྒྱག་མཁན་བྱུང་ན། ཤུགས་ལྡན་ཡིན་ནའི་སླར་གསོ་བྱེད་ཀྱི་ཡིན། དཀོན་མཆོག་གསུམ།
མདའ་ཚན་པས་རྗེས་སུ་སྤྱི་མཐུས་འདེམས་སྐབས་རང་རང་གི་ཆོལ་ཁའི་ཕྱོགས་ཞེན་ཆེ་བའི་མི་གཅིག་ཀྱང་མ་འདེམས་རོགས་ཞེས་འབོད་བསྐུལ་ཞུས་ནས་བཤད་ལྟར་ན་རྗེས་སུ་གྲོས་ཚོགས་སྐབས་བཅོ་ལྔ་པའི་དུས་དེར་མདོ་སྨད་དམ་ཨ་མདོའི་སྤྱི་མཐུས་གཅིག་ཀྱང་ཡོང་རྒྱུ་མ་རེད་སྙམ། གང་ཡིན་ཟེར་ན་རང་གི་ཆོལ་ཁ་ཁོ་ན་ལས་བོད་སྤྱི་བའི་གནས་སྟང་མི་བསམ་པར་ཨ་མདོ་བ་འདི་དག་ལས་ཐུ་བ་ཞིག་མེད་པ་ནི་དྲྭ་རྒྱའི་ཟིན་མཆན་འདི་དག་གིས་ཀྱང་ཤེས་ནུས་པས་སོ།
མདའ་ཚན་པས་རྗེས་སུ་སྤྱི་མཐུས་འདེམས་སྐབས་རང་རང་གི་ཆོལ་ཁའི་ཕྱོགས་ཞེན་ཆེ་བའི་མི་གཅིག་ཀྱང་མ་འདེམས་རོགས་ཞེས་འབོད་བསྐུལ་ཞུས་ནས་བཤད་ལྟར་ན་རྗེས་སུ་གྲོས་ཚོགས་སྐབས་བཅོ་ལྔ་པའི་དུས་དེར་མདོ་སྨད་དམ་ཨ་མདོའི་སྤྱི་མཐུས་གཅིག་ཀྱང་ཡོང་རྒྱུ་མ་རེད་སྙམ། གང་ཡིན་ཟེར་ན་རང་གི་ཆོལ་ཁ་ཁོ་ན་ལས་བོད་སྤྱི་བའི་གནས་སྟང་མི་བསམ་པར་ཨ་མདོ་བ་འདི་དག་ལས་ཐུ་བ་ཞིག་མེད་པ་ནི་དྲྭ་རྒྱའི་ཟིན་མཆན་འདི་དག་གིས་ཀྱང་ཤེས་ནུས་པས་སོ།།
བརྙན་བསྡུས་འདི་ལ་བལྟས་ན་སྒྲོལ་མ་འཚོའི་གྲོས་གཞི་ལ་རྒྱབ་སྐྱོར་གནང་མཁན་༢༠དང་། དགག་པ་བྱེད་མཁན་༡༣ལས་མེད་ན། ཅིས་ཕྱིར་མང་མོས་ཀྱི་ཐོག་ནས་ཐག་གཅོད་མ་ཐུབ་པ་རེད་དམ།
བླ་རྒན་སྔོ་གྱོང་གྲོས་ཚོགས་འདིའི་ནང་ཞེད་དགོས་ས་དང་། མགོ་སྒུར་དགོས་ས་སུ་ཡང་མེད་ཅེས་ང་རྒྱལ་རི་ལས་མཐོ་བ་དེ་དགེ་ལུགས་སྤྱི་འཐུས་རྒྱུན་ལས་བེ་རི་འཇིགས་མེད་རེད།
ཁམས་པ་ཟེར་བ་དེ་ལས་སླ་བོ་ཡོད་པ་མ་རེད་ཟེར་མཁན་བླ་གཟུགས་ཆགས་གཡག་འདྲ་མ་དེ་རྙིང་མའི་སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་རེད།
ས་ཡིག་མང་པོ་བསྡུ་རིབ་བྱས་པར་དཔུང་སྒྲིག་བྱས་པར་ངོས་འཛིན་བྱེད་ཅེས་ཟེར་མཁན་བན་གཟུགས་གཤིན་རྗེ་འདྲ་མ་དེ་བོན་སྤྱི་རྒྱུན་ལས་སྨོན་ལམ་མཐར་ཕྱིན་རེད།
ཡག་པོ་བྱས་ན་ཡག་པོ་ཡིན། ཡག་པོ་མ་བྱས་ན་ག་རེ་ཡིན་ནའང་ཡོང་སྲིད་གི་རེད་ཟེར་མཁན་སྐྱགས་པ་འབུས་ཟོས་པ་འདྲ་བའི་བླ་རྒན་དེ་ས་སྐྱའི་སྤྱི་འཐུས་རྒྱུན་ལས་ཚེ་རིང་པོ་རེད།
མདོ་སྟོད་རྒྱ་ཆེའི་མི་མང་ལ་ངས་འབོད་སྐུལ་ཞུ་གི་ཡོད། སྐབས་བཅོ་ལྔ་བ་པའི་སྐབས་ལ་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་མུ་མཐུད་དུ་སྤྱི་འཐུས་ལ་བསྐོས་དགོས་རེད་ད། ཨོ་སུ་ཁྲོར་ལས་ཡར་བསྡད་ཡོད། དེ་དུས་གཞུང་ནས་འགྲོ་གྲོན་གཏོང་མིན་ང་ཚོས་ལྟ་གོ་ཟེར་མཁན་དེ། ན་ནིང་ཆང་གིས་བཟི་ནས་ཞབས་འདྲེན་གནམ་སར་མི་ཤོང་བ་འཇོག་མཁན་ཚོགས་ཟུར་ཀརྨ་ཆོས་འཕེལ་རེད།
དཔུང་སྒྲིག་ཡོད་དགོངས་ཀྱི་ཡོད་ན། དཔུང་སྒྲིག་ཡོད། ཕྱིར་འཐེན་བྱེད་དགོས་དོན་རྩ་བ་ནས་མེད་ཟེར་མཁན་ངར་མ་འདྲེ་མོ་འདྲ་མ་དེ་འཇུ་ཆེན་དཀོན་མཆོག་རེད།
གང་ལྟར་ཐ་མར་བོད་མི་མང་ལ་འབོད་སྐུལ་ཞུ་རྒྱུར། མ་འོངས་སྐབས་བཅོ་ལྔ་པར་ཆོལ་ཁ་ཆོས་རྒྱུད་ལ་ཕྱོགས་རེས་དང་འཐེན་འཁྱེར་དཀྲུགས་ཤིང་འཕེན་མཁན་ཞིག་སྤྱི་འཐུས་ལ་མི་འདེམས་པར། སྤྱི་འཐུས་བོད་མིའི་སྤྱི་མི་ངོ་མ་ཞིག་འདེམས་རོགས་ཞེས་ལག་ཐལ་མོ་སྦྱར་ནས་ཞུ་བ་ཡིན།
ཡི་མཐུས་
ཨོ་སྟོབས་རྙིང་མའི་སྤྱི་འཐུས་མ་རེད། མདོ་སྟོད་སྤྱི་འཐུས་རེད།
བློ་གྲོས་ལགས་ཀྱིས་སྐྱག་པ་འབུས་ཟོས་ག་ཟི་དགེ་བཤེས་ཟེར་བ་དེ་རྙིང་མའི་སྤྱི་འཐུས་ཡིན་པ་འདྲ། ངོ་ཤེས་མཁན་ཡོ་དམ།
མྱིག་རྫོད་ལགས། མ་རེད། རྙིང་མའི་རྒྱུན་ལས་དེའི་སྔོན་དུ་བླ་རྒན་མགོ་ཟོར་གཏོར་མ་འདྲ་ཟིག་ཡོད་པ་དེ་རེད། ཡང་བསྐྱར་གཅིག་གཟིགས་དང་ཤེས་ཐུབ།
བསྟན་འཛིན་མགོན་པོའི་རྗེས་ཀྱི་བླ་རྒན་མགོ་ཟོར་དེ་རྙིང་མའི་སྤྱི་འཐུས་རྒྱུན་ལས་རེད།
ངས་སྤྱིའཐུས་ནང་གི་འགོང་པོ་དེ་ཚོ་སུ་ཡིན་དང་ཆོལ་ཁོངས་གང་ཡིན་མི་ཤེས། བློ་གྲོས་ཀྱིས་བཤད་པ་ལྟར་ཡིན་ན་རྗེས་མ་ཁོ་ཚོ་སྤྱི་འཐུས་ལ་འདེམས་རྒྱུ་རྩ་ནས་མི་འདུག་པས་ཆོལ་ཁ་དང་ཆོས་བརྒྱུད་སོ་སོས་མི་ངན་དེ་ཚོར་དོ་སྣང་བྱས་ནས་ངན་པ་སྐྱར་འདེམས་མ་ཡོང་བའི་འབོད་སྐུལ་ཡོད། དེ་ཚོ་ཆོལ་ཁ་དང་ཆོས་བརྒྱུད་གང་ཡིན་པ་དེའི་ཞབས་འདྲེན་ཞུ་མཁན་རེད། ཆོལ་གསུམ་མི་མང་གི་བར་དཀྲུག་ཤིང་རྒྱག་མཁན་རེད། གཞིས་སྡོད་མི་མང་གི་རེ་བ་ཆུ་ལ་སྐུར་མཁན་དག་རེད། བོད་ནང་གི་རྒྱལ་གཅེས་དཔས་བོ་དཔའ་མོ་ཚོའི་སེམས་ཤུགས་གཅོག་མཁན་རེད།
ང་ལ་ནུས་མ་ཞིག་མེད་པ་མ་གཏོགས་མི་ངན་འདི་ཚོ་ཚང་མ་ཟོག་བཞིན་སྐེ་སྦྲེལ་བྱས་ཏེ་དེད་ཕྱིན་ནས་རྒྱ་ནག་ལ་རྩིས་སྤྲད་འཇོག་ས་རེད། ཕྱི་བཤིག་གི་སྟ་རེ་དང་ནང་བཤིག་གི་སྟེའུ་ཟེར་བ་དེ་འདི་ཚོ་མིན་ན་སུ་ཡིན།
ཨ་བོད་བསྟན་སྲིད་ཀྱི་སྲུང་མ་དམར་ནག་གཉིས། ཡོད་ན་ར་དེ་རིང་ཡིན་དྲ་མེད་ན་ར་དེ་རིང་ཡིན།
རྒྱལ་དབང་རིན་པོ་ཆེའི་མདུན་ནས་བོད་ཀྱི་སྤྱི་མི་ཞིག་བྱེད་པའི་དམ་བཅས་ནས་དོན་དངོས་སུ་ཕྱོགས་ཞེན་འཐེན་འཁྱེར་རྐྱང་རྐྱང་བྱས་སྡོད་མཁན་ཁ་དོན་མི་མཚུངས་པའི་ཁྱི་སྤྱང་ངན་པ་འདི་ཚོ་གྲོས་ཚོགས་ཁང་ནས་སྐེ་ཐག་པ་རྒྱབ་སྟེ་ད་ལྟ་ཉིད་དུ་མར་ལ་འདྲུད་རོགས་གནང་།
འདིའི་ནང་ཁོ་ཚོའི་ཚིག་ཟུར་རེ་ལས་མི་འདུག སྤྱི་འཐུས་རེ་རེའི་སྐད་ཆ་ཡོངས་རྫོགས་གྲོས་ཚོགས་ཡིག་ཆ་དེ་ཚོ་ལྟ་བུར་ཡོད་ན་ང་ཚོས་གཞི་ནས་སྤྱི་འཐུས་རེ་རེའི་ལྟ་བ་དང་ལངས་ཕྱོགས་གསལ་བོར་ཤེས་ཀྱི་རེད། དེ་ནས་མཐའ་མར་སྡོམ་ཚིག་རེ་ཡང་འཇོག་ཐུབ་ཀི་རེད། ངས་ནི་ཨ་ལགས་ཟམ་གདོང་ཚང་ཚོགས་མགོ་ཞིག་ན་གཉོམ་ཆུང་མདོག་ཤོར་ཞིག་བྱས་ནས་བཞུགས་ཡོད་པ་དེ་མཐོང་ནས་སྙིང་ཡང་རྗེ་སོང་། ད་དགུང་ལོ་ཡང་མཐོན་པོ་རེད།
མདའ་ཚན་པས་གསུངས་པར་རྒྱབ་སྐྱོར་ཡོད། མྱི་གླུད་དེ་ཚོས་དང་པོར་གཡོ་རྒྱུ་ཁྲམ་གསུམ་བཤད་ནས་སྤྱི་འཐུས་སུ་ཐོན་ཐབས་བྱས།
བར་དུ་༧གོང་ས་མཆོག་གི་མདུན་དུ་ཁ་ཁོག་མི་མཚུངས་པའི་དམ་བཅའ་བྱས་ནས་ནང་དཀྲུགས་བྱེད་མགོ་བརྩམས།
ཐ་མར་བོད་གཞི་བྱེས་གཉིས་ཀྱི་རེ་བ་ཆུ་ལ་ཕོས་ཏེ་དགྲ་དགའ་གཉེན་སྡུག་གི་བྱ་བ་འདི་འདྲ་བྱས་ཡོང་ན་སྙིང་ནས་བཟོད་ཐབས་བྲལ་ཡང་ཅི་བྱེད།
ནམ་རྒྱུན་ང་ཚོར་སྲུང་མ་དམར་ནག་གཉིས་ཟེར་བ་བོས་ན་ཨ་ལན་སྤྲོད་མཁན་དང་། རྦད་ན་ཐོག་ལྟར་རྒྱུགས་མཁན་གཉིས་ཡོད་ཟེར་བ་བདེན་ན། བསྟན་དགྲ་འདི་རྣམས་ཀྱི་སྙིང་ཁྲག་མོ་ནང་ཁྲོལ་དང་བཅས་པ་ད་ལྟ་ཉིད་དུ་བཞེས་ཤིག རོལ་ཅིག ཁ་རཾ་ཁཱ་ཧི།
ད་ལོའི་ལོ་གསར་གྱི་གཏོར་རྒྱག་བྱེད་ས།
གོང་དུ་བློ་གྲོས་ཀྱིས་མིང་བཏོན་པའི་སྦྲུལ་མགོ་ཀརྨ་ཆོས་འཕེལ། དགེ་ལུགས་སྤྱི་འཐུས་ལྟོ་འགྲོ་བེ་རི་འཇིགས་མེད། རྙིང་མའི་སྤྱི་འཐུས་ཆུ་གླང་ཨོ་རྒྱན་སྟོབས་རྒྱལ། བོན་གྱི་སྤྱི་འཐུས་གཤིན་དམར་སྨོན་ལམ་མཐར་ཕྱིན། ས་སྐྱའི་སྤྱི་འཐུས་སྐྱག་འབུ་ཚེ་རིང་པོ། འདྲེ་མོ་འཇུ་ཆེན་དཀོན་མཆོག་འདི་ཚོ་ཡིན་ད། གཞན་པ་ཁྱེད་ཚོ་ལ་ཁ་སྣོན་བྱེད་རྒྱུ་ཡོད་ན་ཁ་སྐོང་གནང་རོགས་གནང་། མི་དགོས་པ་འདི་ཚོ་མང་ཆེ་བ་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རེད་འདུག་ག
ངས་གོང་དུ་ལབ་ཡིན་པ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་འདི་ཚོའི་རྐང་པ་རང་ཉིད་ཀྱི་རྐང་པ་མ་རེད། རྐང་པ་བཟོས་མ་རེད། གཞན་ལ་དབང་བའི་རྐང་པ་རེད་ལབ་ཡིན་པ།
འདི་ཚོ་ཆོལ་ཁ་ལ་འབྲེལ་བ་མི་འདུག ཕལ་ཆེར་འདི་ཚོ་རྒྱུན་ལས་ནང་ན་ཡོད་རྒྱུ་རེད་ད། ཏན་ཏན་རྒྱུན་ལས་ཀྱི་ནོར་འཁྲུལ་དེར་འབྲེལ་བ་ཡོད་རྒྱུ་རེད།
རེད། ལྟས་ངན་འདི་དག་ཚང་རྒྱུན་ལས་ནང་ཡོད་པ་རེད། སྦྲུལ་མགོ་ཀརྨ་ཆོས་འཕེལ། དགེ་ལུགས་སྤྱི་འཐུས་ལྟོ་འགྲོ་བེ་རི་འཇིགས་མེད། རྙིང་མའི་སྤྱི་འཐུས་ཆུ་གླང་ཨོ་རྒྱན་སྟོབས་རྒྱལ། བོན་གྱི་སྤྱི་འཐུས་གཤིན་དམར་སྨོན་ལམ་མཐར་ཕྱིན། ས་སྐྱའི་སྤྱི་འཐུས་སྐྱག་འབུ་ཚེ་རིང་པོ། འདྲེ་མོ་འཇུ་ཆེན་དཀོན་མཆོག་འདི་ཚོ་རེད།
རེད། ཀླུ་སྨྱོན་གྱིས་བཤད་པ་ལྟར། དམངས་གཙོའི་ཀ་བ་གསུམ་གྱི་གང་རུང་ཞིག་ལ་སྐྱོན་བྱུང་བ་ཡིན་ན་ཀ་བ་བཞི་བ་སྟེ་གསར་འགོད་ཀྱི་ཀ་བ་དེར་འགན་ཆེན་པོ་ཞིག་ཡོད་པ་རེད་དེ། དྷ་སའི་གསར་གནས་བརྒྱུད་ལམ་དེ་ཚོ་ཤི་བསྡད་ཡོད་པ་རེད་དམ་དོབ་བསྡད་ཡོད་པ་རེད། ངེས་པར་དུ་མི་མང་མདུན་གསལ་བོར་བཟོ་དགོས་པ་མང་པོ་ཞིག་གི་སྐོར་སྦྲང་མའི་སྦྲང་སྐད་ཙམ་ཡང་གོ་རྒྱུ་མེད་པ་ཅི་རེད།
སྒྲིག་གཞིར་གསལ་ཁ་ཡོད་མེད་དེ་ ༢༠༠༨ ལོའི་གྲོས་ཚོགས་སྐབས་ནས་སྤྱི་འཐུས་འགའ་ཞིག་གིས་དྲི་བ་བཀོད་འདུག ལྷག་པར་དུ་སྤྱི་འཐུས་ཆབ་བྲག་ཕོ་ཉ་རིང་མིན་ཕ་རན་སི་ལ་འགྲོ་གི་ཡོད་ཙང་སྤྱི་འཐུས་ཕྱོགས་བསྐྱོད་ཀྱི་ལམ་གྲོན་སྐོར་གསལ་བོ་བྱས་ནས་དྲིས་སྐབས་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་ནས་གསལ་བཤད་རིང་པོ་ཞིག་རྒྱབ་འདུག དེའི་སྐོར་གསལ་བོ་བྱས་ནས་དྲ་གནས་ཁག་ནང་སླེབས་མ་སོང་། དེ་ནས་ཨོ་རྒྱན་སྟོབས་རྒྱལ་གྱི་སྙན་ཞུའི་སྐོར། སྤྱི་འཐུས་རྒྱུན་ལས་ཚོས་དེའི་སྐོར་ཐག་གཅོད་ཇི་ལྟར་བྱས་པ་དེ་ཚོ་མི་མང་མདུན་ངེས་པར་གསལ་བོ་བཟོ་དགོས་པ་རྐྱང་རྐྱང་རེད།
དེ་ནས་སྒྲོལ་མ་འཚོ་མོའི་གྲོས་ཆོད་དེར་གྲོས་ཚོགས་ནང་མ་སླེབས་སྔོན་ནས་མི་བཅུ་བཞིའི་ས་རྟགས་ལེན་དགོས་པའི་རྒྱུ་མཚན་ཅི་ཡིན། རྒྱབ་སྐྱོར་གྱི་ས་རྟགས་རྒྱག་མཁན་ཚོ་རེ་རེ་བྱས་ནས་ས་རྟགས་རྒྱགས་དགོས་པའི་རྒྱུ་མཚན།
དེ་སྒྲིག་འགལ་ཡིན་དང་མིན། ཡིན་ན་ཇི་ལྟར་ཡིན་དང་མིན་ན་ཇི་ལྟར་མིན་པ། དེ་ནས་གྲོས་ཚོགས་ནང་དུ་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་རེ་རེའི་རྒྱུ་མཚན། དེ་ནས་ངོ་རྒོལ་བྱེད་མཁན་ཚོ་རེ་རེའི་རྒྱུ་མཚན། བགྲོ་གླེང་གི་གོ་རིམ་ཆ་ཚང་། སྤྱི་འཐུས་རེ་རེའི་བགྲོ་གླེང་བྱེད་སྟངས། ཆོལ་ཁ་བྱེ་བྲག་པ་ཞིག་དང་གང་ཟག་བྱེ་བྲག་པ་ཞིག་གི་ཐོག་ཅི་ལྟར་ཕྱིན་པ། དེ་ནས་གྲོས་ཚོགས་ཀྱི་ཕྱི་ལ་ཐོན་མཁན་དེ་ཚོ་ཕྱི་ལ་ཐོན་དགོས་པའི་རྒྱུ་མཚན། ཚོགས་གཙོས་ཐེངས་སྔ་ཕྱི་རིམ་པར་འཚོགས་ཐབས་བྱས་ཀྱང་ད་རུང་ཚོགས་འདུར་མ་ཡོང་བའི་རྒྱུ་མཚན་ཅི་ཡིན་སོགས་གསལ་བོ་བཟོས་པ་ཡིན་ན་མི་མང་གིས་ཀྱང་སུ་ཞིག་འགྲིགས་དང་སུ་ཞིག་ནོར་གསལ་བོ་ཤེས་གི་རེད་དེ་དེ་འདྲ་མི་འདུག འབྲེལ་ཡོད་མི་ལ་དྲི་བ་རེ་དྲིས་པ་ཡིན་ནའང་དོ་བདག་སོ་སོར་རང་ཉིད་བདེན་པ་ཡིན་པ་སྒྲུབ་པར་གོ་སྐབས་ཤིག་སྤྲད་པ་ཙམ་རེད། དྲི་བ་ནག་པ་གཡོལ་ས་གཟུར་ས་མེད་པ་འདྲི་མཁན་མི་འདུག རྗེས་མ་ནས་དེ་གའི་གསར་གནས་ཁག་ནས་རྙོག་དྲ་དང་རྩོད་གཞིའི་རིགས་མི་མང་གི་མདུན་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ནང་བཞིན་གསལ་བོ་བཟོ་རོགས་གནང་། སྔོན་མ་དམངས་གཙོ་ཚགས་པར་གྱི་སྐབས་གཙོ་བོ་འགན་འཛིན་རྣམ་པས་འགན་ཆེ་བཞེས་ཀྱིས་འདི་འདྲ་རྙོག་དྲའི་རིགས་ཡོད་སྐབས་པར་ངོས་འཕར་མའང་འདོན་གྱི་ཡོད་པ་དྲན།
གསར་གནས་ཁག་ནང་གསར་འགྱུར་ཙམ་ཞིག་དང་གནད་ལ་མི་ཁེལ་བའི་དྲི་བ་ཐར་ཐོར་ཞིག་མ་གཏོགས་མཐོང་རྒྱུ་མི་འདུག་ཀྱང་། དེ་སྐབས་མེ་སྒྱོགས་རྒྱ་མཚོ་དང་ཁང་གསར་རྡོ་རྗེ་ཡིན་ནམ་གཞན་པ་ཞིག་ནས་རང་ཉིད་སྒེར་ངོས་ནས་གང་ཐུབ་ཐུབ་གནང་སོང་བ་དེས་་ངེད་ཚོ་ཐག་རིང་ན་ཡོད་མཁན་ཚོར་ཕན་ཐོགས་ཆེན་པོ་བྱུང་།
གཞན་པ་དགའ་འོས་པའི་དོན་དག་ཅིག་ནི། འདི་ནས་ལྟ་མི་ཐུབ་ཀྱང་དེ་རུ་གྲོས་ཚོགས་ཀྱི་བརྒྱུད་རིམ་ཆ་ཚང་གློག་བརྙན་བཟོས་ནས་བསྟན་གི་ཡོད་པ་རེད་ཟེར། དེ་ཚོ་མི་མང་གིས་གནས་ཚུལ་ངོ་མ་ཤེས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པར་མཐོང་།
ད་ལྟ་གོ་ཚོད་ཡིན་ན་དེ་དྲིལ་བསྒྲགས་ལས་ཁུངས་ཀྱི་ཁོངས་སུ་བསྡུས་པ་རེད་ཟེར་གི་འདུག་ག ད་རྗེས་མ་ནས་གྲོས་ཚོགས་ཀྱི་བརྒྱུད་རིམ་ཆ་ཚང་མི་མང་གིས་ཤེས་ཐུབ་མིན་ཅི་གོ གཅིག་བྱས་ན་ཁོ་ཚོས་གྲོས་ཚོགས་ཁང་ནང་གསོད་རེས་བཏང་བ་ཡིན་ནའང་ང་ཚོས་གེ་ཤེས་གི་མ་རེད། སྒེར་གཉེར་གསར་གནས་བརྒྱུད་ལམ་ཡག་པོ་དེ་ཚོ་གཞུང་གིས་སྟངས་འཛིན་བྱས་ཚར་དུས་ན་ད་རྒྱ་གཞུང་དང་ཁྱད་པར་ཞེ་དྲག་ཡོད་མེད་མི་ཤེས།
ད་གཟིམས་འཇགས་གནང་གོ
དེ་སྔ་སྟན་འཛིན་མགོན་པོ་ཟེར་བ་འདི་མི་དྲང་བདེན་ཤེས་ཡོན་ཅན་ཞིག་རེད་བསམ་ཡོད་། ཁོ་རང་གིས་བཤད་ན་ སྒྲོལ་མ་འཚོ་མོ་ད་ཐེངས་གི་ཉོག་དྲ་འདིའི་འགན་ཡོངས་རྫོགས་ཁྱེད་རང་གིས་ཁུར་དགོས་གི་རེད་ད་། ཁོ་རང་གིས་སྐད་ཆ་བཤད་སྟངས་ལ་ཅིག་གཟིགས་དང་། སྒྲོལ་མ་འཚོ་མོ་སྤྱི་འཐུས་ཚོགས་ཁང་ལ་རེ་འདོད་ཞུས་དང་བླངས་བྱས་ཡོང་བ་མ་རེད་ད་། སྒྲོན་མ་འཚོ་མོས་གྲོས་གཞི་འདོན་མཆོག་གི་མ་རེད་པས་། མོ་ལ་སྨྲ་བརྗོད་ཀྱིས་རང་དབང་ཡོད་པ་མ་རེད་པས། སྤྱི་འཐུས་འཚོ་གྲོས་གཞི་ལ་འདོད་པ་ཡོད་མེད་གནས་ཚུལ་ཁ་ཁ་རེད་། སྤྱི་འཐུས་ཚོགས་གཙོ་ལ་འགན་ཞིག་ཡོད་པ་མ་རེད་པས། དབུ་བཀའ་བློན་ཁྲི་པ་གཙོ་བཞུགས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་ནས་། དཔའ་སྐད་བསྒྲག་ཕྱི་ལ་ཐོན་འགྲོ་མཁན་འདི་འཚོ་བླུན་པོ་གནག་རྫི་ཞིག་དང་ཁྱད་པར་ཇི་།
མདའ་ཚན་པ་དང་བློ་གྲོས་ནས་གཉིས་ལ་ཞུ་རྒྱུ།།
རྙིང་མའི་སྤྱི་འཐུས་ཆུ་གླང་ཨོ་རྒྱན་སྟོབས་རྒྱལ་ཟེར་བ་དེ་རྙིང་མའི་སྤྱི་འཐུས་མ་རེད།། རྙིང་མའི་སྤྱི་མཐུས་སློབས་དཔོན་བསོད་ནམས་སྟེན་འཕེལ་དང་རྒྱ་རི་བུ་འཕྲུག་གཉིས་རེད།།
ཡག་པོ་བྱས་ན་ཡག་པོ་ཡིན། ཡག་པོ་མ་བྱས་ན་ག་རེ་ཡིན་ནའང་ཡོང་སྲིད་གི་རེད་ཟེར་མཁན་སྐྱགས་པ་འབུས་ཟོས་པ་འདྲ་བའི་བླ་རྒན་དེ་ས་སྐྱའི་སྤྱི་འཐུས་རྒྱུན་ལས་ཚེ་རིང་པོ་རེད་ཟེར་བ་དེ་ས་སྐྱའི་སྤྱི་མཐུས་མ་རེད།། དེ་མདོ་སྟོད་སྤྱི་མཐུས་གཡུང་དྲུང་རྒྱལ་མཚན་རེད།།
དགོངས་འདག། མཆན་ནོར་སོང།།
ཡག་པོ་བྱས་ན་ཡག་པོ་ཡིན། ཡག་པོ་མ་བྱས་ན་ག་རེ་ཡིན་ནའང་ཡོང་སྲིད་གི་རེད་ཟེར་མཁན་སྐྱགས་པ་འབུས་ཟོས་པ་འདྲ་བའི་བླ་རྒན་དེ་ས་སྐྱའི་སྤྱི་འཐུས་རྒྱུན་ལས་ཚེ་རིང་པོ་རེད་ཟེར་བ་དེ་ས་སྐྱའི་སྤྱི་མཐུས་མ་རེད།། དེ་བོན་པོའི་སྤྱི་མཐུས་གཡུང་དྲུང་རྒྱལ་མཚན་རེད།།
འཇུ་ཆེན་དཀོན་མཆོག་གི་དཔུང་སྒྲིག་ཡོད། ཕྱིར་འཐེན་བྱེད་དགོས་དོན་རྩ་བ་ནས་མེད་ཟེར་བ་་དེ་བདེན་པ་རེད།། ཁོང་ཚོ་ཚངས་མ་དཔུང་སྒྲིག་ནས་བྱུང་བ་ཤ་རྟགས་མ་རེད་པས།། ཁོང་ཚོའི་བསམ་བློ་ཁྱེར་ཚུལ་ལྟོས་དང་གསལ་པོ་རེད།། བོད་སྤྱི་པའི་དོན་དག་ཟེར་བ་ཕ་ཚད་རེད།། ཨ་ཤུ་རེ་ཁོ།།
ཨ་ལ་ལ་ལ།
ང་ཚོའི་སྤྱི་འཐུས་འདི་རྣམས་བཟང་འདེམས་བྱས་པ་ཡིན་རྒྱུ་མ་རེད། གང་ངན་གང་སྡུག་རྣམས་འདེམས་པ་ཡིན་རྒྱུ་རེད། ཁོ་ཚོའི་རྣམ་འགྱུར་དང་། སྐད་ཆ་ཤོད་སྟངས་ལ་ལྟོས་དང་ངུ་རྒྱུ་ཡོང་ནི་ཟིག་རེད། སྤྱི་འཐུས་སྒྲོལ་མ་འཚོས་ཁྲིམས་ལུགས་གཞིར་བཞག་བག་ཡོད་དང་དྲང་བདེན་གྱིས་སྒེར་གྱི་གྲོས་གཞི་བཏོན་པར། སྤྱི་འཐུས་ཁྱི་རྒན་ཁག་ཅིག་གི་དཔུང་སྒྲིག་གིས་ཀུ་ཅོ་གནམ་ས་རལ་བ་སྒྲོག་དོན་ཅི་ཡིན་ནམ། ཁ་ནས་དམངས་གཙོ་ཟེར་བཞིན་དོན་ལ་དམངས་གཙོའི་དྲི་ཙམ་མི་བྲོ་བ་མི་ཤེས་སམ། གལ་ཏེ་དམངས་གཙོ་ཡིན་ན་སྒྲོལ་མ་འཚོས་བཏོན་པའི་སྒེར་གྱི་གྲོས་གཞི་ཞི་བའི་ཐོག་ནས་གཏན་འདེབས་མི་བྱེད་དོན་ག་རེ་ཡིན་ནམ།
གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བཞིན་དུ་དཀྲུགས་འདྲེ་བསོད་ནམས་སྟོབས་རྒྱལ་ཆེད་སྤྱི་འཐུས་གྲོས་ཚོགས་ཐར་སེ་གཏོར་དོན་ག་རེ་ཡིན་ནམ།
ཁྲིམས་ཀྱིས་དབང་སྒྱུར་འོག་ལ་འགྲོ་དགོས་ཟེར་བཞིན། བཅའ་ཁྲིམས་རིན་པོ་ཆེ་རྩིས་མེད་བྱས་ནས་ལུགས་མེད་ཀྱི་ཐག་གཅོད་བྱེད་དོན་ག་རེ་ཡིན་ནམ།
སྤྱི་འཐུས་སྒྲོལ་མ་འཚོས་ས་རྟགས་བསྡུ་རུབ་བྱས་པ་མ་རེད། བདེན་པར་རྒྱབ་སྐྱོར་བྱུང་བ་རེད། བདེན་པར་རྒྱབ་སྐྱོར་མི་ཆོག་པའི་ཁྲིམས་ཞིག་ག་པར་ཡོད་རེད། དེ་དཔུང་སྒྲིག་པ་མ་རེད།
དཔུང་སུས་སྒྲིག་ཤེས་འདོད་ན་འཇུ་ཆེན་འདྲེ་མོའི་སྐད་ཆར་ཉོན་དང་། འདྲེ་མོ་མོ་རང་གིས་ང་ཚོས་དཔུང་སྒྲིག་པ་ཡིན་ཞེས་ཟེར་གྱིན་འདུག བོན་རྒན་གཤིན་ནག་དེས་དཔུང་སྒྲིག་མཁན་རྣམས་ལ་དཔུང་སྒྲིག་འདུག་ཞེས་ཤོད་རྒྱུ་མེད་པར། རྒྱབ་སྐྱོར་བྱེད་མཁན་ཚོར་དཔུང་སྒྲིག་འདུག་ཟེར་བ་མངོན་སུམ་དུ་མྱོས་པ་མིན་ནམ།
ག་ལེར་དཔྱད་ན་སྒྲོལ་མ་འཚོའི་སྒེར་གྱི་གྲོས་གཞི་ལ་གནས་ལུགས་དང་རྒྱུ་མཚན་ལྡན་ལ། སྐད་ཆ་ཤོད་སྟངས་ལ་ཡང་འཇམ་ཤ་ལྡན། སྤྱི་འཐུས་གཞན་པ་ཚོར་ལྟོས་དང་། རྒྱབ་ལ་གྲྭ་ཆས་གྱོན་ནས་ཁོང་ཁྲོ་མེ་ལྟར་འབར། ཁ་ཆུ་ཁྱི་གཅིན་གང་སར་གཏོར། ཁུ་ཚུར་ཐོ་ལྟར་འཕྱར་ནས་གྲོས་ཚོགས་ནང་སྐོར་རྒྱུགས་བྱེད་པར་ལྟོས་དང་། བོད་གཞི་བྱེས་གཉིས་ནས་བསམ་བཞིན་མི་ངན་རྣམས་འདམས་ན་ཡང་འདི་ཚོ་ལས་ལྷག་ཅིག་ཡོང་རྒྱུ་མེད།
མ་འོངས་པར་ཆོལ་ཁ་ཆོས་རྒྱུད་གཉིས་ཐད་ནས་འདི་འདྲའི་སྤྱི་འཐུས་མྱིག་རྫོད་བླ་བཙོང་ཞིག་ནམ་ཡང་མ་འདེམས་རོགས་ཞེས་ཞུ་བ་ཡིན།
སྤྱིར་བཏང་ཆོས་རྒྱུད་ཀྱི་སྤྱི་འཐུས་ཟེར་བ་གཏན་ནས་དགོས་ཀྱི་མི་འདུག ནམ་རྒྱུན་རྙོག་གྲ་བཟོ་མཁན་ཚང་མ་བླ་རྒན་སྤྱི་འཐུས་འདི་རྣམས་རེད་འདུག ད་ནས་ཆོས་རྒྱུད་ཀྱི་སྤྱི་འཐུས་མེད་པ་བཟོས་ན་ལགས།
དེ་ནས་ཆོལ་ཁུངས་ནས་དངོས་གནས་དྲང་གནས་སྤྱི་མི་ཡག་པོ་ཁག་ཅིག་སྤྱི་འཐུས་སུ་འདམས་ཐུབ་ན། ད་གཟོད་ང་ཚོའི་ཁྲིམས་བཟོ་ལྷན་ཁང་ལ་གྲོས་ཚོགས་ཅིག་གི་བཟོ་ལྟ་ཡོང་ཐུབ། དེ་མིན་ཡོད་པ་ལས་མེད་ན་བཟང་། མུ་མཐུད་དུ་འདི་ལྟར་མི་ངན་མྱིག་རྫོད་འདི་རྣམས་སྤྱི་འཐུས་སུ་འདེམས་རྒྱུ་ཡིན་ན། ང་ཚོས་ངོས་ནས་སྤྱི་འཐུས་ཚོགས་ཁང་དང་། བཀའ་ཤག་གི་སྒོར་ཡོང་ནས་ངོ་རྒོལ་བྱེད་ཁོ་ཐག་ཡིན། བཀའ་སྤྱི་གཉིས་དང་མི་མང་རྣམས་ཀྱི་སེམས་ལ་ཟུངས།
མདའ་མཚན་པས་གསུངས་བ་ལ་མངོན་པར་བསྟོད་དོ། ཆོལ་ཁ་གསུམ་གྱི་བོད་མི་ཡོངས་ལ་རེ་བསྐུལ་ནན་གྱིས་ཞུ་རྒྱུར། ཆོས་བརྒྱུད་ཁག་ནས་འདེམས་ཐོན་བྱུང་བའི་གྲྭ་རྒན་ཀླད་མེད་དེ་ཚོ་སྤྱི་འཐུས་སྐབས་བཅོ་ལྔའི་སྐབས་སུ་བསྐྱར་དུ་མི་འདེམས་པར་ཕྲན་གྱིས་ལག་པ་ཐལ་མོ་སྦྱར་ནས་ཞུས་བ་ཡིན། ཚང་མའི་མཁྱེན་གསལ་ལྟར། ག་དུས་ཡིན་ན་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་བླ་རྒན་ཨོ་རྒྱན་སྟོབས་རྒྱལ་ཟེར་བ་དེ་ཆོལ་ཁའི་ཕྱོགས་རིསདང་དཀྲུག་ཤིང་རྒྱག་མཁན་གྱིས་གཏེ་བོ་རེད། གྲྭ་རྒན་བེ་རི་འཇིགས་མེད་དང། ཚེ་རིང་པོ། སྨོན་ལམ་མཐར་ཕྱིན། འཇུ་ཆེན་དཀོན་མཆོག ཁྱི་རྒན་ཀརྨ་ཆོས་འཕེལ་ལྟ་བུ། སྐྱགས་དྲི་བྲོ་བའི་ཞབས་འདྲེན་དེ་ཚོ་སྤྱི་འཐུས་རྭ་བའི་ནང་ནས་རྒྱང་འཕུད་གཏོང་རྒྱུ་གལ། ད་རུང་མི་མཐུད་དུ་འདྲེ་རྒན་དེ་ཚོས་སྤྱི་འཐུས་རྐུབ་སྟེགས་སྲྭང་ནས་བསྡད་ན་བོད་མི་དམངས་ཀྱི་ཚབ་མཚོན་ཕར་ཞོག ཆོལ་ཁའི་ཕྱོགས་རིས་འཐེན་འཁྱེར་གྱིས་ཁྲག་དཀྲུགས་རྣག་དཀྲུགས་བྱེད་པ་གདོན་མི་ཟའོ།
གྲོས་ཚོགས་ཀྱི་སྣང་བརྙན་ངོ་མ་དེས་དྲ་གྲོགས་རྣམ་པར་སེམས་འཚབ་ཆེན་པོ་བསླངས་འདུག་ནའང་བསམ་ཚུལ་ཤོད་སྟངས་ལ་དོ་སྣང་དང་། ཚོགས་ཐེངས་རྗེས་མའི་གྲོས་ཚོགས་ལ་རིག་པ་དྭངས་པའི་སློབ་སྟོན་གནང་དགོས།
ད་རེས། གྲོས་ཚོགས་ཀྱི་རྭ་བ་དེའི་ནང་རང་སྣང་གང་ཤར་གི་སྤྱོད་ཚུལ་སྣ་ཚོགས་ཕྱིར་མངོན་ཡོད་ཙང་ཁོང་ཚོ་རེ་རེའི་ལྟ་ཚུལ་དངོས་གང་ཡིན་ངོས་འཛིན་གསལ་བོ་ཐུབ་རྒྱུ་གལ་ཆེ།
གྲོས་ཚོགས་ཐོག་བསམ་ཚུལ་མི་ཤོད་པར་གྲོས་ཚོགས་གྲོལ་རྗེས་བསམ་ཚུལ་ཤོད་མཁན་ཁག་ཅིག་ཡོད།
གྲོས་ཚོགས་ཐོག་སྐད་ཆ་གང་འཇམ་འཇམ་ཤོད་པ་མ་གཏོགས་གནད་དོན་ཐོག་གླེང་སློང་མི་བྱེད་མཁན།
རྒྱུན་ལས་ནས་དྲང་པོ་མ་བྱས་པ་གསལ་བོ་མཐོང་ཡང་མ་ཤེས་མདོག་མདོག་གནང་མཁན།
གྲོས་ཚོགས་ཀྱི་སྒྲིག་གཞི་དང་ལམ་ལུགས་གཙོ་བོ་མི་འཛིན་པར་རང་གི་བསམ་ཚུལ་གལ་ཆེན་བརྩི་བ།
གྲོས་ཚོགས་ཀྱི་ཐོབ་ཐང་ལེན་པ་ལས་གྲོས་ཚོགས་ཀྱི་འོས་འགན་དྭང་ལེན་བྱེད་འདོད་མེད་མཁན།
གྲོས་ཚོགས་ཀྱི་མ་འོངས་སྲ་བརྟན་ལ་ཕན་པའི་བསམ་འཆར་ལ་རྒྱབ་སྐྱོར་མི་བྱེད་པར་སོ་སོ་སྒེར་གི་ནད་རྙིང་རྩོད་མཁན།
རང་ཉིད་ཀྱི་ནོར་འཁྲུལ་ཡིན་པ་ཧ་གོ་ན་ཡང་ཨུ་ཚུགས་མཐའ་སྐྱེལ་བྱེད་མཁན་སོགས་ཡོད་པ་རེད།
དེ་འདྲ་སོང་ཙང་། གྲོས་ཚོགས་ནང་གི་གནས་སྟངས་དེ་རྙོག་དྲ་ཚ་བོ་དང་། དགེ་སྐྱོན་ལ་བལྟ་དུས་ཕྱོགས་ག་ས་གང་ནས་ལྟ་རྒྱུ་གལ་ཆེན་པོ་རེད།
མ་གཞི་ནས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་ཚོ་དགོས་དོན་གང་ཡིན་ནམ། ངས་བསམས་ན་ཆོས་བརྒྱུད་སྤྱི་འཐུས་དེ་ཚོ་མི་དགོས་པར་འདོད། གཟན་དཔུང་མགོར་རིལ་སྟེ་སྐད་ཆ་བཤད་སྟངས་ལ་ལྟོས་དང་། དེ་མིན་ཡང་ཆོས་བརྒྱུད་སྤྱི་འཐུས་དེ་དགོས་པ་གལ་ཆེན་ཞིག་མཐོང་མ་སོང་། ད་ལོའི་སྤྱི་འཐུས་ཚོགས་ཐོག་གི་གཏམ་བཤད་ཚང་མ་ང་ཚོས་མཐུང་ཞིང་ཐོས་ཡོད་པ་རེད། ད་དེ་ཚོར་ཕྱོགས་ལྷུང་གི་སྐད་ཆ་མི་བཤད་པར་བོད་སྤྱི་བར་ཕན་པའི་སྐད་ཆ་འདྲ་ཤོད་ན་ལས། དེ་མིན་ཁ་ཁུ་སུམ་མེར་བསྡད་ཀྱང་ཆོག་གི་རེད། ངེས་པར་དུ་ཅིག་བཤད་དགོས་པ་ཁྲལ་དུ་བཀོལ་ཡོད་པ་མ་རེད། རྩོམ་ཡིག་ཅིག་གམ་ཡང་ན་དྲ་ཐོག་འདིར་བཀོད་བཀོད་ཚང་མར་མཆན་བུ་འདེབས་དགོས་པའི་ངེས་པ་དེ་བས་ཀྱང་ཡོད་པ་མ་རེད།
ཡང་གཅིག་བཤད་ན། ད་ལྟ་ང་ཚོས་གླེང་མོལ་བྱེད་བཞིན་པ་འདི་ཚོ་ཚང་མ་བོད་སྤྱི་བའི་དོན་ཞིག་རེད། དྲ་གྲོགས་ཚོས་ཀྱང་ཆོལ་ཁ་ཆོས་ལུགས་སོགས་དགོས་མེད་ཀྱི་ཚིག་དག་རིང་དུ་སྤངས་ཏེ་སྤྱི་དོན་ལ་བསམ་བཞིན་སྐད་ཆ་ཞིག་ཨེ་ཤོད་ལ་ལྟོས་ན་མི་བཟང་ངམ། འདི་རེ་སྐུལ་ཙམ་ཡིན།
འཇུ་ཆེན་དཀོན་མཆོག་གི་དཔུང་སྒྲིག་ཡོད། ཕྱིར་འཐེན་བྱེད་དགོས་དོན་རྩ་བ་ནས་མེད་ཟེར་བ་དེ་ཚོ་བདེན་པ་མ་རེད་པས།། ཁོང་ཚོ་ཚང་དཔུང་སྒྲིག་ནས་བྱུང་པ་ཤ་སྟག་མ་རེད་པས།། ཁོང་ཚོའི་སྐད་ཆ་བཤད་གཏང་དང་བསམ་ཁྱེར་གཏང་སོགས་ལ་ལྟོས་དང་གསལ་པོ་རེད།། བོད་སྤྱི་པའི་དོན་དག་འགན་ཁུར་རྒྱུ་ཕ་ཚད་མ་རེད་པས།། ཨ་ཤུ་ཁོ།།
ྡདྲ་དྲོགས་རྣམ་པའི་དགོངས་ཚུལ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།
མདོ་སྨད་སྤྱི་འཐུས་བསྟན་འཌྷཛིན་མགྷགོན་པོ་མིང་ཡང་གོང་དུ་བཀོད་པའི་མིང་དེ་དག་གི་གྲས་སུ་འཇོག་དགོས་ས་རེད།་་སྤྱི་འཐུས་རྒྱུན་ལས་ནས་དྲང་བདེན་མ་བྱུང་པ་དང་ཁྲིམས་མཐུན་མིན་པའི་ལས་བགྱིས་པ་སྟེ་གྲོས་ཚོགས་སུ་ཐུགས་འགན་ཡོད་པས་ཐོག་ནས་གྲོས་གཞིའི་ཚུལ་དུ་བཏོན་པ་ཞིག་ཡིན་ན་ཡང།་་བསྟན་མགྷགོན་གྱིས་གྲོས་གཞི་འདིའི་མགོ་མཇུག་གི་འགན་ཡོངས་རྫོགས་སྒྲོལ་མ་འཚོ་མོ་ཁྱོད་རང་གིས་འཁུར་དགོས་ནི་རེད་ཟེར་སོང།།།།ངོ་མ་ཧང་སང་དགོས་པའི་གནས་ཤིག་རེད།་་་འགན་དེ་དྲང་བདེན་མིན་པ་དང་ཁྲིམས་མཐུན་མིན་པར་བཟོ་མཁན་དག་གིས་འཁུར་མི་དགོས་པར་ཅི་ཕྱིར་དྲང་བདེན་ལ་ཕྱོགས་མཁན་དག་གིས་འཁུར་དགོས་པ་རེད།་་་་་ད་མདོ་སྨད་མི་མང་གིས་ཁོ་ཤེས་ན་ཆོག་གི་ཐེངས་མང་བོར་ཁོས་མི་མཐུན་པའི་ལས་རྐྱང་རྐྱང་སྒྲུབ་པ་ལས་ང་ཚོར་བོད་སྤྱིར་ཕན་པ་ཡོད་པའི་ལས་ཀ་གང་བྱས་སོང།།།།
ལོ་མང་རིང་མདོ་སྨད་མི་མང་གིས་རེ་བ་བྱས་ནས་སྤྱི་འཐུས་ཀྱི་རྐུབ་བཀྱག་སྤྲད་པ་རེད་ལ་ཁོང་ཚོའི་ལས་འགན་ནི་དྲང་བདེན་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུ་དང།་་་གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་རེ་འདོད་ཐོག་རང་ནུས་ཅི་ཡོད་ཀྱིས་ལས་ཀ་བྱེད་དགོས་པ་ལས།་་་དུས་དང་རྣམ་པ་ཀུན་ཏུ་རྙོག་དྲ་རྐྱང་རྐྱང་དང་དཀྲུགས་ཤིང་རྐྱང་རྐྱང་བྱེད་རྒྱུ་ཁོང་ཚོའི་ལས་ཀ་མིན་སྟབས།་
འདས་པའི་ལོ་རྒྱུས་ལ་བསམ་གཞིགས་ཤིག་བྱས་ན་ད་བསྟན་འཛིན་མགོན་པོ་ལ་ལས་གནས་ནས་དགོངས་པ་སྤྲད་རན་འདུག་སྙམ།་་
མདོ་སྨད་ལ་རྒྱུན་ལས་ཤིག་ཡོད་པ་དང་དེའི་མདོ་སྨད་སྤྱིའི་འགན་ཞིག་འཁུར་གྱི་ཡོད་ན་ད་བསྟན་མགྷགོན་ཁོང་ལ་བརྡ་ཞིག་སྤྲད་དགོས་ས་རེད།་་་
ིདེ་མིན་ངན་པ་ལངས་ཤོར་ལ་སོང་འདུག
བློ་གྲོས་ཟེར་བ་ཁྱེད་ཀྱིས་ག་རེ་ཤོད་ཀྱིན་ཡོད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རྙིང་མའི་སྤྱི་འཐུས་རེད་སུས་ཟེར། ཁོང་མདོ་སྟོད་སྤྱི་འཐུས་རེད་དཱ། མདོ་སྟོད་སྤྱི་འཐུས་དང་རྙིང་མའི་སྤྱི་འཐུས་གང་ཡིན་ཙམ་ཡང་མི་ཤེས་པའི་བླུན་པོ་ཞིག་མ་རེད་པས། རྙིས་མའི་སྤྱི་འཐུས་རྒྱ་རི་པུ་ཕྲུག་དང་། སློབ་དཔོན་བསོད་ནམས་བསྟན་འཕེལ་གཉིས་ཀ་རེད།
འདི་རུ་ངེད་ཀྱིས་སྐད་ཆ་ཚིག་འགའ་ཞུ་འདོད་བྱུང་།
ཁ་སྔོན་ྐླུ་འབུམ་ལགས་ལ་རེ་སྐུལ་བྱས་བ་ནང་བཞིན་བརྙན་བསྡུས་འདི་དྲ་ངོས་སུ་བཞག་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
ད་ནི་ངེད་ཀྱིས་ཀྱང་རྨོངས་འཆར་ཞིག་བཤད་ན་བསམ་སོང་། རྒྱུ་མཚན། བོད་མི་མང་གི་སྤྱི་བའི་འཐུས་མི་ཚོས་གྲོས་ཚོགས་ཀྱི་ར་བའི་ནང་དུ་སྤྱི་དོན་མི་བསྒྲུབ་པར་སྒེར་དོན་རྩོད་ཀྱི་འདུག་ལབ་བཞིན་ལབ་བཞིན། འདི་རུ་མདའ་ཚན་པ་ལགས་གཙོ་བྱས་བའི་དྲ་གྲོགས་ཚོས་ཀྱང་མི་སྒེར་རྩོད་ཀྱི་འདུག་པ་མ་ཟད་མི་སྒེར་བ་ལ་སྡུག་དམོད་བྱེད་ཀྱི་འདུག བྱེད་སྟངས་འདིའི་རིགས་ཅུང་ཙམ་ནོར་བ་མིན་འགྲོ་བསམ། ལྷག་པར་དུ་བོད་རིགས་སྲིད་ཀྱི་སྣེ་མོ་སྐྱོང་མཁན་ཚོས་སྒེར་དོན་བརྩད། བོད་རིགས་ཤེས་ཡོན་ཅན་ཚོས་ཀྱང་སྒེར་ལ་སྐྱོན་འཛུགས་འདྲ་བོ་བྱས་ནས་བསྡད་ན། ཕྱོགས་གཉིས་ཀའི་བྱེད་སྟངས་རྗེས་ལུས་རེད། ངེད་རང་སྒེར་ངོས་ནས་འདི་འདྲ་བསམ་གྱིན་ཡོད།
དང་པོ།
ཁ་སྔོན་ངེད་ཀྱིས་སྤྱི་འཐུས་ཚོའི་སྐོར་གླེང་བ་ཟེར་བའི་རྩོམ་ཞིག་བྲིས་བ་དེའི་ཁོངས་སུ། ངེད་ནས་འཐུས་ཤོར་གཏོང་མཁན་གྱི་བྱེད་གཏེ་གཙོ་བོ་གཉིས་དང་བྱེད་འབྲིང་གཉིས་འདུག
བྱེད་གཏེ་གཙོ་བོ་གཉིས་ནི་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ཀྱི་ར་བ་ནས་ཕྱི་ལ་ཐོན་འགྲོ་མཁན་གྱི་སྤྱི་འཐུས་ཚོ་ལབ་རེད། བྱེད་འབྲིང་གཉིས་ནི་ཚོགས་གཙོས་ལས་རིམ་ཐག་གཅོད་བྱེད་སྟངས་དང་ཚོགས་དུས་མཐའ་མའི་སྐབས་སུ་དགོངས་ཞུའི་ངོ་བོར་ཡོད་པའི་སྤྱི་འཐུས་ཚོ་རེད་ཅེས་ལབ་ཡོད། དེར་བརྟེན། སྤྱི་འཐུས་གྲོས་ཚོགས་སྐབས་བརྒྱད་པའི་གླེང་རྙོག་དེའི་སྐོར་འདི་རུ་བསྐྱར་དུ་གླེང་གི་མིན་།
གཉིས་པ།
ངེད་ཚོས་མཁྱེན་དགོས་བ་ཞིག་ནི་སྤྱི་འཐུས་སྐབས་བཅུ་བཞི་བའི་སྐབས་ཀྱི་འོས་བསྡུའི་སྐོར་དེ་རེད། སྤྱི་འཐུས་སྐབས་བཅུ་བཞི་བའི་སྐབས་སུ་འོས་བསྡུའི་ཐོབ་ཐང་ཡོད་མཁན་བཙན་བྱོལ་བོད་མི་ཆིག་འབུམ་ཉིས་ཁྲི་ལྷག་ཡོད་པའི་ཁོངས་ནས་། འོས་བསྡུའི་ཆ་ཤས་ལེན་མཁན་ནི་སྤྱི་བའི་གྲངས་འབོར་གྱི་བརྒྱ་ཆ་༣༨ཙམ་རེད། དེར་བརྟེན།
ང་ཚོའི་ངོས་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་ཁོངས་སུ་འོས་མི་ཚད་ལྡན་ཞིག་སླེབས་ཐུབ་རྒྱུའི་ཆེད་དུ། བཙན་བྱོལ་བོད་མི་རྣམས་ལ་འོས་བསྡུའི་ཆ་ཤས་ལེན་དགོས་བའི་སྐུལ་མ་བྱེད་དགོས་རེད། གྲོགས་པོ་དང་གྲོགས་པོ་བརྒྱུད་ནས། ངོ་ཤེས་དང་ངོ་ཤེས་བརྒྱུད་ནས། གཅིག་གིས་གཅིག་ལ་སྐུལ་མ་བྱས་ཏེ་ཉུང་མཐའ་ཡང་མི་མང་བརྒྱ་ཆ་༧༠ཙམ་གྱིས་འོས་བསྡུའི་ཐོབ་ཐང་ལེན་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་རེད། འདི་གནད་འགག་རེད་མ་གཏོགས་། སྐབས་བཅུ་བཞི་བའི་སྤྱི་འཐུས་ཚོར་མིང་ཐོ་སྣ་ཚོགས་འདོགས་རྒྱུ་དེ་གནད་འགག་མ་རེད། མི་མང་རྣམས་ཀྱིས་འོས་བསྡུའི་ཆ་ཤས་ལེན་རྒྱུར་སྐུལ་མ་བྱེད་རྒྱུ་དེ་གནད་འགག་རེད། ད་ལྟ་ནས་འདིའི་ཐོག་ལ་ལས་འགུལ་རྩོམ་དགོས་རེད།
གསུམ།
སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཚད་ལྡན་འདེམས་པ་ལ། ད་ལྟ་ནས་འོས་མི་རྣམས་འཚོལ་དགོས་བ་རེད་། འོས་མི་རྣམས་མི་མང་ལ་ངོ་སྤྲོད་བྱེད་དགོས་བ་རེད།
ཚགས་པར་དང་བརྙན་འཕྲིན། དྲ་རྒྱ་སོགས་བརྒྱུད་ནས་ངོ་སྤྲོད་བྱེད་དགོས་བ་རེད། འདི་བོད་རིགས་ཤེས་ཡོན་པ་ཚོའི་སྐབས་སུ་བབ་པའི་འགན་འཁྲི་རེད།
བཞི།
གཞན། དེ་རིང་སང་ཉིན་བོད་རིགས་རྩོམ་འབྲི་བ་ཕལ་མོ་ཆེས། ཞིབ་འཇུག་མེད་པར། འགན་ཁུར་མེད་པར། རྟག་དཔྱད་མེད་པར།
གང་དྲན་དྲན་ཞིག་གླེང་བཞིན་པ་འདི་ནི་བོད་རིགས་ཤེས་ཡོན་པ་ཚོའི་ཉམས་ཉེས་རེད། དེ་ཙམ་ཞུ།
འདི་གྲོས་ཚོགས་མ་རེད་སྤྲང་ཚོགས་རེད། ངོ་མ་མཐོང་བ་ཙམ་ཞེན་པ་གཏིང་ནས་ལོག་སོང༌། ཐབས་སྡུག་རེད།
གྲོས་ཚོགས་ནང་གི་རྩོད་པ་འདི་གཙོ་བོ་བོད་མི་རིགས་ཀྱི་ཤེས་ཡོན་གྱི་ཆུ་ཚད་དམའ་དྲགས་པ་རེད། གྲོས་ཚོགས་ཀྱི་འཐུས་མི་ཚོའི་ཤེས་ཡོན་དང་ཆབ་སྲིད་ཀྱི་ཤེས་ཚད་དམའ་དྲགས་པ་ལ་བརྟེན་ནས་རྩོད་པ་འདི་འདྲ་བྱུང་བ་དང་། རྩོད་སྟངས་ཀྱང་ཐབས་རྡུགས་འདི་འདྲ་ཆགས་པ་རེད།
ཀརྨ་ཆོས་འཕེལ་ནི་ཕྱེད་ར་བཟི་དང་ཕྱེད་སྨྱོ་པ་ཡིན་པས་མི་ཐང་ཐང་ཞིག་གི་ཆ་རྐྱེན་ཚང་ཡོད་པ་མ་རེད། དེ་ལ་རྒྱབ་སྐྱོར་བྱས་ནས་སྤྱི་འཐུས་ལ་འདེམས་མཁན་ཚོར་མི་རིག་འཚོ་མ་ཟིན་ཞིག་ལ་འོས་ཤོག་འཕང་བའི་ནག་ཉེས་ཡོད་པ་རེད། དེ་ནི་དབུས་ཚང་ཆོལ་ཁའི་ནོར་འཁྲུལ་རེད། ཡང་ན་དབུ་གཙང་མི་དམངས་ནས་སྨྱོན་པ་སྤྱི་འཐུས་ལ་འདེབས་པ་དེར་དམིགས་ཡུལ་ཁྱད་པར་བ་ཞིག་ཡོད་པ་རེད། ཟླ་བ་ཚེ་རིང་ཡང་རང་དོན་ལ་ཐུག་ན་གང་འདྲ་འདུག ཁྱི་ནང་སྐད་ཚ་བོ་ག་ཚོད་འདུག
གཞན་པ་མང་ཆེ་ཤོས་གྲྭ་འདྲ་བོ་དམར་པོ་གོན་མཁན་རྐྱང་རེད། དགོན་པ་ཁག་གི་གྲྭ་གནད་མ་ཚོ་ཕུད་དེ་མིན་གྱི་གྲྭ་བ་འདི་ཚོར་ངོ་ཚ་་དང་ཞེད་སྣང་གང་ཡང་མེད་པའི་སྐྱག་པ་འདྲ་བོ་རྐྱང་རེད། དཔེར་ན་བེ་རི་འཇིགས་མེད་ཀྱིས་དྲང་པོ་བཤད་སོང་། ང་ལ་ཡག་པོ་བཤད་དགའ་ཡ་མེད། སྡུག་པོ་བཤད་ན་ཞེད་སྣང་མེད་ཟེར་བ་དེ་རེད། སྤྱི་འཐུས་གྲྭ་བ་འདི་ཚོར་དེ་ལྟར་ངོ་ཚ་དང་ཞེད་སྣང་མེད་དོན་གཙོ་བོ་ཁོ་ཚོར་རྒྱལ་ཁབ་ཅིག་གི་འགན་ཁུར་དང་སེམས་ཁུར་མེད་པ་མ་ཟད། ཐ་ན་སྐྱེས་དམན་དང་ཕྲུ་གུ་ཡོད་པའི་ཁྱིམ་ཚང་ཆུང་ཆུང་ཞིག་གི་འགན་ཁུར་ཡང་མེད་པའི་སྟབས་ཀྱིས་རེད། དེའི་ཕྱིར་འགན་ཁུར་གང་ཡང་མེད་པའི་གྲྭ་སྨྱོན་མགོ་ལྕགས་རྡོ་འདྲ་བོ་འདི་ཚོ་རྒྱལ་ཁབ་དང་མི་དམངས་ཀྱིས་ཞེད་སྣང་བྱེད་དགོས་ས་ཞིག་ཆགས་ཡོད་པ་རེད། ཁོ་ཚོས་གཏོར་བཅོམ་བྱེད་ཆོག་ཆོག་ཡོད་པ་རེད། དེ་ཕྱིར་མི་གསོད་མཁན་དེ་འདྲས་ཀྱང་སྤྱི་ཚོགས་ནང་གི་གྲྭ་བ་ངོ་ཚ་དང་ཞེད་སྣང་དང་འགན་ཁུར་གང་ཡང་མེད་པ་འདི་འདྲ་ཚོ་ལ་དངུལ་སྤྲད་ནས་མི་གསོད་བཅུག་གི་ཡོད་པ་རེད། དེ་ནི་མཚན་རྒན་བློ་བཟང་འདས་པོ་གྲོངས་མཁན་ཚང་མ་གྲྭ་བའི་མིང་ཡོད་མཁན་རྐྱང་རེད། འདི་བཙན་བྱོལ་ནང་གི་གྲྭ་བ་ངོ་ཚ་དང་ཞེད་སྣང་མེད་མཁན་གྱི་ཁྱི་སྤྱང་འདྲ་བོ་འདི་ཡིན་པ་ལས། གྲྭ་དང་དགོན་པ་ཁག་གི་གྲྭ་བཙན་ཚུལ་མཐུན་ཚོར་འབྲེལ་བ་མེད། ཕྱི་འདྲ་བ་ལས་ནང་འདྲ་གི་མ་རེད།
༡། ད་དུང་གཟབ་ནན་མ་བྱས་ན་གྲོས་ཚོས་ནང་གི་གྲྭ་བ་འདི་ཚོས་མི་གསོད་ཐག་ཆོད་ཡིན་པ་ཁོ་ཚོས་བཤད་ལུགས་དང་རྣམ་འགྱུར་གྱི་ཐོག་ནས་མཐོང་ཐུབ་པ་དེ་རེད།
༢། བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲོད་ཆོག་མིན་དེ་རྩོད་གཞི་ཅན་གྱི་གནས་ཚུལ་ཞིག་རེད། དེ་ཡང་བོད་གཞུང་གི་རྩ་ཁྲིམས་ཁ་མ་གསལ་བའི་གནད་དོན་ཞིག་རེད། དེའི་རྩོད་པ་ངེས་པར་ཡོང་དགོས་པ་ཞིག་དང་། རྩོད་པ་འདི་ལ་བརྟེན་ནས་མང་མོས་ཀྱི་ཐག་གཅོད་ཅིག་ཡོང་དགོས་པ་དང་། ཐག་གཅོད་དེ་རྩ་ཁྲིམས་ཀྱི་ནང་གསར་བསྣོན་བྱས་ཏེ། རྩ་ཁྲིམས་ཞིབ་ཚགས་ཏུ་གཏོང་དགོས་པ་རེད། ལམ་གྲོན་དེ་བཞིན་སྤྲོད་འོས་རྩོད་པ་བརྒྱབ་པ་དེ་འགྲིག་འདུག འོན་ཀྱང་རྩོད་པ་བརྒྱག་སྐབས་ཀྱི་རྣམ་འགྱུར་དང་ཀུན་སློང་དག་མཐོང་དུས་དུ་བོད་ལ་རང་དབང་རང་བཙན་གང་ཡང་ཐོབ་མི་སྲིད་པ་དང་། ཐོབ་པ་ཡིན་ནའང་ག་རེ་ཆོ་ཡོད་པ་རེད་དྲན་བཅུག་སོང་།
མི་གསོད་མཁན་ killer དེ་འདྲ་དགོས་ན་བོད་པའི་སྤྱི་ཚོགས་ནང་གི་གྲྭ་བ་ཚོ་གོང་ཁེ་ཤོས་དང་འབེལ་ཤོས་ཡིན་པའི་ཚོད་དཔག་བྱེད་མཁན་ཡོད་ཚོད་འདུག དེ་ཡང་གྲོས་ཚོགས་ནང་གི་གྲྭ་འདི་ཚོ་ཡག་པོ་མཐོང་གི་ཡོད་བཟོ་འདུག ཁོང་ཚོ་ཞེད་སྣང་མེད་པ་དང་ཤ་ཤེད་རྒྱས་པ། ངོ་ཚ་མེད་པ་དང་ང་རྒྱལ་ཆེ་བ་བཅས་ killer རྩེ་དྲ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཚང་མ་ཚང་ཡོད་འདུག གྲོས་ཚོགས་གྲྭ་བ་ཚོར་ཚོང་ཡོང་ས་རེད།
it is very sad ,but hope it’s gonna be ok in next year’s session
ཨ་ཁ་ཁ། ཕུ་ནུའི་ནང་ནས་གང་ངན་བཙན། །ནང་མྱི་ནང་ནས་ཁྲེལ་མེད་རྒྱལ་ཟེར་བ་རེད་འདུག །རང་རྐུབ་རྗེན་པ་དེ་ཕྱི་རུ་འཛམ་བུ་གླིང་གི་མི་ཚོགས་ལ་སྟོན་འདུག་གོ །མཚར་ལ་བཞད་བགད་ཤོར་བ། བདེན་པ་ངེས་ཤེས་སྐྱེས་སྐྱེ་བ་དེ་དམ་ཆོས་ཕུ་ཐག་ཆོད་ལས་བྱུང་བ་ཡིན་ཡང་འདི་ནི་དེ་ལས་ལྡོག་སྟེ། ཚིག་ངན་མདའ་མོ་འཕེན་འཕཻན། ངན་གླེང་ཤྭ་མང་རྡོལ་རྡོལ། རང་དོན་ཁུས་མོ་འབུད་འབུད་བྱེད་པ་འདི་ཚོ་ལ་བལྟས་ཚེ། །ཨ་ཁ་ཁ། ཕྱི་གླིང་ཡུལ་ནས་རེ་དྭོགས་ཕྲེང་བ་བགྲང་། །ནང་གླིང་དྷར་སར་ཕུ་ནུ་ནང་འཁྲུག་མཐོང་། །རང་གླིང་ལྷ་སར་ཁ་ཆེ་དམར་པོས་བཟུངས། །རྒྱ་བལ་ཆོས་པས་ཁྲག་གི་འཁོར་ལོ་བསྐཽར། །དུས་ངན་སྙིགས་མ་བཤད་ཀྱང་འདི་ཀ་ལགས། །ཁ་བ་ཁ་ལ་ཁྱེར་བའི་གོ་རྒས་ཚོས། །རང་ཆོས་སྤྱི་ཆོས་མི་ཤེས་གྲོས་ཚོགས་དག །དགྲ་དགའ་གཉེན་སྡུག་ཟློས་གར་ཁྲབ་པ་འདི། །དེང་རབས་འཕྲུལ་ཆས་གློག་བརྙན་ལྟད་མོ་རེད། །རྡོར་གདན་སྨོན་ལམ་ཕལ་ཆེར་དེ་ག་སྣང་། ། ཅི་དྲན་དུ་ཤྲྰིས་སོ། །
མདོ་ལྷ་ཁམས་པས་སྤྱི་འཐུས་ཚོའི་ནང་རིགས་དུ་མ་ཞིག་དགར་འདུག དེ་དག་གི་མིང་དང་ལས་སྟངས་བྱེད་སྟངས་དང་བཅས་པ་མར་འགོད་ཐུབ་ན་ཡག་པོ་འདུག
རིག་འབྱུང་གི་སྐད་ཆ་དེར་ཡིད་མཐུན་མེད། ནོར་འཁྲུལ་གང་ཞིག་ཡིན་ནའང་མཐར་དེད་ན་གང་ཟག་སྒེར་བ་རྐྱང་རྐྱང་ལ་ཐུག་ཡོད་པས་དེ་ལ་སྐྱོན་བརྗོད་མི་བྱེད་པར་སུ་ལ་བྱེད་དགོས་རེད། བོད་གཞུང་འགྲིག་གི་མི་འདུག་ཟེར་ནས་སྤྱི་གཞུང་ཞིག་ལ་གཤེ་གཤེ་བཏང་བསྡད་དགོས་པ་རེད་དམ། ཁམས་པ་ཚོའི་ལས་སྟངས་འགྲིགས་གི་མི་འདུག ཨ་མདོ་ཚོའི་བཤད་སྟངས་འགྲིགས་གི་མི་འདུག སྤྱི་འཐུས་དེ་ཚོ་ཟེར་ནས་འབབ་ས་གཅིག་གེ་མེད་པ་དེ་འདྲ་བཤད་བསྡད་ན་དེ་ཚོ་ལྐུགས་པའི་སྐད་ཆ་རེད། ཡིན་ནའང་ཁྱེད་རང་གིས་བཤད་སྟངས་འགྲིགས་འདུག གང་ཟག་སྒེར་བ་ཞིག་གི་མིང་བཏོན་ནས་འགྲིགས་གི་མི་འདུག་ཟེར་ན་དེ་བཤད་སྟངས་ཤིག་རེད། དེ་མིན་ཨ་མདོ་ཚོས། གསར་འབྱོར་ཚོས། ནུབ་ཕྱོགས་ན་ཡོད་མཁན་ཚོས་ཟེར་ནས་མི་གཅིག་གི་ནོར་འཁྲུལ་ནང་མང་པོ་ཞིག་དྲུད་ཡོང་ན་ཆོ་མི་འདུག
འགའ་རེས་ངའི་ཚིག་རྣོ་དྲགས་འདུག་ཟེར། འགའ་རེས་ཏག་ཏག་རེད་ཅུང་ཟད་རྣོ་དགོས་པ་རེད་ཟེར། ངས་མུ་མཐུད་དུ་བསམ་བཙུགས་ནས་ནོར་འཁྲུལ་བྱེད་མཁན་དེ་ཚོར་སྐྱོན་བརྗོད་འདི་ལྟར་བྱེད་གི་ཡིན་མ་གཏོགས། འདི་ལྟར་བཤད་ན་སྔོན་ཐོན་རེད། འདི་ལྟར་བཤད་ན་རྗེས་ལུས་རེད། ཨོ་དེ་ལྟར་བཤད་ན་ཡག་པོ་ཨེ་ཡོད་ཟེར་ནས་ཚིག་ལ་གདམ་ཀ་བྱས་སྡོད་པའི་དུས་ཚོད་མེད། མཚམས་རེར་ཨ་ཕའི་མགོ་ཕོག་གི་རེད། མཚམས་རེར་ཨ་མའི་མིག་ལ་ཕོག་གི་རེད།
མདའ་ཚན་མདའ་མོ་འཕེན་མི་འཕེན།། མདའ་ཚན་མདའ་མོ་འཕེན་དགོས་ཡོད། །གཅིག་འཕངས་ན་གནད་ལ་ཕོག་པ་ཞིག ། ཕོག་སོང་ན་ཁྲག་དམར་བཞུར་བ་ཞིག།
མདའ་ཚན་པ་ཁྱོད་ཀྱི་མདའ་མོ་དེས་ནང་ཕུ་ནུའི་བར་དུ་ཁྲག་དམར་བཞུར་བ་ཞིག་བྱེད་ཐག་ཆོད་རེད། ཁྱེད་ཀྱིས་སྤྱི་མཐུས་གྲོས་ཚོགས་སུ་བྱུང་བའི་རྙོག་གླེང་གི་གོ་སྐབས་འདི་དམ་འཛིན་གྱིས་ཆོལ་ཁའི་བར་དུ་ཕུང་དཀྲུག་མུ་མཐུད་བྱེད་ལུགས་ལ་བལྟས་ན་ཁྱེད་ཉིད་བྲན་བདག་སུ་ཞིག་གི་རྒྱུག་ཁྱི་གྱུར་ནས་བོད་མི་རིགས་འདིའི་ཞབས་འདྲེན་ངོ་མ་དེ་ཆགས་འདུག་ན་དམ་ཅན་ཆོས་སྲུང་ལ་ནུས་མཐུ་ཡོད་ན་འདི་ལོའི་གཏོར་རྒྱག་བྱེད་ཡུལ་དེ་ཡང་ཁྱོད་ཉིད་ལས་མ་འདས།
ཁོ་རེ་མདའ་ཚན་པ་དང་། བློ་གྲོས་གཉིས། ཨོ་རྒྱན་སྟོབས་རྒྱལ་རྙིང་མའི་སྤྱི་འཐུད་མ་རེད་དཱ། ཨོ་སྟོབས་མདོ་སྟོད་སྤྱི་འཐུས་རེད། རྙིང་མའི་སྤྱི་འཐུས་རྒྱ་རི་པུ་ཕྲུག་དང་། སློབ་དཔན་བསོད་ནམས་བསྟན་འཕེལ་གཉིས་རེད་ལགས།
རྙིང་མའི་སྤྱི་འཐུས་མ་ཡིན་པ་ཞིག་ལ་རྙིང་མའི་སྤྱི་འཐུས་རེད་ཟེར་དགོས་དོན་གང་ཡིན་??????????????????????????
ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་ཟེར་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་ནི་ཆོས་བརྒྱུད་རང་རང་སོ་སོའི་ཐོབ་ཐང་རེད།
ཆོས་བརྒྱུད་ཁག་གི་སྤྱི་འཐུས་མི་དགོས་ཟེར་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་ནི་ཆོས་བརྒྱུད་རང་རང་སོ་སོའི་ཐོབ་ཐང་རེད། དགོངས་དག་མི་ཞིག་ཆད་འདུག་པས་ནོར་བཅོས་ཡིན།
གེ་སར་རྒྱལ་པོ་ལགས།
ངས་ཨོ་སྟོབས་རྙིང་མའི་སྤྱི་འཐུས་རེད་ལབ་པ་ནོར་བ་རེད། ནོར་བ་ལ་ག་དུས་ཡིན་ན་ནོར་འཁྲུལ་དུ་ངོས་ལེན་ཞུ་ངེས་ཡིན། དགོངས་དག མ་གཞི་རྙིང་མའི་སྤྱི་འཐུས་ཡིན་མིན་གཙོ་བོ་མ་རེད། ཁོས་སྐད་བཤད་སྟངས་ལ་བལྟས་ནས་ལྗིད་ཚད་འཇལ་དགོས། ཁོའི་མགོ་བལྟས་ན་ད་ལྟ་རང་ཁོ་རང་གི་རྒན་མོའི་བརླ་བར་ནས་འཕུར་འཕུར་བྱས་བྱས་ནས་ལྷུང་ཡོང་བ་འདྲ་བོ་ཞིག་འདུག་ཨ། ལྟོས་དང་། དེ་འདྲ་ཞིག་མ་རེད་དམ།
གོང་གི་མཆན་འགོད་མཁན་ཚངས་མ་ལ་ཐུགས་རྗེ་ཆེ་ཞུ།། བསམ་དེ་ཚོ་ཧ་ཅང་ཡག་པོ་འདུག་ཡིན་ཡང་གཏམ་བཤད་བྱེད་མཁན་གི་སྤྱི་མཐུས་ཚོ་མཐོང་འོང་དུས་རང་བཞིན་གྱི་བློ་ཕམ་དང་ཡིད་ཆེད་སྐྱེ་ཡོངས་བ་ཞིག་རེད།།
དྲ་བརྙན་མདོར་བསྡུས་འདིའི་སྐོར་ལ་ངེད་རང་སྒེར་ངོས་ནས་མཆན་བུ་མཐའ་མ་དེ་འཇོག་གི་ཡིན།
དྲ་ཐོག་ཏུ་ཡོང་མཁན་བོད་རིགས་རྩོམ་འབྲི་བ་དང་མཆན་བུ་འདེབས་མཁན་ཚོས་དངོས་གནས་དྲང་གནས་རང་གི་གཞུང་དང་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་ན་ནི།
ད་ལྟའི་སྐབས་སུ་ང་ཚོས་ངེས་པར་དུ་བསྒྲུབ་དགོས་བའི་འོས་འགན་གསུམ་མཐོང་གིན་ཡོད།
དང་པོ།
རྒྱ་བོད་འབྲུག་གསུམ་གཙོས་བའི་བོད་མི་འདུས་སྡོད་ཀྱི་སྤྱི་ཚོགས་གང་སར། བཙན་བྱོལ་བོད་མི་རྣམས་ནས་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་ཀྱི་ཆ་ཤས་ལེན་རྒྱུར་ད་ལྟ་ནས་སྐུལ་སློང་བྱེད་དགོས་རེད།
གཉིས་པ།
འོས་མི་ཚད་ལྡན་བཙལ་ནས་མི་མང་ལ་ངོ་སྤྲོད་བྱེད་དགོས་རེད།
གསུམ་པ། ད་ཡོད་སྤྱི་འཐུས་གྲོས་ཚོགས་དང་རྒྱུན་ལས་ལ་ཡིག་ངག་གཉིས་ཐོག་ནས་གནོན་ཤུགས་ཅུང་ཙམ་སྤྲོད་དགོས་རེད། གནོན་ཤུགས་སྤྲོད་སྟངས་ནི་ཕྱི་སྡོད་བོད་རིགས་ཤེས་ལྡན་པ་ཚོའི་ངོས་ནས་ཁོང་ཚོའི་བྱས་ཉེས་རྣམས་ངོ་འཕྲོད་ཀྱི་ཡོད་པ་མ་ཟད་དེ་དག་སྐྱོན་ཏུ་མཐོང་བཞིན་ཡོད་པའི་རྣམ་འགྱུར་་དེ་ཁོང་ཚོའི་མདུན་ལ་འཇོག་དགོས་རེད།
ཁ་པར་བརྒྱུད་ནས་རང་རང་གི་བསམ་ཚུལ་རྣམས་བཤད་དགོས་རེད། སྦྲགས་ཁང་བརྒྱུད་ནས་རང་གི་བསམ་ཚུལ་རྣམས་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ཀྱི་མིང་ཐོག་ལ་གཏོང་དགོས་རེད། གློག་འཕྲིན་བརྒྱུད་ནས་རང་གི་བསམ་ཚུལ་རྣམས་ཕུལ་དགོས་རེད། དེ་ཡང་བོད་རིགས་ཤེས་ལྡན་པ་གཅིག་གིས་དེ་ལྟར་བྱས་བ་ཙམ་མ་ཡིན་པར་བོད་རིགས་ཤེས་ལྡན་པ་བརྒྱ་ཉིས་བརྒྱས་དེ་ལྟར་བྱེད་དགོས་རེད། འདི་ལྟར་བྱས་ན་གྲུབ་འབྲས་ཡོད་མེད་གང་ལྟར་ཡང་སྤྱི་འཐུས་ཚོར་ཏན་ཏན་བརྡ་ཞིག་སྟོན་ཐུབ་ཀྱི་རེད། དབང་ཆ་གཅིག་སྡུད་ལྟ་བུའི་རྒྱ་ནག་སྲིད་གཞུང་ལ་མཚོན་ན་ཡང་། ཤེས་ལྡན་པ་ཚོས་ཡིག་ངག་གཉིས་ཐོག་ནས་གཞུང་ལ་སྐྱོན་འཛུགས་བྱས་ན། དེས་གཞུང་དང་མི་མང་གཉིས་ལ་གོ་བརྡ་ཞིག་སྤྲོད་ཐུབ་ཀྱི་འདུག་ག། དེར་བརྟེན། འདི་ཡང་ཤེས་ཡོན་ཅན་རྣམས་ཀྱི་བྱེད་ཐབས་ཤིག་རེད་སྙམ།
བཞི་ གཤམ་གྱི་ཁ་བྱང་འདིའི་ཐོག་ལ་ཡིག་ངག་གཉིས་ཐོག་ནས་སོ་སོའི་བསམ་ཚུལ་རྣམས་བསྐུར་རོགས་གནང་། ཁ་པར་གཏོང་རོགས་གནང་། དྲི་བ་གཏོང་རོགས་གནང་།
བསམ་ཚུལ་བཤད་རོགས་གནང་། ངེད་ཀྱིས་ཡིག་ཟམ་དང་གློག་འཕྲིན་གཉིས་ཀ་བརྒྱུད་ནས་རང་གི་བསམ་ཚུལ་རྣམས་བསྐུར་གྱི་ཡིན། དེ་ཙམ་ཞུ།
Tibetan Parliament-in-Exile
Central Tibetan Administration
Dharamshala 176215
H.P., India
Tel: +91+1892+222481
Fax: +91+1892+224593
Email: tibetanparliament@gov.tibet.net
རིག་འབྱུང་། འདི་བསམ་འཆར་ཡག་པོ་འདུག ད་དུང་ང་ཚོས་གནས་སྐབས་ཀྱི་དྲ་ཤོག་གཅིག་བཟོས་ནས། སྤྱི་འཐུས་རྒྱུན་ལས་ལ་ཡི་གེ་ཞིག་འབུལ་ནས་འགྱུར་བ་གཏོང་དགོས་པའི་ཆ་རྐྱེན་རྣམས་དྲ་ཐོག་ལ་བཏོན་ནས། དེ་ལ་རྒྱབ་སྐྱོར་ཡོད་མཁན་རྣམས་ཀྱིས་མིང་རྟགས་རྒྱག་ཐུབ་ལ་ལེགས།
ང་ལ་ཁ་བརྡའི་ཐོག་རྩོམ་འགེལ་ཐུབ་པའི་ཆ་རྐྱེན་ཡོད། དེར་རྟེན་རིག་འབྱུང་ཁྱེད་ཀྱིས་སྔོན་ལ་ངེད་ཚོའི་རེ་བ་དང་ཆ་རྐྱེན་རྣམས་མཚོན་པའི་ཡི་གེ་ཞིག་ཟིན་བྲིས་རྒྱོབ་དང་། ངའི་ཆ་རྐྱེན་ནི།
སྤྱི་འཐུས་རྒྱུན་ལས་ངེས་པར་དུ་མ་འོངས་པའི་སྤྱི་འཐུས་ཀྱི་སྤུས་ཚད་མཐོ་བར་གཏོང་ཆེད། ངེས་པར་དུ་སྤྱི་འཐུས་ཀྱི་ཆ་རྐྱེན་གཅིག་ལ། སྤྱི་འཐུས་འོས་མི་དེ་སློབ་གྲྭ་ཆེན་པོ་འཐོན་པའི་སློབ་སྦྱོང་གི་ཆུ་ཚད་དགོས། བཙན་བྱོལ་བོད་མིའི་ནང་སློབ་ཆེན་འཐོན་པའི་མི་འབོར་མང་པོ་རེད། ཁོང་ཚོར་གོ་སྐབས་གསར་པ་ཞིག་སྦྱིན་དགོས།
ད་ཐེངས་ཀྱི་བརྙན་འཕྲིན་འདི་ལ་མཆན་ 56 བྱུང་འདུག རེ་རེ་བཞིན་ཀློག་ལོང་མ་བྱུང་། རོབ་ཙམ་ཞིག་བལྟས་པ་ཡིན། ཕལ་ཆེ་བས་སྤྱི་འཐུས་སྒེར་པའི་ངོས་ནས་འཐུས་ཤོར་ཕྱིན་པ་ལ་དགག་པ་གནང་འདུག དེ་ཡང་ཚིག་གང་རྩུབ་རྩུབ་གནང་འདུག ང་ལ་མཚོན་ན་བསམ་ཚུལ་གཞན་ཞིག་ཡོང་། དེ་ནི་བཅའ་ཁྲིམས་ད་ཡོད་འདི་ལ་དུས་དང་བསྟུན་པའི་འགྱུར་བ་གཏོང་མ་ནུས་པ་དེ་རེད། བཅའ་ཁྲིམས་ནང་ཆོས་བརྒྱུད་དང་ཆོལ་ཁའི་སྤྱི་འཐུས་ཟེར་བ་འདིའི་ཡོང་ཁུངས་དེ་རྒྱ་བལ་འབྲུག་གསུམ་ཡིན་པ་ཡོད་དྲན། འདི་གཏན་འབེབས་བྱེད་དུས་ ༡༩༩༠་ཙམ་ལ་རེད། དེ་དུས་ཨ་རི་དང་ཡུ་རོབ་བསྡུར་ན་ཡུ་རོབ་ལ་བོད་མི་མང་བ་ཡོད། རྐྱེན་དེ་ལ་བརྟེན་ནས་ཡུ་རོབ་ལ་སྤྱི་འཐུས་གཉིས་ཀྱི་རྐུབ་སྟེགས་སྤྲད་པ་རེད། ཨ་རི་ལ་སྤྱི་འཐུས་གཅིག་གི་རྐུབ་སྟེགས་སྤྲད་པ་རེད། དེ་དག་ཚང་མ་ ༡༩༩༠ ནང་ལ་དངོས་ཡོད་རེད། ད་འགྱུར་བ་ཕྱིན་པ་རེད། ཆོལ་ཁའི་སྤྱི་འཐུས་སུ་ཞིག་སྤྱི་འཐུས་ཀྱི་ལས་རྒྱུན་རིང་གཏན་སྡོད་ཀྱི་ས་གནས་སྤོས་པ་ཡིན་ན། དེ་ལ་བྱེད་ལུགས་བྱེད་སྟངས་གང་འདྲ་ཡོད་པའི་ཁྲིམས་འདུག་གམ། ངས་མཐོང་མ་བྱུང་། ཡོད་ན་ཡོད་ལུགས་དང་མེད་ན་མེད་ལུགས་ཀྱི་ཐོག་ནས་ཐེངས་འདིའི་གནས་ཚུལ་ལ་བརྟག་དགོས་པ་རེད། དེ་བཞིན་རྒྱ་བལ་འབྲུག་གསུམ་ལ་ཆོལ་ཁོངས་ཀྱི་སྤྱི་འཐུས་དང་། དེ་མིན་གྱི་ས་གནས་ལ་ས་ཁུལ་གྱི་དབྱེ་བ་དེ་ཡང་དུས་བསྟུན་གྱིས་བསྒྱུར་དགོས་པ་རེད་དྲན། ད་ནི་མི་འབོར་ལ་གཞིགས་ན། ཡུ་རོབ་ལ་སྤྱི་འཐུས་གཉིས་ཡོད་ན། བྱང་ཨ་རི་ལ་སྤྱི་འཐུས་ བཞི་ལྷག་མི་དགོས་སམ། ཐེའེ་ཝན་ནས་ཀྱང་སྤྱི་འཐུས་གཅིག་མི་དགོས་སམ། ཁྲིམས་གང་འདྲ་ཞིག་ཡིན་ཡང་གཞི་རྩ་དེ་དྲང་བདེན་ཞིག་ལ་མ་བཅོལ་བ་ཡིན་ན་མུ་མཐུད་ནས་དཀའ་ངལ་འཕྲད་ཀྱི་རེད། ནང་དོན་མདོར་བསྡུས་ན། ཐེངས་འདིའི་དཀའ་ངལ་དེ་སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ཀྱི་དཀའ་ངལ་མ་རེད། འདི་བཅའ་ཁྲིམས་ཀྱི་དཀའ་ངལ་ཞིག་རེད།
མཆན་འདེབས་པ་རྙིང་པ་ལ་ད་དུང་དག་མཆན་བསྐྱར་ཐོབ་དགོས་པ་གང་ཡིན་ནམ།
གོང་དུ་གྲོས་ཚོགས་ཀྱི་བརྙན་བསྡུས་ཞེས་པར་མཆན་བུ་༥༧ཙམ་བཏབ་འདུག་ཀྱང༌། དེ་དག་ཕལ་ཆེར་གྱིས་དྲང་བདེན་མ་ཡིན་པའི་ཚིག་ངན་གང་ཐོན་གྱིས་སྐྱོན་བརྗོད་ཚད་མེད་བྱས་པ་ལས། བོད་མི་རིགས་ལ་ལ་རྒྱ་ཡོད་པའི་ཐོག་ནས་ཤ་བརྩེའི་གཞེན་སྐུལ་གནང་བའི་བཟོ་འདྲ་གཏན་ནས་མི་འདུག་པས་བློ་ཕམ་ཡོད། གྲོས་ཚོགས་འཐུས་མི་ལ་ཕྱོགས་ལྷུང་གི་ཞེན་ཁོག་ལས། འདིར་མཆན་འདེབས་པ་དག་གི་ཕྱོགས་ཞེན་ཆེ་བ་མངོན་གསལ་རེད་འདུག མཆན་འདེབས་པ་མང་ཆེ་བར་ཆབ་སྲིད་ཀྱི་གོ་རྟོགས་མེད་ཁར་ཆོས་ལུགས་ཀྱི་ཞག་རྩི་ཡང་རྩ་བ་ནས་མི་འདུག ཕྱོགས་ལྷུང་པ་འདི་དག་གིས་བསྐོས་པའི་མི་ལ་ཕྱོགས་ལྷུང་གི་བསམ་བློས་ཕྱུག་པ་ཞིན་ལོས་ཡིན། ང་ཚོའི་སྤྱི་ཚོགས་ནང་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་པ་བཟོ་དགོས་ན་འགན་གཙོ་བོ་གཞི་རིམ་མི་མང་ལ་ཡོད་པ་རེད་མ་གཏོགས་སྤྱི་འཐུས་རེ་ཟུང་གིས་གནང་ཐུབ་པ་ཞིག་མ་རེད།
བློ་ཕམ་བྱུང་། ཉེ་བའི་ཆར་གཅེས་པའི་ཚེ་སྲོག་སྤྱི་དོན་དུ་ཕུལ་བ་དང་། རང་དབང་མེད་པར་བཙོན་ར་ལ་ཚུད་པའི་དཔའ་བོ་ཚོར་གཟེངས་བསྟོད་དང་བྱ་དགར་གནང་བ་ཡིན་ནམ། སྤྱི་དོན་མི་རྩོད་པར་སྒེར་དོན་འགྲོ་གྲོན་ཕྲན་བུ་ཐོབ་མིན་སྐོར་ལ་རྩོད་པ་འདི་ཡ་ཆ། དུས་ཚོད་དང་སྐར་ཆ་ཙམ་ལ་རང་དབང་མེད་པར་སྡུག་བསྔལ་བའི་བཙོན་པ་རྣམས་དང་། ཡ་ངའི་གཡང་སར་འཁྱམ་པའི་བར་དོའི་འགྲོ་བ་རྣམས་ཀྱི་ཆེད་དུ་ཡིན་ནམ། དུས་ཚོད་ཛ་དྲག་གི་སྐབས་ཟེར་བཞིན་ཇི་དྲའི་དལ་བ་ཞིག་ཨང་། འདི་ལྟར་ཤི་གསོན་མང་པོས་ཤ་ཁྲག་གིས་བསྒྲུབས་པའི་བོད་ཀྱི་མ་དངུལ་དེ་འདི་འདྲ་རྐྱང་བ་ལ་བཏང་ན་དེ་ལས་ཆུད་ཟོས་ཆེ་བ་ཞིག་འདུག་གམ། ཚིག་གིས་མཚོན་ཆ་འདེབས་ས་དང་། མདུང་མོའི་རྣོ་སོ་སྟོན་ཡུལ་དེ་ཕུ་ནའི་ནང་ག་ལ་ཡིན། བོད་ལ་ཕྱོགས་ཀུན་ན་དགྲ་མང་པ་ལས་ཉུང བའི་སྐྱོན་གཏན་ནས་མེད། ཕྱི་མི་ཐུབ་ཕད་བུའི་ཕག་ཏུ་ཡིབས། ནང་མི་མཐུན་སོར་མོའི་རིང་ཐུང་རྩོད་ཟེར་བ་དེ་མིན་ནམ། དངོས་གནས་དགོངས་པ་ཆེ་བཞེས་དགོས་ས་ཞིག་རེད། ཁྱད་པར་བེ་རི་འཇིགས་མེད་ནི་རི་བོ་དགེ་ལྡན་པའི་སྐུ་ཚབ་དང་། ཤེས་ཡོན་གང་འཚམ་ཡོད་མཁན་ཞིག་རེད། ག་ཟི་ཚེ་རིང་པོ་ཡང་རྫོང་གསར་བཤད་གྲྭ་ནས་ཐོན་པའི་ནང་ཆོས་ལ་རྒྱུས་ཡོད་མཁན་ཞིག་རེད། འདི་གཉིས་ལ་རེ་བ་ཆེན་པོ་བྱས་པ་ཡིན་དེ་ད་རེས་ནང་ཆ་ཕྱི་ལ་བསྟན་ནས་བློ་ཕམ་བཟོས་སོང་། ཤེས་ཡོན་ཡོད་ཀྱང་སྤྱི་དོན་རིས་སུ་གཅོད་མཁན་ཞིག་ཡིན་ཚེ་ལྷག་བསམ་ཀྱིས་ཕུང་པས་འགྲོ་བའི་ཁམས་སུ་སྡུག་བསྔལ་འབྱུང་བའི་གཞིར་ཡང འགྲྱུར་དེ། དཔེར་ན། མོའུ་ཙེ་ཏུང་དང་། སུ་ཏ་ལིན། ཤི་ཐུ་ལི། སོག་གྲྭ་ཆོས་དཔལ་བཟང་བཞིན་ནོ། །དཔེ་འདི་སྤྱིར་བཤད་པ་ལས་བྱེ་བྲག་ཁོངས་རྣམ་གཉིས་ལ་ཞུ་བ་མིན། ང་ཚོ་བཙན་པོ་གདུག་རྒྱུད་ལ་དེ་འདྲ་འབྱུང་ག་ལ་སྲིད། འོན་ཀྱང་གྲྭ་བའི་འཁྲུག་པ་བྱེད་སར་སླེབས་ཚེ་སྟོན་པའི་ཞབས་འདྲེན་དང་སྐུ་ཚབ་བྱེད་སའི་ཆོས་རྒྱུན་དེའི་བླ་བཙོང་ཚར་བ་རེད། ཆོས་རྒྱུན་གྱི་སྐུ་ཚབ་ནི་ཁམས་ཨ་མདོ་དབུས་གཙང་སུ་ལ་མི་གཏོགས་པ་ཆོས་རྒྱུན་དེའི་བསྟན་པའི་ཆོས་བྱ་ཐག་གཅོད་མཁན་ཡིན་ཕྱིར། སྐད་ཆ་གང་གསུང་ཆོས་རྒྱུན་དེའི་སྐུ་ཚབ་ཡིན་པའི་ཐོབ་ཐང་གི་ངོས་ནས་བཤད་པ་མིན་ནམ། སྤྱིར་དམངས་གཙོའི་གཞུང་ལ་རྩོད་པ་མི་ཉུང་བ་ཡོང་གི་ཡོད་མོད། གང་རྩོད་པ་དེ་སྤྱི་དོན་དང་། ཁྲིམས་ལུགས། ལམ་ཕྱོགས་སོགས་གཞུང་དོན་ཤ་སྟག་ལས། སྒེར་གྱི་འགྲོ་གྲོན་རྩོད་པ་དུས་རབས་ཉེར་གཅིག་པའི་ནང་ལ་ཐོག་མར་བྱུང་བ་ཞིག་ཡིན་འོང་། གསར་འགོད་པ་དང་། རྩོམ་པ་པོ་རྣམས་ལ་རྒྱ་ཆེའི་མི་དམངས་ཀྱིས་རེ་བ་བཅོལ་ཡོད་པས། ལོ་རྒྱུས་ཀྱི་ཁག་ཁུར་ཆེན་པོར་དགོངས་དཔྱད་གཏམ་རྒྱ་མི་ཆུང་པ་གནང་རྒྱུར་ཐུགས་འཛིན་ཞུ། མདོར་ན།
༡༽ ཆོས་དོན་ལས་ཁུངས་ནང་སྲིད་ལས་ཁུངས་ཀྱི་ཁོངས་གཏོགས་ཆོས་རྒྱུན་དོན་གཅོད་ཁང་དུ་སྒྱུར་རྒྱུ་དང་།
༢༽སྤྱི་འཐུས་སུ་འདེམས་མཁན་ཞིག་ཡིན་ཚེ་ཐོག་མར་ལོ་གཅིག་ཙམ་དུ་དམངས་གཙོའི་སྒྲིག་གཞི། བཅའ་ཁྲིམས། གྲོས་བསྡུར་གྱི་ཐབས་འཇུས་སོགས་ལ་སློབ་སྦྱོང་བྱ་རྒྱུ།
༣༽སློབ་སྦྱོང་ལེགས་ཤོས་བྱུང་མཁན་ཞིག་ལས་ཆོས་འདེམས་ཀྱི་ཐོབ་ཐང་མེད་པ་བྱེད་རྒྱུ།
༤༽སློབ་སྦྱོང་གི་དགེ་རྒན་ཨ་རུ་དང་ཡུ་རོབ་ཀྱི་སློབ་དཔོན་གྲགས་ཆེན་རྣམས་གདན་འདྲེན་ཞུ་རྒྱུ།
༥༽ཛ་དྲག་གི་གནས་ཚུལ་མངོན་གསལ་དོད་པོ་མེད་ཚེ་སློབ་མ་རྣམས་ལ་དགོངས་གནང་གཏན་ནས་མེད་པར་མ་ཟད་མཚམས་བསྡམ་པ་བཞིན་བཅའ་ཁྲིམ་དམ་པོ་བྱེད་རྒྱུ།
༦༽སློབ་གྲྭ་དེར་འོས་འདེམས་ཀྱི་ཆ་རྐྱེན་ཡོད་པའི་མི་སུ་ཡིན་ནའང་ཞུགས་ཆོག་གནང་རྒྱུ།
གོང་གསལ་ལྟར་ཡུན་བསྲིང་ཏེ་སློབ་སྦྱོང་སྤྲད་ན་ཚོགས་མི་རྣམས་ཀྱི་ཆུ་ཚད་མཐོ་རུ་སོང་ནས་ད་ལྟའི་གནས་འདི་ལྟ་བུ་མི་འབྱུང་བར་ཕན་ནུས་མངོན་གསལ་དོོ་པོ་ཡོང་རྒྱུ་རེད་སྙམ། ཕན་པས་བཤད་པ་འདི་ལ་ནོར་འཁྲུལ་མི་ཉུང བ་ཡོད་ངེས་པས་དགོངས་འགལ་མེད་པ་དང་། ཕོག་ཐུག་བྱུང་རིགས་ཡོད་ཚེ་དགོངས་དག་ཞུ། །
ཡིག་གཟུགས་ཆུང་དྲག་ནས་མིག་ག་མཐོང་གིས་མི་འདུག ཡིག་ནོར་མི་ཉུང་པ་ཤོར་འདུག བཅོས། བཙན་པོའི་གདུང་རྒྱུད་ལ་དེ་འདྲ་འབྱུང་ག་ལ་སྲིད། །
ངས་་བསྐྱར་དུ་ཚིག་འགའ་ཞུ་འདོད་བྱུང་སོང་།
དང་པོ།
བཅའ་ཁྲིམས་ཀྱི་དཀའ་ངལ་རེད་ཟེར་བ་འདི་གནད་འགག་གི་སྐད་ཆ་ཅིག་རེད། བཅའ་ཁྲིམས་ཀྱི་དཀའ་ངལ་ཡིན་པ་དང་བཅའ་ཁྲིམས་ཀྱི་ནང་གི་སྤྱི་འཐུས་སྒེར་བའི་ཐོབ་ཐང་དང་སྒྲིག་གཞིའི་སྐོར་སོགས་གཙོས་བའི་དོན་ཚན་འགའ་ལ་ངེས་པར་དུ་འགྱུར་བ་ཞིག་གཏོང་དགོས་ཀྱི་འདུག་བསམ། དུས་ཚོད་དང་གནས་སྟངས་གཉིས་ཀའི་ཕྱོགས་ནས་འགྱུར་བ་གཏོང་བའི་དུས་ལ་སླེབས་ནས་འདུག འདི་ལྟར་ཡོང་བ་ལ་ཕྱི་ནང་གི་བོད་རིགས་ཤེས་ལྡན་པ་ཚོས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་མཁྱེན་དགོས་རྒྱུ་ཡང་ཧ་ཅང་ནས་གལ་ཆེན་པོ་རེད།
བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་རྣམས་མཁྱེན་པའི་ཐོག་ནས་བཅའ་ཁྲིམས་བསྒྱུར་བཅོས་ཀྱི་ཐད་ལ་ད་ལྟ་ནས་བསམ་ཚུལ་ཕུལ་དགོས་རེད། བསམ་ཚུལ་རྣམས་ཡིག་ཐོག་ལ་བྲིས་ནས་ཕུལ་དགོས་རེད།་ ངེད་ཀྱི་ཚོད་དཔག་ནོར་མེད་ན། ད་ལྟའི་སྐབས་སུ་བཙན་བྱོལ་བོད་མིའི་ཁྲོད་དུ། བཅའ་ཁྲིམས་ཀྱི་དགོངས་དོན་ཡོངས་རྫོགས་མཁྱེན་མཁན་བཙན་བྱོལ་བོད་མིའི་བརྒྱ་ཆ་༡༠ཙམ་རེད།
གཉིས་པ།
བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་རྒྱུའི་དབང་ཚད་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལག་ན་ཡོད་ཙང་། སྤྱི་བའི་འཐུས་མི་ཚད་ལྡན་ཞིག་འདེམས་ཐུབ་རྒྱུར་ད་ལྟ་ནས་བསམ་བློ་གཏོང་དགོས་རེད། ྐླད་པ་དཀྲུགས་དགོས་རེད། ཡང་སྤྱི་བའི་འཐུས་མི་འདེམས་མཁན་དེ་ཡང་མི་མང་ཡིན་ཙང་། མི་མང་ཚོའི་ངོས་ནས་འོས་བསྡུའི་ཆ་ཤས་ལེན་རྒྱུར་ད་ལྟ་ནས་སྐུལ་མ་བྱེད་དགོས་རེད། རྒྱུ་མཚན། བཙན་བྱོལ་བོད་མིའི་ཁྲོད་དུ་དྲ་རྒྱ་དང་ཚགས་པར། རླུང་འཕྲིན་ཁག་ལ་བསམ་ཚུལ་སྤེལ་མཁན་གྱི་གྲངས་འབོར་འདིས་མི་མང་གི་སྤྱི་འབོར་གྱི་བརྒྱ་ཆ་༥ཡང་ཟིན་གྱི་མེད། དེས་ན། མཐའ་མའི་འོས་ཤོག་ཡོང་ས་དང་འོས་མི་འདེམས་མཁན་དེ་མི་མང་ཡིན་ཙང་། མི་མང་རྣམས་ལ་བརྒྱུད་སྐུལ་བྱེད་དགོས། འོས་མི་ཚད་ལྡན་དེ་འདྲ་ངོ་སྤྲོད་བྱེད་དགོས་རེད།
གསུམ།
འོས་མི་ཚད་ལྡན་ཞིག་སླེབས་ཐུབ་པ་ཡིན་ན་། ད་གཟོད་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་ཐུབ་རྒྱུའི་རེ་བ་ཞིག་ཡོད་རེད། བཅའ་ཁྲིམས་ལ་འགྱུར་བཅོས་ཡོང་བ་ཡིན་ན། ཁྲིམས་ཀྱི་དབང་བསྒྱུར་བརྟན་ཏུ་འགྲོ་ཐུབ་གི་རེད། འདི་ཡང་གནད་འགག་ཅིག་རེད།
བཞི།
དེ་རིང་སང་ཉིན། འདི་རུ་གུང་གསེང་གི་སྐབས་དང་བསྟུན་ནས། ངེད་ཀྱིས་ “བོད་ཀྱི་ཡུལ་མིའི་འོས་འགན་ལ་དོགས་སློང་”ཟེར་བའི་རྩོམ་ཞིག་འབྲི་བཞིན་ཡོད། རྩོམ་དེའི་བརྗོད་གཞི་ཡོང་ས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ཡིན། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་༡༣པར། བོད་ཀྱི་ཡུལ་མིའི་འོས་འགན་ནི།
1 བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
2 བཅའ་ཁྲིམས་དང་ཁྲིམས་ལུགས་ལ་སྙིང་ནས་བརྩི་བཀུར་དང་བློ་འགེལ།
3 བོད་དོན་བདེན་མཐའ་སེལ་ཐབས་འབད་བརྩོན་བྱ་རྒྱུ།
4 ཁྲིམས་ལུགས་གཏན་འབེབ་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།
5རྒྱལ་ཁབ་དང་མང་ཚོགས་ལ་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས་འཁོད་འདུག་
གོང་འཁོད་དོན་ཚན་རེ་རེ་ལ་ཡང་ཞིབ་འཇུག་གཏོང་ཟབ་ཞིག་བྱེད་རྒྱུ་འདུག་བསམ་སོང་།
(ཞོར་འཕྲོས། སྒང་ནེ་འཇིགས་མེད་ཞུ་བ་ཁྱོད་སྒང་ནེ་ཡེ་ཤེས་འཇིགས་མེད་ཡིན་ནམ། གལ་སྲིད་ཡིན་ན། ཁྱེད་ལ་བཀའ་འདྲི་ཞུ་ཡ་གཅིག་ཡོད། ལྡི་ལི་བོད་ཁང་ནས་དཔར་བསྐྲུན་གནང་བའི་ཕྱི་ཡུལ་གྱི་རང་དབང་ཞེས་བའི་༧གོང་ས་མཆོག་གི་ཕྱག་དེབ་དེ་དྲ་ཐོག་བརྒྱུད་ནས་ཉོ་རྒྱུ་ཡོད་དམ། ཐུགས་རྗེ་ཆེ། )
དཔྱོད་ལྡན་སློབ་གྲོགས་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། ྋགོང་ས་མཆོག་གི་མཛད་རྣམ་གཉིས་པ་ཕྱི་ཡུལ་དུ་རང་དབང༌། ཞེས་པ་འདི་དི་ལླིའ་བོད་ཁང་ནས་སྔར་ལོའི་འཁྲུངས་སྐར་དུས་ཆེན་ཉིན་དཔར་སྐྲུན་དབུ་འབྱེད་ཀྱིས་འགྲེམས་སྤེལ་གནང་འགོ་བཙུགས་པ་ཞིག་རེད། འོན་ཀྱང་ད་བར་དྲ་ཐོག་ནས་ཚོང་འགྲེམས་ཞུ་རྒྱུའི་ཆ་རྐྱེན་སྐྲུན་ཐུབ་མེད་ཀྱང་སྦྲགས་ཐོག་ནས་ཚོང་འགྲེམས་ཞུ་བཞིན་ཡོད་པས་དགོངས་འཇགས་ཞུ།
ཕྱི་ཡུལ་དུ་རང་དབང༌། Freedom In Exile
བླུ་ཡོན་ཧིན་སྒོར་༤༠༠།༠༠
འབྲེལ་མཐུད་ཁ་བྱང༌།
Tibet House
Cultural Centre of H.H.the Dalai Lama
1, Institutional Area,Lodhi Road,
New Delhi-110003 India
Tel:+91 11 24611515
E-mail:tibethouse@airtelmail.in
ད་གྲོགས་ཚོ་།།སྤྱི་འཐུས་གྲོས་ཚོགས་གི་ཐོག་ལ་མཆན་༦༢་ནང་ལམ་གླིང་དུ་མ་བྱུང་འདུག་ཀྱང་
བོད་སྤྱི་བའི་རྩ་དོན་ལ་ཕན་པ་ཞིག་མེད་པ་མ་ཟད་གཡས་དགའ་གཡོན་ཕྱོགས་དང་འཐན་སྐྱེར་མ་རྟོག་རྩ་བ་ནས་མི་འདུག་།རྒྱལ་དམར་ལ་ཁ་གཏད་དེ་ཕར་བཞག།བོད་མི་ནང་ལ་ཁ་གཏད་དང་རྩོད་རྙོད་དེ་རྣམ་པ་གསེར་དུ་འགྲོ་བ་དེ་ལ་བློ་ཕམ་རེད་ཞུ་རྒྱུ་ཡིན་། གོང་དུ་མཚན་མང་པོ་བཀོད་འདུག་པ་དེ་ཚོ་ཆོལ་ཁ་ཆོས་
ལུག་སུ་ཡིན་མ་ཤེས་བཞིན་དུ་མ་འབྲི་རོག་། ག་སྲིད་མཚན་བཀོད་དགོས་པ་ཡོད་ན་སྤྱི་འཐུས་ཟླ་བ་
ཚེ་རིང་དང་།སྤྱི་འཐུས་པད་མ་འབྱུང་གནས་།སྤྱི་འཐུས་སྒྲོན་དཀར་སྐང་ཆགས་།སོགས་འབྲི་རྒྱུ་ལྷག་
འདུག་ཆོས་ལུག་སྤྱི་འཐུས་མི་དགོས་ཟེར་མི་དེ་ཚོ་བོད་སྤྱི་པའི་རྩ་དོན་འགན་མེད་རྙོག་གཏམ་ངེས་
འཛིན་ཞུ་རྒྱུ་ལས་།མ་འོང་པ་ལ་ངེས་པར་དུ་ཆོས་རྒྱུད་ཁག་གི་སྤྱི་འཐུས་མང་རུ་དགོས་པ་མཐོང་།
ལག་སུ་བེད་མི་བྱེད་ནས་བོད་སྤྱི་པའི་རྩ་དོན་ཐུག་འགན་བཞེས་རོག་འབོད་སྐུར་ཞུ་རྒྱུ་ཡིན་ཐུགས་རྗེ་ཆེ།།་
བོད་ཆོལ་ཁ་གསུམ་གྱི་དམ་ཚིག་དང་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཚོའི་བྱེས་ཉེས་ཐེར་འདོན་བྱེད་ཀྱི་ཡོད་པ་ལས་ཆོལ་ཁ་གསུམ་གྱི་ཆིལ་སྒྲིལ་ལ་གནོད་པའི་བསམ་ཚུལ་གང་ཡང་བཏོན་མེད། འོན་ཀྱང་ད་ལྟའི་སྤྱི་འཐུས་འདི་ཚོས་བྱེད་སྟངས་ལ་ལྟོས་ན་བོད་ལ་རེ་བ་མེད་པ་མཐོང་གི་འདུག རྩ་བའི་མདོ་སྟོད་ཀྱི་མི་ཆེན་གྱི་མིང་ཡོད་མཁན་ཤེས་འཇོན་མེད་པ་རེ་གཉིས་ཀྱིས་ཚེ་གང་བོར་ཆོལ་ཁ་གསུམ་གྱི་ནང་ཁུལ་ལ་རྙོག་དྲ་བཟོས་ནས་བསྡད་ཡོད་པ་འདྲ་བོ་མཐོང་གི་འདུག འོན་ཀྱང་མདོ་སྟོད་མི་དམངས་སྤྱི་དང་ཤེས་འཇོན་ཡོད་མཁན་གྱི་མདོ་སྟོད་པ་ཚོ་ནི་བོད་མི་སྤྱི་ཡོངས་ལ་སྐྱིད་སྡུག་མཉམ་ཁུར་གྱིས་རྒྱ་ནག་གི་གདོང་དུ་ལངས་ནས་བོད་ཀྱི་རྩ་དོན་རྩོད་བཞིན་པ་བཤད་མ་དགོས་པ་རེད།
བདེན་པ་ཡིན་མིན་མི་ཤེས་ཏེ། གལ་སྲིད་བདེན་པ་ཡིན་ན་བཀའ་ཟུར་འཇུ་ཆེན་གྱིས་མདོ་སྟོད་ཀྱི་ལ་རྒྱལ་ཡོད་ཁུལ་གྱིས་མདོ་སྟོད་མི་དམངས་དང་བོད་གཞུང་དམངས་བར་རྙོག་དྲ་དང་དཀྲུགས་ཤིང་བཟོ་གི་ཡོད་པ་རེད་ཟེར་གྱི་འདུག གལ་སྲིད་བདེན་པ་ཡིན་ན་ཧ་ལས་པའི་བློ་འཕང་བའི་གནས་ཚུལ་རེད། འཇུ་ཆེན་ཁོང་རང་ཡིན་ནའང་བོད་གཞུང་གི་བཀའ་ཁྲི་བྱེད་མྱོང་བ་མ་ཟད། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་བྱས་ནས་པེ་ཅིན་ལ་བཏང་བ་རེད། ཁོ་ལ་འདི་ལས་ལྷག་ཅིག་ག་རེ་རག་ཡ་ཡོད་པ་རེད་དམ། དེ་ལས་ལྷག་ཅིག་ཁོས་འཇོན་གྱི་ཡོད་ན་བརྒྱ་ཆ་བརྒྱ་བོད་གཞུང་གིས་གནང་གི་རེད་དེ། སྐུ་ངོ་འཇུ་ཆེན་ལ་བོད་ཀྱི་ཕྱི་སྲིད་ཐོག་ཕན་ཐོགས་པའི་ཤེས་ཡོན་དང་འཇོན་ཐང་མེད་སོང་བ་མ་གཏོགས་གོ་སྐབས་མ་གནང་བ་མ་རེད། ཨ་རི་དང་ཡོ་རོབ་ཁག་གི་དོན་གཅོད་དང་རྒྱ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སོགས་བྱེད་རྒྱའི་ཤེས་ཡོན་དང་འཇོན་ཐང་ཁོང་ལ་མེད་པ་མ་གཏོགས་གོ་སྐབས་མ་སྤྲད་པ་མ་རེད། མདོ་སྟོད་མི་དམངས་ཀྱི་ཁོངས་སུ་ཤེས་ཡོན་འཇོན་ཚད་ལྡན་མང་པོ་ཡོད་བཞིན་དུ་དེ་ཚོར་བདག་པོ་མི་བརྒྱག་པར། ནང་དཀྲུགས་ཁོ་ན་ལས་ཕན་ཐོགས་མེད་པ་བསོད་ནམས་སྟོབས་རྒྱལ་ལྟ་བུ་སྤྱི་འཐུས་སུ་སླེབས་ཐབས་བྱས་པ་དེ་ཀུན་སློང་གཙང་མ་ཞིག་རེད་དྲན་གྱི་་མི་འདུག བསོད་ནམས་སྟོབས་རྒྱལ་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པ་ལ་དཔག་པའི་ཆེ་མཐོང་དང་གཟིགས་སྐྱོང་གནང་རྒྱུར་རྒྱབ་སྐྱོར་ཆ་ཚང་ཡོད། དེ་ནི་ཐོབ་འོས་པ་ཞིག་ཀྱང་རེད། འོན་ཀྱང་ཆབ་སྲིད་བཙོན་ཟུར་ཡིན་པ་ཙམ་གྱིས་སྤྱི་འཐུས་བྱེད་དགོས་པ་དང་དེ་བྱེད་རྒྱུའི་ནུས་པ་ཡོད་པའི་ངེས་མེད། ཁོང་ལ་ཆབ་སྲིད་བཙོན་པའི་གཟིགས་སྐྱོང་འོག་ཕྱི་རྒྱལ་ལ་གཞི་ཆགས་སུ་བཏང་བ། མ་འོང་བར་སྒེར་ལ་དཀའ་ངལ་ག་རེ་འཕྲད་ན་བོད་གཞུང་གིས་གང་ཐུབ་གཟིགས་སྐྱོང་གནང་འོས་པ་རེད། དེ་མིན་ཁོང་སྤྱི་འཐུས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག དེ་ལྟར་བྱེད་རྒྱུའི་ཤེས་ཡོན་དང་འཇོན་ཐང་ཁོ་ལ་ངོ་ནས་མི་འདུག
སྤྱི་འཐུས་གྲྭ་བ་ཚོ་དང་མདོ་སྨད་སྤྱི་འཐུས་བསྟན་མགོན་སོགས་ཀྱིས་བོད་གཞུང་གིས་མདོ་སྟོད་མི་དམངས་ལ་ཡིད་ཆེས་བློ་འགེལ་ག་ཚོད་བྱས་ཡོད་པ་དང་། ལྷག་པར་དུ་བོད་གཞུང་གི་གནད་ཡོད་ཀྱི་ཞབས་བཀྱགས་ཕལ་ཆེ་བ་མདོ་སྟོད་ཀྱི་མི་ལ་ཕུལ་ཡོད་པ་མཐོང་ཐུབ་པའི་རེ་བ་ཡོད། མི་ལ་འཇོན་ཐང་ཡོད་ན་བོད་གཞུང་གིས་དྲང་པོ་བྱེད་ཀྱི་ཡོད་པ་ཤེས་པའི་ཐོག་ནས་བོད་མིའི་མཐུན་སྒྲིལ་ལ་གནོད་པ་མི་བསྐྱེལ་བའི་རེ་བ་བྱེད་ཀྱི་ཡོད། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་བོད་གཞུང་གི་དབུ་ཁྲིད་སུ་བྱེད་བྱེད་རེད། དཔེར་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུ་རེད། གལ་སྲིད་བོད་རིགས་མི་དམངས་ལ་ཆོལ་ཁའི་ཕྱོགས་ཞེན་ཆེན་པོ་ཡོད་ན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སླེབས་མི་སྲིད། དེ་ཕྱིར་མི་བུ་རང་འཇོན་ཐང་དང་ཤེས་ཡོན་ཡོད་ན་བོད་མི་དམངས་ལ་ཉེ་རིང་མེད་པ་གསལ་བོ་རེད། དེའི་ཕྱིར་གྲོས་ཚོགས་ནང་ཆོལ་ཁའི་མིང་ཁྱེར་ནས་དཀྲུགས་ཤིང་དང་རྩོད་པ་བརྒྱག་མཁན་ཚོ་ནི་གང་ཡང་མི་འཇོན་པའི་མི་འུ་ཐུག་དང་རང་རློམ་ཅན་ཀླད་སྟོང་ཁ་ཤས་རེད།
ཐལ་དྲགས་པ་དང་ནོར་སོང་བ་ཡོད་ན་དགོངས་དག་ཞུ་གི་ཡོད།
དེ་ཕྱིར་མི་བུ་རང་ལ་འཇོན་ཐང་དང་ཤེས་ཡོན་ཡོད་ན་བོད་མི་དམངས་ལ་ཉེ་རིང་མེད་པ་གསལ་བོ་རེད། དེའི་ཕྱིར་གྲོས་ཚོགས་ནང་ཆོལ་ཁའི་མིང་ཁྱེར་ནས་དཀྲུགས་ཤིང་དང་རྩོད་པ་བརྒྱག་མཁན་ཚོ་ནི་གང་ཡང་མི་འཇོན་པའི་མི་འུ་ཐུག་དང་རང་རློམ་ཅན་ཀླད་སྟོང་ཁ་ཤས་རེད།
སྒང་ནེ་ལགས། སྙིང་ནས་བཀའ་དྲིན་ཆེ།
ཨ་ཁ་ཁ། དངོས་གནས་བལྟས་བ་ཙམ་གྱིས་ཞེད་སྣང་ཚ་བོ་ཞིག་འདུག ཕྱི་ལ་བདག་ཅག་གི་སྟོན་པའི་ན་བཟའ་གྱོན་ནས་ནང་སེམས་ཉིད་སྟོན་པའི་གསུང་གིས་ཏིལ་འབྲུ་ཙམ་ཡང་འདུལ་ཐུབ་མེད་པ་འདི་ཚོ་ཅི་ཡིན་ན། སྐྱ་སེར་གཉིས་ཀྱིས་གྲུབ་པའི་སྤྱི་འཐུས་འདི་ཚོས་སྤྱི་དོན་དང་སྲིད་ཇུས་གཏན་འབེབས་བྱེད་སའི་གྲོས་ཚོགས་དེ་དཔའ་དང་དཔུང་པ་ངོམ་སའི་དོ་རྭ་ཞིག་ཏུ་བསྒྱུར་འདུག བོད་པ་ཚང་གི་གེ་སར་སྙན་སྒྲུང་རིང་མོའི་ནང་གི་མི་སྣ་བརླང་སྤྱོད་ཅན་དག་འཁྲབ་མཁན་ལ་ཁོ་ཚོ་འོས་ས་རེད་མ་གཏོགས། སྤྱི་འབངས་ཀྱི་འདུ་ཤེས་ཞིག་ཁུར་ནས་དམངས་གཙོའི་ཁྲིམས་བཟོ་ལྷན་ཁང་གི་ལས་མི་མི་ཡོང་བ་ང་ཚོའི་མིག་མཐོང་ལག་ཟིན་འདི་རེད།
སྤྱིར་རྒྱལ་ཁབ་གང་དང་གང་ཞིག་ཡིན་ན་ཡང་གཞུང་དོན་སྒྲུབ་དུས་སྤྱི་དོན་དང་སྒེར་དོན་གཉིས་ཀྱི་བར་འགལ་ཟླ་དང་འཐབ་རྩོལ་མང་པོ་ཞིག་ཡོང་གི་ཡོད་ལ། དེས་བར་ཆད་ཆེན་པོ་ཡང་བྱེད་ཀྱི་ཡོད། ཡིན་ནའང་རྒྱལ་ཁབ་ཞིག་འཛུགས་སྐྲུན་བྱེད་པའམ་བཙུགས་རྗེས་འཕེལ་རྒྱས་འགྲོ་ཡ་ལ་སྤྱི་འབངས་ཀྱི་འདུ་ཤེས་(citizenship or civic consciousness)དང་སྤྱི་སེམས་ཀྱི་བསམ་བློ་(public spiritedness)ཞིག་སྐྲུན་དགོས། འདི་མེད་ན་རྒྱལ་ཁབ་ཞིག་སྐྱེ་མི་ཐུབ་ལ་སྐྱེས་ཀྱང་འཇིག་སླ། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོས་སློབ་གསོ་སོགས་རྒྱལ་སྲིད་ཀྱི་སྒྲིག་འཛུགས་སྣ་ཚོགས་བརྒྱུད་ནས་འདུ་ཤེས་འདི་དང་འགྲོ་ལུགས་འདི་སྤེལ་གྱི་ཡོད།
ཆབ་སྲིད་ཞིབ་དཔྱོད་པ་དག་གིས་ཨ་ཧྥི་རི་ཁའི་རྒྱལ་ཁབ་མང་པོ་ཞིག་མི་དང་ཐོན་ཁུངས་ཀྱིས་ཕྱུག་ནའང་ཉམས་ཉེས་སམ་བརྟན་རླིང་མེད་པ་ཆགས་(failed state)ཀྱི་ཡོད་པ་དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ལས་དོན་འདི་སྒྲུབ་མ་ཐུབ་པ་ལ་ཐུག་འདུག་ཟེར་གི་ཡོད། ང་ཚོ་འང་སྐྱོན་འདིས་མནར་བསྡད་ཡོད། ང་ཚོས་འཇིག་རྟེན་ཁམས། མར་གྱུར་སེམས་ཅན་ཞེས་བློར་ཡང་ཤོང་དཀའ་བའི་སེམས་ཅན་འདྲ་མིན་ལ་སྙིང་རྗེ་ཡོད་མདོག་མདོག་བྱེད་ཀྱི་ཡོད་ནའང་། དོན་ལ་སྒང་པ་བོད་ཀྱི་སྤྱི་དོན་སེམས་ལ་ཉར་ནས་སྤྱོད་པར་ཁ་ལོ་སྒྱུར་ཐུབ་ཀྱི་མེད་པའི་ཐབས་སྡུག་གི་བྱ་བ་འདི་འདྲ་ཡོང་གི་ཡོད། ད་དུང་གྲོས་ཚོགས་ཀྱི་ནང་ནས་འཇིགས་སྐུལ་དང་དབྱེན་སྦྱོར་བྱེད་ཀྱི་ཡོད་པ་འདི་རེད། ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་ནས་བྱ་སྤྱོད་འདི་འདྲ་ཁྲིམས་འགལ་ཆགས་ནས་སྤྱི་འཐུས་དཔའ་རྟུལ་དེ་ཚོ་ད་ལྟ་ཕལ་ཆེར་བཙོན་ལ་ལྷུང་ཡོད་སྲིད།
སྤྱི་འཐུས་འདི་འདྲ་མཐོང་ནས་ང་ཚོ་མང་པོ་ཞིག་ཧ་ལས་ཧང་སངས་འདུག བསམ་བློ་ཞིག་བཏངས་ན་དངོས་གནས་ཧ་ལས་དགོས་ས་དེ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་རེད། སྤྱི་མི་འདི་ཚོ་ང་ཚོས་འོས་འདེམས་བྱས་པ་རེད། མི་འདི་ཚོ་སྡིངས་ཆ་དང་དབང་ཆ་སྤྲོད་མཁན་ང་ཚོ་རེད། འདིས་སྤྱི་ཚོགས་ཀྱི་ཆབ་སྲིད་བསམ་བློ་དང་བྱ་སྤྱོད་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཡར་རྒྱས་འགྲོ་ཐུབ་མེད་པ་དེ་སྟོན་གྱི་འདུག མི་འདི་འདྲའི་སྒང་ལ་སྡང་པ་ཁག་མེད་མོད་ཕན་མི་ཐོག དང་ཐོག་འབངས་མི་རྣམས་སྒྱུར་བཅོས་གཏོང་པར་འདང་རྒྱག་དགོས། སློབ་གསོ། དྲིལ་བསྒྲགས། གསར་འགྱུར་བརྒྱུད་ལམ། ཆབ་སྲིད་ལས་འགུལ། རྒྱུ་རྩལ་བརྩམས་ཆོས་སོགས་བརྒྱུད་ནས་བསམ་སྤྱོད་རང་ཚིགས་ཡོད་པ་ཞིག་སྐྲུན་པར་བརྩོན་དགོས། མདའ་ཚན་པའི་བཤད་སྲོལ་ཞིག་གཡར་ན། རང་གི་རྐང་པ་རང་གི་དབང་དུ་ཡོད་པའི་འབངས་མི་འོས་ཤོག་ཅན་གང་མགྱོགས་སྐྱེད་སྲིང་བྱེད་ཨེ་ཐུབ་ལྟ་དགོས་བསམ། དེ་དང་མཉམ་དུ་སྤྱི་འབངས་འདུ་ཤེས་གཏིང་ཟབ་མོ་ཞིག་སྐྲུན་ཐུབ་ན་གོམ་ཁ་སྒྱུར་ཕྱོགས་དེ་སྤྱི་དོན་ཡིན་ལ། སྤྱི་འཐུས་ཡ་མ་བརླ་འདི་ཚོ་གྲོས་ཚོགས་ནས་ཕྱིར་སྐྲོད་བྱེད་ཀྱི་ལག་ཆ་དང་། མ་འོངས་པར་འདི་འདྲ་འགོག་བྱེད་ཀྱི་དམངས་གཙོའི་བཙན་རྗོང་ཡང་ཡིན།
༡། སྤྱི་བཏང་སྐད་ཆ་འདི་འདྲ་བཤད་རྒྱུར་སེམས་པ་སྐྱིད་པོ་ཡོང་གི་འདུག་ཀྱང་མི་བཤད་ཐབས་མེད་རེད། ད་བསོད་སྟོབས་ལམ་གྲོན་གནང་བ་དེ་དྲང་པོ་བྱུང་མི་འདུག་ཟེར་ནས་ས་ཡིག་བརྒྱག་མཁན་ཚོས་བསོད་ནམས་སྟོབས་རྒྱལ་མདོ་སྟོད་ཀྱི་མི་ཡིན་པ་རྒྱུ་མཚན་དུ་བྱས་ནས་འགོག་ཐབས་བྱས་པ་རེད་དྲན་གྱི་མི་འདུག གལ་སྲིད་ཁོང་ཚོ་བསོད་ནམས་སྟོབས་རྒྱལ་མདོ་སྟོད་ཡིན་པ་རྒྱུ་མཚན་བྱས་ནས་མ་དགའ་བ་ཡིན་ན་ཧ་ཅང་གི་ནག་ཉེས་ཆེ་པོ་རེད། གང་ཡིན་ཟེར་ན་མདོ་སྟོད་ལ་མི་དགའ་བའི་མི་ཞིག་ཡོད་ན་དེ་ནི་བོད་མི་རིགས་ལ་མི་དགའ་བ་གཅིག་པ་རེད། མདོ་སྟོད་མི་དམངས་ཀྱང་བོད་རིགས་སྤུན་ཟླ་གཅིག་པ་རེད། མདོ་སྟོད་ལ་མི་དགའ་བ་བྱེད་མཁན་ཞིག་ཡོད་ན་དེ་མདོ་སྟོད་ཙམ་མ་ཡིན་པར་བོད་མི་སྤྱི་ཡོངས་ཀྱི་དགྲ་བོ་ཆགས་པ་རེད། མདོ་སྟོད་ཀྱང་བོད་གཙང་མ་རེད།
༢། བསོད་ནམས་སྟོབས་རྒྱལ་སྒེར་གྱི་བྱ་སྤྱོད་ལ་བརྟེན་ནས་མ་དགའ་བ་ཡིན་ན་དེ་ནི་རྒྱུ་མཚན་ལྡན་པ་མཐོང་གི་འདུག ཁོ་རང་དུས་རྒྱུན་མི་གཤིས་ཡག་པོ་མེད་པ་གཅིག ཤེས་ཡོན་དང་འཇོན་ཐང་སྣེ་གཅིག་མེད་པར་ངན་སྤྱོད་ཁོ་ན་ལ་བརྟེན་ནས་སྤྱི་འཐུས་ཐོབ་པ་དང་གཉིས། གཉན་འཕྲང་གི་དུས་འདིར་ཆོལ་ཁ་གསུམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུར་ཐོག་མཐའ་བར་གསུམ་དུ་བར་ཆད་བཟོ་གི་ཡོད་པ་གསུམ། དུས་རྒྱུན་རྙོག་དྲ་ཚ་བོ་ཡོད་པ་བཅས་ལ་བརྟེན་ནས་ཁོ་འདྲ་བོ་སྤྱི་འཐུས་ནང་མི་ཡོང་བའི་རེ་བ་བྱེད་པ་ལ་རྒྱུ་མཚན་ཡང་དག་པ་མཐོང་གི་འདུག དེ་ཡང་མི་ཁོ་རང་གི་མི་གཤིས་ལ་ཐུག་ཡོད་པ་ལས། སྐྱེས་ཁོངས་ལ་ལྟ་གི་ཡོད་པ་མ་རེད། ཁོ་འདྲ་བོ་སྤྱི་འཐུས་ལ་ཡོང་ན་བོད་སྤྱི་ཡོངས་ཀྱི་གྱོང་གུད་ཡིན་པ་ལས་ཕྱོགས་གཅིག་གི་ཕམ་ཁ་མ་རེད། གལ་སྲིད་སྤྱི་འཐུས་ཡག་པོ་ཞིག་སླེབས་པ་ཡིན་ན་མདོ་སྟོད་ཚུད་པའི་བོད་མི་སྤྱི་ཡོངས་ཀྱི་ཁེ་ཕན་རེད། སྤྱི་འཐུས་ཕན་ཐོགས་མེད་པ་གཅིག་ཉུང་དུ་སོང་བ་ཡིན་ནའང་མདོ་སྟོད་མི་དམངས་ཚུད་པའི་བོད་མི་ས་ཡ་དྲུག་གི་ཁེ་ཕན་རེད།
དེའི་ཕྱིར་སྤྱི་འཐུས་སྤྱོད་པ་མ་རབས་དང་ཕན་ཐོགས་མེད་པ་གཅིག་ལ་དགག་པ་བརྒྱབ་ན། དེ་ནི་མི་སྒེར་གཅིག་གི་བྱེད་སྤྱོད་ཡག་པོ་མེད་པ་ལ་བརྟེན་ནས་བྱུང་བ་ལས། ཆོལ་ཁ་ལ་མ་དགའ་བ་བྱས་པ་ཞིག་རྩ་བ་ནས་མ་རེད། ང་ཡིན་ནའང་མདོ་སྟོད་མི་དམངས་ལ་བོད་མི་གཅིག་མཚུངས་ཀྱི་རེ་བ་དང་བརྩེ་ཞེན་ཆེན་པོ་ཡོད། འོན་ཀྱང་བསོད་ནམས་སྟོབས་རྒྱལ་སྤྱི་འཐུས་ནང་ཡོང་བར་རྒྱབ་སྐྱོར་གཏན་ནས་བྱེད་ཐུབ་ཀྱི་མི་འདུག གྲོས་ཚོགས་ནང་མི་ཁོ་འདྲ་བོ་ག་ཚོད་ཉུང་ན་ཆོལ་ཁ་གསུམ་གྱི་མཐུན་སྒྲིལ་ལ་ཕན་ཐོགས་དེ་ཙམ་ཡོང་གི་རེད་དྲན་གྱི་འདུག དེའང་དོ་བདག་རང་གི་དུས་རྒྱུན་གྱི་ཀུན་སྤྱོད་ཡག་པོ་མེད་པ་ལས་བརྟེན་ནས་བཤད་ཀྱི་ཡོད་མ་གཏོགས་རྒྱུ་མཚན་གཞན་མེད། མ་ཟད་ཁོ་རང་ཆབ་སྲིད་བཙོན་ཟུར་གྱི་ཐོབ་ཐང་ཐོག་ཕྱི་རྒྱལ་ལ་གཞི་ཆགས་སུ་བཏང་བར་རྒྱབ་སྐྱོར་ཡོད། དེ་ནི་ངེས་པར་དུ་ཐོབ་འོས་པ་ཞིག་རེད།
ཆབ་སྲིད་བཙོན་ཟུར་ཞིག་དང་བོད་མི་རྒན་པ་ཞིག་ལ་འདི་འདྲ་བཤད་དགོས་ཐུག་པར་སེམས་པ་སྐྱིད་པོ་མེད་ཀྱང་དུས་ལ་བབ་ན་མི་་བཤད་ཐབས་མེད་རེད།
ཨ་ཁ་ཁ། ད་ནི་ངེད་ཅག་ཚང་གི་རང་མདོག་རང་གིས་དཔེ་མེད་ལེ་གསལ་པོར་བསྟན་ཡོད། ད་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལས་དོན་ཕྱི་གསལ་ནང་གསལ་ཟེར་བ་མིང་དོན་མཚུངས་པ་ངོ་མས་ཆགས་སོང།
ངེད་ཅག་ཚང་ལ་སོ་སོའི་མི་རིགས་ཀྱི་འདུན་ལམ་གཏིང་བ་དང། སོ་སོ་མྱི་ཁེར་རོ་གཅིག་ཕྱི་རྒྱལ་ལ་ཐར་བའི་འགྲུལ་གླ་བརྩོད་པ་དང་འདམ་ག་གཉིས་ཡོད་ཚེ། ཕྱི་རྒྱལ་ལ་ཐར་བ་ལོས་འདམ། ངེད་ཅག་ཚང་གི་མཐར་ཐུག་པའི་དམིགས་ཡུལ་དེ་གར་མིན་ནམ། ད་ནི་ངེད་ཅག་གི་རང་མདོག་ངོ་མ་དེ་བསྟན་ཟིན། བསྟན་ཟིན།
རྫ་ཁྲ་ཡག་ཕག་གི་འབྲོང་བཞིན་བརྙན་འཕྲིན་ནང་མངོན་པར་གསལ་བ་རེད།
ད་ཆོག་གི ད་མ་ངུ་། ད་སྐད་མ་རྒྱག ད་འགྲིག་ནི་བྱོས།
ཕྱི་མཛེས་ནང་རྫོབ་གི་སྐྱག་བུམ་ལྟ་བུའི་གྲོས་ཚོགས་ཟླུམ་པོ་དེའི་འགན་བོད་མི་བཙན་བྱོལ་བ་སྟོང་ཕྲག་ ༡༥༠
ཡོངས་རྫོགས་ལ་གཅིག་མཚུངས་སུ་ཡོད།
ཡར་ནས་བཤད་ཀྱང་རུང་། མར་ནས་བཤད་ཀྱང་རུང་། གཡས་ནས་བཤད་རུང་། གཡོན་ནས་བཤད་རུང་།
མདུན་ནས་བཤད་ཀྱང་རུང་། རྒྱབ་ནས་བཤད་ཀྱང་རུང་། སྤྱང་ཀིའི་རྣ་ལ་ཆོས་བཤད་དང་།
གཡག་རྒན་ཤིག་གིས་ཟོས་པ་ནང་བཞིན་ཚོར་མེད་འགུལ་མེད་ཡིན།
གང་ལྟར་ད་རེས་གྲོས་ཚོགས་ཀྱི་སྣང་བརྙན་དེས་ཅི་ཞིག་མཚོན་ཡོད་རེད་ཟེར་ན་བོད་མི་མང་གི་ངོ་ཚབ་མཚོན་ཡོད། དེས་བོད་མི་མང་གི་ངོ་ཚབ་མཚོན་པ་མ་ཟད་སྤུས་ཚད་ཀྱང་མཚོན་པ་རེད།
དེས་ག་ལ་ཚད། ད་དུང་བོད་གཞུང་གི་མང་གཙོའི་འཕེལ་རིམ་མཚོན་ཡོད་ལ། བོད་མི་མང་གི་ཆིག་སྒྲིལ་གྱི་རྩ་བའང་མཚོན་པ་རེད། ཤེས་ཡོན་དང་སྤྱོད་ལམ་གྱི་ཆུ་ཚད་ཀྱང་ཞར་ལ་མཚོན་པ་རེད།
དེ་དེ་འདྲའི་ཚབས་ཆེན་ཅིག་དང་། དེ་དེ་འདྲའི་གནད་འགག་ཅིག་རེད།
དེས་བཟང་ན་བཟང་བོ་དང་། ངན་ན་ངན་པར་མཚོན་ཐུབ་པའི་མི་མང་ཁྲི་ཕྲག་མང་པོའི་སྐུ་ཚབ་ཚོགས་པ་ཅིག་རེད། ད་རེས་ཁོང་ཚོས་བཟང་བོ་མཚོན་མ་ཐུབ་པ་མ་ཟད་དེ་ལས་ལྡོག་ཏེ་ངན་པ་གང་ཡག་ཡག་ཅིག་མཚོན་པ་རེད། ཡིན་ན་ཡང་ད་རེས་གི་ཉམས་མྱོང་འདའི་ཐོག་ནས་བོད་མི་མང་ལ་བློ་སྐྱེལ་ཡག་པོ་ཅིག་རག་པ་རེད།
ཆོས་ཚོགས་ཀྱི་འཐུས་མིས་རང་གི་ཆོས་རྒྱུན་གྱི་སྐུ་ཚབ་བྱེད་རྒྱུ་ཁག་པོ་ཞེ་དྲག་རེད། ཆོས་རྒྱུན་གང་ཡིན་ཡང་ཚངས་མས་བཀུར་བའི་མི་ད་ལྟ་ཤིན་ཏུ་དཀོན་པོ་ལྟ་བུ་རེད། ད་ཆ་ཆོས་རྒྱུན་ཞིག་ལ་མགོ་ཡོད་ལུས་ཡོད་ལྟ་བུ་དེ་ས་སྐྱ་པ་ཆགས་སྡད། དད་དམངས་བརྒྱ་ཆའི་གོ་ལྔ་ཙམ་ཀྱིས་༧གོང་མ་རྣམ་གཉིས་ཀྱི་བཀའ་བརྩི་རྒྱུ་རེད། བཀའ་རྒྱུད་པའི་ནང་ནས་འབྲི་གུང་བཀའ་བརྒྱུད་ཡིན་པ་འདྲ། གཞན་བླ་མ་ཞིག་ལ་དད་དམངས་ཀྱིས་རྒྱབ་སྐྱོར་བརྒྱ་ཆའི་དྲུག་ཅུར་སླེབས་མཁན་དཀོན་པོ་རེད་ཤག ཆོས་རྒྱུན་གྱི་འཐུས་མིའི་དགོས་པ་མེད་གསུངས་མཁན་ཅིག་རྙིང་མའི་བླ་ཆེན་བྱ་བྲལ་སངས་རྒྱས་རྡོ་རྗེ་རེད། དྲི་བ་ཞིག་གིས་ནང་དུ་འདི་འདྲ་འདུག ཆོས་དང་འཇིག་རྟེན་མཉམ་བསྲེ་བྱེད་རྒྱུ་འདི་སྔ་འགྱུར་བའི་རིང་ལུགས་མ་རེད། མདོ་རྒྱུ་སེམས་གསུམ་གྱི་བསྟན་པ་བཤད་སྒྲུབ་ཁོ་ན་གནང་མཁན་དེས་རྙིང་མའི་ཚབ་བྱེད་ཐུབ་རྒྱུ་རེད། གཞན་འཐུས་ཚབ་ཟེར་ཡང་གྲགས་སྐམ་རེད། གུ་རུའི་རྒྱལ་ཚབ་ཡོང་མིན་བཀའ་ཐང་གསེར་ཕྲང་ལ་ཅིག་གཟིགས་ན་ཤེས་ལེ་རེད། ང་རྒད་པོ་ལ་ནི་རྙིང་མའི་སྐུ་ཚབ་ཡིན་ཟེར་མཁན་ཚོར་གུ་རུའི་རྒྱལ་ཚབ་ཀྱི་འདུ་ཤེས་ཕར་ཞོག་མགོ་བདེ་ཞིག་ལས་ངོས་འཛིན་མེད། བོད་སིལ་བུར་འཐོར་ནས་སྔ་འགྱུར་རིག་པ་འཛིན་པ་རྣམས་རྒྱ་བོད་སོག་གསུམ་གྱི་ཐོབ་ཐང་དང་འཇིག་རྟེན་ཆོས་བརྒྱད་ལ་མགོ་མ་འཁོར་བར་ཐོས་བསམ་ཁོ་ན་ལྷུར་བླང་པས་བརྒྱུད་པ་གཙང་མ་གནས་ཐུབ་པ་རེད། ཆོས་རྒྱུན་གྱི་སྐུ་ཚབ་དགོས་ན་༧རྒྱལ་བ་རིན་པོ་ཆེ་མགོ་ན་ཡོད་པ་དེ་རེད། དེས་མ་ཤེས་པ་དང་དང་མ་འཇོན་པ་ཞིག་ང་ཚོས་ཡོང་ཐུབ་རྒྱུ་མ་རེད། ཡོང་ཐུབ་ན་བོད་མི་མང གིས་དབང་ཆ་ཡང་སྦྱིན་རྒྱུ་མ་རེད། དེ་འདྲའི་སྤྲོས་པ་མ་བྱས་ན་དགའ། དངོས་གནས་བཤད་གྲྭ་ལ་འཆད་རྩོད་རྩོམ་གསུམ་གནང་པའི་མཁན་པོ་རྣམས་དང་། དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་འཛུག་མཁན་རྣམས་ལ་བསྔགས་བརྗོད་དང་གུས་པ་ཞུ་འོས་པ་ཞིག་རེད། ཅེས་གསུངས་འདུག ངས་འདིའི་སྒྲ་ཐག་དེ་གོ་ནས་ཁོང་གི་གསུང་བདེན་པ་རེད་སྙམ་པ་བྱུང་།
རེད། གོང་ས་མཆོག་གི་རྗེས་ནས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཚང་མ་མི་སྐྱ་རྐྱང་རྐྱང་བྱས་ན་ལེགས། འདི་ངའི་ལྟ་བ་ཡིན། ཡིན་ན་ཡང་དེང་སྐབས་མི་ཁག་ཅིག་གིས་མི་རྐྱ་ཞིག་ཡིན་ཕྱིན་ལྐོག་ཟ་རུལ་སུངས་འདི་ལ་གཡོལ་ཐུབ་མཁན་དཀོན་པས་སེར་མོ་བས་ཆབ་སྲིད་ཀྱི་ལས་ཀ་བྱེད་དུས་འདི་ཕྱོགས་ནས་བློ་བདེ་གི་ཟེར་མཁན་ཡང་འདུག ཟམ་གདོང་ཚང་བཀའ་བློན་ཁྲི་བར་ཐེངས་གཉིས་བདམས་པའི་རྒྱབ་ལྗོངས་ཀྱི་ནང་དུ་འདི་ཡང་ཚུད་འདུག གང་ལྟར་མི་མང་གིས་ཐག་གཅོད་དགོས་ཀྱི་རེད་ལ། དེ་དང་མཉམ་དུ་མི་སྒེར་རང་རང་གིས་ཀྱང་ཆབ་སྲིད་ཀྱི་ལས་ཀ་ལས་དང་མི་ལས་རང་ཉིད་ལ་རང་དབང་ཡོད་པ་རེད།
ངས་བརྗོད་པ་དེ་སེར་མོ་བས་ལྐོག་ཟ་གཏན་ནས་མི་བྱེད་ཅེས་པའི་དོན་མིན་པར། སྤྱི་ཁྱབ་ཅིག་ནས་མི་མང་གི་བསམ་ཚུལ་ལ་བལྟས་ནས་བརྗོད་པ་ཡིན།
གོང་ནས་ལྷག་བསམ་ལགས་ནས་བྱ་བྲལ་རིན་པོ་ཆེའི་གསུང་ཞིག་ལུང་འདྲེན་གནང་བའི་ཁྲོད་ཀྱི་བཀའ་ཐང་གསེར་ཕྲེང་ཞེས་པ་དེ་པདྨ་བཀའ་ཐང་དང་བཀའ་བརྒྱུད་གསེར་ཕྲེང་གཉིས་ལ་གོ་གི་ཡོད་ན་དེ་གཉིས་ཀྱི་བར་དུ་དང་སྒྲ་ཞིག་བཞག་ན་ལེགས་པར་མཐོང་། སྔོན་མ་ཞིག་ལ་ངས་༧ཡོངས་འཛིན་རྡོ་རྗེ་འཆང་ཚང་ལ་བཀའ་འདྲི་ཞིག་ཞུ་དུས་ངག་ནས་གུང་ཐང་ཚང་གི་ཆུ་ཤིང་བསྟན་བཅོས་ཞེས་ཤོར་སོང་བས། ཁོང་གིས་ལམ་སེང་། ཆུ་དང་ཤིང་གི་བསྟན་བཅོས་ཟེར་དགོས་པ་རེད། འདི་གཉིས་ཀྱི་བར་དུ་དང་སྒྲ་མེད་ན་སྙིང་པོ་མེད་པའི་ཆུ་ཤིང་གི་བསྟན་བཅོས་ལྟ་བུར་གོ་འགྲོ་གི་རེད་གསུངས་ནས་དག་བཅོས་གནང་བ་དེ་འདིར་དྲན་སོས་སོང་། བཀའ་ཐང་གསེར་ཕྲེང་ཞེས་པ་ཞིག་ཡོད་སྲིད་ཀྱང་ཁོ་བོས་དེ་སྔ་མ་ཐོས་ལགས།
བཀའ་བརྒྱུད་པ་ཚང་གི་བླ་མའི་རྣམ་ཐར་ལ་མཇལ་འདོད་མཁན་ཚོས་བཀའ་བརྒྱུད་གསེར་ཕྲེང་ཞེས་པའི་བཀའ་བརྒྱུད་པའི་བླ་མ་ཚད་ལྡན་རྣམས་ཀྱི་མཛད་རྣམ་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པ་དེ་ལ་ངེས་པར་དུ་བལྟ་དགོས། བལ་ཡུལ་དུ་བཀའ་བརྒྱུད་པའི་མཁན་པོ་ཞིག་གིས་བཀའ་བརྒྱུད་གསེར་ཕྲེང་འདི་སྣ་རིང་དཔེ་གཟུགས་སུ་པར་སྐྲུན་བྱེད་དུས་ཁོ་བོས་ཞུ་དག་བྱས་པ་ཡིན། རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྔོན་གྱི་བཀའ་གདམས་གསར་རྙིང་གི་བླ་མ་རྣམ་པའི་རྣམ་ཐར་མཇལ་འདོད་ཡོད་མཁན་དག་གིས་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་སྐྱིད་རོང་བ་ཡེ་ཤེས་རྒྱ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལ་གཟིགས་དགོས་ཤིང་། དེ་བཞིན་སྔ་འགྱུར་སྙིང་མ་ཚང་གི་གཏེར་སྟོན་རྣམ་པས་གཙོས་པའི་མཁས་གྲུབ་དག་གི་རྣམ་ཐར་མཇལ་འདོད་ན་གུ་རུ་བཀྲ་ཤིས་ཀྱིས་བརྩམས་པའི་རྙིང་མའི་ཆོས་འབྱུང་དེང་སང་གུ་བཀྲའི་ཆོས་འབྱུང་དུ་གྲགས་པ་དེར་གཟིགས་ན་འཐུས། འདི་ནི་ཞོར་འཕྲོས་ཤིག་ཡིན་པས་སྐབས་དོན་དང་འབྲེལ་བ་མེད་པར་དགོངས་དག་ཞུ་གིན་ཡོད།
ལགས། བཀའ་ཐང་གསེར་ཕྲེང་ཞུ་བ། གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་ཆོས། བླ་མ་དགོངས་འདུས་ཀྱི་ཕྱོགས་སུ་གཏོགས། བཀའ་ཐང་རྙིང་གྲས་དང་རྒྱས་ཤོས་རེད། པོ་ཏ་ལ་དང་རྡོ་བྲག འབྲུག་རྒྱལ་ཡོངས་དཔེ་མཛོད་སོངས་སུ་དཔེ་རྙིང་བཞུགས། སྔར་བལ་ཡུལ་ཞེ་ཆེན་དཔེ་མཛོད་ཞེས་པ་ནས་བླུས་ཡོང་གི་འདུག འདིའི་ནང་དུ་བསླབ་བྱ་མང་པོ་མངའ་བ་ལགས།
གོང་ནས་དྲ་གྲོགས་ཞིག་གིས་བཤད་པ་ནང་བཞིན་ཆོས་རྒྲུད་ཁག་གི་སྤྱི་འཐུས་འདི་ཚོ་། ཆོལ་ཁ་གསུམ་གྱི་སྤྱི་མི་ངོ་མ་ཅིག་བྱེད་དགོས་རྒྱུ་དེ་རེད་། ཆོས་རྒྱུད་ཁག་གི་སྤྱི་འཐུས་འཚོར་འགོ་ན་ལྟ་རྟོག་སྟེངས་འཛིན་བྱེད་མཁན་ཡོད་ཡོད་པ་རེད་། དཔེར་ན་། དཔལ་རྒྱལ་བ་ཀརྨ་པ་། དགའ་ལྡན་ཁྲི་རིན་པོ་ཆེ་། ས་སྐྱ་གོང་མ་རིན་པོ་ཆེ་། ཁོང་རྣམ་པས་སྟེངས་འཛིན་མི་ཐུབ་པ་གཅིག་ར་ཡོད་པ་མ་རེད་། ད་ཡིན་ན་སྤྱི་འཐུས་བླ་རྒན་འཚོ་དྲངས་བདེན་མིན་ན་། རྔུལ་ནག་ཅིག་བཏོན་ཅིག་གི་རེད་ད། ལྟས་འ་། བོད་མི་དམངས་ཆེན་པོ་རེད་ལ་ཆོས་རྒྱུད་ཆེན་པོ་རེད་། བརྒྱད་འབྲས་ལ་བསམ་བློ་ཐོངས་།
དྲ་གྲོགས་ཙན་དན་ལོ་མ་ལགས
སྤྱིར་ཁྱེད་རང་གིས་བསམ་ཚུལ་ཡག་པོ་ཞིག་བཏོན་ཡོད་ནའང་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་གཏོང་ན་འགྲིག་མིན་ཐད་སྤྱི་འཐུས་རྣམ་པའི་ས་རྟགས་བརྒྱབ་པ་སྟེ།༼བསོད་ནམས་སྟོབས་རྒྱལ་སྒེར་གྱི་བྱ་སྤྱོད་ལ་བརྟེན་ནས་མ་དགའ་བ་ཡིན་ན་དེ་ནི་རྒྱུ་མཚན་ལྡན་པ་མཐོང་གི་འདུག༽་ཟེར་བ་ངོ་མ་རྒྱུ་མཚན་ལྡན་པ་ཞིག་ཏུ་ཁས་ལེན་ཐུབ་ཀྱི་མི་འདུག།་སྤྱིར་བསོད་སྟོབས་ཀྱི་སྒེར་གྱི་བྱ་སྤྱོད་ལེགས་ཉེས་ཇི་ལྟར་ཡིན་ཡང་སྐབས་འདིར་དེ་ལ་འབྲེལ་བ་མེད།་་་སྐབས་འདིར་སྤྱི་འཐུས་སྒྲོལ་མ་འཚོ་མོས་བཏོན་པའི་གྲོས་གཞིར་སྤྱི་འཐུས་ཁག་ཅིག་གིས་རྒྱབ་སྐྱོར་གྱི་ས་རྟགས་བརྒྱབ་པ་སྟེ།་་་སྤྱི་འཐུས་རྒྱུན་ལས་མི་སྐོར་ཞིག་གིས་སྔར་སྲོལ་མེད་པ་ཞིག་བཙན་བྱོལ་བོད་མིའི་བདེ་སྡུག་ལ་བསམ་བློ་མ་བཏང་བར་རང་འདོད་ཀྱིས་ཐག་ཆོག་བྱས་པ་དང།་བཅའ་ཁྲིམས་རིན་པོ་ཆེ་བརྩི་མེད་དུ་བཏང་བར་ངོ་རྒོལ་བྱས་པ་མཚོན་པ་ལས་གང་ཟག་སྒེར་བ་ཞིག་ལ་ཐུག་ཡོད་པ་མ་རེད།
རྩ་གནད་འདི་ངོས་འཛིན་རྒྱུ་གལ་ཆེ་སྙམ།
སྤྱི་རྩ་གནད་འདི་ངོས་ཟིན་སོང་ན་ད་སུ་བདེན་དང་སུ་མི་བདེན་ཤེས་པར་སླ།
ཕྲན་གྱི་བསམ་ཚུལ་ཡིན་ན་སྐབས་འདིར་སྤྱི་འཐུས་མང་བོ་ས་རྟགས་བརྒྱབས་ནས་བསོད་སྟོབས་ལ་ལམ་གྲོན་བཏང་བར་ངོ་རྒོལ་བྱས་པ་སྟེ་ཆོལ་ཁ་དང་ཆོས་ལུགས་ཡང་ན་གང་ཟག་སྒེར་བ་གང་ལ་ཐུག་ཡོད་པ་མ་རེད།
འདི་སྔར་སྲོལ་དང་མཐུན་མི་མཐུན་ཕྱིས་སུ་མཛད་དཀའ་མང་བོར་ཡོང་རྒྱུ་ཡིན་པར་བསམ་སྟེ་དེ་ལྟར་གནང་བ་ཡིན་རྒྱུ་རེད།་་་་དེས་བཙན་བྱོལ་གཞུང་སྤྱི་ལ་བསམ་བློ་བཏང་བར་མཚོན་ཡོད་ལ་བཅའ་ཁྲིམས་ལ་བརྩི་བཀུར་བྱས་པའང་མཚོན་ཡོད།
ཀླུ་སྨྱོན་གསུངས་པ་དེ་ཀ་རང་། ལྐོག་དངུལ་མི་ཟ་མཁན་གྲྭ་བ། ཐབས་འཇུས་མཁས་པ་དབུས་གཙང་། དཔའ་སྤོབས་ལྡན་པ་ཁམས་པ། ཤེས་ཡོན་ཆེ་བ་ཨ་མདོ། འདི་དག་ལ་མཁྱེན་ནུས་དང་མཐུན་པའི་ལས་ཀ་ཞིག་བགོས་པ་ཡིན་ན། གྲྭ་བས་དངུལ་གཉེར་གནང་། དབུས་པས་སྲིད་བཟུང་། ཁམས་པས་དམག་སྤྱི་བྱས། ཨ་མདོས་དགེ་རྒན་ཀྱི་ཕྱག་ལས་གནང་ན་གྲ་འགྲིག་མདོག་ཁ་བོ་མི་འདུག་གམ། དབུས་པས་གཏམ་དཔེར། རྨིང་རྡོ་འཇོག་ས་ནོར་ན། མཁར་རྩེ་ས་ལ་ཟུག་འོང་། ཟེར་བ་དང་་གཏོང་ས་ནོར་ན་སྨན་ཡང་དུག་དུ་འགྱུར་ཟེར་བ་ལྟར་བཞུགས་ས་དེ་ནོར་བ་ལས་ཁོང་ཚོ་འཇོན་ཐང་མེད་པ་ག་ལ་ཡིན། མི་མང་གིས་འདམས་པའི་ཡག་གི་རྩེ་ཕུད་ཚོ་མ་རེད་པས།
ད་བར་བོད་གཞུང་གིས་ནང་སྲིད་ལ་དཀྲུགས་གཤིས་འདོད་པ་ཆེན་པོ་ཡོད་པའི་རྒྱ་ནག་གི་ཉུག་མ་འཚོ་གཟིགས་དང་ཁྱེད་ཚོའི་དབུས་སྤྱི་མཐུས་ནང་ལམ་འགྲོན་རྩམ་གྱི་དོན་ཏུ་ས་རྟགས་རྒྱབ་པའི་དཔུང་སྒྲིག་གིས་རྣམས་པ་དང་གྲོས་ཚོགས་ར་བའི་ནང་ནས་ཐོན་པའི་རྣམས་པ་ཙམ་ལ་རེ་ཏེ་ཁ་བརྡ་དང་དུས་བབ་ཟེར་བ་གཉིས་སུ་འཐེན་ཆེར་གྱི་ཚིག་ག་ཚོད་བྱེད་ཀྱང་འདོད་པ་འགྲུབ་ཐུབ་པ་ཤེས་དགོས་ངེས་རེད་
ད་གིན་ངས་ལྷག་བསམ་རྒྱ་མཚོ་ལགས་སུ་བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་སློབ་དང་འབྲེལ་བའི་དྲི་བ་ཞིག་བཀོད་ཡོད།
འོན་ཀྱང་དྲྭ་བདག་གིས་བསུབ་འདུག དོན་མེད་ཚིག་མཚོན་རྣོ་ཤོས་དེ་ཚོ་སྤྱད་ནས་གཅིག་གིས་གཅིག་ལ་ཟུར་ཟ་དང་ཡང་ན་བོད་གཞུང་དང་མི་དམངས་ལ་སྒྲོ་སྐུར་བློར་མི་ཤོང་བ་དེ་འདྲ་བྱེད་པའི་མཆན་བུ་མཁོ་མེད་རུལ་སུངས་དེ་ཚོར་སྟངས་འཛིན་ཞིག་མེད་པར་ཁོ་བོའི་མཆན་བུ་དེ་འདིར་འགོད་འདོད་མེད་པ་ཅི་བྱས་སོང་བ་རེད།
དྲྭ་བདག་གིས་བསམ་ཤེས་གནང་རོགས།
གོང་གི་བརྙན་འཕྲིན་ནང་གི་བགྲོ་གླེང་བྱེད་མཁན་འདི་ཚོ་སྤྱི་འཐུས་ནང་གི་ཇ་མ་དང་། གད་རྒྱགས་མཁན་དེ་ཚོའི་བར་ལ་འཁྲུག་རྩོད་ཤོར་བ་འེ་རེད། སྤྱི་འཐུས་ཇ་མ་དང་གད་རྒྱགས་མཁན་ལ་གྲྭ་བ་དེ་ཚོ་ཡང་བཏང་གི་ཡོད་པ་འེ་རེད། ཁོ་ཚོས་གསོལ་ཇ་མ་འཁོལ་ནས་རྒྱགས་རེ་རྒྱག་གི་ཡོད་པ་འེ་རེད། ཤི་རེ་ཁོ། འདི་ཚོ་བོད་མི་མང་སྤྱི་འཐུས་ཡིན་པའི་ཁུལ་འེ་རེད། འདི་ཚོས་ཆབ་སྲིད་ལས་གི་ཡོད་པ་འེ་རེད། བོད་མི་མང་གི་རེ་ལྟོས་འཆའ་ས་འདི་ཚོ་འེ་རེད། གོང་ས་མཆོག་གི་མདུན་ནས་དམ་བཅའ་འབུལ་མཁན་འདི་ཚོ་འེ་རེད། བོད་མི་མང་གི་མ་འོངས་པའི་ཁ་ཕྱོགས་འདི་འདྲ་རྐྱང་རྐྱང་གིས་སྟོན་རྒྱུ་ཡིན་ཟེར་གི་ཡོད་པ་འེ་རེད། འདི་ཚོས་རྒྱ་ནག་གི་ཆབ་སྲིད་ལ་ཁ་གཏད་གཅོག་རྒྱུ་ཟེར་གི་ཡོད་པ་འེ་རེད།
ད་རྒྱ་ནག་གིས་ཚོད་འཛིན་ཐེབ་པ་ལ་ཁེག་མི་འདུག་ཀ བོད་ཟེར་བ་དེ་ངོ་ནས་རྫོགས་སོང་བ་འེ་ཡིན་ནམ། ཡང་བསྐྱར་རེ་བ་ཅིག་ཡོད་བཟོ་མི་འདུག་ཀོ ད་བོད་ནང་ལ་རེ་བ་མེད་ན་བོད་ཕྱི་ལ་རེ་བ་ཅི་ཡོད་ལྟད་མོ་བསྟན་ཡོད་པ་འདི་རེད། འདི་བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཟེར་བ་དེ་རེད།
གཞིས་ལུས་བོད་མིའི་ཚེ་སྲོག་མཚོན་ཁར་གཏད། །
བཙན་བྱོལ་བོད་མིའི་ཚེ་སྲོག་སྒོར་ལ་བཅོལ། །
ཕྱི་ནང་གཉིས་ཀའི་སྲོག་གི་འཐབ་རྩོད་ལ། །
ས་གནམ་བར་གྱི་ཁྱད་པ་ཆེ་བར་མཐོང་། །
ཁ་བརྡ་རྩོམ་སྒྲིག་པ་ལགས། ཁོ་བོས་སྤྱི་འཐུས་གྲོས་ཚོགས་ཀྱི་བརྙན་འཕྲིན་མཐོང་བའི་བསམ་ཚུལ་དང་མཆན་བུ་སྤེལ་འདོད་ཡོད་པས་དག་མཆན་བཀོད་རོགས་ཞུ།།
སྤྱི་འཐུས་ལ་སླེབས་མཁན་འདི་ཚོ་ཚང་མ་མི་ཡག་པོ་ཤ་སྟག་ཡིན་ཤག་གིས་མི་མང་ལ་མགོ་སྐོར་དང་བརྡབ་བསིགས་མང་པོ་བཏང་བ་རེད།དེ་ཚོ་ཕལ་ཆེ་བ་མང་ཚོགས་གི་ཧ་གོ་གི་མེད་པ་རེད།ན་ནིང་བརྙན་འཕྲིན་སོགས་མཐུན་རྐྱེན་བཟང་རུ་སོང་བའི་བཀའ་དྲིན་གྱིས་ཏོག་ཙམ་ཟུར་སྣེ་ཞིག་གསལ་པོ་ཆག་ཅིང་གོ་མཁན་ཞིག་ལ་འགྲེལ་བཤད་རྒྱག་མི་དགོས་པ་ཙམ་བྱུང་ཀྱང་།ཞེན་གོག་གི་དུག་ཆུས་སྨྱོས་པ་འགའ་ཤས་ཀྱིས་ད་དུང་ལོག་བཤད་དང་འགྲེལ་ལོག་རྐྱང་རྐྱང་བྱེད་བཞིན་པ་རེད་འདུག་ལ་དེ་ལ་མགོ་འཁོར་མཁན་མང་པོ་ཡོང་གི་འདུག་པ་འདི་ཡིད་ཕམ་སྐྱེ་བའི་གཞི་ཞིག་རེད་འདུག་་་་་་ཁྱི་རྒན་དེ་ཚོ་ལ་གདོང་པར་ཁྲག་མེད་པ་འདྲ།རྟ་ཞོན་དུ་བཞིན་དུ་རྟ་བརྗེད་ཞེས་པའི་དཔེ་ལྟར་ང་རྒྱལ་ཁེངས་དྲེགས་ཀྱིས་སྨྱོས་ཤིང་རང་ནུས་གང་ཡོད་ཀྱིས་ཆོལ་ཁའི་མིང་འཁྱེར་ནས་ང་ཚོ་ཁམས་པའི་མི་ཞེས་པ་དེ་ལ་ལས་སླ་བོ་མེད་ཚུལ་དང་ཧ་ལམ་མིན་ན་དམག་འདྲེན་གྱི་ཡིན་མདོག་མདོག་གིས་གཏོར་བཤིགས་དང་བསྡིགས་ར་བསྐུལ་བཞིན་པའི་སྐབས་སུ་ངས་བསྡིག་ར་གང་ཡང་བསྐུལ་གི་མེད་ལབ་ཚུལ་ལ་བལྟས་ན་ཤེས་པ་རྣལ་དུ་གནས་མེད་པའི་ཚོད་དུ་འདུག་་་བ་གླང་མི་ཐོད་ཅན་འདི་ཚོ་རྒྱ་མིའི་རྒྱུགས་ཁྱི་མིན་འགྲོ་བསམ་ནས་དོགས་པ་ཟ་གི་འདུག་་་འདི་ཚོས་ལྐོག་ཏུ་༧གོང་ས་མཆོག་ལ་མཚན་སྨད་དང་སྐུར་འདེབས་ཞུ་རྐྱང་བྱེད་གི་ཡོད་པ་ཐོས་རྒྱུ་འདུག་་་་་ལྷག་བསམ་གྱིས་ཕྱུགས་པའི་རྒྱ་ཆེའི་མང་ཚོགས་རྣམས་མགོ་མ་འཁོར་བར་གཟབ་གཟབ་དགོས་ཀྱི་འདུག་ཅེས་གཞེནབསྐུལ་ཞུ་བ་ལགས།
ཁ་ཅིག་གིས། བྱ་བྲལ་སངས་རྒྱས་རྡོ་རྗེ་མཆོག་གིས། ་་་་་། ང་རྒད་པོ་ལ་ནི་རྙིང་མའི་སྐུ་ཚབ་ཡིན་ཟེར་མཁན་ཚོར་གུ་རུའི་རྒྱལ་ཚབ་ཀྱི་འདུ་ཤེས་ཕར་ཞོག་མགོ་བདེ་ཞིག་ལས་ངོས་འཛིན་མེད། ་་་་
ང་ཚོས་འདས་པའི་ལོ་རྒྱུས་ཤེས་ལ་ཉམས་མྱོང་བསགས་ནས། མ་འོངས་པའི་ཆོས་སྲིད་ལམ་སྟོན་པ་མ་ནོར་བ་འདམས་ཤེས་པ་དགོས་པ་དང་། ཡང་སྤྱི་འཐུས་རྙིང་མའི་སྐུ་ཚབ་དང་། རྙིང་མའི་དབུ་བཞུགས་གཙོ་འཛིན་གཉིས་ཉ་ཉུང་མ་བསྲེས་པར་སོ་སོར་གུས་ཞབས་དང་། དད་མོས་བྱེད་ས་མ་ནོར་བ་དགོས་གལ་ཆེ་བ་མི་འདུག་གམ། རྩོམ་མཆན་ཆ་ཚང་ཀློག་ཁོམ་མ་བྱུང་བས་ང་ནོར་ཡོད་ན། མུ་མཐུད་ནས་བགྲོ་གླེང་ཡོང་རེ་བཅས། །