ལོ་ལོན།
ཡ་ང་བའི་གནས་ཚུལ་འདི་འདྲ་བྱུང་དུས། ལུས་སེམས་གཉིས་ཀྱིས་དེ་དང་ལེན་བྱེད་མ་ཐུབ་པར། ལུས་ཡོངས་སུ་སྦུད་ནས་དབང་ཤེས་དང་དྲན་ཤེས་ལུས་ཀྱི་ཕུང་བོ་འདི་ལས་ལོགས་སུ་ཐོན་ཡོད་པ་འདྲ། དེ་འདྲ་ཡིན་ཚེ་། ཁག་མི་འདུག་སྙམ། སྐབས་རེར་དེ་ལྟར་ཡོང་གི་རེད། འོན་ཀྱང་།
གནས་ཚུལ་སྡུག་པོ་ཞིག་གོ་མ་ཐག་ངུ་བ་ལས་དགོད་བཞག་མཁན་གཅིག་ཀྱང་ཡོད་མ་རེད། གཅིག་བྱས་ན་ཁོང་ཚོའི་སེམས་དེ་རྡོ་ལས་གྲུབ་པ་འདྲ། བོད་མི་ཁ་ཤས་ལ་ཚོར་བ་མི་འདུག མདང་དགོང་འདི་རུ་ང་ཚོ་བོད་རིགས་སྐོར་ཞིག་གིས་ཐེངས་འདིའི་སྐྱེ་དགུ་མདོའི་ས་འགུལ་ཁྲོད་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ་ཚོའི་ཆེད་དུ་ཞལ་འདོན་འཚོགས་ན་ཡང་། བོད་མི་ཁ་ཤས་ལ་ནམ་རྒྱུན་གྱི་སྣང་བ་དེ་ལས་དོ་སྣང་ཙམ་ཡང་མི་འདུག
མ་ནི་འདོན་ས་དེར་ས་གནས་གསར་འགོད་པ་ཁག་ཅིག་ཡང་སླེབས་ཡོད་པས། ངས་དང་བླངས་ཀྱིས་གནས་ཚུལ་གོ་ཐོས་བྱུང་བ་རྣམས་མཁོ་སྤྲོད་འདྲ་བྱེད་ཁུལ་བྱས། སྐད་ཆ་བཤད་ཀྱིན་བཤད་ཀྱིན་ངའི་སེམས་ནང་དུ་ཕ་ཡུལ་སྐྱེ་དགུ་མདོར་། བརྩེགས་ཉིལ་ཤོར་བའི་ས་ཕག་གི་འོག་ལྷག་སྡོད་ཡོད་པའི་བྱིས་བ་དང་བུད་མེད་སོགས་བོད་མི་དེ་དག་གིས་ཁ་ནས། “རྒྱལ་བ་ཡིད་བཞིན་ནོར་བུ། འཕགས་པ་སྤྱན་རིས་གཟིགས་” ཞེས་འོ་དོད་རྒྱག་བཞིན་དུ་ལྷག་བསྡད་ཡོད་པ་དེ་སེམས་ལ་དྲན་པས། ངའི་ངག་འགག་ནས་ཁ་ནས་ཚིག་མ་ཐོན་པར་གསར་ལམ་དེར་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཀྱང་ཆུད་ཟོས་སུ་སོང་། དེ་ནས། བོད་པ་ཁ་ཤས་ཀྱིས་”རང་གི་སྤུན་མཆེད་དང་ནང་མི་ལ་སྐྱོན་ཕོག་ཡོད་དམ་”ཟེར་བ་དང་། ཡང་ལ་ལས་ “ཁྱེད་ཀྱི་ནང་ཨ་མདོ་མ་རེད་པས། ས་འགུལ་བྱུང་ས་དེ་ཁམས་རེད་འདུག་པ་”ཟེར་བ་སོགས་སེམས་སྐྱོ་བའི་ཐོག་ལ་སྙིང་གཟེར་བའི་ཚིག་འདི་དག་གོ་དུས། ང་སྲང་ལམ་དུ་ཐོན་ནས་ངུ་སྐད་ཞིག་རྒྱག་བསམ་མོད། ད་ཅི་བྱེད། གནས་ཚུལ་འདི་དག་གོ་ཡོང་དུས་ང་ཡང་ཤི་བསྡད་ཡོད་ན་བསམ། བོད་ནང་གི་བོད་རིགས་སྤུན་ཟླ་ཚོའི་ཐོག་ལ་མེ་མདའི་དྲག་ཆར་འབབ་དུས་ང་དེ་ན་མེད།
འབྱུང་བཞིའི་གནོད་སྐྱོན་འོག་གཅེས་ཕྲུག་གིས་”ཨ་ཕ།” “ཨ་མ་”ཞེས་འབོད་དུས་ང་དེ་ན་མེད།
ངའི་ཅི་ཡང་མི་འཇོན་ལ་ཅི་ཡང་བྱེད་ཐུབ་མ་སོང་། བསམ་བློ་གཏོང་ཀྱིན་གཏོང་ཀྱིན། མདང་དགོང་རང་སེམས་རང་གིས་མ་ནོན་པར་ལོ་ལྔའི་གོང་ངས་གཉེན་སྒྲིག་བྱེད་དུས་སྤངས་ཚར་བའི་ཐ་མག་དེ་ཡང་མགོ་ཚུགས། བཟའ་ཟླས་ཀྱང་སེམས་གསོའི་སླད་དུ་སྒམ་ཆུང་ལྷག་མ་གཅིག་ཉོས་སོང་། ད་ནངས་ཡར་ལངས་ནས་ཁ་པར་བཏང་སྟེ། “ཁྱེད་ཚོ་འགྲོ་ཐུབ་ཐུབ་ཚང་མ་སོང་། སྐྱེ་དགུ་མདོར་རང་རིགས་སྤུན་ཟླ་དག་མྱུར་སྐྱོབ་བྱེད་དུ་སོང་། རང་གིས་རང་ལ་བདག་པོ་རྒྱག་དུ་སོང་། འགྲོ་མི་ཐུབ་ན་འགྲོ་ཐུབ་མཁན་དག་གི་ལག་ལ་ཞལ་འདེབས་དང་ཟ་མ། གོན་པ་སོགས་གང་ཡོད་བསྐུར། དེ་ལས་གཞན་པ་དག་གིས་དགོན་པར་སོང་ནས་སྨོན་ལས་རྒྱོབས། མཆོད་མེ་བསྒྲོན།
ལོ་ལོན་ཚོ་མ་ཎི་ཁང་ལ་སོང་། ང་ནང་བཞིན་མ་འདུག་”ལབ་པ་ཡིན། ཚང་མས་ཀྱང་དེ་ལྟར་རང་གི་ནང་མི་དང་གྲོགས་པོ་དག་ལ་བསྐུལ་ན་མི་ལེགས་སམ།
“བོད་མིའི་སྐྱིད་སྡུག་མཉམ་མྱོང་”ཡིན་པས་རང་གིས་རང་ལ་བདག་པོ་རྒྱོབས།
ལྷག་དཀར་དོ་དམ་པས།
ལོ་ལོན་ལགས་ནས་ཚོར་བ་རློན་པ་ཞིག་ྐློག་མཁན་ཚོའི་མདུན་ལ་བཞག་པར་བཀའ་དྲིན་ཆེ།
“བོད་མིའི་སྐྱིད་སྡུག་མཉམ་མྱོང་”ཡིན་པས་རང་གིས་རང་ལ་བདག་པོ་རྒྱོབས།
རང་ལ་རང་གིས་བདག་པོ་
རང་ཉིད་རང་གི་བདག་པོ་ཡིན།
མིག་ཆུ་དེ་གང་ལ་འཇོག
༼ཁྱེད་ཚོ་འགྲོ་ཐུབ་ཐུབ་ཚང་མ་སོང་། སྐྱེ་དགུ་མདོར་རང་རིགས་སྤུན་ཟླ་དག་མྱུར་སྐྱོབ་བྱེད་དུ་སོང་། རང་གིས་རང་ལ་བདག་པོ་རྒྱག་དུ་སོང་། འགྲོ་མི་ཐུབ་ན་འགྲོ་ཐུབ་མཁན་དག་གི་ལག་ལ་ཞལ་འདེབས་དང་ཟ་མ། གོན་པ་སོགས་གང་ཡོད་བསྐུར། དེ་ལས་གཞན་པ་དག་གིས་དགོན་པར་སོང་ནས་སྨོན་ལས་རྒྱོབས། མཆོད་མེ་བསྒྲོན།
ལོ་ལོན་ཚོ་མ་ཎི་ཁང་ལ་སོང་།༽
དངོས་ཡོད་ལ་ཕན་པའི་ཁ་ཏ་ཞིག་རེད་འདུག
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ད་ལམ་ཡུལ་ཤུལ་ས་ཁུལ་དུ་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་གཅོ༹ས་བོད་ཕྱི་ནང་གཉིས་ཀྱི་རིས་མེད་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་ ཆོས་རྒྱུད་གདན་ས་ཁག་སོ་སོ་དང་ བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་སྒ་ར་ཉག་དགོན་པའི་ཁྲི་པ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག་གི་དགོན་གསར་ལ་ཧ་ཅང་གི་གནོད་སྐྱོན་ཆ༹བས་ཆེན་བྱུང་ཡོད་ན་ཡང། རིན་པོ་ཆེ་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་ཤུལ་ལུས་སྤུན་ཟླ་འདས་གསོན་ཁོ་ན་ལ་དམིགས་སྟེ། རོགས་སྐྱོར་གནང་འདུག་པས་སྒོ་གསུམ་དངས་བ་ཆེན་པོ་སྒོ་ནས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་བཅས། གཤམ་གྱི་དབྱིན་ཡིག་ནང་འཁོད་གནས་ཆུ༹ལ་འདི་ནི་www.phayul.comརྒྱུད་ནས་འདོན་སྤེལ་བྱས་པ་ཡིན་ལགས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
Photo of the Buddhist learning centre building by Ranyag Monastery before strong the earthquake stuck Kyigudo in Tibet.
Ranyag Monastery’s Buddhist learning centre suffer heavy destruction due to the earthquake. Tibetans are deeply concerned over the debilitating state of this important learning centre of Tibetan culture and tradition
Monks of Ranyag Monastery help in delivering consignments of relief materials to the worst quake-hit areas of Kyigudo
Rescue monks of Ranyag Monastery brave heavy snow to assist Tibetans affected by earthquake in remote areas of Kyigudo in northeastern Tibet
Revered head of Ranyag Monastery offering spiritual solace to members of families affected by the tragedy
A member of medical team from Taiwan gives treatment to a injured monk.
One of a big tensional cracks seen on a land surface in one of the worst quake-hit regions of Kyigudo in TIbet
This story has been read 6820 times.
Film
TibetPhotos
Monastery
Advertisement