བསྟན་འཛིན་ཕན་ཐོགས། སྤེལ་ཀོབ།
མཁྱེན་ལྡན་ཡངས་པའི་གསར་འགོད་པ་རྣམ་པ་ཚོ
བློ་བཟང་སེང་གེ་ལགས་ཀྱིས་དེ་སང་ཁོང་རང་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་ལངས་རྒྱུ་ཡིན་པའི་གསུང་བཤད་སྐབས་ཆོས་ལུགས་དང་ཆོལ་ཁ་སོགས་དབྱེ་འབྱེད་མེད་པར་གཅིག་སྒྲིལ་དགོས་པ་གལ་ཆེན་ཡིན་པའི་གསུང་བཤད་གནང་གིན་འདུག
ཡིན་ནའང་ལི་ཐང་གི་བརྟན་བཞུགས་འབུལ་བའི་སྐབས་ཁོང་གིས་༼ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན་༽ཞེས་གསུངས་སོང། དེ་ལས་གསལ་བ་ཡུལ་ཁྲུབ་འདི་ལ་གཟིགས་རོགས།
སོ་སོའི་ཕ་ཡུལ་གཅིག་པ་ཅིག་རེད་འགྲིག་ཤག དཔུང་སྒྲིག་ཟེར་ན་ཤོག་ཁག་ཁ་ཁ་བྱས་ནས་དཀྲུགས་ཤིང་རྒྱག་པའི་ཆེད་དུ་མ་རེད། ཕ་ཡུལ་གཅིག་པ་ཚོར་སྐྱིད་སྡུག་མཉམ་གཤིབ་ཀྱི་ཆེད་དུ་རེད། མ་འགྲིག་པ་ཁྱོན་ཡོད་མ་རེད།
nobody perfect in this world
ད་བློ་སེང་གི་འགྲེལ་བཤད་གསལ་པོ་ཞིག་མ་རྒྱབ་ན་འགྲིག་མ་སོང་། སྐད་ཆ་མགོ་མཇུག་ལ་གལ་འདུ་ཡོང་གཞི་རེད། ལྟ་རྒྱུ་ཞིག་ལཟམ་སྟོང་རིན་པོ་ཆེ་ལ་ཆོལ་ཁའི་ན་ཚ་དེ་ངོ་མ་མེད། གལ་ཏེ་དགེ་ལུགས་པའི་བརྟན་ཞུགས་སམ་ཆོལ་གའི་བརྟན་ཞུགས་ག་གེ་མོ་ཞིག་ལ་རིན་པོ་ཆེ་སྒེར་ཐོག་ནས་གདན་འདྲེན་ཞུས་ན། རྩ་བ་ནས་ཕེབས་ཀྱི་མ་རེད།
བྱས་ཙང་རྒྱལ་བ་རིན་པོ་ཆེས་ཁོང་ལ་དམིགས་བསལ་གཟིགས་པ་ཆེན་པོ་ཡོད།
༢༠༠༨་ལོར་ཨིན་སྐད་ཐོག་ཏུ་གསུངས་བཤད་གནང་བ་འདིར་ཉན་དུས་ངོ་མ་ཡིད་དབང་འཕྲོག་འགྲོ་བ་ཞིག་འདུག
སྒྲ་གདངས་གསལ་བ་དང་ཚིག་གི་བཅད་མཚམས་ཡག་བ་གོ་སླ་བ་བཅས་ཁྱད་ཆོས་མང་པོ་འདུག བཙན་བྱོལ་ནང་དུ་ཨིན་སྐད་ཐོག་ནས་གསུངས་བཤད་གནང་མཁན་མང་པོ་ཡོད་ཀྱང་ཁོང་འདྲ་པོ་མཐོང་མྱོང་མེད།
ཁོང་བཀའ་ཁྲི་ཕེབས་པའི་སྐབས་སུ་ང་ཚོ་བོད་མི་ཚོ་སྤོབས་པའི་ཐོག་ནས་འཛམ་གླིང་མིའི་སྤྱི་ཚོགས་ནང་འགྲོ་ཆོག་པ། ནུབ་ཕྱོགས་ཡུ་རོལ་ནང་དུ་ཡང་རྒྱལ་ཁབ་རེ་ལ་དབུ་ཁྲིད་རེ་ཡོད་ཀྱང་ང་རང་ཚོའི་བློ་སེང་ལས་ལྷག་པའི་ཨིན་སྐད་དང་ཤ་ལྡན་པ་ཁག་པོ་རེད་འདུག་སྙམ།
ངོ་མ་དགའ་དགོས་ཞིག་འདུག
རེད་རེད། དངོས་གནས་རེད། ནམ་མཁའི་བྱ་དང་ས་འོག་གི་འབུ། གྲོང་མཐའི་ཁྱི་ཡན་ཆད་ཀྱིས་དཔུང་པ་སྒྲིག་ནས་གསོན་པར་འཚོ་བཞིན་ཡོད་པ་རེད། བློ་སེང་ཡང་མི་གསོན་པོ་ཞིག་ཡིན་པས་མི་དང་དཔུང་པ་སྒྲིག་ལོས་དགོས། མཁས་དབང་འཇམ་དཔལ་རྣོན་པོ་ལགས་ཀྱིས་གསུངས་པ་བཞིན། དཔུང་སྒྲིག་ཟེར་བ་དེ་ཤོག་ཁག་ཁ་ཁ་བྱས་ནས་དཀྲུགས་ཤིང་རྒྱག་པའི་ཆེད་དུ་ག་ལ་ཡིན། འཇིག་རྟེན་ན་གསོན་པོར་འཚོ་དགོས་པའི་འཚོ་གནས་ཀྱི་ཆེད་དུ་རེད། གལ་ཏེ་དཔུང་པ་སྒྲིག་ཚད་དཀྲུགས་ཤིང་རྒྱག་པའི་ཆེད་དུ་ཡིན་ན། འཇིག་རྟེན་གནམ་འོག་གི་མི་ཚོ་གྲོགས་མེད་ཁེར་རྐྱང་དུ་སྡོད་དགོས་པར་འགྱུར་བ་མ་ཡིན་ནམ།
སྦེལ་ཀོབ་བསྟན་འཛིན་ཕན་ཐོགས་ལགས། ཁྱེད་ཀྱང་ཤོག་ཁག་བསྒྲིགས་ནས་དཀྲུགས་ཤིང་སློང་མཁན་ཞིག་ཡིན་མིན་མི་ཤེས་ཏེ། དཔུང་པ་བསྒྲིགས་ནས་གསོན་པོར་འཚོ་མཁན་ཞིག་ངེས་པར་ཡིན་རྒྱུ་རེད་བསམ།
བསྟན་འཛིན་ཕན་མེད་ལགས།
ཁྱོད་ནི་བོད་ཀྱི་སྤྱི་ཚོགས་སུ་དོན་མེད་ཀྱི་དཀྲོག་གཏམ་དང་འཕུང་དཀྲུག་སློང་མཁན་གྱི་མི་སྣ་གཙོའི་
གྲལ་ཞིག་དུ་གསལ་པོ་མཐོང་སོང་།
མི་ཞིག་ཡིན་པའི་ཆ་ནས་སོ་སོའི་
སྐྱེས་ས་དང་སྐྱེས་ཁོངས་སུ་ཞེན་ཁོག་ལོས་ཡོད་ཞེན་ཁོག་ཙམ་ལ་དབྱེ་འབྱེད་བྱེད་མཁན་དུ་ངོས་འཛིན་ན་
ཆེ་ས་ནས་གོང༸་ས་མཆོག་དང་ཆུང་ས་ནས་ཁྱོད་ཉིད་ཀྱང་དབྱེ་འབྱེད་ཀྱི་བྱེད་གཏེར་པ་ཞིག་ཡིན།
བོད་མི་རིགས་ལ་ཞེན་ཁོག་ཡོད་པས་དེ་ཁྱེན་པ་མཛད། ཁོང་ཡང་ལི་ཐང་པའི་རིགས་རྒྱུད་ཡིན་ཙམ་
ལི་ཐང་པར་རིགས་ཞེན་ལོས་ཡོད། རིགས་ཞེན་མེད་པའི་མི་དེ་ཁྱི་རྒན་གྱི་སྤྱོད་ཚུལ་ལས་མ་འདས་སོ།
ལི་ཐང་པ་ལ་ཞེན་ཁོག་ལོས་དགོས།་མི་རིགས་དང་སྐྱེས་ཁོངས་སུ་ལ་ཞེན་མེད་ན་ཁྱི་རaaག
ད་ལོ་སྤྱི་འཐུས་ནང་དཔུང་སྒྲིག་ནས་ཡོང་བ་རེད་ཟེར་ནས་འཚོགས་འདུ་གཏོར་བ་རེད།
རིགས་དང་ཞེན་རྩ་བོད་ལ་དཀར་བ་ཡིས།།
རིགས་མཐུན་དྲ་བའི་སྟེང་གི་སྤུན་ཟླ་ཚོ།།
ཇི་སྲིད་བོད་ཀྱི་བདེན་མཐའ་མ་སེལ་བར།།
ཆིག་སྒྲིལ་ཁ་ཞེ་གཉིས་མེད་ལག་ཟུང་གིས།།
ཕན་ཚུན་འཁྱིད་དེ་རིགས་ཀྱི་སྲོག་རྩའི་ཆེད།།
བཟང་ངན་ཡག་ཉེས་གང་བཤད་བྱུང་དགོས་ཀྱང་།།
བདེན་པ་མཐའ་འཁྱོལ་ཆེད་དུ་གསུང་རོགས་ཞུ།།
རེད་ཡག་པོ་འདུག་ཕ་ཡུལ་གཅིག་པ་ཡིན་པའི་ཐོག་ནས་ཤ་ཚའི་བཀའ་སློབ་དང་ ལམ་སྟོན་ རོགས་རམ་སོགས་བྱས་ན་དེ་ཡང་ལ་རྒྱ་ཞིག་རེད་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན་དེ་མིན་འཐེན་ཁྱེར་དང་ཕྱོགས་ལྷུང་དབྱེ་འབྱེད་སོགས་བྱེད་ན་དེ་ནི་དགོས་མེད་ཅིག་རེད་ལ་ད་ལྟའི་དུས་འདིར་གཅིག་མཐུན་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ཅིའི་ཕྱིར་ཞེ་ན་མཐུན་སྒྲིལ་ཡོད་ན་སྟོབས་ཤུགས་ཡོད་ལ་སྟོབས་ཤུགས་ཡོད་རྒྱལ་ཁ་ཡོད་པས་སོ།།
འགྲེལ་བཤད་ཡག་ཉེས་ག་རེ་བརྒྱབ་ན་མ་བརྒྱབ་ན་ཧ་གོ་དགོས་པ་གོ་སོང་། མ་འོངས་པར་ཁ་ནས་ག་རེ་བཤད་དང་ལྐོག་ནས་ག་རེ་བྱེད་མིན་གསལ་བོ་རེད་འདུག ད་འགྲིག་སོང་། ཐུགས་རྗེ་ཆེ། ཞེད་སྣང་གང་ཡང་མེད། དཔུང་སྒྲིག་ན་ཤོག་ཨ། ལྟ་ཆོག
ཁོ་རེ་། གོང་དེ་མི་ཅོལ་ཆུང་ཁ་ཤེས་ཞིག་གིས་། བློ་སེང་གི་དབྱིན་སྐད་རྒྱབ་ལ་ཧོན་ཐོར་ནས། སྐུག་པས་ལྷ་མཐོང་བས་དཔེ་ལྟར་བྱེད་ལེ་འདའ་།
དུས་སྐབས་འདིར་རང་ཡུལ་ན་རང་སྐད་ལ་རང་དབང་མེད་པའི་སྐབས་འདིར་། ཁྱོད་ལྟས་ངན་ཕུ་ཤིད་ལྟག་རུལ་། བྱ་བརྒྱའི་ཁ་ཡར་མཁོར་ཡོད་དུས་། ཁྱོད་ཕུ་ཤུད་ལྟག་རུལ་ཁ་མར་འཁོར་ཡོད་འདའ། གཞན་ཡུལ་ནས་གཞན་སྐད་ལ་སྨོན་པ་ཤོར་ནས་སོང་།
བོད་ཕྱི་ནང་གཉིས་ཀྱི་རང་གི་སྐད་དང་རིགས་གནས་ལ་སེམས་དཀར་བ་ཚང་མར་། བོད་ལྗོངས་ཞིབས་འཇུགས་འབྲི་མི་ཤེས་མཁན་གྱི་དབུ་ཁྲིད་་དགོས་ལེ་མི་འདའ་།
ཁོང་གིས་ཀྱང་གཡུང་དྲུང་རྒྱལ་མཚན་གྱིས་རྒྱབ་སྐྱོར་བཙལ་སྟངས་དཔེ་བཤུས་འདུག ཐབས་སྐྱོ་བ་ལ། ཡ་མཚན་མ་སོང་། བོད་སྤྱི་ལ་མི་གནོད་ན་ང་མི་སྒེར་ལ་ཁྱེད་ཚོས་དཔུང་སྒྲིག་པར་ཞེད་སྣང་གེ་མེད་དོ།
དེ་ཐོག་ལ་། ལུང་ཚན་ཀྱི་རུ་བསྒྲིགས་ནས་ཡོང་མཁན་ཞིག་དེ་ཀྱང་མི་དགོས་།
xxxxxxxxxxxxxxxx
xxxxxxxxxxxxxxxxxxx
༧གོང་ས་མཆོག་གིས་ཀྱང་ ང་ཨ་མདོ་ ཡང་ཡང་གསུང་གི་མི་འདུག་གམ།
སྔ་ལོ་སྤྱི་འཐུས་ནང་དཔུང་བསྒྲིགས་ནས་གཞི་བྱེས་མི་མང་རྣམས་བློ་ཕམ་སུ་བཅུག
ཕྱི་ལོ་བཀའ་བློན་ཁྲི་བ་དཔུང་འསྒྲིག་མཁན་ཞིག་སླེབ་ན་གང་འདྲ་བྱས་ཡོང་།
འདི་ཐབས་སྐྱོ་བོ་རེད། སྔོན་མ་དབུས་གཙང་ཆོལ་ཁས། སྤྱི་འཐུས་ཚོ་ལ་དབུས་གཙང་ལ་ཤ་ཞེན་དགོས་པའི་ཆ་རྐྱེན་བཏོན་དུས། བང་ཆེན་ཚགས་པར་གྱིས་སྐྱོན་བརྗོད་ག་ཚོད་བྱས་སོང་། ཆོལ་ཁ་བྱེ་བྲག་ལ་ཞེན་ཁོག་ཡོད་ན། བོད་སྤྱི་པའི་སྤྱི་སེམས་ཡོང་གི་མ་རེད་ཅེས་བཤད་པ་རེད། ད་ལྟོས་དང་། བང་ཆེན་གྱི་སློབ་སྟོན་པ་བཀའ་ཁྲིའི་འོས་གཞི་ཞིག་གིས། ཕ་ཡུལ་གཅིག་པའི་དཔུང་བསྒྲིགས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་སྟོན་གྱི་ཡིན་ཟེར་འདུག
རྒྱལ་བ་རིན་པོ་ཆེ། ང་ཨ་མདོའི་པུ་གུ་ཞིག་ཅེས་གསུང་གི་ཡོད་རེད་དེ། ང་ཨ་མདོ་དང་མཉམ་དུ་དཔུང་བསྒྲིགས་པར་ཡོང་བ་ཡིན་ནམ་ཡང་གསུངས་མེད།
xxxxxxxxxxxxxxxxxxxxxxx
དཔེ་དཔེ་ལ་དྲ་གྲོགས་ལྷ་དབང་ཞེས་པ་དེ་༸གོང་ས་མཆོག་དང་བློ་སེང་གི་མདུར་གྱིན་འདུག་ངོ་མ་ངོ་ཚ་དགོས་པ་ཞིག་རེད།
མིའི་་དཔེ་ལ་བོང་བུ་མི་འཇོག་རོགས།
ལྷ་དབང་ལགས།
ང་ཚོས་ཁོ་བའི་གཏམ་བཤད་འདིར་བལྟས་ན་བློ་སེང་གིས་དཔུང་ཁག་བསྒྲིགས་པ་ལས་ཆིག་སྒྲིལ་་གྱི་རྩ་བ་ནས་་མཐོང་གིན་མི་འདུག
ད་ལྟ་ཁོས་ཆིག་སྒྲིལ་ཞེས་མ་ཎི་བཞིན་གྲངས་བ་ནི་ཁོ་བར་འོས་ཤོག་ཐོབ་རྒྱུའི་འབད་བརྩོན་ཁོ་ན་བྱས་པ་ལས་དེ་མིན་གང་ཡང་གང་ཡང་་་་་་་་་་་་་་་་
ངེད་ཚོར་བཀའ་བློན་མགོ་གཉིས་མ་དང་ལུང་ཚན་གྱི་དཔུང་ཁག་་སྒྲིགས་མཁན་ཞིག་ནམ་ཡང་དགོས་དོན་མེད།
བློ་སེང་གིས་ང་དཔུང་སྒྲིག་གི་ཡོང་བ་ཡིན་ཟེར་བ་དེ་སྐད་ཆ་བཤད་སྟངས་ཤིག་ལས་ཚབ་ཆེན་རྫབ་ཆེན་དེ་འདྲ་གང་ཡང་མ་རེད། ཁ་ཤས་ཀྱིས་རྐྱེན་འདི་ཙམ་ལ་བརྟེན་ནས་སླད་ཀྱི་ཁོའི་དངོས་གཞིའི་འོས་ཤོག་ཁ་ཐོར་བཏང་ན་འདོད་གི་ཡོད་པ་རེད། ཡིན་ནའང་ང་རང་ལྟ་བུ་ཡིན་ན་གཡོ་ཇུས་འདི་ཙམ་གྱིས་ཁོ་ལ་རྒྱབ་སྐྱོར་བྱེད་རྒྱུ་བརླག་མི་སྲིད། མ་གཞི་ནས་གཡུང་དྲུང་རྒྱལ་མཚན་ཅན་པོས་དཔུང་ཁག་བསྒྲིགས་ནས་མདོ་སྟོད་མི་མང་ལ་བསླུ་བྲིད་གཏོང་སྟངས་དང་བློ་སེང་གིས་ཐབས་མཁས་མཛད་པ་སྟོན་སྟངས་འདི་ཞར་ཡང་མི་འདྲ། དངོས་གནས་བཤད་ན་བློ་སེང་ལ་དཔུང་ཁག་ཅི་ཡང་མེད། ཆོས་ལུགས་དང་ལུང་ཚན་གྱི་ཞེན་ཁོག་སྐྱག་ལུད་མཉམ་གཡུགས་བཞག་པ་སྐོར་ཞིག་གིས་འོས་མིར་འཁྱེར་ཡོང་བ་ལས་ཆུ་སྒང་རྙིང་པས་ཁོ་རང་བཀའ་ཁྲིའི་འོས་མིར་བཏོན་མ་སོང་ང་།
གལ་ཏེ་སྐབས་དེར་ལི་ཐང་པས་གཏོར་ཤིག་གི་འདུ་འཛོམས་བྱས་ཡོད་པ་ཡིན་ན་ཁོང་གི་དཔུང་ཁག་སྒྲིག་པར་ཡོང་བ་དེ་གཏོར་བཤིགས་ལ་རྒྱབ་སྐྱོར་རེད། གལ་ཏེ་གོང་ས་མཆོག་ལ་བརྟན་བཞུགས་འབུལ་སར་ཡོང་བ་ཡིན་ན་ཕ་ཡུལ་གཅིག་པ་རྣམས་ཀྱི་འདུ་འཛོམ་ལ་མཉམ་ཞུགས་བྱེད་པ་རེད། འདི་ལ་མི་འགྲིགས་པ་གང་ཡང་མེད།
དེ་ནི་ངོ་མ་ལི་ཐང་ལྟ་བུའི་དོལ་རྒྱལ་སོགས་ཀྱིས་ལབ་གླེང་ཡང་ཡོང་མྱོང་ས་ཞིག་ལ་ཁོང་ལྟ་བུའི་ཅུང་ཤུགས་རྐེྱན་ཡོད་པའི་ལི་ཐང་བའི་གཞོན་སྐྱེས་་དག་གིས་གོང་ས་མཆོག་ལ་ཇི་གསུངས་བཀའ་སྒྲུབ་བྱེད་པའི་ལི་ཐང་པའི་འདུ་འཛོམ་སུ་མཉམ་རུབ་བྱེད་པ་དེ་གཟི་བརྗིད་ཅིག་རེད།
གོང་ས་མཆོག་གིས་ང་ཨ་མདོ་བསྟན་འཛིན་རྒྱ་མཚོ་ཡིན་གསུངས་པ་དང་། བོླ་བཟང་སེང་གེས་ང་ལི་ཐང་ཡིན་ཟེར་བ་གཉིས་ལ་ཀུན་རྫོབ་བདེན་པའི་དབང་དུ་བྱས་པའི་ཁྱད་པར་མེད་ངེས་ཡིན།
འོན་ཀྱང་རང་ཉིད་ལི་ཐང་བ་ཡིན་པའི་འགན་ཁུར་དེ་སྤྱིར་ལི་ཐང་པར་ཉེ་བོ་བྱེད་པ་དང་། མཐུན་གྲོགས་བྱེད་པའི་གཉེན་རྩིས་ཙམ་ལས་བརྒལ་ཏེ། ཆོལ་ཁ་དང་ཆོས་ལུགས་ཀྱིས་མཚོན་པའི་ཕྱོགས་གཞན་ལ་གདུང་ཐུག་པའི་ལས་ཀ་བྱེད་མགོ་བརྩམས་པ་ན་གཞི་ནས་ཁོང་ལ་ཉེས་འཛུགས་བྱེད་ཐུབ།
བག་ཡོད་པར་གྱིས་ཤིག
བློ་སེང་གིས་དཔུང་བསྒྲིགས་མ་མྱོང་བ་རེད་ཨེ། སྔོན་མ་ལྡི་ལི་ལ་ཡོད་དུས། དཔུང་བསྒྲིགས་ནས། འཆི་མེད་ཚེ་རིང་ཁོང་ཚོར་དཀའ་ངལ་ག་ཚོད་བཟོས་སོང་། ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་དྲ་ལངས་དུས། ཡང་དཔུང་བསྒྲིགས་ནས་ཆུ་སྒང་གསར་བ་ཟེར་བ་དེའི་ནང་ལས་ཀ་བྱས་སོང་། ཨ་རི་ལ་དམིགས་བསལ་བྱས་ནས་བཏང་དོན་ག་རེ་རེད། ཆབ་སྲིད་འཁྲབ། དཔུང་བསྒྲིགས་པའི་སྟབས་ཀྱིས་བཏང་བ་རེད། ད་ཡང་འདི་ལ་དཔུང་བསྒྲིགས་ཡོང་གི་འདུག་ག
ཁ་ནས་དཔུང་བསྒྲིགས་པར་ཡོང་ཡིན་ཞེས་མངོན་གསལ་དུ་བཤད་ནུས་དུས། ལྐོག་ལ་ག་ཚོད་བྱེད་ཀྱིན་ཡོད་མེད་ཤེས་ཐུབ་བ་ཞིག་རེད།
དྲ་གྲོགས་སྐྱག་འབུ་འདྲ་བ་འདི་ཚོས་མི་ལ་བཤད་བཤད་གཏོང་རྒྱུ་མ་གཏོགས་སོ་སོ་ཞེན་གོག་གིས་ཚོས་བསྡད་ཡོད་པ་ཧ་གོ་ཡི་མི་འདུག
ན་ནིང་སྤྱི་འཐུས་ཚོས་དཔུང་སྒྲིག་ཅེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་པ་ནས་བཟུང་དཔུང་སྒྲིག་ཅེས་པའི་ཐ་སྙད་དེ་ཞེ་སྣང་ཚ་པོ་འདྲ་ཞིག་ཆགས་པ་རེད་མ་གཏོགས། བློ་སེང་གིས་དཔུང་སྒྲིག་ཅེས་པ་ནི། ལི་ཐང་པས་བརྟན་བཞུགས་འབུལ་སར་ལི་ཐང་པ་ཞིག་ཡིན་པའི་ངོས་ནས་ཕ་ཡུལ་གཅིག་པ་ལ་རྒྱབ་སྐྱོར་བྱེད་པར་ཡོང་བ་ཡིན་ཟེར་བ་ལས་གཞན་པའི་གོ་རྒྱུ་ཞིག་མེད་པ་གསལ་པོ་རེད། སྙིང་རྗེ་བསྟན་འཛིན་ཕན་ཐོགས་ཟེར་མཁན་འདིས་བློ་སེང་ལ་གནོད་པ་འདྲ་ཨེ་འཁྱོལ་བལྟས་འདུག ངོ་མ་སྙིང་རྗེ་བའི་ཡུལ་རེད།
སོ་སོའི་ཕ་ཡུལ་ཤ་ཞེན་ལོས་ཡོད། ཕ་ཡུལ་ལ་ཤ་ཞེན་མེད་ན། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་པར་ཆགས་རྒྱུ་ཏན་ཏན་རེད། དེར་བརྟེན་བློ་སེང་གི་སྐད་ཆ་དེ་དོན་དང་ལྡན་པ་ཞིག་རེད་མ་གཏོགས། སྡུག་སེམས་སོལ་བ་ལས་གནག་པ་དེ་ཚོའི་བསམ་བློ་དང་བར་ཁྱད་ཆེན་པོ་འདུག་གོ
ཚེ་རིང་བཀྲིས་མིང་ཅན་དེས་༸གོང་ས་མཆོག་དང་མི་ཕལ་བ་བློ་སེང་གཉིས་ཀྱི་བསྡུར་མཁན་འདུག་དེ་ནི་སྟག་མཆོངས་སར་ཝ་མཆོངས་ན་ཝ་སྐེད་ཚིགས་ལོག་ཞེས་པ་མེས་པོ་ཞལ་གཏམ་འདི་གོ་མྱོང་ཡོད་ས་མ་རེད།
སངས་རྒྱས་དང་བྱང་ཆུབ་སེམས་པ་གཉིས་ལ་ཁྱད་པ་ཡོད་དང་མེད།
ཡོད་ན། སྙིང་རྗེའི་བདག་ཉིད་༸གོང་ས་མཆོག་དང་ལུང་མཚན་གྱི་དཔུང་ཁག་སྒྲིགས་པ་བློ་བཟང་སེང་གེ་གཉིས་མ་བསྡུར་རོགས་ཞུ།
མེད་ན། བྱང་སེམས་ཀྱི་སྟོང་ཉིད་ལ་མཉམ་པར་བཞག་ནས་སེམས་ཅན་དོན་འབད་མེད་དུ་གྲུབ་ནུས་པར་ཐལ་དེ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ།
མེད་ན་ཡང་སྐྱར་རིག་ལམ་ལ་ལྟོས།
ཁྱེད་ཀྱི་མིང་ལ་༼ཁ་རུ་ཁ་ཐུག་༽ཞེས་འབོད་ན་མཚམས་པོ་མི་འདུག་ངས་དེ་རིང་ནས་ཁྱེད་ཀྱི་མིང་ལ་གཡོ་ཅན་ཞེས་འབོད་ཀྱིན་ཡིན།
ཁྱེད་ཀྱིས་གཡོ་གཏམ་༼ཕ་ཡུལ་ལ་ཤ་ཞེན་མེད་ན། ༽འདི་རེད། དེ་སྔོན་དབུས་གཙང་རྒྱུན་ལས་ཀྱི་༼ཆོལ་ཁར་ཞེན་ཁོག་༽བརྗོད་པར་ཁྱེད་ལྟ་བུའི་གཡོ་ཅན་འགའ་ཞིག་གི་ས་མཆོངས་ནམ་མཆོངས་བྱས་སོང།
བསམ་བློ་ཡག་པོ་མཐོངས་གཡོ་ཅན་ལགས།
བློ་བཟང་སེང་གེས། ཕ་ཡུལ་གཅིག་པ་ཐུག་དུས་དཔུང་སྒྲིག་དགོས་རབས་བཤད། མང་ཚོགས་སྤྱི་ལ་ཆིག་སྒྲིལ་བཤད། གཞོན་ནུ་ཐུག་དུས་རང་བཙན་བཤད། མཁས་དབང་ཚོ་དང་ཐུག་དུས་བོད་རྒྱ་ནག་དང་ཟླ་སྒྲིལ་བྱ་རྒྱུ་བཤད། ཨ་རི་ལ་ཡོད་དུས། རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ལབ། རྒྱ་གར་ལ་ཡོད་དུས། མན་མོ་ཧན་སིང་བྱེད་ཀྱི་ཡིན་ལབ། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཐུག་དུས་དབུ་མའི་ལམ་བཤད། མི་འཇོན་པ་དང་མི་ཐུབ་བའི་ཁས་ལེན་མང་བོ་བྱས། ད་བཀྲ་མ་ཤིས་བ་ཆགས་ཚར་སོང་།
འདི་ལྟར་གློག་བརྙན་གྱི་དུམ་བུ་གཅིག་བཅད་དེ། དྲ་ཐོག་ལ་བཞག་པ་དེ་ཡག་པོ་རང་མཐོང་མ་སོང་། འཇོག་གི་ཡིན་ན་གློག་བརྙན་དེ་མ་བཅད་པར་ཆ་ཚང་དྲ་ཐོག་ལ་འཇོག་དགོས།
སྐད་ཆ་ཟེར་བ་དེ་ཁྱད་མཚར་རེད། མགོ་དང་མཇུག་གཉིས་ཀ་མ་གོ་བར། བར་དེ་ནས་གཅིག་འཁྱེར་ཡོང་ན་གོ་ལོག་ཐེབས་སྲིད་བ་རེད།
དེ་དང་མཉམ་དུ། བགྲོ་གླེང་བྱེད་མཁན་ཚོས་ཕན་ཚུན་རྒྱུ་མཚན་བཤད། རྒྱུ་མཚན་ལ་བརྩི་འཇོག་གནང་དགོས། བློ་བཟང་སེང་གེ་བོད་རིགས་རེད། ཁོང་ནག་པོ་ཆགས་ན་བོད་རིགས་ཤིག་ནག་པོ་ཆགས་ཀི་ཡོད་རེད། བོད་རིགས་ཤིག་ནག་པོ་མ་ཡིན་བཞིན་དུ་ནག་པོ་བཟོས་ན། ནག་པོ་བཟོ་མཁན་དང་བཟོ་ཡུལ། བོད་སྤྱི་པ་ཚང་མར་ཕན་ཐོགས་མེད། གོང་གི་དཔུང་བསྒྲིགས་ཟེར་བ་དེ། སྐད་ཆ་འཇིགས་ཡེ་རེ་བྱེད་དགོས་བ་ཞིག་རེད། ཆབ་སྲིད་པ་ཉམས་མྱོང་ཡོད་མཁན་ཞིག་གི་ཁ་ནས་ཐོན་འགྲོ་བའི་ཚིག་གཅིག་མ་རེད། ཡིན་ནའང་བློ་བཟང་སེང་གེས་སྐབས་དང་དུས་གང་འདྲ་ཞིག་ལ་སྐད་ཆ་འདི་བཤད་པ་དང་། དེའི་གོ་དོན་ག་རེ་ཡིན་པ། དེའི་སྔོན་ལ་ག་རེ་བཤད་པ། མཇུག་ལ་ག་རེ་བཤད་པ་ཚང་མ་མཐོང་དགོས། དེ་ཚོ་མ་མཐོང་བར་གང་བྱུང་བཤད་ན། ཕན་ཐོགས་མེད། སྐྱོན་ཡོད་ན། སྐྱོན་བཤད་ཆོག་གི་རེད། འོན་ཀྱང་སྔོན་ལ་དཔུང་བསྒྲིགས་ཟེར་བ་དེ་གང་དུ་གོ་གི་འདུག་གསལ་པོ་བཟོ་དགོས། དེའི་ཆེད་དུ་བློ་བཟང་སེང་གེའི་སྐད་ཅ་གསལ་བའི་གློག་བརྙན་དེ་ཆ་ཚང་དྲ་ཐོག་ལ་འཇོག་རོགས།
ཐབས་སྐྱོ་བ་ལ།
྇ཁང་གསར་རྡོར་རྗེ་ལགས་ཀྱི་གསུངས་པར་དངོས་གནས་རྒྱུ་མཚན་ཆེན་པོ་འདུག་གོང་གསལ་གྱི་གསར་འགྱུར་སྤེལ་སྟངས་དེ་རྒྱ་དམར་གུང་ཁྲན་གྱིས་གསར་འགྱུར་སྤེལ་སྟངས་དང་ཆ་འདྲ་བོ་འདུག་གུང་ཁྲན་གྱིས་རྒྱུན་དུ་༧གོང་ས་མཆོག་གི་གསུང་གི་དུམ་བུ་ཞིག་བཅད་ཏེ་ཏྰ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་འདུག་ མེས རྒྱལ་ཁ་བྲལ་བཏང་གི་འདུག་ལབ་པ་འདྲ་པོ་འདུག་་སོང་ཙང་ གནས་ཚུལ་སྤེལ་ན་འགོ་འཇུག་ཆ་ཚང་ཞིག་སྤེལ་ན་ཡག་པོ་འདུག་ལར་ནས་བློ་བཟང་སེང་གེ་ལགས་ནི་མཁས་དབང་རྣམ་དཔྱོད་ཅན་ཞིག་ཡིན་པས་ཐེན་འཁྱེར་དང་་ཕྱོགས་ལྷུང་་དབྱེ་འབྱེད་སོགས་བྱས་ན་འབྱུང་འབྲས་གང་ཞིག་ཡོང་གི་ཡོད་པ་མི་ཤེས་མཁན་གྱི་བླུན་རྨོངས་ཤིག་མིན་པ་མཁྱེན་པར་གནང་དགོས་སོ།།
གང་ལྟར་ཁོང་གི་བཀའ་མོལ་གནང་སྟངས་འདིས་ཐོག་ནས་ཁོང་ཤེས་ཡོན་པ་དང་མཁས་པ། ཆབ་སྲིད་པ་དང་དབུ་ཁྲིད་ཅིག་བྱེད་རྒྱུར་ཆ་རྐྱེན་འདང་གི་མེད་པ་གསལ་བོ་རེད་འདུག དེ་འདྲའི་བཀའ་མོལ་གནང་སྟངས་སྐྱོ་བ་ལ། བློ་ཕམ་བྱུང་། ཁོང་གིས་བཀའ་ཁྲི་འཇོན་མི་ཡོང་ངམ་དྲན་བཞིན་པའི་རེ་བ་ཆུང་ཆུང་དེ་ཡང་ཤི་སོང་། དངོས་ནས་བློ་ཕམ་བྱུང་། ངའི་སྔོན་འགྲོའི་འོས་ཤོག་གཅིག་པོ་འཕེན་ས་ནོར་འདུག
རེད་ཡ་། བློ་སེང་གིས་དཔང་སྒྲིགས་ཞུས་པའི་སྐད་ཆ་དེ་ཙམ་ལ་ཁྱོལ་ཁའི་ཞེན་ཁོག་ཡོད་པར་ངོས་འཛིན་བྱས་ན་། ནམ་ཡང་ང་ཚོའི་ཁྱོལ་ཁའི་ཞེན་ཁོག་མེད་པའི་མི་ཞིག་འཚོལ་དཀའ། བློ་སེང་གི་སྐད་ཆ་ནོར་འཁྲྭུལ་ཅན་ངོ་མ་དེ་།ད་དུང་མི་བུ་སའི་ཀྱང་ཤེས་རྟོགས་མེད་པ་འདྲ་། དེ་པས་ཁོས་ཀྱང་གནས་སྐབས་སུ་བཏངས་སྙོམས་སུ་བཞགསཽ།
སྐྱོན་མི་འདུག་བསམས། རྒྱུ་མཚན་ནི་སྔོན་མར་སྤྱི་འཐུས་གྲོས་ཚོགས་ནང་མི་སྐོར་ལོག་རྡོ་འདྲ་བ་ཚོས་ཅིག་ཅིག་ཅིག་ལ་རྒྱབ་རྩ་མེད་པ་མ་རེད་ཅེས་ངར་ངར་ཤོར་ཤོར་བྱས་པ་དང་གཏན་ནས་མི་འདྲ་བར། ཚོགས་སྐྱིད་ཅིག་གིས་དཔུང་གདངས་བསྒྲིགས་ནས་གོང་ས་མཆོག་ལ་བརྟན་བཞུགས་འབུལ་དུས་ཚོགས་པ་དེའི་ཁོངས་སུ་གཏོགས་པའི་མི་རེ་རེ་བཞིན་དཔུང་གདངས་བསྒྲིགས་ནས་ཡོང་དགོས་པའི་འགན་ཁུར་ཞིག་ཡོད་པ་རེད། བློ་སེང་གིས་བརྗོད་པ་དེ་ཡང་ཁོ་རང་ལི་ཐང་བ་ཞིག་ཡིན་པའི་ཆ་ནས་བརྟག་བཞུགས་ཚོགས་པ་འདི་ཚགས་ཚུད་པོ་དང་གྲ་རྒྱས་པོ་ཞིག་ཡོང་ཕྱིར་དཔུང་གདངས་བསྒྲིགས་ནས་ཡོང་བ་ཡིན་ཞེས་པ་འདི་ཙམ་ཞིག་རེད། ཆོས་ཡོད་སྨྲ་བ་ཞིག་ལ་མཚོན་ན་དེ་ལས་ལྷག་པའི་ཆོས་སྤྱོད་མེད་པའི་བྱ་འགུལ་ཏེ་རང་གི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གོང་ས་ཆེན་པོར་དཔུང་གདངས་བསྒྲིགས་ནས་བརྟན་བཞུགས་འབུལ་བ་དེ་ལ་ཡ་མཚན་པའི་མིག་ལྤགས་གཟེང་དགོས་དོན་སྤུ་རྩེ་ཙམ་ཡང་མི་འདུག དཔུང་གདངས་བསྒྲིགས་དགོས་ས་ཞིག་དང་མི་དགོས་པ་ཞིག་གཉིས་ཡོད་པའི་ནང་ནས་བརྟན་བཞུགས་ལ་དཔུང་གདངས་བསྒྲིགས་དགོས་པ་འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།
དྲ་གྲོགས་ཚོས་བསམ་ཚུལ་གནང་བར་དགའ་བསུ་ཞུ།
དོན་མེད་ཚིག་རྩུབ་སྨྲ་བ་དང་དམོད་ཚིག་བོར་བ་སོགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
དེའི་རིགས་ཀྱི་མཆན་རྣམས་ཀྱང་འགོག་བཞིན་ཡོད།
གོང་གི་བརྙན་ཐག་དེ་ཆ་ཚང་ཞིག་ངེད་ཚོར་མེད། ཁ་བརྡར་འབྱོར་བ་འདི་ཙམ་མ་གཏོགས་མི་འདུག
ང་ཚོས་བློ་བཟང་སེང་གེ་སྒེར་ལ་འབྲེལ་བ་བྱས་ནས་བརྙན་ཐག་ཆ་ཚང་རག་ཐབས་བྱེད་ངེས།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
རྙོག་དྲ་ག་རེ་བཤད་ན་མ་བཤད་ན་སྔོན་འགྲོའི་འོས་གྲངས་ལ་བལྟས་ཚེ། བློ་བཟང་སེང་གེ་ལགས་སུ་བཀའ་ཁྲིའི་དབང་ཆ་ཐོབ་སྲིད་པ་ལྟ་བུ་ཞིག་ཏུ་མཐོང་། བློ་སེང་ལ་བཀའ་ཁྲིའི་དབང་ཆ་ཐོབ་ན་ང་ལ་ཁེ་ཕན་གཉིས་རེག་གི་འདུག གཅིག་ནི། ང་ཚོས་ད་བར་དུ་མང་གཙོ་དང་མང་གཙོ་ཟེར་སྡོད་པ་དེ་ལ་བློ་སེང་གིས་སྣ་ཁུག་ཡག་ཐག་ཆོད་ཅིག་བརྡབས་སུ་བཅུག་སྟེ། རྗེས་མ་ནས་མི་དམངས་ཚོས་མང་གཙོའི་འོས་ཤོག་ལ་གཟབ་གཟབ་བྱེད་དགོས་པའི་ཉམས་མྱོང་བསགས་ཀྱི་རེད། ཁེ་ཕན་གཉིས་པ་ནི། བློ་སེང་བཀའ་ཁྲིར་ལོ་ལྔ་ལ་སྡོད་པའི་རིང་ལ་ཁོང་ལ་དོན་ངོ་མར་ལྗིད་ཁོག་ག་ཚད་ཡོད་མེད་རྒྱ་མར་བཀྱག་གི་རེད། ཁོང་གིས་རྙོག་དྲ་མང་པོ་ཞིག་བསླང་གི་རེད་ལ་དེ་དུས་ཁོང་ལ་ད་ལྟའི་མཐོང་དང་ཆ་འཇོག་འདི་འདྲ་བྱེད་མཁན་མང་པོ་མེད་པར། སྤྱི་ཚོགས་ཁྲོད་ནས་ཁུ་སིམ་སིམ་ཆགས་སྲིད་ཀྱི་རེད། ཁོང་སྐད་ཅོར་ཚ་པོ་འདུག ཁོང་གི་ཁ་འགོག་སྤྱད་ཀྱི་ལག་ཆ་ཡག་ཤོས་ནི་ཁོང་ལ་བཀའ་ཁྲི་ཐོབ་རྒྱུ་དེ་རེད་བསམ་གྱི་ཡོད།
རེད་ད་དཀའ་རྒྱུ་རེད།
བློ་སེང་ཧ་ཝུར་ལ་ཟུརཞུག་་སློབ་མ་ཞིག་བྱས་དེ་ཙམ་ལ་སྐོར་ཞིག་གི་ཕྱགས་འཚལ་འདི་ལྟོས་ན་། ངོ་ནས་གད་མོ་ཤོར་དགོས་བ་དང་མི་རིགས་གཞན་པས་མཐོང་ན་འཕྱ་མོད་སྲིད་པ་ཞིག་རེད་། ཧ་ཝུ་སློབ་གླིང་ན་རྒྱའི་སློབ་མ་ག་ཚོད་པ་འུ་ཤེས་།
ཤར་རླུང་གཡུག་ན་འདྲ། ནུབ་རླུང་གཡུག་ན་འདྲ། བྱ་རྒྱལ་རྒོད་པོ་ཞིག་ཡིན་ན་དགོང་གནམ་འཕངས་གཅོད་པའི་རམ་འདེགས་རེད། བྱ་ཁ་ཏྭ་ནག་ཙོག་ཞིག་ཡིན་ན་ཤར་རླུང་ནུབ་རླུང་གང་ཡིན་ན་ཡང་གནམ་འཕངས་གཅོད་པའི་བགེགས་རེད་ཡ། ད་ཤོད། སྐྱབས་གནས་དེ་ཚོ་ལ་ཡང་ཁ་གཏོང་ཐུབ་ས་ནས། མང་གཙོ་འདོད་མཁན་གྱི་བྱི་ལི་ཞིག་ལ་ཁ་གཏོང་མི་རུང་བ་ཡོད་པ་མ་རེད། ཤོད་མུ་མཐུད་དུ་ཤོད།
ངས་ཀྱང་ས་བཅད་མ་གཏོང་བ་ཞིག་བཤད་ཀྱི་ཡིན། ད་ལྟའི་བར་དུ་བཙན་བྱོལ་བོད་གཞུང་གི་གནད་ཡོད་ལས་ཀ་ཞིག་ཕར་བཞག གནད་མེད་ལས་ཀ་ཞིག་ཀྱང་ལས་མ་མྱོང་བ་ཞིག་བཀའ་ཁྲི་ལ་ལངས་ན་དེ་ནས་ལྟད་མོ་ཡོད་པ་རེད། ལྟད་མོ་ག་རེད་ཡོད་པ་རེད་ཟེར་ན། ཉམས་མྱོང་མེད་པའི་སྐོབ་རྟགས་ལུང་པ་གང་བསྟན་ཡོང་གི་རེད། དེ་དུས་ལག་འོག་ན་ཡོད་པའི་ལས་བྱེད་ཉམས་མྱོང་ཅན་ཚོད་ལས་ཀ་བྱས་ན་ཁོང་ནི་སྐུབས་སྟེགས་སྲུང་མཁན་འདྲ་བོ་ཡོད་པ་རེད། ལས་ཁ་དངོས་གཞི་ཐོག་ན་ཁ་སྙན་མོ་བཤད་ནས་བསྡད་ས་ཡོད་པ་མ་རེད། དེའི་བར་ནས་སྤྱི་བ་ལ་འཐུས་ཤོར་འགྲོ་རྒྱུ་ཉག་གཅིག་རེད། དེ་ནི་མི་མཐུན་ཕྱོགས་ནས་བཤད་པ་ཡིན།
མཐུན་ཕྱོགས་ནས་བཤད་ན་ཁོང་ལ་འཛམ་གླིང་ཐོག་ངོམ་རིན་ཡོད་པའི་སློབ་ཐོན་ལག་ཁྱེར་ཡོད་པ་རེད། ལས་ཀའི་ཉམས་མྱོང་མེད་ན་ཡང་། བཙན་བྱོལ་སྤྱི་ཚོགས་འདི་མིང་དོན་གཉིས་ལས་གཏམ་དོན་དུ་གཉེར་ས་ཞིག་ཡིན་པས་བཀའ་ཁྲི་ཡང་ཚོད་ལྟའི་ལས་ཀ་བརྩི་ཆོག་གི་ཡོད་པ་རེད།
རེད།རེད།ལུང་པ་འདིའི་ཡིན་ཟེར་བ་དང་དཔུང་བསྒྲིགས་ནས་ཡོང་པ་ཡིན་ཟེར་པ་གཉིས་དོན་གཅིག་པ་མ་རེད། ཁོང་གིས་གསུང་རྒྱུ་དེ་ཁོང་ལི་ཐང་པ་ཞིག་ཡིན་པའི་ཆ་ནས་ཁོང་ཚོ་མཉམ་དུ་ཡོང་པ་ཡིན་ཟེར་གྱི་ཡོད་པ་འདྲ།
ཁོང་གིས་བོད་སྐད་གསུང་མ་ཤེས་པ་རེད་མ་གཏོགས་གཞན་གང་ཡང་མ་རེད།དེ་འདྲ་ཡིན་ཙང་།བློ་སེང་།་
ས་རཱ་སློབ་གྲྭར་ལོ་ངོ་ལྔ་རིང་བོད་ཡིག་སྦྱངས་ནསབཀའ་ཁྲི་བྱེད་ན་ཡག་པོ་འདུག
གོང་དུ་གངས་ལྷ་ལགས་ཀྱིས་བརྗོད་དོན། བློ་བཟང་སེང་གེ་ལགས་ཀྱི་དྲིལ་བསྒྲགས་འགྲོ་སོང་སོགས་ཆ་ཚང་རྒྱལ་ཁབ་གཞན་ཞིག་གིས་གཏོང་གི་ཡོད་པའི་གནས་ཚུལ་འདུག། དེ་ཚོ་གཟབ་གཟབ་བྱེད་དགོས་པ་ཞིག་རེད། ཅེས་པ་སྐད་ཆ་རྫབ་ཆེན་ཞེ་དྲགས་རེད། དེ་སྔ་བཀའ་ཁྲིའི་འོས་གཞི་བགྲོ་གླེང་སྐབས་ལའང་དྲ་རྒྱ་ཁག་ནང་། འབུར་དུ་འཐོན་པའི་བཀའ་ཁྲིའི་འོས་གཞི་ཚོ་རྐུན་མ་དང་། ལག་དམར་བ། སྨད་ཚོང་མ། བརྫུན་མཁན་རེད་ཅེས་སོགས་གང་བྱུང་མང་བྱུང་བཤད་སོང་། གལ་སྲེད་རང་རྒྱལ་གཞན་ཕམ་གྱི་ཆེད་དུ་གཟུགས་མེད་གྲིབ་བཟོའི་འཆལ་གཏམ་ཡིན་ན་འཆལ་གཏམ་སྤེལ་མཁན་གྱི་རྒྱབ་ལྗོངས་ལའང་དྲི་བ་ཞིག་རང་བཞིན་གྱིས་སླེབས་སྲིད་པ་རེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་གནད་དོན་འདི་ཆབ་སྲིད་པ་རེ་གཉིས་ཀྱི་རྩེད་ཆས་ཤིག་མ་རེད། བྱས་ཙང་རྩོམ་དང་མཆན་སྤེལ་མཁན་ཚང་མས་གཟབ་གཟབ་གནང་དགོས་འདུག་ཅེས་རང་གི་ལུང་པ་དང་། མི་རིགས་ལ་བརྩེ་བའི་ཞེན་བསྐུལ་ཡིན། རང་ཉིད་སྒེར་གྱི་ངོས་ནས་བཀའ་ཁྲིའི་འོས་མི་སུ་ལའང་ཕྱོགས་རིས་དགོས་དོན་རྩ་བ་ཉིད་ནས་མེད། བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ནིའི་དཔེ་ལྟར། རྒྱ་ཆེའི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲི་སུ་ཕེབས་རུང་གུས་བཀུར་ཞུ་རྒྱུ་རེད། དེ་ནི་མང་གཙོའི་ལམ་སྲོལ་རེད།
xxxxxxxxxxxxxx
ཁ་བརྡ་དྲྭ་བ་འདི་ག་དུས་ཀྱང་ཆོས་ཁ་ཆོས་ལུགས་ཀྱི་དབྱེན་དཀྲུག་དང་། ཕྱོགས་རིས་འཐེན་ཁྱེར་བཟོ་སའི་དྲྭ་གནས་ཞིག་རེད་དམ།
ཁ་བརྡ་དྲྭ་བ་འདི་ག་དུས་ཀྱང་མི་སྒེར་དང་ཚོགས་པ་བྱེ་བྲག་པ་ལ། ཆེད་དམིགས་ཀྱི་ནག་པོ་བཟོ་སའི་དྲྭ་ཚིགས་ཤིག་རེད་དམ།
ཁ་བརྡ་དྲྭ་ཚིགས་འདི་ག་དུས་ཀྱང་དངོས་མིང་མེད་པའི་དྲྭ་འབུའི་འོག་ནས་མི་མཐུན་ཕྱོགས་ལ་ངན་སྨོད་དང་འཚང་འབྲུ་བྱ་ས་ཞིག་རེད་དམ།
ཁ་བརྡ་དྲྭ་ཚིགས་འདི་སྐད་ཆ་དམ་དུམ་དང་། པར་རིས་རྫ་རྫོབ་ཀྱིས་མི་སེམས་དཀྲུག་པ་དང་། རང་ཕྱོགས་བསྔགས་ས་ཞིག་རེད་དམ།
དེ་དག་གི་མཚན་གཞི་རེ་རེ་ནས་ཤེས་མཁན་མེད་ན་འདི་སྐྱར་བགྲང་བྱས་པས་ཀྱང་ལོས་ཆོག
བློ་བཟང་སེང་གེས་བོད་ཀྱི་ཨོ་བྷ་མ་བྱེད་ཀྱིན་ཡིན་ཞེས་ལབ་དུས་སློབ་མཐོ་སློབ་ཀྱི་གཞོན་ནུ་ཀླད་སྟོང་འགའ་དང་།དེ་མིན་ཕྱོགས་རིས་ཀྱིས་སྨྱོས་པའི་གདན་ས་ཁག་གི་གྲྭ་བཙུན་འགའ་དང་། དེ་མིན་ད་དུང་བླུན་པོ་ཆུ་གར་ཁྲིད་དག་གིས་བློ་བཟང་སེང་གེར་འོས་བླུགས་ཡོད།
བློ་བཟང་སེང་གེ་ལ་འོས་བླུགས་མཁན་ཕལ་མོ་ཆེས་བཙན་བྱོལ་གཞུང་གི་གནས་སྟངས་ངོ་མ་ཧ་གོ་གི་མེད།
ཉམས་མྱོང་ཅུང་ཡོད་པའི་ཨོ་བྷ་མས་དམངས་གཙོ་ཚོགས་པའི་གཟི་བརྗིད་དེ་ད་ཆ་ཉམ་ཉེས་སུ་བཏང་སོང་དེར་བརྟེན་རང་གཞུང་གི་སྡེ་མཚན་ཁག་ལ་མྱོང་མེད་རྩ་བ་མེད་པའི་བློ་བཟང་སེང་གེས་ད་ལྟ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་ང་ཚོའི་གཟི་བརྗིད་དེ་ཉམས་ཉེས་སུ་གཏང་རྒྱུར་ངེས།
དྲ་གྲོགས་ཚོ་བསམ་་་་་་་་་་་་་་་་་་་
༣༦༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༤ གི་ཆུ་ཚོད་ ༡༤ སྐར་མ་ ༤༧
སྐྱོན་ མི་འདུག་བསམས། རྒྱུ་མཚན་ནི་སྔོན་མར་སྤྱི་འཐུས་གྲོས་ཚོགས་ནང་མི་སྐོར་ལོག་རྡོ་འདྲ་བ་ཚོས་ ཅིག་ཅིག་ཅིག་ལ་རྒྱབ་རྩ་མེད་པ་མ་རེད་ཅེས་ངར་ངར་ཤོར་ཤོར་བྱས་པ་དང་གཏན་ནས་མི་ འདྲ་བར། ཚོགས་སྐྱིད་ཅིག་གིས་དཔུང་གདངས་བསྒྲིགས་ནས་གོང་ས་མཆོག་ལ་བརྟན་བཞུགས་འབུལ་ དུས་ཚོགས་པ་དེའི་ཁོངས་སུ་གཏོགས་པའི་མི་རེ་རེ་བཞིན་དཔུང་གདངས་བསྒྲིགས་ནས་ ཡོང་དགོས་པའི་འགན་ཁུར་ཞིག་ཡོད་པ་རེད། བློ་སེང་གིས་བརྗོད་པ་དེ་ཡང་ཁོ་རང་ལི་ཐང་བ་ཞིག་ཡིན་པའི་ཆ་ནས་བརྟག་བཞུགས་ ཚོགས་པ་འདི་ཚགས་ཚུད་པོ་དང་གྲ་རྒྱས་པོ་ཞིག་ཡོང་ཕྱིར་དཔུང་གདངས་བསྒྲིགས་ནས་ ཡོང་བ་ཡིན་ཞེས་པ་འདི་ཙམ་ཞིག་རེད། ཆོས་ཡོད་སྨྲ་བ་ཞིག་ལ་མཚོན་ན་དེ་ལས་ལྷག་པའི་ཆོས་སྤྱོད་མེད་པའི་བྱ་འགུལ་ཏེ་ རང་གི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་གོང་ས་ཆེན་པོར་དཔུང་གདངས་བསྒྲིགས་ནས་ བརྟན་བཞུགས་འབུལ་བ་དེ་ལ་ཡ་མཚན་པའི་མིག་ལྤགས་གཟེང་དགོས་དོན་སྤུ་རྩེ་ཙམ་ཡང་ མི་འདུག དཔུང་གདངས་བསྒྲིགས་དགོས་ས་ཞིག་དང་མི་དགོས་པ་ཞིག་གཉིས་ཡོད་པའི་ནང་ནས་བརྟན་ བཞུགས་ལ་དཔུང་གདངས་བསྒྲིགས་དགོས་པ་འདི་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།
དོན་མེད་ཚིག་རྩུབ་སྨྲ་བ་དང་དམོད་ཚིག་བོར་བ་སོགས་ལ་ཁ་བརྡས་དགའ་བསུ་མི་ཞུ།
དེའི་རིགས་ཀྱི་མཆན་རྣམས་འགོག་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཀུ་ཤུ་(Apple)གློག་ཀླད་པར་གཞིའི་“ཇོ་མོ་གླང་མའི”བོད་ཡིག་གི་ཡིག་གཟུགས་མ་ལག་གསར་དུ་བྱུང་བ།
སྤེལ་དུས། 2010-11-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྱུར།
༼ཡིག་གཟུགས་ཀྱི་ཆེ་ཆུང་། ཆེ། འབྲིང་། ཆུང་། ༽
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་ནས་གསར་དུ་བཏོད་པའི་ཀུ་ཤུ་གློག་ཀླད་པར་གཞིའི“ཇོ་མོ་གླང་མ”ཞེས་པའི་བོད་ཡིག་ཡིག་གི་གཟུགས་མ་ལག་ཉེ་ལམ་གསར་དུ་བྱུང་བ་རེད།
བོད་རིག་པའི་ཇོ་མོ་གླང་མའི་གླེང་སྟེགས་སྐབས་དང་པོའི་སྟེང་དུ་ཀྲུང་གོའི་ བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་དང་ཀྲུང་གོའི་ བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་བཞུགས་མཛེས་རྩལ་རྩོམ་སྒྲིག་པ་ལི་ཅིན་ཞུང་ གིས་ཚོགས་ཞུགས་མི་སྣ་རྣམས་ལ་བོད་ཡིག་ཆ་འཕྲིན་ལག་རྩལ་གསར་གཏོད་བྱས་པའི་གྲུབ་ འབྲས་གསར་བ་མཚམས་སྦྱོར་གནང་བ་རེད། དེ་ནི་“ཇོ་མོ་གླང་མ”ཞེས་པའི་བོད་ཡིག་གི་ཡིག་གཟུགས་ཞིབ་འཇུག་སྐོར་གྱི་ཐོད་བརྒལ་གསར་བ་ཞིག་ཡིན།
扎西次仁与李建雄向与会者介绍苹果电脑版“珠穆朗玛”系列藏文字体
བཀྲ་ཤིས་ཚེ་རིང་དང་ལི་ཅིན་ཞུང་གཉིས་ཀྱིས་ཚོགས་ཐོག་ཏུ་ཀུ་ཤུ་གློག་ཀླད་པར་གཞིའི་“ཇོ་མོ་གླང་མ”ཞེས་པའི་བོད་ཡིག་གི་ཡིག་གཟུགས་མ་ལག་ངོ་སྤྲོད་གནང་བཞིན་པ།
xxxxxxx
བསྟན་འཛིན་ཕན་ཐོགས་ལགས་ཀྱིས་འུ་ཚང་ལ་བསམ་གཞིགས་བྱེད་རྒྱུའི་གོ་སྐབས་ཤིང་གནང་བར་ཐུགས་རྗེ་ཆེ།
གོང་དུ་རྟ་བདུན་དབང་བོ་ཞེས་པའི་མིང་ཐོག་ནས་
བློ་ཟེང་ཨོ་བྷ་མ་བྱེད་རྒྱུ་ཡིན་ལབ་དུས་མཐོ་སློབ་ཀྱི་སློབ་མ་ཀླད་མེད་དག་དང་དེ་མིན་ཕྱོགས་རིས་ཀྱིས་སྨྱོས་པའི་གདན་ས་ཁག་གི་གྲྭ་བཙུན་འགའ་དང་། དེ་མིན་ད་དུང་བླུན་པོ་ཆུ་སྣ་གར་ཁྲིད་དག་གིས་བློ་བཟང་སེང་གེར་འོས་བླུགས་ཡོད་ཞེས་བཤད་འདུག། ཁྱེད་ཀྱིས་བཤད་པ་བདེན་ན་ཐེང་འདིའི་འོས་ཀྱི་ཆ་ཤས་བླང་མཁན་མང་ཤོས་དེ་དག་ཀླད་མེད་དང་ཕྱོགས་ཞེན་བཅན་བླུན་པོ་ཆུ་སྣ་ག་ཁྲིད་རྐྱང་རྐྱང་ཡིན་པའི་ཚོད་དུ་འདུག། ཧ་ཧ་ དངོས་གནས་དགོད་དྲོ་བ་ལ་རང་ཉིད་ཀྱི་གཟུགས་པོ་སྐྱག་པའི་གང་ནས་མི་གཞན་ཀྱི་མཛུ་མོའི་རྩེ་ལ་སྐྱག་པ་འགོས་བ་དེ་ལ་སྣ་གཙིར་ནས་ཧང་སང་སང་བྱས་པ་དང་ཅི་མཚུངས། ཁྱོད་རང་ནི་བོད་གཞུང་གི་གནས་གཏང་ལ་ཆ་རྒྱུས་མེད་པ་མ་ཚད་མང་གཙོ་མང་གཙོ་ཞེས་བཤད་པ་ལས་མང་གཙོ་ཞེས་པའི་མིང་ཚིག་དེའི་གོ་བ་རག་རིམ་ཙམ་ལོན་མེད་པ་ལྷང་ལ་བུད་སོང། མང་གཙོའི་སྤྱི་ཚོགས་སུ་མང་བས་ཐག་བཅོད་བྱས་པའི་འོས་མི་ལ་རྩི་བཀུར་ཞུ་དགོས་པ་ནི་མང་གཙོ་ཞེས་པའི་ཚིག་དེས་ཀྱང་གསལ་པོ་བཟོས་ཡོད་ན་གཞན་འགྲེལ་བཤད་ཅི་དགོས། རང་གི་འདོད་ཐོག་ལ་ཡོད་པའི་མི་ཞིག་སྔོན་འགྲོའི་སྐབས་འོས་མཐོན་པོ་མ་སླབ་ཚེ་མི་གཞན་ལ་སྙད་འདོག་སྣ་ཚོགས་ཀྱིས་འོས་མཐོ་ཤོས་ཀྱི་མི་དེའི་འོས་ཁ་འཐོར་གཏང་བའི་ལམ་ཁ་ཞིག་རྩལ་ནས་ཁུང་མེད་ལུང་མེད་སྐད་ཆ་མང་པོ་བཤད་པ་ནི་རྒྱལ་ཁབ་དེའི་མང་གཙོ་ཡར་རྒྱས་འགྲོ་བའི་བཀག་རྡོ་དངོས་དེ་རེད་ལ་མི་མང་གི་ཐག་བཅད་ལ་རྩིས་མེད་གཏང་ནས་ཧམ་བཤད་སྣ་ཚོགས་བྱས་པ་ནི་དགེ་བཅོད་ཀྱི་བག་ཆག་འཐུག་པོ་ཡོད་པའི་དཔང་རྟགས་གསལ་ཤོས་དེ་ཡིན།
སྤྱིར་ཡར་རྒྱས་ཡོད་དགོས་ན་ཕན་ཚུར་འགྲན་རྩོད་ཡོད་དགོས་པ་ཞིག་རེད། ཡིན་ཡང་ནང་ཁུལ་གྱི་འགྲན་རྩོད་དང་དཔུང་སྒྲིག་མཐེན་འཁྱེར་ཤུགས་ཆེ་རུ་ཡོངས་ན་ནང་ཁུལ་གཅིག་སྒྲིལ་གྱི་ནུས་སྤེལ་ལ་འགོག་རྐྱེན་ཐེབས་སྲིད་པའི་ན ་ཕན་ཚུར་འགྲན་རྩོད་ཀྱི་ངོ་བོ་ཤུགས་ཆེར་རུ་འགྲོ་བ་དང་དུས་མཚུངས་སུ་གཅིག་སྒྲིལ་གྱི་ནུས་ཤུགས་སྤེལ་ཐུབ་པ་བྱུང་བ་ཡིན་ན་དེ་དུས་ཕོ་བློ་སེང་གིས་བོད་མི་མང་གིས་མཚན་སྙན་དེ་འཛམ་གླིང་ལ་བསྐོར་བ་ཞིག་རྒྱག་ཐུབ་པ་རེད།།།
ཚྭ་སྒང་ཕ་ཉ་ལགས་ཁྱེད་མིག་ཐང་ཐང་ཡོད་ས་མ་རེད། མིག་ཡག་པོ་མེད་ན་སྨན་ཁང་ལ་ཕྱིན་ཏེ་མིག་བརྟགས་དཔྱད་ཡག་པོ་བྱས་ཏེ་ངའི་མཆན་འདི་ཡང་སྐྱར་ཐེངས་གཅིག་ཀློགས།
མཐོ་སློབ་ཀྱི་གཞོན་ནུ་རང་གཞུང་རྒྱུ་མངའ་མེད་པའི་ཀླད་སྟོང་བ་འགའ་ཨ་རིའི་སྲིད་འཛིན་ཨོ་བྷ་མར་དབྱིངས་ཞུགས་པའི་སྐབས་དང་བསྟུན་ནས་བློ་བཟང་སེང་གེས་བོད་ཀྱི་ཨོ་བྷ་མ་བྱེད་རྒྱུ་ཡིན་ཞེས་ལབ་དུས་ཁོང་ཚོས་བརྟགས་དཔྱད་སྤུ་ཙམ་ཡང་མེད་པར་རང་གི་རིན་བྲལ་གྱི་འོས་དེ་བློ་བཟང་སེང་གེ་བླུགས་ཡོད།
ངས་༼ཕྱོགས་རིས་ཀྱིས་སྨྱོས་པའི་གདན་ས་ཁག་གི་གྲྭ་བཙུན་འགའ་དང་།༽ཞེས་བྲིས་པ་དེར་རྒྱུ་མཚན་ཡོད་མེད་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་སློབ་འདི་ནས་༼བར་ལམ་ཞིག་ནས་ང་ལ་དེའི་ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་ འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་༽ང་ཚོས་དཔོག་ནུས།
ངས་བླུན་པོ་ཆུ་སྣ་གར་ཁྲིད་དག་གིས་བློ་བཟང་སེང་གེར་འོས་བླུག་ཞེས་པར་དངོས་གནས་ཡིན།
དཔེར་ན་ངས་གྲོགས་ཁ་ཤས་ལ་བློ་བཟང་སེང་གེར་འོས་བླུགས་དགོས་པའི་རྒྱུ་མཚན་དྲིས་དུས་ཅི་ཅི་གཅིག་གི་ཡག་པོ་ཡོད་རེད་ཟེར་གྱི་འདུག་བྱས་ཙང་ངས་འོསབླུགས་པ་ཡིན་ཟེར་གྱི་འདུག
བློ་བཟང་སེང་གེ་མིང་དངོས་གནས་མ་རེད་ལ་མིང་དངོས་བློ་བཟང་སངས་རྒྱས་རེད།ལགས།ཁོ་རྒྱ་ནག་ལ་སོང་བ་རེད་ཟེར་བ་ཞིག་གོ་རྒྱུ་འདུགདེ་བདེན་པ་ཡིན་མིན་གསུང་རོགས།
སོང་བ་ཡིན་ན་ཁོ་ཨ་རི་ལ་བོད་དེབ་སེར་བོའི་སྒང་ལ་བསྡད་ཡིན་ཟེར་ཅི་ཞིག་ཤོད་ཀྱིན་ཡོད་པ་རེད།བོད་དེབ་སོར་བོ་དེ་རྒྱ་ནག་གཞུང་གིས་ངོས་ལེན་བྱས་ཏེ་སོང་བ་རེ་པེ།དེ་ཡིན་རྒྱུ་མ་རེད་པ།
ཟླ་བ་ཆོས་འཛོམས་ལགས་ཀྱིས་དངོས་གནས་སྐད་ཆ་གནད་འགག་ཅན་ཞིག་བཤད་བཞག བློ་སེང་རྒྱ་ནག་ལ་སོང་བའི་གནས་ཚུལ་དངོས་སུ་གོ་མྱོང་། ཁོང་རྒྱ་ནག་ལ་སྐྱབས་བཅོལ་ལག་དེབ་སེར་པོའི་སྒང་ནས་སོང་པ་རེད་དམ། འདི་ནི་བོད་པའི་གསར་ཤོག་ཁག་གི་མདུན་ངོས་ཀྱི་ཐོད་དུ་འགོད་འོས་པའི་གསར་འགྱུར་ཚ་པོ་ཞིག་མ་རེད་དམ།
བློ་སེང་རྒྱ་ནག་ལ་སོང་བ་བདེན་པ་ཡིན་ན་སྐབས་དེར་ཁོས་ཨ་རི་ལྟ་བུ་རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་བེད་སྤྱོད་བཏང་ཡོད་པ་གཏན་འཁེལ་བ་རེད། སྐྱབས་བཅོལ་བོད་མིའི་ལག་དེབ་སེར་བོ་ལ་ནི་རྒྱ་མིས་ངོས་ལེན་བྱེད་དྭོགས་མེད། ཡིན་ནའང་དེ་ལ་ཧ་ལས་ཧང་སང་འཇོག་རྒྱུ་ཅང་ཨེ་ཡོད། མི་གཅིག་རྒྱལ་ཁབ་གཉིས་ཀྱི་མི་སེར་བཟོས་ཆོག་པ་འདི་རྒྱ་ནག་ལྟ་བུ་སྲིད་དབང་སྒེར་སྤྱོད་གྲངས་ལ་མི་ཤེས་མ་གཏོགས་རང་དབང་དམངས་གཙོ་ལུང་བའི་འགྲོ་སྟངས་ཤིག་རེད། རྣ་བར་མི་འགྲོ་ན་ལྟོས་དང་། ཡོ་རོབ་ན་འདིའི་དཔེ་མཚོན་མང་བོ་མཐོང་རྒྱུ་ཡོད། ད་དུང་ན་ཉིན་ནས་རྒྱ་གར་གཞུང་གིས་ཀྱང་འདིའི་སྐོར་ལ་སྒྲིག་གཞི་གཏན་འབེབས་བཟོས་སོང་ང་།
ཨོ་ཧོ་ཧོ་་་ ང་ཚོའི་ཀླད་མེད་ཚོ་བསམ་བློ་ཡག་པོ་ཐོང་དང། བཀའ་ཁྲིའི་འོས་གཞི་ལ་ལོ་ལོན་གྱིས་མི་འགྲིག་ཉམས་མྱོང་རྙིང་པ། བུད་མེད་ཀྱིས་མི་འགྲིག་གཡོ་སྒྱུ་ཚ་བོ། གཞོན་ནུ་མི་འགྲིག་ཕྱོགས་འཐེན་ཅན། གྲྭ་པས་མི་འགྲིག་སྲིད་དོན་མི་ཤེས། འོ་ན་ཁྱེད་ཚོར་དགོས་པའི་བཀའ་ཁྲི་ག་འདྲ་ཞིག་དགོས་ནི་རེད། བོད་སྤྱིའི་བདེ་སྡུག་ལ་བསམ་བློ་ཡོད་མཁན་ཞིག་ཡིན་ཕྱིན་ཕོ་མོ་ཁྱད་མེད། སྐྱ་སེར་ཁྱད་མེད། རྒས་གཞོན་ཁྱད་པར་མེད་པའི་མི་ཞིག་གདམ་དགོས་པ་ལས། ལུང་ཚན་དང་ཆོས་ལུགས་འཐེན་འཁྱེར་གྱི་ལྟ་བ་མ་གནང་ན་མི་བཟང་ངམ། དེ་འདྲས་བོད་ལ་ཕན་གནོད་ག་འདྲ་བྱུང་ཡོད་མེད་སྔོན་གྱི་ལོ་རྒྱུས་དག་ལ་ཕྱི་མིག་རེ་གཟིགས་རོགས།
ཁྱོད་ཀྱིས་འཁྱོག་བཤད་ག་འདྲ་ཞིག་བྱས་ཀྱང་ཁྱོད་ཀྱི་གཏམ་ལ་མི་མང་གིས་ཡིད་ཆེས་བྱེད་མི་སྲིད་ལ། ཁྱོད་རང་ལ་རྒྱལ་ཁ་ཐོབ་མི་སྲིད་ལོ། བདེན་མིན་རྗེས་སུ་རིམ་པས་གསལ་འོང་། ག་ལེར་གཟིགས་ཨ།
ཇོ་རྡོ་རྗེ་ལགས། སུ་ལ་ཚོགས་གཏམ་གཏོང་གི་ཡོད་དམ།
༄། དྲ་གྲོགས་ཁག་གཅིག་གི་སྐྱོན་བརྗོད་མ་གཏོགས་ཤེས་ཀྱི་མེད་པ་འདྲ། ང་ཚོའི་སྤྱི་ཚོགས་ཀྱི་འདས་མ་འོངས་ད་ལྟའི་གནས་སྟངས་ཚང་མ་དཔྱད་ཞིབ་བྱེད་སྟེ་སྐྱོན་སྟོན་ན་ཡག་པོ་ཞིག་མཐོང་། ང་ཚོ་བོད་དེ་ཉམས་མྱོང་མ་འདངས་བའི་ཕོང་པ་རེད་འདུག་ཤེས་ཡོན་མེད་ནས་ཕོང་བ་ཞིག་རེད་དྲ་གྲོགས་ཟླ་བ་ཆོས་འཛོམ་ལགས།་ དོན་མེད་ཀྱི་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་ན་ཕན་ཐོག་ག་རེད་འདུག་ བློ་སེང་རྒྱ་ནག་ལ་ཕེབས་པ་དེ་བདེན་པ་ཡིན་པ་གོ་ཐོས་བྱུང་། བློ་སེང་རྒྱ་ནག་ལ་ཕེབས་སྟངས་དེ་མི་སེར་ལག་འཁྱེར་གྱི་ཁྱད་པར་མི་འདུག་ཁོང་ཧ་ཝ་ཌིར་མཐོ་སློབ་ཀྱི་མིང་ཐོག་ནས་ཕེབས་པ་ཞིག་རེད་འདུག་ཨ་རི་སྡད་ཆོག་པའི་ལག་འཁྱེར་ཐོག་ནས་ཕེབས་ཆོག་གི་ཡོད་ས་རེད། དོན་མེད་སྐྱོན་རིག་མ་བྱེད་མ་བཟང་གི་ཡ། 7གོང་ས་མཆོག་དང་མི་རབས་རྒན་པ་དག་གི་དཀའ་དྲིན་གྱི་ང་ཚོ་ལ་ད་ལྟའི་མང་གཙོ་འདི་བྱུང་བ་ཡིན་པ་ང་ཚོའི་མཁྱེན་གསལ་རེད་སྤྱིར་སྟང་མི་རབས་འཕོར་འགྱུར་གྱི་འགྲོ་ཡི་ཡིན་པ་ནི་འཇིན་རྟེན་གྱི་ཆོས་ཉིད་ཡིན།སྐབས་མཚམས་འདི་འདྲ་ལ་ང་ཚོ་ཚང་མས་སེམས་གནལ་ལ་ཕེབས་ཏེ་དོན་གནད་ཡོད་པའི་སྒང་ལ་བགྲོ་གླེང་གནང་དགོས་ཀྱི་ཡོད་། བཀའ་ཁྲིར་རྒན་རབས་པ་ཕེབས་ཀྱང་རུང་གཞོན་ནུ་ཞིག་ཕེབས་ཀྱང་རུང་ང་ཚོ་དགོས་པ་ནི་བོད་མི་རིགས་ཀྱི་སྤྱི་བའི་མི་ཞིག་དང་སྤྱི་བའི་ལས་དོན་གྲུབ་ཐུབ་མཁན་ཞིག་དགོས་ཀྱི་ཡོད་སྤྱི་དོན་དང་སྒེར་དོན་གཉིས་ཀྱི་ནང་ནས་སྤྱི་དོན་གལ་ཆེ་རྩིས་མཁན་དང་བཙན་བྱོལ་གཞུང་དང་ནང་མི་གཉིས་ཀྱི་ནང་ནས་བཙན་བྱོལ་གཞུང་གལ་ཆེ་རྩིས་མཁན་ཞིག་དགོས་ཀྱི་ཡོད། བཙན་བྱོལ་གཞུང་ནང་ཉམས་མྱོང་གམ་རྩམ་བསག་སྟེ་དཀའ་ངལ་ཕྲན་བུ་འཕྲད་པ་དང་ལམ་སང་ཐོན་ནས་ཕྱིན་པ་དེ་རིགས་ང་ཚོ་ལ་མི་དགོས།
ཚང་མས་བསམ་ཚུལ་ཡག་པོ་སྤེལ་སོང་ཐུགས་རྗེ་ཆེ།
བསྟན་འཛིན་ཕན་ཐོག་ལགས་ཀྱི་ངེད་ཚོར་ཁ་ནས་གཅིག་སྒྲིལ་དང་དོན་ལ་དཔུང་ཁག་སྒྲིགས་མཁན་གྱི་མི་དེའི་གདོང་རིས་ངོ་མ་འགྲེམས་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
ང་ཚོས་དངོས་གཞི་འོས་ཤོག་དེ་ལ་བསམ་བློ་གཏང་རྒྱུའི་གོ་སྐབས་ཤིག་རགས་སོང།
གནས་ཚུལ་འདིའི་སྐོར་ལ་འགྲེལ་བཤད་ཇི་ལྟར་བྱེད་དགོས་ང་རང་ཡང་ཤེས་ཀྱིན་མིན་འདུག སྤྱིར་བཏང་ཁོ་བོ་ལྟ་བུར་མཚོན་ན་ཡང་ལུང་ཚན་ཀྱི་སྐོར་ལ་སྐད་ཆ་འདྲ་མིན་མ་བཤད་ཡས་ཀྱི་རྩོལ་འདོན་བྱེད་ཀྱིན་ཡོད། འདི་ནི་ཕན་ཐོགས་མེད་པའི་ལས་ཀ་རང་རེད་འདུག་བསམ།
རྒྱུན་དུ་ཁོ་ལྟ་བུར་མཚོན་ན་ཆོལ་ཁའི་དབུས་རྒྱུན་ལས་ཟེར་བ་དང་། ལུང་ཚན་སྐྱིད་སྡུག་ཚོགས་པ་ཟེར་བ་སོགས་ནི་ང་ཚོའི་སྤྱི་ཚོགས་ནང་ལ་མི་དགོས་པ་རང་རེད་འདུག འདི་དག་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ནང་ལ་སྐད་ཆ་སྣ་ཚོགས་སྒྲོགས་ཡོང་གིན་འདུག ངོས་ནས་ད་ལྟ་བར་དུ་ཟམ་གདོང་རིན་པོ་ཆེ་ཁོང་དེ་ལྟ་བུའི་སྤྲོ་སྐྱིད་ནང་དུ་ཞུགས་པ་གོ་ཐོས་མ་བྱུང། བྱུང་ན་ལུང་ཚན་དང་ཆོལ་ཁའི་མིང་ཐོག་ནས་མ་ཡིན་པར་བོད་མིའི་མིང་ཐོག་ནས་སྤྲོ་ཚོགས་དང་བརྟན་ཞུགས་འདྲ་སྤེལ་ཐུབ་ན་ལེགས་ཤོག་ཤིག་ཏུ་མཐོང།
མཁས་དབང་བློ་བཟང་སེང་མཆོག་ལ་སྔོན་འགྲོའི་འོས་ཤོག་མཐོན་པོ་ཐོབ་པར་བརྟེན་ཕྲག་དོགས་ཅན་ཁག་གཅིག་ནས་མི་དགའ་བའི་རྣམ་འགྱུར་སྟོན་གྱིན་ཡོད་ན་ཡང་དེས་ཁོང་ལ་བར་ཆད་གང་ཡང་རྩོམ་ཐུབ་ཀྱི་མ་རེད། ད་ལྟའི་ཆར་བྱེས་འབྱོར་བོད་མིའི་ཁྲོད་དུ་ཁོང་ལས་ལྷག་ཅིག་ནམ་ཡང་ཡོངས་ཐབས་མེད་པ་དེ་རེད། མཁས་དབང་ཟམ་གདོང་རིན་པོ་ཆེའི་ལོ་ ༡༠ རིང་ལ་བོད་གཞུང་གི་རྩིས་ཁྲ་གཙང་མ་བཟོས་པ་རེད། ད་ཡང་བཀྲས་མཐོང་སླེབས་ན་རྩིས་ཁྲ་དེ་གང་འདྲ་ཆགས་ཡོང་སྙམ་པའི་དོགས་དེ་མི་མང་ཚོར་ཡོང་གི་ཡོད་འདུག
བློ་བཟང་སེང་གེས་གཞན་ཅང་མ་འཇོན་རུང་རྩིས་ཁྲ་ནག་པོ་མི་བཟོ་རྒྱུའི་ཡིད་ཆེས་གཙང་མ་ཡོད།
གནད་དོན་འདི་ཙམ་ལ་སྐྱོན་དུ་བརྩིས་ཏེ་སྐྱོན་བརྗོད་བྱེད་ཀྱི་ཡིན་ན་༸གོང་ས་མཆོག་གིས་འདི་འདྲ་ཐེངས་མང་པོར་བཀའ་སློབ་མང་པོ་གནང་མྱོང་ཡོད་ཙང་། བསྟན་འཛིན་ཕན་ཐོགས་ཁྱེད་ལྟར་ན་༸གོང་ས་མཆོག་ལ་ཡང་སྐྱོན་བརྗོད་བྱེད་ཀྱི་ཡིན་ནམ།
༸གོང་ས་མཆོག་གི་ང་ཨ་མདོའི་པུའུ་ཞིག་རེད། ང་དགའ་བོ་ཞེ་དྲག་ཡོད་གསུངས་མྱོང་བ་དང་།
དེ་བཞིན་རི་བོ་དགེ་ལུགས་པའི་གདན་ས་ཁག་ཏུ་བཀའ་སློབ་རིམ་པ་ཁག་གནང་ཡོད་རེད་དེ། ཡིན་ན་བཀའ་སློབ་དེ་ཚོ་ཕྱོགས་རིས་རེད་ཅེས་བཤད་ན་ག་ལ་འགྲིག དེ་བཞིན་བློ་སེང་ནས་ང་རང་ཕ་ཡུལ་གཅིག་པ་ཚོ་དང་དཔུང་བསྒྲིག་ནས་༸གོང་ས་མཆོག་ལ་ཞབས་འདེགས་ཞུ་རྒྱུ་དང་། དེ་བཞིན་དོལ་ཚོགས་ལ་ཁ་གཏད་གཅོག་རྒྱུ་སོགས་དགོས་བཤད་པ་རེད
དྲ་གྲོགས་ཚོའི་འཆན་ཡག་པོ་འགས་བཀོད་འདུག་པའི་དེ་ཚོ་ལ་རྒྱུ་མཚན་མེད་པ་གང་ན་ཡིན།།།།
ངོ་ཚ་རྒྱུ་མེད་པའི་དྲ་གྲོགས་ཁག་ཅིག་འབོད་སྐུལ་ཞུ་རྒྱུར་༸གོང་ས་མཆོག་དང་བློ་སེང་རྩ་བ་ཉིད་ནས་བསྡུར་མི་ཉན། ང་ཚོས་མིའི་དཔེ་ལ་མི་འཇོག་དགོས་པ་ལས་སེམས་ཅན་དུད་འགྲོ་བོང་བུ་ལྟ་བུ་འཇོག་མི་ཉན།
སྨུག་རུམ་ཁྲོད་འཚོ་བའི་ཨ་མདོ་བ། གསཌྷལ་བྱེད་སུམ་ཅུ་ཡི་བཙན་འོག་ན་མུ་ཤི་ཐེབས་པའི་ཨ་མདོ་བ།
མི་རབས་གཅིག གཞན་གྱི་རྐང་འོག་ན་འཚོ་བའི་ཨ་མདོ་བ། ད་དུང་ཤེས་འདོགས་འདོགས
འཇོན་འདོགསའདོགས། བསྐལ་བ་ནས་བསྐལ་བ་བྲན་གཡོག་ཁྱོད་ཚོས་ཤེས་ཡོད་དམ།
ད་ནི་དངོས་གཞིའི་འོས་འཕེན་སྐབས་བློ་བཟང་སེང་གེ་ལ་བཀའ་ཁྲིའི་འོས་གྲངས་ཇི་ཙམ་ཐོབ་ཀྱིན་ཡོད་མེད་ཆ་མ་འཚལ་བར་གྱུར་སོང། གཅིག་བྱས་ན་བཀྲིས་མཐོང་གི་འོས་ཡོངས་རྫོགས་དང་བློ་བཟང་སེང་གེའི་འོས་སྟོང་ཕྲག་ཁ་ཤས་དེ་བཀྲིས་དབང་འདུས་ལ་ཐོབ་ནས་བོད་མི་མང་ཧོན་འཐོར་དུ་འཇུག་པའི་ཉེན་ཁ་ཆེན་པོ་འདུག བྱས་ན་མོ་པ་གཅིག་ལ་མོ་གཅིག་བཏབ་བཅུག་ན་ཅི་འདྲ་འདུག ད་ནི་ལྟད་མོ་འདུག ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་མཇལ་ཡོང།
དུས་ཚོད་རིང་པོ་ཞིག་ནས་བློ་བཟང་སེངྒེར་ཡིད་ཆེས་དང་། རེ་བས་མིག་ཟུང་གཏད་མྱོང་། འོན་ཏང། ད་རེས་ཀྱི་དཔུང་སྒྲིག་པར་ཡོང་བའི་ཐན་སྐད་ཐོས་དུས་རེ་ཞིག་ཧོན་ཐོར་གྱི་གནས་སུ་གྱར་སོང།
གནམ་རྒན་མ། མི་འདིའི་ངོ་གདོང་ངོ་མ་གང་ཡིན་ནམ།
དྲ་གྲོགས་རྣམས་ལ་ཞུ་དོན། མི་ཁག་གཅིག་གིས་རྒྱ་དམར་དངོས་དང་། ཡང་ན་དེས་དོན་སྒྲུབ་མཁན་ཡིན་པས་ཆ་ནས། ་ཁྱོད་ཚོ་ཨ་མདོ་དང། ང་ཚོ་ཁམས་པ་ཟེར་བཞིན་ཆོལ་གསུམ་མཐུན་སྒྲིག་གི་ནུས་པ་རྩ་མེད་བཟོ་ཐབས་བྱེད་པརབློ་ཕམ་དང། ཁ་བ་བོད་པ་ཚོ་་་་་་ང་ཚོ་ནམ་ཡངདགྲ་བོའི་ངན་ཇུས་ལ་མགོ་མ་འཁོར་བར་འབད་དགོས། གོང་དུ་འདི་འདྲ་བྲིས་པ་རྣམས་གོང་ཁྲན་དམར་པོསབཤད་པ་མིན་་ན་ཀླད་མེད་ང་རྒྱ་ཅན་ཞིག་ཡིན་པ་དངོས། གཞིས་ལུས་སྤུན་ཟླ་མང་པས་རང་སྲོག་བློས་བཏང་གིས་་་་་་ཁ་བ་བོད་པ་ཚོ་མཐུན་སྒྲེལ་གྱིས་ཡ་་་་་ཞེས་སོགས་གཟིགས་གསན་་བྱུང་ཡོད་ཤག དེ་རྣམས་ལ་དགོངས་པ་བཞེས་རོགས།། ཐུགས་རྗེ་གཟིགས། རྣམ་དཔྱོད་དང་བྲལ་བས་སྐྱེ་བོ་རྣམས་འུ་སྒྲོགས་ཀྱི་གཞི་རུ་མི་འགྲོ་ཡིད་ཟབ་གནང་རོགས།།
དྲི་ངན་ལུང་ལ་ཁྱབ་དུས།། རྒྱུ་སྐྱེན་གང་ཡིན་རྟགས་དགོས་།། མི་ངན་ཅོ་ཅོག་མང་དུས།། སྤྱི་དོན་གཞི་མར་བཞག་རོགས།།
རྒྱུད་གྲཱ་བློ་ཡེ་ནས།།
To be part of your own root is human nature and is necessary also. But joining the root to “Pungpa Drig shing” is devisive in nature and is not necessary.
If Lithangwas support LS for Katri position on he basis of his merits, I support the Lithangwas. If they support him just because his ancestors are from Lithang, then I will oppose him tooth and nail.
གནད་དོན་འདིའི་ཐོག་ལ་ལྟ་སྟངས་རྩོམ་པ་པོ་ཀླུ་སྨྱོན་ལགས་ཀྱིས་གསུངས་པ་དང་གཅིག་པ་ལྟ་བུ་ཆགས་ཀྱི་འདུག བློ་བཟང་སེང་གེས་དཔུང་སྒྲིག་ཟེར་བ་དེ་ཞེད་སྣང་དགོས་པ་ཞིག་གང་ཡང་མ་རེད། སྐབས་དེ་དུས་ལི་ཐང་པས་དཔུང་བསྒྲིགས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་བ་དང་། བོད་གཞུང་གི་ལས་ཁུངས་ཡོངས་རྫོགས་ཀྱི་སྲི་ཞུ་ལས་བྱེད་པ་རྣམས་ལ་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་འདུག དེ་དག་ཚང་མ་བརྙན་འཁོར་དེའི་ནང་དུ་འདུག བསྟན་འཛིན་ཕན་ཐོགས་ལགས་ཕ་བཟང་བུ་དཔུང་སྒྲིག་ན་འདི་ལྟ་བུ་ལ་སྒྲིག་ཐུབ་དགོས་པ་རེད། དེ་གལ་ཆེན་པོ་རེད། སྐབས་དེ་དུས་ཀྱང་བློ་བཟང་སེང་གེས་ང་ནམ་རྒྱུན་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་ཕྱེས་ནས་འགྲོ་རྒྱུར་དགའ་པོ་མེད་ཅེས་བཤད་པ་བཞིན་རེད་དེ། ༧གོང་ས་མཆོག་དང་བོད་གཞུང་གི་དབུ་འོག་དཔུང་འདེགས་དང་ཞབས་འདེགས་ཞུ་རྒྱུར་ཕ་ཡུལ་གཅིག་པ་རྣམས་དང་དཔུང་སྒྲིག་པར་ཡོང་བ་དེ་ལ་ཞེད་སྣང་གཏན་ནས་བྱེད་དགོས་དོན་མི་འདུག
ད་ལྟའི་ཆར་བཙན་བྱོལ་ནང་ཕ་ཡུལ་གང་ཡིན་མི་ཤེས་ཟེར་མཁན་མང་པོ་ཡོད། དོན་ངོ་མ་བཤད་ན་ཨ་མའི་བུ་མཚན་ཉིད་ཚང་བ་ཞིག་ཡིན་ན། དགོས་པ་དེ་དང་པོ་རང་གི་ནང་མི་ལ་ཤ་ཚ་དང་ལ་རྒྱ་ཡོད་མཁན། དེ་ནས་གྲོང་པ་ཁྱིམ་མཚེས། དེ་ནས་ཡུལ་སྡེ་ཤོག་ཁ། དེ་ནས་ཆོལ་ཁ་དེ་ནས་རྒྱལ་ཁབ་བཅས་ལ་ཤ་ཞེན་ཡོད་དགོས་པ་རེད། དེ་དག་ཀྱང་ཕྱི་མ་ཕྱི་མ་བཞིན། རྒྱལ་ཁབ་ཀྱི་གནད་དོན་དང་ཆོལ་ཁའི་གནད་དོན་གཉིས་ཀྱི་ནང་ནས་ཆོལ་ཁའི་གནད་དོན་བློ་གཏོང་ཐུབ་མཁན། ཆོལ་ཁའི་གནང་དོན་དང་ཡུལ་སྡེ་ཤོག་ཁའི་གནད་དོན་གཉིས་ཐུག་ན་ཡུལ་སྡེ་ཤོག་ཁའི་གནད་དོན་བློས་གཏོང་ཐུབ་མཁན། དེ་དང་དེ་ལྟ་བུ་བྱས་ནས་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། རང་གི་ཕ་ཡུལ་གང་ཡིན་ཙམ་ཡང་མི་ཤེས་མཁན་དེ་དག་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ཤ་ཞེན་མེད་པ་གསལ་པོ་རེད།
བསྟན་འཛིན་ཕན་ཐོགས་ལགས་ཀྱིས་ག་རེ་བརྗོད་ཀྱང་ཕན་ཐོགས་དགོས་ས་དེ་ལ་ཕན་གང་ཡང་ཐོགས་ས་མ་རེད། ཐབས་ཤེས་མི་འདུག མགོ་གྱོན་ཆས་ཀྱིས་བཏུམས་ནས་ངུ་རྒྱུ་ལས་ལྷག་མི་འདུག་པས། བསྟན་འཛིན་ཕན་ཐོགས་ཟེར་བ་འདི་ཕལ་ཆེར་གཡུང་དྲུང་རྒྱལ་མཚན་ཡིན་པ་དང། བསྟན་བཤིག་འདིས་ཆུ་སྒང་གི་མིང་ཁུར་ནས་མི་མང་པོ་ལ་ཁ་བཏང་། ད་ལྟའང་བློ་བཟང་སེང་གེ་ལ་ངན་སྨྲས་བྱེད་བཞིན་ཡོད་པ་འདྲ།
དཀོན་མཆོག་སྐམ་པོ་ཟེར་བ་ཞིག་གིས་“བློ་སེང་རྒྱ་ནག་ལ་སོང་བ་བདེན་པ་ཡིན་ན་སྐབས་དེར་ཁོས་ཨ་རི་ལྟ་བུ་རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་བེད་སྤྱོད་བཏང་ཡོད་པ་གཏན་འཁེལ་བ་རེད། སྐྱབས་བཅོལ་བོད་མིའི་ལག་དེབ་སེར་བོ་ལ་ནི་རྒྱ་མིས་ངོས་ལེན་བྱེད་དྭོགས་མེད།” ཟེར། རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་པ་འདི་ངོ་གནོངས་དགོས་པ་ཞིག་ཏུ་གྱུར་མི་འདུག་གམ། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས་ལ་མཚོན་ན་རྒྱལ་ཁབ་གཞན་གྱི་ཕྱག་ཁྱེར་བསྣམས་མཁན་ཡིན་སྲིད་ཀྱང། དེའི་ཕྱག་རོགས་སུ་ཕེབས་མཁན་དཔེར་ན་དྭགས་པོ་བསོད་ནམས་ནོར་བུ་རྒྱལ་ཁབ་གཞན་གྱི་མི་སེར་གྱི་ལག་ཁྱེར་ཡོད་དམ། ངས་བལྟས་ན་གཏན་ནས་ཡོད་པ་མ་རེད། ཉེ་བའི་ཆ་མ་གཏོགས་དུ་རྒྱུན་གངས་སྐྱིད་དུ་ཕྱག་ལས་གནང་ནས་བཞུགས་པ་རེད། ད་དུང་བཀའ་དྲུང་ལས་ཁུངས་ཀྱི་ལས་བྱེད་འཇིགས་མེད་པ་སངས་དང། སྐལ་བཟང་ཚེ་རིང་གཉིས་ཀྱང་ལན་ཁ་ཤས་ལ་སོང་བ་རེད། དེ་གཉིས་ལ་རྒྱལ་ཁབ་གཞན་གྱི་མི་སེར་གྱི་ལག་ཁྱེར་མེད་པ་ངས་ཁ་ཚོན་བཅད་ནས་བཤད་ཐུབ། སྐལ་བཟང་ཚེ་རིང་ལགས་ནི་བོད་ནས་གསར་དུ་འབྱོར་བ་ཞིག་རེད། འཇིགས་མེད་པ་སངས་ལགས་བཙན་བྱོལ་ནང་སྐྱེས་པ་ཞིག་ཡིན་ཡང་མི་སེར་གཞན་གྱི་ལག་ཁྱེར་གཏན་ནས་ཡོད་མི་སྲིད་པ་རེད། གནད་དོན་འདི་འདྲའི་ཐོག་ནས་བལྟས་ཀྱང་བློ་བཟང་སེང་གེ་རྒྱ་ནག་ཏུ་འགྲོ་བའི་སྐབས་ལག་ཁྱེར་དམིགས་ཞིག་གི་ཐོག་ནས་སོང་ཡོད་པ་ཤེས་གསལ་རེད། སྐུ་ཚབ་རྣམ་གཉིས་ལ་རྒྱལ་ཁབ་གཞན་གྱི་ལག་ཁྱེར་ཡོད་པའི་དབང་དུ་བཏང་ཡང་རྒྱ་ནག་ཏུ་བསྐྱོད་པའི་སྐབས་ལག་ཁྱེར་དེ་དག་བེད་སྤྱོད་གནང་མེད་པ་ཧ་ཅང་གསལ་པོ་རེད།
བློ་བཟང་སེང་གེ་རྒྱ་ནག་ཏུ་སོང་བའི་སྐོར་ཉེ་སྔོན་ཨ་རིའི་མི་ནེ་སོ་ཊ་ནས་དེའི་སྐོར་མི་ཞིག་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལ་དྲི་བ་དྲིས་པར། ཁོང་གིས་བློ་བཟང་སེང་གེ་རྒྱ་ནག་ཏུ་སོང་བ་དེ་བོད་གཞུང་གི་ཤེས་རྟོགས་ཡོད་པ་མ་ཟད། བོད་གཞུང་གི་ད་ལྟ་འགྲོ་བཞིན་པའི་བོད་རྒྱ་ཞི་མོལ་གྱི་ལས་དོན་ལ་ཕན་ཐོགས་ཞེ་དྲག་བྱུང་ཞེས་ལན་འདེབས་གནང་འདུག གནད་དོན་འདི་དག་གི་ཐོག་ནས་བཤད་ཀྱང་བློ་བཟང་སེང་གེ་རྒྱ་ནག་ཏུ་སོང་བ་བདེན་པ་རེད་འདུག་ལ། ཁོང་གིས་ལག་ཁྱེར་དམིགས་བསལ་ཞིག་གི་ཐོག་ནས་བསྐྱོད་ཡོད་ངེས་པ་རེད། དེ་ལ་རི་བོང་གནམ་རྡིབས་ཀྱི་སེམས་ཁྲལ་དགོས་དོན་མི་འདུག
ལྷ་སྨོན་པ་ལགས། དྲི་བ་འདི་ཇི་འདྲ་སླེབས་པ་རེད་ཟེར་ན་བློ་བཟང་སེང་གེ་ཁོང་ས་ཆ་གང་དུ་ཕྱིན་པ་ཡིན་ན་ཡང་བོད་མིའི་ཕྱིར་བསྐྱོད་དེབ་སེར་པོའི་ཐོག་ལ་བསྐྱོད་གིན་ཡོད་ཟེར་བ་དེ་ལས་འཕྲོས་པ་ཡིན་གྱི། དོན་མེད་གློ་བུར་ཐོབ་རྐྱག་ལ་ཡོང་བ་ཞིག་མིན། དེས་མ་ཚད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གསལ་བཤད་གཅིག་གི་ནང་དུ་ཡང་བློ་སེང་ཁོང་ས་ཆ་གང་དུ་ཕྱིན་པ་ཡིན་ན་ཡང་དེབ་སེར་པོའི་ཐོག་ནས་བསྐྱོད་གིན་ཡོད་ཟེར་བ་འདིས་གནས་ཚུལ་འདི་དག་ལྷག་པ་རེད། སྤྱིར་མི་སེར་ལག་འཁྱེར་གང་གི་ཐོག་ལ་ཕྱིར་བསྐྱོད་བྱེད་གིན་ཡོད་མེད་འདི་གནད་འགག་ཆེན་པོ་དེ་ཙམ་མིན། གཙོ་བོ་ནི་ཁོང་བོད་ཀྱི་མི་སེར་ཡིན་པ་དང་གཞུང་ལ་དཔྱ་ཁྲལ་མ་ཆད་པར་འབུལ་ཡོད་མེད་དེ་ཡིན།
བློ་བཟང་སེང་གེ་དེ་མི་ཡག་ཉེས་དང་། འཇོན་ཐང་གང་འདྲ་ཞིག་ཡོད་མེད་དེ་གསལ་པོ་ཆགས་དགོས་པའི་དུས་ལ་སླེབས་འདུག ཚང་མས་གཏན་གཏན་བྱས་ནས་བཀའ་ཁྲི་བདམ་མ་གཏོགས་རྗེས་མ་ཁ་གཏོང་དགོས་དུས་ཚར་རེད་ཏག
བློ་་བཟང་སེང་གེར་རྒོལ་བའི་གོང་གི་གློག་བརྙན་དུམ་བུ་འདི་མི་ཞིག་གིས་གཟབ་གཟབ་བྱས་ནས་བསྒྲིགས་སྟངས་ལ་ལྟོས་ན་བསམ་བློ་གཏོང་རྒྱུ་འདུག སུ་ཞིག་གིས་འདི་ལྟར་འབད་བརྩོན་ཆེན་པོས་དོ་དོ་ནན་ནན་བཅས་ཀྱིས་འབྲི་གི་རེད་དམ། གློག་བརྙན་གྱི་རྒྱབ་ལོགས་སུ་བློ་བཟང་སེང་གེའི་སྐད་ཆ་རྣམས་བོད་དབྱིན་གཉིས་ཀའི་ནང་གསལ་བོ་བྲིས་འདུག གཟབ་ནན་བྱེད་སྟངས་དེ་སྤྱི་བཏང་ཞིག་མ་རེད། གོང་དུ་འགའ་རེས་གཡུང་དྲུང་རྒྱལ་མཚན་གྱིས་བཟོས་པ་ཡིན་སྲིད་མདོག་བཤད་འདུག་ཀྱང་། གཡུང་དྲུང་རྒྱལ་མཚན་ལ་དེ་འདྲ་བཟོ་རྒྱུའི་ནུས་པ་མེད་པ་གསལ་བོ་ཡིན། གལ་སྲིད་གཡུང་དྲུང་རྒྱལ་མཚན་གྱིས་བཟོས་པ་ཡིན་ན། ཁོས་མི་ཞིག་ལ་དངུལ་སྤྲད་ནས་བཟོ་བཅུག་པ་ཡིན་དགོས་པ་ལས། ཁོ་ལ་དེ་འདྲ་ནུས་པ་མེད་པ་ངས་ཤེས་ཀྱི་ཡོད།
བློ་བཟང་སེང་གེའི་སྐད་ཆ་བཤད་སྟངས་ཀྱང་ཐབས་སྐྱོ་ཐག་ཆོད་རེད། སྤྱི་མི་ཡིན་ཟེར་མཁན་ཞིག་གིས་སྐད་ཆ་དེ་འདྲ་བཤད་མི་རིང་ཤེས་དགོས་པ་རེད།
དཀོན་མཆོག་མཁྱེན་མི་རབས་འདིའི་མི་བུ་མང་པོ་ཞིག་གིས་བོད་དོན་ཁ་ནས་མ་ཎི་བགྲང་བ་ནང་བཞིན་བྱས་ནའང་དོན་ལ་རང་དོན་དང་ཕྱོགས་ལྷུང་འཐེན་འཁྱེར་གྱི་རླུང་འཚུབ་ཆེན་པོ་འདིས་མི་རིགས་འདི་ག་བར་བསྐྱལ་གྱི་ཡོད་མིན་དང་། ང་ཚོའི་ཁ་གཏད་ཀྱི་རྒྱལ་ཁབ་དང་ལྟ་བ་མི་མཐུན་མཁན་ཚོར་འདི་འདྲའི་རྩོམ་ཡིག་སྤེལ་མཁན་མང་ན་ཅི་མ་རུང་། ནམ་རྒྱུན་དྲ་ངོས་འདིར་གཅིག་རྒྱབ་གཅིག་ལངས་ཀྱི་ལངས་ཕྱོགས་ཡག་ས་ཞིག་ལ་འགྲོ་རྒྱུ་ཕར་བཞག་ནས་ཐ་ན་ཆེས་མཐོ་བའི་དབུ་ཁྲིད་དམ་པ་དེས་ཉིན་མཚན་དུས་དྲུག་ཀུན་ཏུ་སྐུ་ངལ་འཛེམས་མེད་ཐོག་ཕྱག་ལས་དང་། ལྷག་དོན་བོད་ཆོལ་གསུམ་གྱི་བདག་དབང་དང་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་སོགས་ལ་ཐུགས་འཁུར་མ་བཞེས་བསམ་པ་གཅིག་ཀྱང་མེད་མོད་དེ་དག་ཀྱང་ཕྱོགས་ལྷུང་འཐེན་འཁྱེར་གྱི་ངོ་བོར་བསྒྱུར་བཞིན་པ་འདི་ཚབས་ཆེའི་རང་བཞིན་གཅིག་ཡིན་པ་ཤེས་དགོས།
གཞན་ཡང་དྲ་ཐོག་འདིར་ང་ཚོས་གཟབ་གཟབ་བྱེད་དགོས་ས་ཞིག་ལ་དོན་མེད་དབྱེན་དཀྲུག་གི་བྱ་བར་འབད་བརྩོན་བྱེད་མཁན་རིགས་གཅིག་འདུག་དེ་དག་ལ་དོ་སྣང་བྱེད་གལ་ཆེ་དེ་ནི་མིང་རྫུན་མ་ཞིག་གི་ཐོག་ནས་ང་ཚོའི་ནང་ཁུལ་ལ་གཏོར་བཤིག་གཏོང་གི་ཡོད་པ་ཐག་གིས་ཆོད། དཔེར་ན་དྲ་ཐོག་འདིར་འགོད་མི་ཐུབ་པའི་རྩོམ་ཡིག་གམ་ཁ་བརྡ་ནག་པོ་དེ་འདྲ་འབྲི་མཁན་མང་པོ་ཡོང་གི་འདུག་ག ང་ཚོའི་ཕ་མེས་ཡང་མེས་ཀྱི་ཚེ་འདས་མང་པོ་ཞིག་དྲན་པའི་ཡུལ་ཙམ་ལས་མེད་དུ་འཇུག་མཁན་དེ་སུ་རེད། སོ་སོའི་ལུང་པ་བཞག་ནས་མི་ཡུལ་ལ་འཁྱམ་པོ་ཞིག་ཏུ་བརྫངས་མཁན་སུ་རེད། མི་རིགས་ལ་མི་རིགས་ཀྱི་ལྟ་བ། ཤ་ཞེན། ལ་རྒྱ་དང་བཅས་པ་དགོས་ལ་མི་རབས་རྗེས་མར་མིག་དཔེ་ཡག་པོ་ཞིག་འཇོག་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པ་ལས་ནང་ཁུལ་རྩོད་རྙོག་གི་དཔུང་སྒྲིག་པ་དེ་ཡག་པོ་མ་རེད། སྐུ་མཁྱེན། སྐུ་མཁྱེན། སྐུ་མཁྱེན། ཐུགས་རྗེས་གཟིགས། ལམ་ཁ་ཡག་ས་ཞིག་དང་། ལངས་ཕྱོགས་ཡག་ས་ཞིག ལག་ལེན་ཡག་ས་ཞིག དོན་ལ་༸གོང་ས་མཆོག་ཐུགས་བློ་བདེ་བོ་ཡོང་ཡ་གཅིག་དང་གཞིས་ལུས་རྒྱ་ཆེའི་མི་མང་ལ་མིག་དཔེ་ཡག་པོ་ཞིག་སྟོན་རོགས་གནང་།
དགྱ་ནག་ལགས།
ཁྱོད་ཚོས་མཁྱེན་སྲིད་ལྟར། སྒང་བ་བོད་ཀྱི་རང་དབང་དང་བདེ་སྡུག་གི་ཆེད་དུ། དེང་རབས་མཚོན་ཆའི་ཁ་གཏད་དུ་འགྲེང་ནས་རང་སྲོག་འབེན་ན་འཇོག་ཐུབ་མཁན་ཨ་སྐྱོ་བ་རེད།
རྣམ་དཔྱོད་དང་སྨྱུག་རྩེ་ནས་བཞུར་ཡོང་བའི་ཞི་བདེ་ཡི་མཚོན་ཆ་དགྱ་ལ་གཏོད་ཐུབ་མཁན་ཨ་སྐྱོ་བ་རེད།
གོ་ལ་ཟླུམ་བུའི་ཡང་སྟེང་ན་འགྲེང་སྟེ་བོད་དོན་སྙན་སེང་ཞུ་ཐུབ་མཁན་ཨ་སྐྱོ་བ་རེད།
ཡི་གེར་ཙམ་ཡང་ཀློག་པར་རྨོངས་རུང་།
རང་གི་ལྷན་སྐྱེས་ཀྱི་སྐད་ངག་ལ་རྟེན་ནས་བོད་པའི་སྐྱིད་སྡུག་དབྱངས་སུ་གྱེར་ཐུབ་མཁན་ཨ་སྐྱོ་བ་རེད།
ལྷག་པར་མི་རབས་གསར་བའི་དཔུང་ཁག་ལ་ལྟོས་དང། འགྲེལ་བཤད་མི་དགོས་པར་གསལ་བར་མཐོང་ཐུབ་པས་སོ།།
ཡིན་ཡང་ཁོ་ཚོའི་མིག་ཟུང་ན་ཨ་སྐྱོ་བ་ཚང་རྒྱ་ཡིན་པ་ལས་བོད་མིན། ད་དུང་ཨ་སྐྱོ་བ་ཚང་བོད་ཅེས་པའི་ཐ་སྙད་ལ་ཤི་འཐམ་རོ་འཐམ་བྱེད་ཀྱིན་འདུག
ལྟོས་དང། ཨ་སྐྱོ་བ་ཚང་ཁག་མི་འདུག ༸ལྷ་མིའི་སྣ་འདྲེན་ཚང་ལ་སེམས་གཅིག་ལུས་གཅིག་གི་དཔུང་རོགས་བྱེད་མཁན་ཨ་སྐྱོ་བ་ཚང་གཅིག་པུ་ཡིན་པས་སོ།།
གལ་ཏེ་་་་་་་་་་་་་་་་་་་ཨ་སྐྱོ་བ་ཚང་་་་་་་་་་་་་་་་་་་་་་་་་་་་་་་་་་ལགས་སོ།།
དགྱ་ནག་ལགས། གོ་སྐབས་དམ་འཛིན་བྱེད་རོགས།
ཡུལ་ཁྲིམས་འགལ་བའི་ནག་ཚང་ཁོ་ཚོས་བྱེད་ཀྱིན་འདུག
བླུན་རྟགས་བསྟན་ནས་ནང་དམེས་ཁོ་ཚོས་བྱེད་ཀྱིན་འདུག
རང་དོན་འགྲུབ་ན་བོད་དོན་དོར་མཁན་ཁོ་ཚོ་རེད།
་་་་་་་་་་་་་་་་་་
དྲ་གྲོགས་འགའ་རེས་བློ་བཟང་སེང་གེས་“ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན” ཞེས་པ་ཕྱོགས་ལྷུང་གི་སྐད་ཆ་དེ་ཟུར་འདོན་བྱེད་གཡུ་དྲུང་རྒྱལ་མཚན་རེད་ཟེར་གྱིན་འདུག
ཁོ་བོས་བལྟས་ན་དེ་ནི་དངོས་གནས་མ་རེད་བསམ་གྱིན་ཡོད། ལྡ་ལི་ཆོས་བཞི་སྒང་དྲུག་གི་ཚོགས་གཙོས་རང་གི་ཚོགས་མིའི་སྐྱོན་ཆ་རྣམས་སྤྱི་ཚོགས་སྟེང་ལ་བཀྲམ་སྲིད་ཀྱི་མ་རེད་སྙམ།
རྟ་བདུན་དབང་པོ་ཁྱེད་ད་དུང་ཆུ་བཞི་སྒང་དྲུག་གསར་རྙིང་སུ་ཡིན་དབྱེ་བ་ཕྱེ་མི་ཤེས་པ་འདུག་ ཁྱེད་ཤེས་ཀྱིན་མེད་ན་དྷི་ལི་ན་ཡོད་པ་དེ་ཆུ་བཞི་སྒང་དྲུག་རྙིང་པ་དང་། ཡང་དྷ་ས་ན་ཡོད་པ་དེ་ཆུ་བཞི་སྒང་དྲུག་གསར་པ་རེད། བྱས་ཙང་གཡུང་དྲུག་རྒྱལ་མཚན་ནི་ཆུ་བཞི་སྒང་དྲུག་རྙིང་པའི་ཚོགས་མི་རེད་མ་གཏོགས་ཆུ་བཞི་སྒང་དྲུག་གསར་པའི་ཚོགས་མི་མ་རེད། ཡིན་ན་ཡང། བློ་བཟང་སེང་གེ་ནི་ཆུ་བཞི་སྒང་དྲུག་གསར་པའི་ཕྱོགས་གཏོགས་རེད། བྱས་ཙང་གོང་གི་དོགས་གཞིའི་སྐད་ཆ་འདི་སླེབས་པ་རེད། ཡིན་ན་ཡང་དེ་བདེན་པ་ཡིན་སྲིད་ཀྱི་མ་རེད། གཡུང་དྲུང་རྒྱལ་མཚན་གྱིས་དེ་ལྟར་བྱེད་ཀྱིན་མ་རེད་བསམ་པའི་ཡིད་ཆེས་ཡོད། རྒྱུ་མཚན་ནི། ཁོང་ནི་དགེ་སློང་ཞིག་ཡིན་པ་མ་ཟད། བསམ་བཞིན་དུ་སྤྱི་ཚོགས་ནང་དབྱེན་དཀྲུག་བྱེད་སྲིད་ཀྱི་མ་རེད་སྙམ།
གསར་འགྱུར་འདིའི་མཆན་སྒོ་བརྒྱབ་པ་ཡིན།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།