གཡང་སྐྱབས་རྒྱལ།
————————–
ང་མགོ་འཐོམས་པ་ནི་ ལམ་གྱི་བཞི་མདོ་ཞིག་ལ་སླེབས་ནས་ཕྱོགས་གང་དུ་བསྐྱོད་རྒྱུ་མ་ཤེས་ནས་མགོ་འཐོམས་པ་དེ་མ་རེད། ང་མགོ་འཐོམས་པ་ནི་ལམ་གྱི་དཀྱིལ་ནས་ཤར་བསྐྱོད་བྱེད་སྐབས་མགོ་ཡོམ་ཞིག་འཁོར་ཏེ་མགོ་འཐོམས་པ་དེ་རེད། གཅིག་བྱས་ན་ཁྲག་ཤེད་མཐོ་དྲགས་པ་ཡིན་ནམ། གཅིག་བྱས་ན་ངོས་མ་ཟིན་པའི་ན་ཚ་ལྗིད་པོ་ཞིག་གིས་ཟིན་པ་ཡིན་ནམ། ང་མགོ་འཐོམས་འདུག
ངས་ བོད་ལ་ཤ་ཚ་མཁན་གྱི་མི་ཞིག་བཙལ། བོད་དང་བོད་མི་ལ་ཤ་ཚ་མཁན་གྱི་མི་ཞིག་བཙལ། ང་༧རྒྱལ་བ་རིན་པོ་ཆེ་ལ་ཐེངས་མ་འགའ་མཇལ་མྱོང་། ཐེངས་མ་གཅིག་ནི་ཧ་ཅང་ནང་མོལ་གྱི་མཇལ་ཁ་ཞིག་ཡིན། ངས་ བོད་ལ་ཤ་ཚ་བྱེད་མཁན་གྱི་ཁྲོད་ནས་ ༧རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་རྙེད་མི་ཐུབ། འདི་ནི་སྤྱན་རས་གཟིགས་དང་གངས་ཅན་བོད་ཀྱི་འབྲེལ་བ་དེ་མ་རེད། འདི་ནི་ཆུང་བྱིས་པ་ནས་བོད་མི་རིགས་འདི་སྐྱོབ་རྒྱུའི་འགན་ཕྲག་ཏུ་བཞེས་པའི་ ༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་འབྲེལ་བ་རེད། ༧རྒྱལ་བ་རིན་པོ་ཆེས་བོད་ལ་མགོ་སྐོར་གཏོང་བ་དང་༧རྒྱལ་བ་རིན་པོ་ཆེས་བོད་ལ་ཤ་ཚ་བྱེད་གི་མ་རེད་ཅེས་བཤད་ན། ཉི་མ་དེ་ནས་བོད་ལ་ཤ་ཚ་མཁན་ཞིག་མེད་པ་རེད།
ངས་ལུང་ཞིག་འདྲེན། “ཡིག་ རིགས་དང་ལོ་རྒྱུས་ཀྱི་སྲོལ་དར་བ་ནས་བཟུང་ན། ཕྱི་སྣོད་ཀྱི་བཀོད་པ་ས་ཆུ་རི་བྲག་གངས་ཀྱི་རྭ་བ་ལ་སོགས་པའི་ཆགས་ཚུལ་དང༌། ནང་བཅུད་ཀྱི་སེམས་ཅན་གཙོ་བོ་མི་རིགས། སྐད། ཡི་གེ ཆས་གོས། མི་གཤིས། ཆོས་ལུགས་སོགས་སྒོ་ཀུན་ནས་གསལ་པོར་ཤན་ཕྱེ་བའི་རང་རེ་བོད་རིགས་རྣམས་རང་སྲིད་ རང་ཉིད་ཀྱིས་སྐྱོང་བའི་རྒྱལ་ཁབ་སྒེར་བཙན་གཙང་མ་ཞིག་ཡིན་པ་ལོ་སྟོང་ཕྲག་གོང་ གི་ཆོས་རྒྱལ་ཚོའི་དུས་རབས་ནས་བཟུང་བོད་རྗེ་རིམ་པ་དང༌། ྋརྒྱལ་དབང་སྐུ་ཕྲེང་རིམ་པའི་བར་གྱི་རྒྱལ་རབས་ལོ་རྒྱུས་ནས་གསལ་པོར་རྟོགས།” ལུང་འདི་ནི་ རྒྱལ་བ་རིན་པོ་ཆེས་ ༡༩༦༠ ལོའི་གསུམ་བཅུའི་དུས་དྲན་ཐོག་གསུངས་པ་རེད། ཚིག་འདི་ལ་གཟིགས་ཨ། “རང་རེ་བོད་རིགས་རྣམས་རང་སྲིད་ རང་ཉིད་ཀྱིས་སྐྱོང་བའི་རྒྱལ་ཁབ་སྒེར་བཙན་གཙང་མ་ཞིག་ཡིན” ཞེས་གསུངས་འདུག
རིམ་གྱིས་འགྱུར་བ་མང་པོ་བྱུང་། ལོ་གཅིག་གཉིས་ཀྱི་གོང་དེར་ ༧རྒྱལ་བ་རིན་པོ་ཆེས་ བོད་ལ་ཆེད་ལས་མཁས་པ་ ཐོན་གི་མི་འདུག་ཅེས་གསུང་སྐད་ཤོར་པ་རེད། རྡ་རམ་ས་ལ་ནས་དེའི་ཆེད་དུ་ཐོ་རིང་པོ་ཞིག་གོ་སྒྲིག་བྱས། ཐོ་དེར་འཁོད་པ་ནི་༧རྒྱལ་བ་རིན་པོ་ཆེར་ཆེད་ལས་པ་ཡོད་ཅེས་ལན་འདེབས་ཞུ་རྒྱུའི་ཆེད་རེད། འོན་ཀྱང་། རྒྱ་གར་དུ་གནས་བཅས་པའི་གློག་བརྙན་བཟོ་མཁན་ཞིག་གིས་བཤད་ན། དེང་སང་གི་གཞོན་སྐྱེས་ཁྲོད་བོད་ཡིག་དང་ཨིན་ཡིག་གི་ཡིག་བསྒྱུར་ལེགས་པོ་བྱེད་མཁན་ཞིག་ཀྱང་ཧ་ཅང་དཀོན་པོ་འདུག་ཅེས་གསུངས་སོང་། འདི་གཉིས་གཅིག་བསྡུར་དང་།
༧རྒྱལ་བ་རིན་པོ་ཆེས་ རང་བཙན་མིན་པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་པ་རེད། ༧རྒྱལ་བ་རིན་པོ་ཆེ་དགའ་བཞིན་དང་ཐུགས་མཉེས་བཞིན་སྲིད་བྱུས་འདི་བཏོན་པ་ཞིག་མ་རེད། རྒན་ལྷ་བཟང་ཚེ་རིང་ལགས་སུ་བཀའ་འདྲི་ཞུས་དང་། ༧རྒྱལ་བ་རིན་པོ་ཆེས་ ཐུགས་ཕམ་བཞིན་ སྲིད་བྱུས་འདི་བཏོན་པ་རེད་ཅེས་གསུངས་སོང་། ལོ་ལྔ་རེ་ལྔ་རེ་ལ་གྲོས་ཚོགས་ནང་བཞུགས་པའི་ང་ཚོའི་གྲོས་ཚོགས་ལ་གཟིགས་དང་། སྔ་ལོར་གྲོས་ཚོགས་ཀྱིས་ རང་རང་གི་དགྲ་གཉེན་ཕྱོགས་སྒྲིག་དཔུང་སྒྲིག་བྱས་ཏེ་བཞུགས་སྐབས་ཀྱི་གནས་ཚུལ་རྣམས་དྲན་ནམ། ༧རྒྱལ་བ་རིན་པོ་ཆེས་བོད་ལ་ཅི་ཞིག་གནང་དགོས་རེད།
དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡོངས་ཁྱབ་གསལ་བསྒྲགས་མཛད་དེ་ཧ་ལམ་མི་ལོ་ཉི་ཤུར་ཉེ། ལོ་ཟླ་དེ་དག་གི་རིང་བོད་ནས་༧རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུ་མཁན་གྱི་བོད་མི་འབུམ་ཕྲག་མང་པོ་ཡོད་པ་ལ་ཐེ་ཚོམ་མེད། བོད་མི་རེ་རེ་ཡིས་༧རྒྱལ་བ་རིན་པོ་ཆེ་ལ་མིག་ཆུའི་ཐིགས་པ་རེ་ཕུལ་ཡོད། ངུ་ངག་གི་གླུ་གཞས་རེ་ཕུལ་ཡོད། སྙིང་གཏམ་དྲོན་མོ་རེ་སྙན་གསན་ཕུལ་ཡོད། ཧ་ལམ་འདི་དག་ཚང་མ་ནི་སྡུག་བསྔལ་གྱི་ལོ་རྒྱུས་ཤ་སྟག་ཡིན། ཕྱག་གཉིས་ཐལ་མོ་སྦྱར་ཏེ་འཛམ་གླིང་ལ་ཕེབས། དབུ་སྒུར་སྒུར་གནང་། གསུང་སྐད་དམའ་མོ་བྱས། བོད་མིའི་བདེ་སྡུག་དབྱངས་སུ་གྱེར། གོ་སྐབས་ནམ་ཡོད་ལ་དེ་ལྟར་མཛད། ཐ་ན་རྒྱ་ཕྲུག་བཅུ་གྲངས་རེ་མཇལ་དགོས་ཤར་སྐབས་ཀྱང་མཇལ་རྐྱང་གནང་། སྐུ་ངལ་ལ་མ་འཛེམས། སྐུ་ངལ་ལ་ཁྱོན་ནས་མ་འཛེམས།
ཉིས་སྟོང་བརྒྱད་ཀྱི་གྱེན་ལངས་ཆེན་མོ་བྱུང་། “ངའི་པར་ལ་རྐང་རྫིས་གཏོང་དགོས་ཤར་ཀྱང་གཏོང་རྐྱང་བྱོས། དེ་ལ་སྡིག་པ་མེད།” འདི་འདྲའི་གསུང་སྐད་ཤོར། གསུང་སྐད་དེ་དག་ནི་བོད་མི་ལ་ཤ་ཚ་ཁོ་ནས་གནང་པ་རེད། བོད་ཀྱི་སྡུག་བསྔལ་ནི་ཁོང་གི་དགོངས་པ་ན་ཉི་མ་བཞིན་གསལ། བོད་ཀྱི་གནད་དོན་ནི་ཁོང་ལ་རང་གི་སྐུ་དོན་ལས་རྩིས་ཆེ། འོན་ཀྱང་བོད་མི་སྡུག་བསྔལ་གྱིས་མནར་བ་དེ་ཐུགས་ཀྱིས་མ་བཟོད། ཅི་བྱེད། ཐབས་ཤེས་བཙལ། སྙན་དུ་འབྱོར་བ་ནི་ “བོད་གཞུང་”ཟེར་བ་འདི་སྒོ་རྒྱག་དགོས་པ་དེ་རེད། དེ་ལྟར་བྱུང་ན་ལམ་ཁ་ཞིག་ཡོད་པའི་ཐུགས་རེ་གནང་།
གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་བྱུང་། ཁོང་གིས་གསུངས་གསལ་ལ། “ད་ཐེངས་ ༧རྒྱལ་བ་རིན་པོ་ཆེས་ ཐུགས་ཕམ་ག་ཚོད་ཅིག་གནང་ནས་ “བོད་གཞུང་”འདི་སྒོ་རྒྱག་དགོས་བྱུང་བ་ཡིན་ནམ། ངས་༧རྒྱལ་བ་རིན་པོ་ཆེས་ཐུགས་ཕམ་ཧ་ལས་པའི་ཆེན་པོ་ཞིག་གནང་ཡོད་པ་ཞིག་སེམས་ལ་འཁོར་ཡོང་གི་འདུག”
བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ལྟར་ན། “ད་རེབ་བཅའ་ཁྲིམས་དེ་༸གོང་ས་མཆོག་གི་ཆོག་མཆན་རག་པའི་ཐོག་བསྐྱར་བཅོས་གནང་སྟེ་ཆོག་མཆན་ཐོབ་པ་ཡིན་ན། སྐད་ཅིག་དེ་ཉིད་ནས་༸གོང་ས་མཆོག་གི་འོག་ནས་ང་ཚོ་གྲོལ་བ་རེད་ལ། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་འོག་ནས་ང་ཚོའི་ཁྲིམས་བཟོ་ལྷན་ཚོགས་དེ་གྲོལ་ཚར་བ་རེད། རང་དབང་ཐོབ་ཚར་བ་རེད། དེའི་རྗེས་སུ་བཅའ་ཁྲིམས་གསར་བ་བཟོ་བ་དང་བཅའ་ཁྲིམས་གང་འདྲ་ཞིག ཚིག་གང་འདྲ་ཞིག་བེད་སྤྱོད་བཏང་ཡང་གཏོང་ཆོག་པའི་གོ་སྐབས་ཡོད་པ་རེད།” ཅེས་གསུངས་འདུག གྲོས་ཚོགས་ཀྱིས་ “བོད་གཞུང་” སླར་ཡང་ཡིག་ཐོག་ལ་འཇོག་ཐུབ་བམ། ལམ་ཁ་འདི་ཏན་ཏན་ཡོད་པ་ཞིག་རེད་དམ།
ལམ་ཁ་དེ་ཡོད་དགོས་པ་ཞིག་རེད། བོད་མིའི་གྲངས་འབོར་གྱི་ཐོག་ནས་བལྟས་པ་ཡིན་ན། བརྒྱ་ཆའི་ཚད་ཧ་ཅང་མཐོན་པོ་ཞིག་གིས་ “བོད་གཞུང་”འདི་གནས་དགོས་པའི་དགོངས་འཆར་བཏོན་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་གནས་དགོས་པའི་དགོངས་འཆར་བཏོན་པ་རེད། གལ་སྲིད་ བོད་མི་ཚོས་ འཇོན་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེས་ཏན་ཏན་ཐུགས་མཉེས་པོ་གནང་གི་རེད། འོན་ཀྱང་བོད་མི་ཚོས་ “བོད་གཞུང་”ངམ་ “བཙན་བྱོལ་བོད་གཞུང་”འདི་ཡོད་པ་བཟོ་ཐུབ་བམ། གྲོས་ཚོགས་ཀྱི་ཚོགས་གཙོ་དང་བཀའ་བློན་ཁྲི་གསར་ལ་ཐོག་མར་ཕོག་པའི་དྲི་བ་དེ་རེད། ༧རྒྱལ་བ་རིན་པོ་ཆེ་ལ་ལག་པ་འཕྱི་ས་མེད་པ་རེད། ད་ཡིན་ན།
ལམ་ཁ་དེ་མེད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་འདི་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ། བཅའ་ཁྲིམས་བསྐྱར་བཅོས་སུ། “སྤྱི་ལྷན་སྐབས་བཅུ་བཞི་པའི་ཚོགས་དུས་འཕར་མ་ཞིག་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང་། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་གཞིར་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་༸གོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་དེ་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ནས་རྩ་འཛིན་བྱས་པ་ཡིན། “ ཞེས་གསུངས་འདུག མིང་ཙམ་ལ་འགྱུར་བ་ཕྱིན་པ་མ་གཏོགས། དོན་ལ་ཁྱད་པར་ཕྱིན་མི་འདུག དེ་འདྲ་ཨེ་རེད།
བོད་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ལ་མིང་ཙམ་ལས་དོན་ལ་ཁྱད་པར་མེད་པ་ཡིན་ན། “བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན།”ཞེས་འཁོད་པའི་བཅའ་ཁྲིམས་ཀྱི་ལེའུ་དེ་ན་འདི་ལྟར་འཁོད་འདུག “མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་། ཡུལ་མི། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང་། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་བཅས།” ཞེས་གསལ་འདུག ཚིག་འདིའི་ལྷག་པར་དུ་ཞེས་པའི་བར་དུ་ འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གི་རྩ་འཛིན་དམིགས་ཡུལ་ཞིག་དང་མཚུངས། ལྷག་པར་དུ་ཞེས་པ་ནས་གནད་ཇེ་ཆེར་འགྲོ་མོད། སང་ཉིན་དང་གནངས་ཉིན་གནད་དེ་ཚོ་ཅི་ཙམ་ཞིག་ཇེ་ཆེར་འགྲོ་སུས་ཤེས།
ད་ནི། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་གསར་པ་ཁོང་གིས་གང་ཞིག་གནང་འཆར་ཡོད་དམ། བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་དེས་གང་ཞིག་གནང་འཆར་ཡོད་དམ། ངས་བོད་ཀྱི་མཛངས་མའི་འགྲན་བསྡུར་ཞེས་པའི་བརྙན་འཕྲིན་ཞིག་མཐོང་བྱུང་། “ལབ་དགོས་པས།”ཟེར་མཁན་གྱི་བོད་རིགས་སྐོར་གཅིག་གིས་སྐད་ཆ་བཤད་གི་འདུག བོད་སྐད་ཀྱི་བྲོ་བ་ཤོར་ཚར་འདུག རྒྱ་གར་ནས་འཚར་བའི་བོད་རིགས་དེ་དག་ལ་སྤྱིའི་ཆ་ནས་བཤད་ན་འགྱུར་བ་ཆེས་ཆེན་པོ་ཞིག་ཐེབས་ཡོད་པ་རེད། བོད་གཞུང་གིས་ད་བར་དུ་གཙོ་བོར་བཤད་པའི་ཆོས་དང་རིག་གཞུང་ “ཉམས་པ་སླར་གསོ། མི་ཉམས་གོང་འཕེལ་”ཞེས་པ་དེ་ནི་ཧ་ལམ་མ་ཡོང་བ་རེད། བོད་ནང་ནས་དེ་ཚོ་ཉར་རྒྱུའི་གོ་སྐབས་དེ་ལ་ཡང་དོ་ཕོག་འགྲོ་བཞིན་ཡོད་པ་དེ་ ལོ་སྔོན་མའི་ “སྐད་ཡིག་རང་དབང་”ཞེས་པའི་ལས་འགུལ་ལས་དཔོག་ནུས།
དེས་ན། གང་ལྟར་ཡང་། བཀའ་བློན་ཁྲི་པས་གསུངས་གསལ། “བར་ལམ་གྱི་བྱུང་རིམ་མང་པོ་ཞིག་དང་ལྷག་པར་དུ་ ༢༠༠༨ ལོའི་ཚུན་གྱི་བྱུང་རིམ་མང་པོ་ཞིག་ལ་བསམ་ན། ༸གོང་ས་མཆོག་ལ་ཐུགས་ཁག་མི་འདུག་བསམ་གྱི་འདུག ༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བའི་བཀའ་དེ་འཕྱི་དྲག་མེད་ནའང་སྔ་དྲག་མེད་པའི་ངེས་པ་རྙེད་པ་དེ་ང་ཚོས་གནང་སོང་།” ༧གོང་ས་མཆོག་ལ་ཐུགས་ཁག་མི་འདུག བོད་ལ་ཤ་ཚ་མཁན་གྱི་མི་འདི་ལ་ཐུགས་ཁག་མི་འདུག
ཨ་ཡོ་ ཤི་ཐལ།
ངས་རྟག་པར་ཡུན་རིང་ཡུན་རིང་དུ་ཕྱིན་ཟིན་པའི་བྱིས་དུས་ལ་ཕྱིར་མིག་རེ་བལྟས་དུས།ངས་ཁྱེད་ཉིད་དྲན་ལ་ཁྱེད་དང་འུ་གཉིས་ལ་དབང་བའི་མཛེས་སྡུག་གི་ཁ་དོག་བཀྲ་ལ་སྤྲོ་སྐྱིད་ཀྱི་དགོད་སྒྲས་གང་བའི་བྱིས་དུས་དེ་དྲན།ཁྱེད་ནི་ངའི་སྐྱིད་ལ་སྡུག་པའི་མི་འཇེད་ཀྱི་ཞིང་ཁམས་འདི་རུ་ཆེས་ཐོག་མའི་རྩྭ་ཐང་གི་མེ་ཏོག་བཏུས་རོགས་དང་ལྷས་ར་ཡི་རྩེད་རྡོ་བསྒྲིགས་རོགས་ཏེ།ཁྱེད་ནི་ངའི་ན་མཉམ་གྱི་རྩེད་རོགས་དང་བློས་ཐུབ་ཀྱི་གྲོགས་པོ་ཡིན།ངའི་ཡུན་རིང་དུ་བོར་ལ་ཡུན་རིང་དུ་བརླགས་པའི་གྲོགས་པོ་ཡ།ཁྱེད་ཀྱི་རྟོགས་སམ།ཁྱེད་ནི་ངའི་བྱིས་དུས་ཀྱི་འཚོ་བ་ལ་སྤྲོ་སྣང་སྟེར་མཁན་དང་གཞོན་ནུས་ཀྱི་དྲན་ཤིང་ལ་དྲོད་ཁོལ་སྦྱིན་མཁན་ཡིན།དེའི་དུསཁྱེད་ཡོད་ས་ན་ངའི་སྐྱིད་པའི་དགོད་སྒྲ་ཡོད་ལ་དགའ་བའི་འཛུམ་མདངས་ཡོད།
དུས་ཚོད་ཀྱི་བཞུར་རྒྱུན་དང་བསྟུན་ནས་འདས་དོན་མང་བོ་ཞིག་རབ་རིབ་དང་ནག་ནོག་ཏུ་གྱུར་ཡང་།ངས་ད་དུང་ཁྱེད་ཀྱི་དམར་ཆུང་མཆུ་སྒྲོས་སུ་འཁྱིལ་བའི་འཛུམས་མདངས་དང་ཕྲ་ཆུང་མིག་ཟུང་ལས་འཕྲོ་བའི་འོད་སྣང་བརྗེད་མེད།ཁྱེད་དང་ང་གཉིས།ཕ་ཁྱིམ་སྦྲ་ནག་གྲུ་བཞི་རུ་ལུས་ཀྱི་ལྟེ་ཁྲག་མཉམ་དུ་འཕོས་ལ་མེ་ཏོག་གི་ཞྭ་མོ་མཛེས་ཤིང་ཁ་དཀར་རྐྱང་གི་བང་རྩལ་འགྲན་སའི་སྤང་ལྗོངས་སུ་མཉམ་དུ་ནར་ལ་སོན།ཁྱེད་དང་ང་གཉིས།ཤ་རུས་གདུང་བརྒྱུད་གཅིག་ལས་ཆད་ཅིང་ལུས་ཀྱི་ཟུངས་ཁྲག་གཅིག་ཏུ་བསྲེས་པའི་མིང་སྲིང་མིན་མོད།ཁྱེད་ནི་ངའི་ཡིད་ཀྱི་དུང་སེམས་གཅིག་ཏུ་འདྲེས་ལ་སེམས་ཁོང་དུ་བཞུར་ཞིང་ཟུངས་ཁྲག་དང་འདྲེས་པའི་གྲོགས་པོ་ཡིན།དེ་ནས་བཟུང་ཁྱེད་དང་འུ་གཉིས་ལུས་དང་གྲིབ་མ་བཞིན་བྲལ་མ་མྱོང་ལ་ཆུ་དང་འོ་མ་ལྟར་ཕྱེ་མ་མྱོང་།
རྩྭ་ལྗང་གི་གཡུ་ལོ་འབུས་སུ་ཐོན་ལ་ཉལ་འགྲོ་ཡིས་གླུ་དབྱངས་གྱེར་བའི་དཔྱིད་དུས།རི་བོ་ཡི་མདངས་རྒྱས་ལ་ཆུ་བོ་ཡི་བོགས་ཐོན་པའི་དཔྱིད་དུས་ཁྱེད་ནི་ངའི་ཆུ་རྐྱལ་ལ་རོལ་རོགས་དང་ཆུ་རྩེད་ཀྱི་དཔུང་རོགས་ཡིན། འདབ་བརྒྱའི་དྲི་ཞིམ་ཁོ་ར་ཁོར་ཡུག་ཏུ་ལྡང་ལ་སེར་ཆེན་གྱི་མེ་ཏོག་ལ་ཚེ་སྲོག་ཀྱི་ཤུགས་རྒྱས་ལ་སྤང་རྒྱན་གྱི་མེ་ཏོག་ལ་དྲི་འཐུལ་བའི་དབྱར་དུས་ཁྱེད་ནི་ངའི་རྩྭ་ཐང་གི་མེ་ཏོག་བཏུས་རོགས་དང་མཛེས་སྡུག་གི་ལྟད་མོ་འཇོ་རོགས་ཡིན། ཁྲུང་ཁྲུང་གིས་སྟར་ཕྲེང་བསྒྲིགས་ཏེ་ལྷོ་རུ་འཕུར་ལ་ལྕང་ལོ་ཡི་འདབ་མ་ཐར་ཐོར་དུ་ཟགས་པའི་སྟོན་དུས་ཁྱེད་ནི་ངའི་ཁྲུང་ཁྲུང་ལ་བདེ་མོ་འཇོག་རོགས་དང་ཐང་ཐོག་གི་ལོ་མ་བསྡུད་རོགས་ཡིན། ད་དུང་འཁྱག་རོམ་གྱི་བ་གམ་ཆེས་ཆེར་བརྩེགས་ལ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་ལྷུང་བའི་དགུན་དུས་ཁྱེད་ནི་ངའི་གངས་ཐོག་གི་རི་མོ་འབྲི་རོགས་དང་འཁྱགས་ཐོག་གི་རྩེད་མོ་རྩེད་རོགས་ཡིན། མདོར་ན།ཁྱེད་དང་མཉམ་དུ་རོལ་ལ་མཉམ་དུ་འཚོ་བའི་རྩྭ་ཐང་གི་འཚོ་བ་ནི་ངའི་ཆེས་མཛེས་སྡུག་གི་དྲན་རྟེན་དང་ཆེས་བརྗེད་པར་དཀའ་བའི་འདས་དོན་ཡིན།ད་དུང་འབྲི་ཆུང་ཐུལ་མོའི་ངུར་སྒྲས་བར་མེད་དུ་གཏམས་ཤིང་་གཡང་དཀར་ལུག་གི་འབའ་སྒྲ་ལྷང་ལྷང་དུ་སྙན་ལ་།འདོ་བ་རྟ་ཡི་གོམ་སྒྲ་ཐག་ཐག་ཏུ་གང་བའི་མུ་མེད་ཀྱི་རྩྭ་ཐང་།
དེ་ནི་སྐྱེས་པ་ཞིག་ལ་ལྷན་སྐྱེས་སུ་མངའ་བའི་རང་བཞིན་ཞིག་ཡིན་ནམ་ཡང་ན་ཁྱེད་ལ་ཡོད་པའི་ཐུན་མིན་གྱི་རང་གཤིས་ཡིན།སྐབས་དེར་ཁྱེད་ཉིད་ལོ་ན་ཆུང་ཡང་ཁྱེད་ཀྱིས་ང་ལ་འཛད་མཐའ་མེད་པའི་བྱམས་སྐྱོང་དང་སྲུང་སྐྱོང་གནང་སྟེ།ཁྱེད་ཀྱིས་དྲན་ནམ།ཉིན་ཞིག་ལ་ངེད་གཉིས་རང་ཁྱིམ་དང་ཁ་ཐག་རིང་བའི་འབྲོག་པའི་ལྕགས་རྭ་ཞིག་ཏུ་རྩེད་འཇོ་ལ་རོལ་སྐབས་གློ་བུར་ངའི་རྐང་བར་ལྕགས་སྐུད་བཙགས་ནས་ང་ལ་བཟོད་ཐུབ་དཀའ་བའི་ན་ཟུག་གིས་གདུང་སྟེ་ངའི་རྨ་ལས་ཁྲག་དང་ཁ་ལས་འཁུན་ཐོན་དུས།ཁྱེད་ཀྱིས་བརྩེ་བའི་མིག་ཟུང་ངའི་གདོང་ལ་ཅེར་ཅིང་བྱམས་པའི་ཕྱག་ཟུང་གིས་ངའི་རྨ་ཁར་བསྐྱོར་ནས་ང་ཁྱེད་ཀྱི་་ཁུར་ནས་ཁྱིམ་ལ་ལོག སྐབས་དེར་ངས་ལུས་ཀྱི་རྨ་ཁ་བརྗེད་ལ་སེམས་ཀྱི་ན་ཟུག་བརྗེད་དེ་སྔར་མ་མྱོང་བའི་བདེ་བ་དང་མཛེས་སྡུག་ཞིག་གིས་བཟིས། ལོ་ཟླ་མང་བོ་མང་བོ་འདས་རྗེས་ངས་རྐང་ཐོག་གི་རྨ་ཤུལ་མཐོང་ཐེངས་རེ་ངས་ད་དུང་དེ་རུ་ཁྱེད་ཀྱི་བྱམས་སྐྱོང་དང་དྲོད་ཁོལ་ཚོར་ཐུབ།
ད་དུང་ཉིན་ཞིག་ལ་ངེད་གཉིས་དཔུང་རུབ་ནས་ཡུན་རིང་དུ་ངེད་གཉིས་ཀྱི་རྩེད་ར་ལ་བཙན་འཛུལ་དང་ཧམ་འཛིན་འདོད་པའི་འུ་གཉིས་ཀྱི་ཁ་གཏད ཁྱེད་ཀྱི་སྲིང་མོ་དེ་ཕམ་ཁར་སྦྱོར་ནས་རྒྱལ་ཁའི་བྲོ་བ་མྱོང་བཞིན་སྐབས་ཁྱེད་དང་འུ་གཉིས་ཀྱི་ཨ་ཕ་གཉིས་ཁོང་ཁྲོ་རབ་ཏུ་རྒྱས་ཏེ་སྣ་གཉེར་གཉེར་དང་ཁ་འདར་འདར་གྱིས་ངེད་གཉིས་ལ་རྡུང་རྡེག་དང་བཀའ་བཀྱོན་གནང་སྐབས་ཁྱེད་ཀྱིས་ཡོད་ཚད་ཀྱི་ཉེས་པ་དང་ནོར་བ་རང་ཐོག་ཏུ་བླངས་ཏེ་ང་རང་རྡུང་རྡེག་ལས་ཐར་བའི་བདེ་བ་ཞིག་སྟེར།དེ་འི་དུས་ཁྱེད་ནི་ང་ཁོ་ན་ལ་དབང་ལ་ང་གཅིག་པུ་ལ་འཁྲི་བའི་རྩེད་རོགས་ཡིན།
འོན་ཀྱང་ཉིན་ཞིག་ཁྱེད་ཉིད་ཆས་སོང་།ང་རང་དང་གཏན་དུ་་བྲལ་ནས་ཆས་སོང་།ད་དུང་ངའི་སྤྲོ་སྣང་། དགོད་སྒྲ། འཛུམ་མདངས་བཅས་བཏེགས་ཏེ་ཆས་སོང་ལ་ང་ལ་འཛད་མཐའ་བྲལ་བའི་དྲན་གདུང་དང་ཞེན་པ་བཞག་ནས་ཆས་སོང་།ཁྱེད་བཞུད་ཟིན།ངས་གྱེས་བྲལ་གྱི་སྲང་ལམ་མྱུལ་བའི་གྲང་ཤུར་ཤུར་གྱི་སེམས་པ་བཏེགས་ཏེ་ནུབ་ཁའི་མཚམས་སྤྲིན་གྱི་འོད་མདངས་ལ་མིག་ཟུང་ཅེར་དུས་རྒྱང་རིང་རྒྱང་རིང་དུ་བཞུད་ཟིན་པའི་ཁྱེད་ཉིད་ལྷག་ཏུ་དྲན།དེ་དུས་ངའི་རེ་ལྟོས་ཀྱི་མིག་འོད་ཡུན་རིང་དུ་འབར་ཏེ་རྣམ་དག་གི་སེམས་ཁར་ཡུན་རིང་དུ་ཉལ་བའི་གསེར་མདོག་གི་ཕུགས་བསམ་ཉག་ཅིག་ནི་ཁྱེད་ཉིད་དང་སླར་དུ་མཇལ་ལ་སླར་དུ་འཛོམས་པ་དེ་ཡིན།
ལོ་ངོ་མང་བོ་ཞིག་སོང་རྗེས་འུ་གཉིས་གཞིར་ནས་འཛམ་གླིང་གྱི་ཡུལ་གྲུ་གཞན་ཞིག་སྟེ་བཀོད་ལེགས་ཀྱི་ཁང་རྩེག་རབ་ཏུ་བརྗིད་ལ་ཤེས་བྱ་ཡི་འོ་མཚོ་འཁྱིལ་བའི་ཤེས་རིག་གི་གླིང་ག་ཞིག་ཏུ་སླར་འཛོམས་བྱུང་།དེའི་དུས་ཁྱེད་ནི་བཅུ་དྲུག་གི་ལང་ཚོ་རབ་ཏུ་སྨིན་ལ་ཕོ་ཉམས་ཀྱི་གཞོན་ཤ་དོད་པའི་སློབ་འབྲིང་གི་སློབ་མ་ཞིག་སྟེ།ཁྱེད་ནི་ཆེས་སྙིང་དུ་སྡུག་ལ་ཆེས་ཡིད་དུ་འོང་བའི་ཕོ་གཞོན་ཞིག་སྟེ་བུ་མོ་མང་བོ་དག་གི་རྨི་ལམ་གི་མཛའ་བོ་དང་སེེམས་ནང་གི་དགའ་ས་རེད།དེའི་དུས་ཁྱེད་ནི་ང་ཁོ་ན་ལ་དབང་ལ་ང་གཅིག་པུ་ལ་དུང་བའི་ཁྱེད་མ་རེད། ཐ་ན་སློབ་དུས་ཀྱི་ལོ་ངོ་གཉིས་ལ་ཁྱེད་ཀྱི་ང་ལ་ཁ་ཡ་གནང་མ་མྱོང་ལ་ང་ཡང་ངོ་ཚ་དང་མཚེར་སྣང་ཆེ བས་ཁྱེད་ལ་ཁ་ཡ་བྱས་མ་མྱོང་།རྗེས་སོརང་སི་བོད་དུ་འགྲིམས་ལ་ཁྱེད་དགེ་འོས་སུ་འགྲིམས་སྐབས་ཉིན་ཞིག་ངེད་གཉིས་སྟེས་དབང་གིས་འཛོམས་ལ་དེའི་དུས་སུ་ངེད་གཉིས་གཞིར་ནས་
ཕན་ཚུན་ལ་གདོང་གཏོད་ལ་ཕན་ཚུན་ལ་ཁ་གྲག དེའི་དུས་ཁྱེད་ཀྱི་གཟུགས་བོངས་སྔར་ལས་མཐོ་ཞིང་ལང་ཚོ་ཡི་མཛེས་རྒྱན་ཡོངས་སུ་རྫོགས་པའི་ཕོ་གཞོན་ཞིག་སྟེ།ཁྱེད་ནི་ཆེས་ཕོ་སྒོ་འཛོམས་ལ་བྱད་གཟུགས་ལེགས་པའི་ཕོ་གསར་ཞིག་ཏུ་ཆགས། དེ་ནས་བཟུང་ངས་ཁྱེད་རང་མཐོང་མ་མྱོང་ལ་ཐོས་ཀྱང་མ་མྱོང་། འོན་ཀྱང་ཁྱེད་ནི་ངའི་བྱིས་དུས་ཀྱི་འཚོ་བའི་ཁྲོད་མེད་ཐབས་བྲལ་ལ་ངའི་དྲན་ཤེས་ཀྱི་མེ་ལོང་ངོས་བསུབ་ཐབས་བྲལ་བའི་མི་སྣ་སྟེ།ཁྱེད་ནི་ནམ་ཡང་ངའི་ཆུང་དུས་ཀྱི་རྩེད་རོགས་དང་སེམས་ཁོང་གི་གྲོགས་པོ་ཡིན།
Like · · Share
འདི་ལ་ཉན་རྒྱུ་འདུག བསམ་རྒྱུ་འདུག
དོན་གྱིས་བཀའ་སྤྱི་གཉིས་ལ་ཡང་བཙན་བྱོལ་བོད་གཞུང་ཞེས་པས་མིང་འདི་རྩ་མེད་བཟོ་དགོས་པས་རྒྱུ་མཚན་གསལ་བོ་ཞིག་གྱང་མི་འདུག གནང་སྟངས་འདི་ནི་ངོ་མ་བོད་མི་མང་གི་མངོན་འདོད་ལ་བརྩི་མེད་དང་། དམངས་གཙོ་ལ་རྡོག་རོལ་བཏང་བ་ཞིག་རེད། གཏོར་བརླགས་པ་འདི་ཚོས་མི་རིང་བར་བོད་ཞེས་པས་མིང་འདི་ཡང་རྩ་མིད་བཟོ་རྒྱུ་རེད།
དངོས་གནས་རེད། འདི་ལ་གོ་རྒྱུ་ཞིག་འདུག །བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པའི་ཆེད་དུ། རྒྱལ་བ་རིན་པོ་ཆེས་ཚང་མ་གནང་བ་རེད། བློས་གཏོང་ག་རེ་བྱེད་དགོས་པ་ཡིན་ནའང་བྱས་པ་རེད།
བོད་གཞུང་ཞེས་པའི་མིང་དེ་རང་འཇགས་འཇོག་དགོས་པ་རེད་ཟེར་མཁན་རྣམས་ཀྱིས། བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་དང་། ཁ་གཏད་རྒྱལ་ཁབ་ཀྱི་སྟོབས་ཤུགས། གནས་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས། བཙན་བྱོལ་བོད་མི་གནས་ཐབས་སོགས་ལ་བསམ་བློ་ཞིབ་ཚགས་བཏང་ནས་སྐད་ཆ་བཤད་ན་ལེགས་སྙམ། དེ་མིན་ཞེན་ཁོག་ཁོ་ནའི་དབང་དུ་སོང་ནས་ཅིག་ཅིག་མིན་མིན་བཤད་བསྡད་ན་ཕན་ཐོགས་གང་ཡང་མི་འདུག བཙན་བྱོལ་ནས་ཚིག་རྫིག་པོ་རེ་བཤད་ནས་རང་ཉིད་ཀྱི་འཚོ་བ་སྐྱིད་ཉམས་ངང་བསྐྱལ་བསྡད་ན་མ་འགྲིགས་པར་ངེས། བོད་མིའི་མི་འབོར་བརྒྱ་ཆ དགུ་བཅུ་ལྷག་བོད་ནང་དུ་ཡོད་པ་དང་། དེ་དག་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པར་བསམ་ཤེས་བྱ་དགོས། མི་ལ་དོན་དམ་པའི་བདེ་སྐྱིད་ཅིག་དགོས་པ་ལས་ཚིག་སྐམ་ཞིག་ལ་བརྩད་ནས་བོད་ནང་གི་གནས་སྟངས་ལ་འགན་མི་འཁྱེར་བ་དང་། རང་ཉིད་སྐྱིད་ཉལ་བརྒྱབ་ནས་ཁ་ནས་ཚིག་འབྲུག་སྟོང་འདྲ་བ་བསྒྲགས་བསྡད་ན་བྱབ་ཆུང་རེད་སྙམ།
ལོ་འགའི་གོང་ང་ཚོའི་ངོས་ནས་རྒྱ་ནག་ཁོངས་སུ་མི་རིགས་ས་ཁོང་རང་སྐྱོང་གི་བཅའ་ཁྲིམས་དང་འདྲ་མཉམ་ངང་བསྐྱོད་དགོས་པའི་ཞུ་ཡིག་ཅིག་ཕུལ་ཟིན་ན་ཆ་རྐྱེན་དེ་དང་བསྟུན་ནས་རྒྱ་འོག་ཏུ་སྡོད་རྒྱུའང་ཁས་ལེན་བྱས་ཟིན་པས་ད་ནི་བོད་གཞུང་ཞེས་པའི་མིང་བྱང་གང་ཡང་དགོས་དོན་མེད་ལ་རྒྱལ་གླུ་དང་དར་ཆའང་དགོས་དོན་མེད། ད་དུང་བོད་རྒྱལ་ཁབ་ཅེས་པའི་ཚིག་སོགས་ཀྱང་དགོས་དོན་གང་ཡང་མེད། འདིའི་རིགས་ཀྱིས་ཀྱང་བོད་དོན་འབྲེལ་མཐུད་ལ་འགལ་རྐྱེན་དུ་འགྱུར་ངེས།
སྔ་མོ་ཞིག་གི་དུས་ལ། རང་བཙན་ཤ་སྟག་རྣ་བར་གོམས་དྲག་པས། རང་བཙན་མིན་པའི་རང་སྐྱོང་ཟེར་དུས་དངོས་གནས་ཚོར་བ་མི་སྐྱིད་པ་ཞིག་བྱུང་།
ག་ལེར་། ག་ལེར།
གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་གང་ཡང་མེད་སྟབས།
རིམ་པས་རིམ་པས།
རང་སྐྱོང་ལྗོངས་དེ་བློ་ལ་འཐད་ལ། དེའི་སློབ་དཔོན་༧གོང་ས་མཆོག་ལའང་སྤོབས་སེམས་ཀྱི་དྲོད་་་་་་་སྙིང་ནས་འཁོལ།
དེ་ནི། འཛམ་གླིང་གི་གནས་སྟངས།
རྒྱ་ནག་གི་སྟོབས་ཤུགས། ད་དུང་དེའི་མི་འབོར། དེ་ཡང་བོད་དུ་ཉིན་ནས་ཉིན། ཟླ་ནས་ཟླ། ལོ་ནས་ལོར་མང་དུ་མང་དུ་འཕེལ་བ་དེས་སོ།།
ཡིན་ནའང་ས་ཆེན་པོ་བོད་ན། རྗེའི་མགུར་ལྷ་བཅུ་གསུམ་དང་། བརྟན་མ་བཅུ་གཉིས་སོགས་བོད་སྐྱོང་ལྷ་སྲུང་གཉེན་པོས་རྟག་ཏུ་སྐྱོང་སའི་གདོད་མའི་མགོ་ནག་པ་ནི་ཉུང་དུ་ཉུང་དུ།
དེས་ན་མང་པོ་རྒྱ་མིའི་ཁེངས་པའི་ལྷ་ས་གཙོས་པའི་བོད་ནི་འདི་ནས་རྩིས་པའི་ལོ་བརྒྱའི་ནང་། ཏག་ཏག་རྒྱ་མིས་ཁེངས་པའི་རྒྱ་གྲོང་ཞིག བོད་མི་ནི་གཅན་ཟན་ཁང་གི་སྲོག་ཆགས་སུ་འགྱུར་བའི་གནས་སྟངས་ལ་འགྱུར་རྒྱུ་ནི་ངེས་སོ།།
དེ་དང་མཚུངས་པ་བོད་གཞུང་ཞེས་པར་རྫོགས་ཚིག་བཀོད་ནས་སྒྲིག་འཛུགས་ཞིག་བག་མར་བསུས་པ་འདིས་ངའི་སེམས་ཅང་ཅང་བཟོས་སོང་མོད།
རིམ་པས་རིམ་པས་གོམས་འགྲོ་ལ། འདོ་ལ་གནད་ཅིག་ཡོད་པའི་རེ་བའང་ཆེ་ཐག་ཆོད་ཡོད།
ཁྱིམ་ཚང་ཞིག་ལ་འགྲུལ་པ་ཞིག་བསྡད་ཡོད་ན་འགྲུལ་པ་དེས་ཁྱིམ་ཚང་དེའི་གནས་སྟངས་རྒྱུས་ལོན་པའི་ཐོག་ནས་སྡོད་དགོས་པ་ལས། འགྲུལ་པས་གང་བྱུང་བྱས་ཚེ་ཉིན་གཅིག ཉིན་གཉིས། དེའི་རྗེས་ནས་རིམ་པས་འགྲུལ་པ་ཉར་འདོད་མེད་པ་དང་། ཕྱིར་འབུད་བྱ་རྒྱུ་ཉར་གཅིག་རེད། དེ་བཞིན་ང་ཚོས་ཀྱང་གནས་ཡུལ་རྒྱལ་ཁབ་ལ་འགན་ཁུར་བའི་ཐོག་ནས། བོད་དོན་འཐབ་རྩོད་བྱ་རྒྱུ་ནི་གནད་འགག་ཡིན། ད་དུང་ཁ་གཏད་དེ་ལ་བལྟས་ནས་རྔ་ལ་དཔག་པའི་འཆམ་རྒྱག་དགོས་པ་ཡིན།།
འཇམ་བཀྲ་ལགས། ཐོག་མར་རང་གི་མཆན་བུའི་དག་ཆ་དང་ཕྲད་སོགས་ལ་ཞིབ་ཚགས་ལྟོས། དེ་ནས་གཏོར་བརླགས་པ་འདི་ཚོས་ཞེས་པ་དེ་སུ་ལ་ངོས་འཛིན་བྱ་དགོས་སམ། མི་ལ་སྐད་ཆ་བཤད་དུས་འགན་འཁྱེར་དགོས་པ་ལས་ཁ་ནས་གང་དོན་དོན་བཤད་མི་རུང་། དེས་རང་ཉིད་ཀྱི་ཤེས་ཡོན་གནས་ཚད་དང་རིན་ཐང་དེ་མར་ཆག་འགྲོ་བ་ཡིན།།
ལགས་སོ། དེ་དེ་བཞིན་ནོ།།
དེ་རིང་ཡ་མཚན་ཞིག་ཐོས་པ་ནི། མི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་བོད་གཞུང་དེ། དེ་རིང་ཉི་མ་གཅིག་ལ་མེད་པ་བཟོ་དགོས་པ་དེ་རྒྱ་ནག་གི་སྟོབས་ཤུགས་ལ་སྐྲག་ཏེ་མེད་པ་བཟོས་པ་རེད་ཟེར། རྒྱ་ནག་གི་སྟོབས་ཤུགས་དང་མི་འབོར་ལ། བོད་རྒྱལ་ཁབ་ཀྱིས་ནམ་ཡང་འདྲན་མི་ཐུབ་པ་སྔོན་ནས་ཤེས་གསལ་རེད། ཡིན་ནའང་ང་ཚོ་ལ་བདེན་པས་སྟོབས་ཤུགས་ཡོད་པ་རེད། ཅེས་རྟག་པར་གསུངས་བསྡད་པ་མ་ཡིན་ནམ། ཁ་སང་བདེན་པས་སྟོབས་ཤུགས་སུས་ཁྱེར་སོང་བ་རེད། གནས་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ག་དུས་བཙན་བྱོལ་བོད་གཞུང་བཏགས་མི་ཆོག་གསུངས་པ་རེད། གཞིས་སྡོད་བོད་མིའི་རྒྱ་ནག་དམར་པོའི་སྲིད་གཞུང་གི་འོག་ནས་སྡུག་བསྔལ་མྱོང་བཞིན་པ་དེར། ༼བོད་མིའི་སྒྲིག་འཛུགས་༽བཏགས་པས་གང་ཡང་ཕན་གྱི་མ་རེད། ཚིག་སྐམ་ཡིན་ན་ཚིག་རློན་ཡིན་ན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་སྐྱིད་དེ་ཚིག་བཤད་ནས་མི་རྩོད་པར་ངག་བཅད་པས་ནམ་ཡང་ཐོབ་ཀྱི་མ་རེད། བོད་རྒྱལ་ཁབ་རླུང་ལ་བསྐུར་ཚར་བ་མི་ཤེས་པར་ད་དུང་ཐབས་ལམ་མང་པོ་ཞིག་ཤེས་མདོག་བྱེད་པ་ནི་དངོས་གནས་ཡ་མཚན་རེད།
རྩོམ་ཡིག་ལབ་ན་འདི་འདྲ་ལ་ལབ་པ་རེད། རྩོམ་ཡིག་བྲིས་ན་འདི་འདྲ་འབྲི་དགོས་པ་རེད།
བསོད་ནམས་ལགས། ཅི་རེད། དག་ཆ་དང་ཕྲད་སོགས་ལ་མཁས་པ་ཁྱེད་ཚང་ལྟ་བུ་ལ་མ་གཏོགས་སྨྲ་བརྗོད་ཀྱི་རང་དབང་མི་ཐོབ་པ་ཡིན་ནམ། མཆན་བུ་འགོད་མཁན་ཚོས་བསམ་ཚུལ་བཤད་ཀྱི་ཡོད་པ་ལས་ཡིག་ཚད་གཏོང་གི་ཡོང་བ་ཡིན་གྱི་མ་རེད། དོ་སྣང་གནང་བ་བཀའ་དྲིན་ཆེ། ཁྱོད་དཀའ་ལས་རེད།
འཇམ་བཀྲ་ལགས། སྤྲོ་ལངས་ན་སྙིང་ཆུང་རེད། སྨྲ་བརྗོད་ཀྱི་རང་དབང་ཡིན་ཟེར་ནས་གང་བྱུང་བྱུང་བྲིས་ན་ནོར་འཁྲུལ་རེད། གང་འབྲི་འདོད་པའི་སྐབས་ཐོག་མར་བརྗོད་སྙིང་ལ་བསམ་བློ་གཏང་དགོས། དེ་ནས་དག་ཆ་དང་ཚིག་སྦྱོར་ལ་དོ་སྣང་བྱ་དགོས། ང་ལ་དགོས་པ་ནི་གཏོར་བརླགས་པ་ཞེས་པའི་འཇུག་ཡུལ་དེ་ཡིན། གཏོར་བརླགས་པ་ཞེས་པའི་ཚིག་འདི་ཉེན་ཁ་ཆེན་པོ་ཡིན་པར་སོང་འདི་འདྲ་འབྲི་དུས་བསམ་གཞིགས་ནན་མོ་བྱ་དགོས་ངེས།
གཙང་རིགས་ལགས། མགོ་ལ་རན་པའི་ཞྭ་མོ་དང་རྐང་ལ་འཚམས་པའི་ལྷམ་ཞིག་དགོས།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན།
བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས།
བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་རྩོད་ཁང་།
བོད་མིའི་སྒྲིག་འཛུགས་ཀྱི་གདོན་གཅོད་ཁང་།
བོད་མིའི་སྒྲིག་འཛུགས་ཀྱི་སློབ་གྲྭ བཟོ་གྲྭ་སོགས་སུ་མིང་འགྱུར་དགོས་སམ། ཡང་ན། ་་་་་་་་
བཙན་བྱོལ་བོད་གཞུང་ཞེས་པ་དེ་རྒྱ་མས་སྟོབས་ཤུགས་ལ་སྐྲག་ནས་མེད་པར་བཟོས་པ་ཞིག་མ་རེད་ལ་བོད་མིའི་ངོ་བོ་མཚོན་མ་ཐུབ་པར་མེད་པར་བྱས་པ་ཞིག་དེ་བས་ཀྱང་མ་རེད། གང་ཡིན་ཟེར་ན་གསལ་བོ་རེད་སྤྱིར་རྒྱལ་ཁབ་གང་ཞིག་ཡིན་རུང་རང་ཉིད་ཀྱི་ཁེ་ཕན་དེ་གཙོ་བོ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་དུས་ངེས་པར་བཙན་བྱོལ་བོད་གཞུང་ཞིག་པ་ཕྱི་གསལ་ནང་གསལ་ཆགས་པ་ཡིན་ན་གང་ཅིའི་ཆ་ནས་རྒྱལ་ཁབ་དེས་མཚན་ཤས་དང་ཕྱིས་རྒྱལ་ཁབ་ཁག་གི་ལྟ་སྟངས་སོགས་ལ་འབྲེལ་བ་དམིགས་བསལ་ཞིག་ཡོད་པ་རེད་དེ་འདྲ་ཡིན་དུས་དེ་སུ་ཞིག་གི་བློས་ཐོང་གི་མ་རེད། དེ་འདྲ་ཡིན་དུས་ནམ་པ་མི་གསལ་བས་ཐོག་ནས་དང་པོ་གང་བྱུང་ཞིག་གླེང་པ་རེད་བར་སྐབས་ཞིག་ནས་རྒྱ་གར་ནང་གི་མི་སེལ་དཀྱུས་མའི་ནང་ནས་རྩོམ་ཡིག་འབྲི་མཁན་དང་གང་བྱུང་བཤད་མཁན་མང་པོ་ཞིག་བྱུང་པས་རྒྱུ་མཚན་གྱི་༧གོང་ས་མཆོག་གི་སྔོན་མ་ནས་གསུང་ཡོད་པ་ཞིག་རེད་དེ་འདྲ་ཡིན་དུས་བཀའ་ཁྲི་མཆོག་གི་ག་རེ་གསུང་སོང་ད་ལྟ་བློ་བུར་དུ་དྲན་པ་ཞིག་མ་རེད་དེ་སྔོན་མ་ནས་གླེང་བསྡད་པ་ཞིག་རེད་གསུང་སོང་པ་དེ་རེད་མ་ཟད་ད་སྐབས་རྒྱ་ནག་དམར་ཕྱོགས་རྒྱལ་ཁབ་ཀྱི་བོད་ནང་དུ་དྲག་གནོན་འཚམས་མ་བཞག་པར་ཉིན་རེ་བཞིན་དྲག་གནོན་ཚད་མེད་བྱེད་བཞིན་ཡོད་པ་འདི་མྱུར་སྐྱོབས་ཀྱི་ཁྱེད་དུ་ཡིན་པ་ཡང་གསལ་བོ་རེད། ༧གོང་ས་མཆོག་གིས་འཕྲལ་དུ་བཅའ་ཁྲིམས་བསྐྱར་བཅོས་དགོས་སྐོར་གསུང་བ་དེ་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པ་ཞིག་མིན་ན་རྗེས་ནས་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་སྐབས་བཀའ་གསུང་གང་ཡང་མ་གནང་པ་རྒྱུ་མཚན་ཅི་ཡིན་གཞིས་ལུས་བོད་མི་རྣམས་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཐབ་སོགས་དགོས་པ་དུ་མར་གཟིགས་པ་ཞིག་ཡིན་པ་བརྗོད་མ་དགོས་པ་ཞིག་རེད།