《ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་བྱས་པའི་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་སྐབས་ཀྱི་དོན་གནད་རགས་བཀོད།》
ས་རཱ་མཐོ་སློབ་ནི་བཙན་བྱོལ་སྤྱི་ཚོགས་ནང་འདིར། ལས་བྱེད་དང་དགེ་རྒན་མང་པོ་བསྐྱེད་བསྲིང་དང་། རིག་གནས་རབ་འབྱམས་པ་དང་། མཐོ་རིམ་རིག་གནས་རབ་འབྱམས་པ་བཅས་བསྐྱེད་བསྲིང་གནང་ཡུལ་གཞི་རྒྱ་ཆེ་ཤོས་ལྟ་བུ་ཆགས་ཡོད། འདི་ནས་བསྐྱེད་བསྲིང་གནང་བ་དེ་དག་གིས་བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་དང་། རིག་གཞུང་གི་བསྟི་གནས་མང་པོ་ཞིག་ན་ལས་དོན་སྒྲུབ་བཞིན་ཡོད་ཅིང། འདས་པའི་ལོ་ངོ་བཅུ་ལྷག་གི་གྲུབ་འབྲས་དེར་སྤྱི་ཚོགས་ནང་གདེང་འཇོག་ཚད་མཐོ་བྱེད་བཞིན་པ་ཞིག་རེད། ཉིན་ཤས་སྔོན་ཏེ། འདི་ཟླའི་ཚེས་ 17 ནས་ཚེས་ 21 ཉིན་ལྔའི་རིང་《ལྔ་བཅུའི་དུས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང》ཞིག་གོ་སྒྲིག་གིས་མཁས་པ་དང་ཉམས་ཞིབ་པ། དགེ་རྒན་དང་རྩོམ་སྒྲིག་གི་ཕྱག་ལས་གནང་མཁན་བཅུ་དགུ་ཆེད་ཞུས་དང་འབྲེལ། ཚད་མ་རིག་པའི་བྱུང་རིམ་དང་དེའི་དགེ་མཚན། མི་རབས་གསར་པས་ནང་ཆོས་རྒྱུན་འཛིན་གྱི་ཐབས་ལམ་སོགས་ཀྱིས་མཚོན་པའི་ནང་ཆོས་རིག་གཞུང་རྒྱུན་འཛིན་ཐབས་ལམ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འཕེལ་རིམ་དང། དེ་སློབ་གཉེར་དང་ཉམས་ཞིབ་ཀྱི་དགོས་དོན། བོད་ཀྱི་བརྡ་སྤྲོད་རིག་གནས་རྒྱུན་འཛིན་དང་། ད་ཡོད་བརྡ་སྤྲོད་རིག་གནས་ལ་སྣོན་འཕྲི་དགོས་མིན་གྱི་གནད་དོན། དེ་བཞིན་གནའ་རབས་དང་དེང་རབས་ཀྱི་རྩོམ་རིག་དར་སྤེལ་བྱ་ཐབས་བཅས་ལ་བགྲོ་གླེང་དང་། ཕྱོགས་མཚུངས་ས་རཱ་མཐོ་སློབ་ཀྱིས་གསར་འཛུགས་ཞུ་འཆར་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་སྐོར་ལའང་དམིགས་བསལ་བགྲོ་གླེང་གནང་ཡོད་ཅིང། མཁས་པ་དང་ཉམས་ཞིབ་པ་དག་གིས་རང་ཉིད་ཀྱི་ལྟ་ཚུལ་གླེང་བའི་དཔྱད་རྩོམ་རེ་སྤེལ་ཡོད་པ་དག་ནི། ས་རཱ་མཐོ་སློབ་ཀྱིས་རིང་མིན་ཕྱོགས་བསྒྲིགས་དཔར་འགྲེམས་གནང་ཉེར་ཡོད་འདུག་ཅིང། འདིར། མཁས་པ་དང་ཉམས་ཞིབ་པ་ཚོས་བགྲོ་གླེང་གསུང་བཤད་སྐབས་གང་རྩལ་འདོན་གནང་བའི་དོན་གནད་ལས་གལ་གནད་དུ་མཐོང་བ་ཁག་ཕྱོགས་བསྡུས་ཀྱིས་བཀོད་ཡོད།
གཅིག ལོ་རྒྱུས་བགྲོ་གླེང་།
༡ མཁན་པོ་འཇུ་བསྟན་སྐྱོང་མཆོག་གིས། ཁྲི་སྲོང་སྐབས་བོད་དུ་ནང་ཆོས་དར་ཚུལ་ལས་འཕྲོས་ཏེ། ཁྲི་སྲོང་སྐབས་བོད་དུ་ནང་ཆོས་དར་ཤུགས་ཆེན་པོ་བྱུང་བ་དེ་ནི། རྒྱལ་རབས་ལོ་རྒྱུས་རྣམས་སུ་མཁན་སློབ་གཉིས་བོད་དུ་གདན་དྲངས་ནས་བསྟན་པ་སྤེལ་ཚུལ་སྤྱི་བཤད་ཙམ་ལས་ཞིབ་བཤད་མཛད་མེད་ནའང། མདོ་དོན་ནི། ཐོག་མར་བསྟན་པ་སྤེལ་བའི་སྐབས་སུ་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་རྒྱས་བཤད་བྱས་ནས་བསྟན་པ་སྤེལ་བ་ཞིག་མིན་པར། ནང་ཆོས་ཀྱི་ཚད་མཐོ་པོའི་ཁྱད་ཆོས་ཁག་ཅིག་མིག་མཐོང་ལག་ཟིན་དུ་སྤྱད་ནས་བསྟན་པ་དར་སྤེལ་གྱི་གཞི་བཏིངས་པ་དང་། ཡང་། བསྟན་འགྱུར་དཀར་ཆག་དང་བཀའ་འགྱུར་དཀར་ཆག་དག་བསྡུར་ནས་མཐོང་ཐུབ་པ་ཞིག་ལ། ཁྲི་སྲོང་གི་སྐབས་སུ་བཀའ་དང་བསྟན་བཅོས་གཉིས་ལས་བསྟན་བཅོས་བོད་བསྒྱུར་ལ་ནུས་པ་ཤུགས་ཆེར་བཏོན་ཡོད་པ་དང་། བསྟན་བཅོས་བོད་བསྒྱུར་སྐབས་ལ་མཚོན་ནའང། མདོ་ཕྱོགས་ནས་བསྟན་པ་སྤྱིའི་རྣམ་གཞག་ཆ་ཚང་ཞིག་བསྒྱུར་གནང་ཡོད་པ་དང། སྐབས་དེར་རབ་བྱུང་ངུར་སྨྲིག་གི་སྡེ་དར་ལུགས་དང། དེང་ནའང་བཀའ་བརྒྱུད་པ་དང། རི་བོ་དགེ་ལུགས་པ། ས་སྐྱ་པ་བཅས་ཐུན་མོང་གིས་གཞུང་འགྲེལ་སྣ་ཚོགས་མཛད་ནས་ཉམས་སུ་བསྟར་བཞིན་ཡོད་པའི་རྫོགས་ཆེན་གྱི་གཞི་ཡང་སྐབས་དེར་བོད་དུ་དར་བའི་མགོ་ཚུགས་པ་ནས། གཞན་ཡང་། སྤྱོད་པ་ལས་འཕྲོས་པའི་བན་བོན་གྱི་རྩོད་པ་དང་། སྒོམ་སྟངས་ལས་འཕྲོས་པའི་སྟོན་རྩེན་གྱི་རྩོད་པ་བྱུང་ལུགས་སོགས་ལོ་རྒྱུས་སྟེང་གི་གནད་དོན་མང་པོ་ཞིག་གླེང་སློང་གནང་།
༢ བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཉམས་ཞིབ་པ་མགུ་ལོག་དམ་ཆོས་དཔལ་བཟང་ལགས་གིས། བཀའ་བསྟན་གྱི་འགྱུར་བྱང་གཞིར་བཞག་བྱས་ན། ཐོན་མི་ནས་དགེ་འདུན་ཆོས་འཕེལ་བར་ལོ་ཙཱ་བ་ 276 བྱོན་ཡོད་ཚུལ་དང་། དེ་དག་གིས་བཀའ་བསྟན་བོད་དུ་བསྒྱུར་གནང་བའི་ཚུལ་གསལ་བཤད་དང་འབྲེལ། ལོ་ཙཱ་བའི་སྐོར་ལ་དམིགས་བསལ་གྱི་ཉམས་ཞིབ་བྱ་འོས་པ་དང། སྔོན་བྱོན་ལོ་ཙཱ་བར་རྗེས་དྲན་ཞིག་ངེས་པར་དུ་གོ་སྒྲིག་ཞུ་གལ་ཆེ་བ་བཅས་ཀྱི་དགོངས་ཚུལ་གསལ་སྟོན་དང་འབྲེལ་བའི་གླེང་སློང་དང་། ཕྱོགས་མཚུངས་ར་ཤི་ཡ་དང་ཉི་ཧོང་དུ་ཉེ་རབས་བོད་ཀྱི་གནས་སྟངས་གསལ་བའི་ཡིག་ཚགས་མང་པོ་ཉར་ཚགས་བྱས་ཡོད་པ་དེ་དག་ལ་མ་འོངས་པར་ངེས་པར་ཉམས་ཞིབ་ཞུ་དགོས་པ་དང་། འགོས་ཆོས་གྲུབ་ཀྱིས་མདོ་སྡེ་ལང་ཀར་གཤེགས་པ་རྒྱ་ནག་སྐད་ནས་བཀའ་བསྟན་གསུང་རབ་བྱེ་བྲག་པ་བོད་སྐད་དུ་བསྒྱུར་བའི་ལོ་རྒྱུས་ཡོད་པ་སོགས་དང་། མི་ཉག་ལོ་ཙཱ་བ་ཙ་མི་སངས་གྲགས་པས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད་པ་སོགས་ལོ་རྒྱུས་ཡིག་ཚང་བསྔོགས་པ་ལས་རྙེད་པའི་གལ་གནད་མང་པོ་ཞིག་གསལ་འདོན་གནང་།
༣ དྲུང་འཕར་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས། མན་ཇུའི་དུས་མཇུག་ནས་ཏིང་ཤོ་ཕིང་བར་གྱི་རྒྱ་ནག་དང་། དུས་སྐབས་དེའི་རིང་གི་བོད་ཀྱི་ལོ་རྒྱུས་ལས་འཕྲོས་ཏེ། མན་ཇུའི་དུས་སྐབས་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་དཀའ་རྙོག་ཆེན་པོ་དག་མངོན་གསལ་དོད་པོའི་དུས་སྐབས་ཤིག་ཡིན་པ་དང། དེང་སྐབས་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ནི་ཏིན་གྱི་གྲིབ་གཟུགས་ཤིག་གི་འོག་ཏུ་ཡོད་པ། བོད་སོག་ལས་ཁུངས་ཀྱི་མགོ་ཁུངས་དེ་མི་སེར་རྒྱལ་ཁབ་ཀྱི་སྐབས་དང་འབྲེལ་ཡོད་པ། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་ཚུང་གིས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ། རྒྱ་གུང་ཁྲན་དང་བོད་གཉིས་ཀྱི་འབྲེལ་བ་ནི་རིག་གཞུང་རྩ་གཏོར་དང་རང་དབང་སླར་གསོའི་གདོང་ཐུག་ཅིག་དང་། རྒྱ་ནག་གུང་ཁྲན་གཞུང་གིས། བོད་འདི་ས་ཁོངས་དུམ་བུ་མང་པོར་བཅད་བགོས་དང། བོད་ཀྱི་ཡུལ་མི་དེ་དག་མི་རིགས་མི་འདྲ་བར་དབྱེ་ཚན་ཕྱེས་པ། ཤེས་ཡོན་དང་ཆོས་ལུགས་ཀྱི་རང་དབང་གི་གནས་སྟངས་མེད་པ་སོགས་མདོར་ན། རྒྱ་ནག་གིས་བོད་དུ་སྤེལ་བའི་སྲིད་བྱུས་དེ་ནི་རིག་གཞུང་རྩ་གཏོར་གྱི་བརྒྱུད་རིམ་ཞིག་ཡིན་པ་སོགས་གསལ་སྟོན་གནང་།
༤ ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་རེ་མདོ་སེང་གེ་ལགས་ཀྱིས། བོད་ཀྱི་ལོ་རྒྱུས་ཡར་རྒྱས་གཏོང་ཕྱོགས་ཀྱི་བརྗོད་གཞི་ལས་འཕྲོས་ཏེ། ལོ་རྒྱུས་ནི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བའི་ཚོས་གཞི་མ་འདྲེས་པའི་དངོས་ཡོད་བདེན་པའི་རང་བཞིན་དང་ལྡན་པ་ཞིག་ཡིན་དགོས་པའི་ངོས་འཛིན་དང། ལེགས་ཆ་ལེན་པ་དང་སྐྱོན་ཆ་འདོར་བ། མི་རིགས་གཞན་གྱི་ལོ་རྒྱུས་འབྲི་སྟངས་ལས་འབྲི་ཐབས་སྐོར་ལ་དཔེ་ལྟོས་བྱེད་པ་སོགས་བརྒྱུད་ནས་ལོ་རྒྱུས་འབྲི་ཐབས་དང་རྩོམ་སྟངས་གསར་བཏོད་བྱེད་དགོས་པ། ད་ཡོད་བོད་ཀྱི་ལོ་རྒྱུས་དེབ་གཞི་མང་ཆེ་བ་ནི། ཆོས་ལུགས་ཀྱི་ཆེ་བ་དང་དད་པ་ལ་སྦྱར་བའི་དག་སྣང་གི་ལོ་རྒྱུས་ཤིག་ལས་འཚོ་གནས་དངོས་བརྗོད་པའི་ལོ་རྒྱུས་ཉུང་བ་ནས་ཧ་ལམ་མེད་པ་ལྟ་བུར་ཡོད་སྟབས། ལོ་རྒྱུས་རྩོམ་རིག་ནི་དངོས་ཡོད་འཚོ་བ་དང་ཐག་ཉེ་ས་ཞིག་ནས་མགོ་རྩོམ་དགོས་པ་སོགས་གླེང་། འདི་སྐབས་གླང་དར་མས་བསྟན་པ་བསྣུབས་ཡོད་མེད་སོགས་ལས་འཕྲོས་ཏེ་གླེང་སློང་ཤུགས་ཆེ་བྱུང་ཞིང། མཐའ་མ་དེར་། བགྲོ་གླེང་གི་དྲི་རྨེད་ཀྱི་སྐབས། མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། རྒྱལ་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་མེད་པ་དང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་དར་མ་བསད་མེད་པ། རྒྱལ་པོ་དར་མ་གསོད་མཁན་ནི་ཡུམ་བརྟན་གྱི་ཨ་ཞང་ཡིན་པའི་སྐོར་ཏུན་ཧོང་ཡིག་རྙིང་ལས་གསལ་བ་དང། ལོ་རྒྱུས་ནི་ངེས་ཅན་དུའང། ཐུན་མོང་དབང་ལྔའི་ཡུལ་དུ་གྱུར་པའི་ཐུན་མོང་གི་ལོ་རྒྱུས་དང། དེའི་ཡུལ་དུ་མ་གྱུར་པའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་གཉིས་སུ་ཕྱེས་ནས་རྩོམ་སྒྲིག་དང་ཉམས་ཞིབ། སློབ་སྦྱོང་བྱེད་དགོས་པ་བཅས་གལ་ཆེན་ཡིན་པ་བཅས་གསལ་འདོན་གནང་།
༥ རྡོ་རྗེ་དབང་ཕྱུག་ལགས་ཀྱིས། ལོ་རྒྱུས་སྟེང་དོ་སྣང་བྱ་དགོས་སྐོར་གང་ཡིན་ཞེས་པའི་བརྗོད་གཞི་ལས་འཕྲོས་ཏེ། བོད་ཀྱི་ལོ་རྒྱུས་ནི། བོད་རང་གི་མཁས་པས་བྲིས་པའི་དུམ་བུ་གཅིག་དང། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱས་པའི་དུམ་བུ་གཅིག རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་ཁྱབ་ཁོངས་ན་བོད་ཀྱི་ལོ་རྒྱུས་གླེང་སྟངས་དུམ་བུ་གཅིག་བཅས་དུམ་བུ་གསུམ་དུ་ཡོད་ཅིང། ལྷག་པར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཉམས་ཞིབ་པ་ཚོས། ལོ་རྒྱུས་ཀྱི་བོད་དང་། རིག་གཞུང་གི་བོད་ཅེས་སྡེ་ཚན་གཉིས་སུ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། གང་ལྟར་དེང་སྐབས་བོད་ཀྱི་ལོ་རྒྱུས་འབྲི་རྩོམ་གྱི་གནས་བབ་དེ་རིམ་པ་མི་འདྲ་བ་གསུམ་ཆགས་ནས། བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་ཉམས་ཞིབ་གང་ཡང་དཀའ་རྙོག་ཅིག་གི་ནང་འཛུལ་ས་ལྟ་བུ་ཞིག་ཆགས་ནས་ཡོད་སྟབས། བོད་ཀྱི་ལོ་རྒྱུས་སློབ་གཉེར་དང་ཉམས་ཞིབ་ལ་འཇུག་པ་དག་གིས། གནའ་རབས་ནས་ཉེ་བའི་ཕྱི་ལོ་ 1959 ་ལོའི་བར་བྲིས་ཤིང་བརྩམས་པའི་ལོ་རྒྱུས་དག་གཞི་རྩར་བཟུང་ནས་རང་ཉིད་ལ་ལོ་རྒྱུས་ཀྱི་ལྟ་གྲུབ་བམ་གཞུང་ཤིང་ཞིག་ཆགས་པ་བྱེད་དགོས་པ་དེ་གལ་ཆེ་ཚུལ་དང་། ལྷག་དོན་རྒྱ་ནག་གཞུང་ཕྱོགས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གིས་བོད་འདི་དབང་བསྒྱུར་བྱས་པ་ནས་བཟུང་བོད་དེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་ཡོད་རབས་གཉིས་གཙོ་བོའི་སྒྲུབ་གཞིར་བཟུང་བའི་བོད་ཀྱི་ལོ་རྒྱུས་གླེང་སྟངས་འདི་རིགས་ལ། ངེས་པར་ཁ་གཏད་གཅོག་དགོས་ཤིང་། དེ་ཡང་། དུས་སྐབས་སུ་དབྱེ་ནས་གནས་ཚུལ་གྱི་སྤྱི་ཡོངས་ལ་ལྟ་བ། ལོ་རྒྱུས་ཀྱི་ཚབ་མཚོན་མི་སྣ་དང་འབྲེལ་བའི་ཐོག་ནས་ལོ་རྒྱུས་ལ་བལྟ་བ། ཡིག་རྙིང་ཁག་གཤིབ་བསྡུར་གྱི་ལམ་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟ་བ་བཅས་གནད་འགག་ཡིན་པ་སོགས་གླེང།
གཉིས། ནང་ཆོས་བགྲོ་གླེང།
༡ ཀིརྟི་དགེ་རྩ་ཚོགས་པའི་ཚོགས་གཙོ་དགེ་བཤེས་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས། ཚད་མ་རིག་པའི་བྱུང་རིམ་དང་དེའི་གལ་གནད་ལས་འཕྲོས་ཏེ། ཚད་མ་རིག་པ་དར་ཚུལ་གྱི་སྤྱི་བཤད་དང་། སྒོས་སུ་བོད་དུ་ཚད་མ་རིག་པ་དར་ཚུལ། ནང་བསྟན་ཆོས་ལུགས་ཀྱི་དབང་དུ་བྱས་ན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནས་བཟུང་གཏན་ཚིགས་རིག་པའི་རྣམ་གཞག་བསྟན་ཡོད་པ་དང། བསྟན་པ་སྔ་དར་གྱི་སྐབས་སུ་ཚད་མ་རིག་པར་འཆད་ཉན་གནང་སྟངས། བསྟན་པ་ཕྱི་དར་སྐབས་རྔོག་ལོ་ཡབ་སྲས་ཀྱིས་བོད་འདིར་ཚད་མ་རིག་པ་དར་རྒྱས་སོང་བ་དང། གསང་ཕུའི་མཁན་རབས་བཞི་པ་ཕྱྭ་བ་ཆོས་ཀྱི་སེང་གེས་ཚད་མ་རིག་པ་འཆད་རྩོད་ཀྱི་རྣམ་གཞག་དེ་འཕེལ་རིམ་གསར་པ་ཞིག་ཏུ་ཕྱོགས་བཅུག་པ། ཕྱིས་ན་འཇང་དགུན་ཆོས་སོགས་ཀྱི་སྲོལ་བྱུང་སྟེ་ཤིན་ཏུ་ནས་དར་འཕེལ་བྱུང་བ་སོགས་ཞིབ་ཏུ་གླེང་ཞིང། བོད་དུ་ཚད་མ་རིག་པའི་བསྟན་བཅོས་འཆད་སྤེལ་བརྒྱུད་རིམ་ལ་བཤད་སྲོལ་རིགས་མི་འདྲ་བ་ཆེན་པོ་གསུམ་གྱི་སྐོར་དང་། ས་པཎ་ནས་ཚད་མ་སྔ་རབས་པ་དང་ཚད་མ་ཕྱི་རབས་པའི་ཐ་སྙད་བྱེད་པ་འོས་འཚམ་ཡིན་མིན། ཚད་མ་རིག་པ་འདི་བཞིན་མདོ་བྱེ་བྲག་པ་ཞིག་ལ་ཁུངས་གཏུགས་ཞུ་ཡུལ་ཡོད་མེད་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་བྱས།
༢ རིགས་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་རྒན་དགེ་བཤེས་དཀོན་མཆོག་དབང་འདུས་མཆོག་གིས། བོད་བརྒྱུད་ནང་བསྟན་བོད་ཀྱི་མི་རབས་གསར་པས་རྒྱུན་འཛིན་བྱེད་ཐབས་ལས་འཕྲོས་ཏེ། ཁྱིམ་པའམ་སྐྱ་བོ་ཡིན་པའི་མི་རབས་གསར་པས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་བྱེད་ཚུལ་ལ་དེ་ངོ་འཕྲོད་པའི་ཐོག་ནས་བྱེད་དགོས་པས་དེ་ངོ་སྤྲོད་ཀྱི་རིམ་པ་དེ་ངེས་པར་རྩལ་འདོན་དགོས་པ་དང་། ཆོས་ཀྱི་ངོ་སྤྲོད་དེ་ཡང་གཙོ་བོ་ཀུན་སྤྱོད་ཀྱི་རྣམ་གཞག་དང་འབྲེལ་ནས་ངོ་སྤྲོད་བྱས་པ་ཡིན་ན་ངོ་འཕྲོད་སླ་བ་དང་། དེ་བཞིན་མི་སྒེར་གྱི་ཕན་ཐོགས་ནས་སྤྱི་ཚོགས་ཀྱི་ཕན་ཐོགས། དེ་ནས་འཛམ་གླིང་ལ་ཕན་ཐོགས་གང་ཡོད་སྐོར་མང་ཚོགས་ནང་འཆད་སྤེལ་གཏིང་ཚུགས་ཐུབ་པ་ཞིག་བྱེད་ཐུབ་པ་ཡིན་ན། གཞི་ནས་མང་ཚོགས་ནང་ཆོས་ཀྱི་གཞི་རྩ་ཞིག་ཚུགས་ཐུབ་རྒྱུ་དང། དེ་བཞིན་དུ་ནང་ཆོས་ཀྱི་ཀུན་སྤྱོད་རྣམ་གཞག་དེ་དག་རང་རྒྱུད་ལ་འཇགས་པ་ལས་མི་ཚད་ལྡན་ཞིག་བྱེད་པའི་ཐབས་ལ་ཕྱོགས་དགོས་པ་དང། ནང་ཆོས་ཁྱབ་སྤེལ་བྱེད་པ་དེ་ཡང་རང་གི་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་མ་ཡིན་པ་ཞིག་དགོས་སྐོར་སོགས་གླེང་།
༣ ས་རཱའི་ནང་རིག་འཛིན་གྲྭའི་དགེ་རྒན་རབས་འབྱམས་པ་བློ་བཟང་བསོད་ནམས་མཆོག་གིས། གྲུབ་མཐའི་རྣམ་གཞག་དང་དེའི་གལ་གནད་ལས་འཕྲོས་ཏེ། སློབ་ཁྲིད་བྱེད་ཐབས་སྐོར་རང་གི་ཉམས་མྱོང་ཁྲོད་ངེས་ཤེས་བྱུང་བ་ཁག་ཅིག་གསལ་བཤད་དང་ཆབས་ཅིག གྲུབ་མཐའི་རྣམ་གཞག་ནི་དབང་ཤེས་ལས་འདས་པའི་ཡིད་ཤེས་སམ་བསམ་བློའི་རྣམ་གཞག་དང་འབྲེལ་བའི་ལྟ་ཚུལ་ཞིག་ཡིན་པ་སོགས་གླེང་ཞིང་། དངོས་གཞི་དྲི་རྨེད་ཀྱི་སྐབས་སུ། ལྟ་བ་དང་གྲུབ་མཐའི་ཁྱད་པར་སྐོར་དང་། ཤེས་རབ་ལ་བརྟེན་ནས་བདེན་པ་འཚོལ་བའི་རིག་པ་དེ་གྲོལ་བའི་རིག་པ་དང་། དེ་ཉིད་རྒྱུད་ཐོག་ཏུ་སྦྱར་བ་དེ་ཀུན་སྤྱོད་ཀྱི་རྣམ་གཞག་ཡིན་པས་དེ་ལ་སྡུད་པའི་རིག་པ་ཞེས་པ་ལྟ་བུའི་ཐ་སྙད་སྦྱར་ན་འགྲིག་མིན་གྱི་སྐོར་དོགས་སློང་དང་བཅས་ཏེ་གླེང་།
༤ དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས། དེང་དུས་དང་མཐུན་པའི་ནང་ཆོས་སློབ་ཁྲིད་བྱེད་ཐབས་ལས་འཕྲོས་ཏེ། དེང་དུས་དང་མཐུན་པ་ཞེས་པ་དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་དགོས་པ་དེ་གལ་ཆེ་བ་ཞིག་རེད། དེ་བཞིན་དུ་༸གོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞེས་པ་དེ་ཆོས་ལ་བསྒྱུར་བཅོས་ཀྱི་ཆེད་གསུངས་པ་མ་རེད་ཅེས་དང་། གཙོ་དོན་མིའི་བསམ་བློའི་དགོས་མཁོ་དང་མཐུན་པར་འགྲེལ་བརྗོད་བྱེད་དགོས་པ་དང་། གཞན་དོན་ཆེད་བློས་གཏོང་གི་བསམ་བློ་ཞིག་ཡོད་དགོས་པ་དེ་ངེས་པར་གལ་ཆེ་བ། བརྡ་འཕྲིན་གྱི་བརྒྱུད་ལམ་དེ་བེད་སྤྱོད་བྱེད་གལ་ཆེ་བ་བཅས་གླེང་།
གསུམ། བརྡ་སྤྲོད་བགྲོ་གླེང།
༡ བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་སློབ་དཔོན་ན་ག་སངས་རྒྱས་བསྟན་དར་མཆོག་གིས། བརྡ་སྤྲོད་རིག་པའི་དཀའ་གནད་ཀྱི་བརྗོད་གཞི་ལས་འཕྲོས་ཏེ། བརྡ་སྤྲོད་དང་སྐད་ཡིག་གཉིས་ཕུང་པོ་གཅིག་ཏུ་ངོས་འཛིན་བྱེད་དགོས་པ་དང་། བོད་ལ་བརྡ་སྤྲོད་རིག་པ་བཤད་པའི་སྐབས་སུ་ཆ་མ་ཚང་བ་ཡོད་ནའང་། ལག་ལེན་གྱི་ཐོག་ལ་དཀའ་ངལ་མེད་པ། དེང་སང་བོད་ཀྱི་གཞོན་སྐྱེས་ཚོའི་ནང་སྐད་ཡིག་གཞན་པའི་འགྲོ་སྟངས་ཀྱི་བསམ་བློ་གཏོང་ཕྱོགས་ཀྱི་དབང་གིས་བོད་ཀྱི་སྐད་ཡིག་གི་སྒྲོམ་གཞི་དང་གོ་རིམ་འཁྲུག་རྐྱེན་ཡོང་གི་ཡོད་པ། ཐ་སྙད་གཡར་ན་སྐྱོན་ཆ་མེད་ཀྱང་ཚིག་སྦྱོར་གྱི་གོ་རིམ་འཁྲུག་པ་དང་ཚིག་ཕྲད་གཡར་ན་གཏན་ནས་མི་འགྲིག་པ་སོགས་དང་། དགེ་རྒན་གཙོ་བོར་བྱས་པའི་ཤེས་ཡོན་པ་དག་གིས་གཏམ་བཤད་ཀྱི་སྐབས་ཙམ་མ་ཡིན་པར། དུས་རྒྱུན་དུ་ནས་སྐད་ཡིག་དང་རིག་གཞུང་དར་སྤེལ་ལ་ཤུགས་རྒྱག་དགོས་པའི་རེ་སྐུལ་ནན་ཏུ་གནང་།
༢ ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་འབྲིང་བ་འཇིགས་མེད་ལགས་ཀྱིས། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་རིན་ཐང་དང་རྒྱུན་འཛིན་གྱི་གལ་གནད་ལས་འཕྲོས་ཏེ། ཞང་ཡིག་བོད་ཡིག་མིན་པ་དང། སུམ་རྟགས་རྩ་ཚིག་ཐོན་མིས་མཛད་པ། རང་གིས་སྦྱོང་སྟངས་དང་གཞན་ལ་སློབ་སྟངས། སྲོལ་རྒྱུན་གྱི་སློབ་ཚན་དབྱེ་ཞིབ་བྱེད་ལུགས། སློབ་ཁྲིད་ཐབས་ལམ། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་དགོས་དོན་དང་རིན་ཐང། བརྡ་སྤྲོད་འཆད་ཐབས་དེ་འཛིན་གྲྭ་རིམ་པའི་གོ་རིམ་དང་མཐུན་པར་སློབ་ཁྲིད་བྱེད་སྟངས་སོགས་གཙོ་ཆེ་སློབ་ཁྲིད་ཀྱི་གནད་འགག་མང་པོ་ཞིག་རྩལ་འདོན་གྱིས་བགྲོ་གླེང་གནང་།
༣ ཝ་ན་མཐོ་སློབ་ཀྱི་དགེ་རྒན་ལྷག་པ་ཚེ་རིང་ལགས་ཀྱིས། དེང་རབས་དང་མཐུན་པའི་སྒོ་ནས་མཐོ་སློབ་ཅིག་ལ་བོད་ཀྱི་བརྡ་སྤྲོད་སློབ་ཁྲིད་བྱེད་ཐབས་ཞེས་པའི་བརྗོད་གཞི་ལས་འཕྲོས་ཏེ། དེང་དུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་སྐོར་མདོར་བསྡུས་ན། དགེ་རྒན་གཅིག་པུས་བཤད་བསྡད་པ་ཞིག་མ་ཡིན་པར། སློབ་ཕྲུག་གིས་ཆ་ཤས་མང་བ་ལེན་དགོས་པ། དེང་དུས་དང་མཐུན་པའི་དགེ་རྒན་གྱི་ཁྱད་ཆོས་དང་ལྡན་པ། བསླབ་གཞི་ལ་བྱང་ཆུབ་པ། བྱམས་བརྩེ་དང་བཟོད་བསྲན་ཆེ་བ་དང་། དོ་སྣང་མི་བྱེད་པའི་སློབ་ཕྲུག་ལ་གཙོ་བོར་ཕྱོགས་པ། སློབ་གྲྭའི་ར་བའི་ནང་དུ་རང་དབང་ཡོད་ལ་སྒྲིག་འཛུགས་ཡོད་པ་གལ་ཆེ་བ། དགེ་རྒན་ནི་སློབ་ཕྲུག་གི་གྲོགས་པོ་དང། ལམ་སྟོན་པ། མགོན་སྐྱབས་གསུམ་གར་འགྱུར་བ་ཞིག་དགོས་པ། སློབ་ཚན་ལ་མཚོན་ན། སྤྱིར་བཏང་གི་སློབ་ཚན་བསྒྲིགས་པ་དང་དམིགས་བསལ་གྱི་སློབ་ཚན་བསྒྲིགས་པ། དམིགས་བསལ་གྱི་རིག་ཚན་ཞིག་གི་སློབ་ཚན་བསྒྲིགས་ཕྱོགས་དེ་གང་ལེགས་པ་དེ་ལེན་པ་ལས་དེབ་གཅིག་ཧྲིལ་གྱིས་ལེན་པའི་སྲོལ་དུ་མ་ཡིན་པ། འཁྲིད་སྟངས་དེ་ཡང། ཆེ་ས་ནས་ཆུང་སར་འཁྲིད་པ། མངོན་སུམ་ནས་ལྐོག་གྱུར་ཏུ་འཁྲིད་པ། རགས་ས་ནས་ཕྲ་སར་འཁྲིད་པ། ཉམས་མྱོང་ནས་རིག་པར་འཁྲིད་པ། ཤེས་སླ་ཞིང་བརྗེད་དཀའ་བ་ཞིག་འཁྲིད་ཐབས་གལ་ཆེ་བ་བཅས་གསལ་འདོན་གནང།
༤ ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། བརྡ་སྤྲོད་རིག་པའི་གལ་གནད་སྐོར་ལས་འཕྲོས་ཏེ། བོད་ལ་སྒྲའི་བསྟན་བཅོས་བརྒྱད་ཡོད་མེད། གཞུང་ལུགས་ལ་གཞུང་ལུགས་ཀྱི་ཐོག་ནས་བལྟ་མི་དགོས་པར་ལག་ལེན་གྱི་ཐོག་ནས་སྐད་ཀྱི་རྣམ་གཞག་སྟོན་པའི་གཞུང་ལུགས་ལ་བལྟ་དགོས་པ། སུམ་ཅུ་པ་ནས་མཚམས་སྦྱོར་གྱི་རྣམ་གཞག་དང་རྟགས་འཇུག་ནས་ལས་ཚིག་གི་རྣམ་གཞག་བསྟན་པ་སོགས་ཀྱི་སྐོར་དང་། གཞན་ཡང་། རྗེས་འཇུག་གི་ཡི་གེ་ནི་མིང་སྒྲུབ་བྱེད་དང་མིང་ཚིག་སྒྲུབ་བྱེད་ཀྱི་ལས་ཀ་ཆ་ཚང་བྱེད་མཁན་ཡིན་པ་སོགས་བོད་ཀྱི་བརྡ་སྤྲོད་རྣམ་གཞག་དང་ལེགས་སྦྱར་གྱི་བརྡ་སྤྲོད་རྣམ་གཞག་བསྡུར་ཏེ་གླེང་།
༥ སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས། བོད་ཀྱི་བརྡ་སྤྲོད་རིག་པར་སྣོན་འཕྲི་གང་ཞིག་དགོས་མིན་སྐོར་ལས་འཕྲོས་ཏེ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ལག་ལེན་བར་གྱི་འགལ་འདུ་ལས་བྱུང་བའི་གནད་དོན་འགའ་ཞིག་ལ་ལྟ་སྟངས་དང་། གཞུང་ལུགས་དང་ལག་ལེན་གྱི་བར་ཁྱད། མཁས་པ་དག་གི་བཀའ་འབུམ་ལྟ་བུར་ད་ལྟའི་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་རང་ཉིད་ཀྱི་ཤེས་ཚད་ཀྱི་ཐོག་ནས་ཞུས་དག་བྱས་ན་དག་མ་དག་པར་བཟོ་བ་དང། མཁས་པའི་གཞུང་རྩོམ་ནང་ཁ་མི་མཐུན་པར་བྱེད་པའི་ཉེན་ཁ་ཡོང་སྲིད་པ། ཐ་སྙད་གསར་བཟོ་དགོས་པའི་དབང་དུ་བྱས་ནའང། ངེས་པར་དུ། སྔོན་གྱི་ཚེ་ན་ཡོད་མེད་བསྔོགས་པ་དང་། མེད་ན་གསར་དུ་སྦྱོར་བ། ཅི་སྟེ་གཞན་སྐད་ནས་གཡར་དགོས་བྱུང་ན་གཡོར་བ་བཅས་ཀྱི་ལམ་ནས་ཐ་སྙད་གཏན་འབེབས་བྱེད་དགོས་པ། ཕལ་སྐད་དང་ཡིག་སྐད་བར་གྱི་བར་ཐག་ཆེ་བ། ཕལ་སྐད་མ་གཏོགས་ཡིག་སྐད་ཀྱིས་མཚོན་མི་ཐུབ་པའི་གནས་ཚུལ་ཡོད་པ། རྗེ་རིན་པོ་ཆེ་དང་མཁས་གྲུབ་དང་རྒྱལ་ཚབ་དག་གིས་ད་དྲག་གི་ཐོབ་ཐང་སྦྱོར་ལུགས་མི་འདྲ་བས་གཅིག་གྱུར་བྱེད་དཀའ་བ། སྒྲ་མཐུན་དང་བརྗོད་བདེ་རྟགས་མཚུངས་གསུམ་གྱི་ཁྱད་པར། སི་ཏུས་བརྗོད་བདེ་དང་རྟགས་མཚུངས་གཉིས་ཀ་སྒྲ་མཐུན་གྱི་ཁོངས་སུ་བགྲངས་ཚུལ། ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་སོགས་ཀྱི་པ་བའི་སྦྱོར་ཚུལ་དེ་རྗེ་རིན་པོ་ཆེའི་ལུགས་ཀྱི་པ་བའི་ཐོབ་ཐང་གི་འགྲོ་སྟངས་ལྟར་སྦྱར་བ་དང། རྗེ་རིན་པོ་ཆེའི་པ་བའི་ཐོབ་ཐང་གི་སྦྱོར་ཚུལ་ནི་དབུས་གཙང་གི་མཁས་པའི་མདུན་ནས་སྦྱང་བ་དང་ཁོང་གི་ཡིག་མཁན་དག་ནི་གཙང་པ་ཡིན་པ། འགྲོ་ལུགས་དེ་ཉིད་རྩ་བ་མཁན་པོའི་འགྲོས་དང་མཐུན་མིན་སོགས་ལ་དཔྱད་ཞིབ་གལ་ཆེན་པོ་ཡིན་པ་སོགས་ཞིབ་རྒྱས་གླེང་།
བཞི། རྩོམ་རིག་བགྲོ་གླེང།
༡ ཝ་ན་མཐོ་སློབ་ཀྱི་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། རྩོམ་རིག་གི་གོ་དོན་ཐད་ཤར་ནུབ་མཁས་པའི་འདོད་ཚུལ་ལས་འཕྲོས་ཏེ། རང་རེ་བོད་ལ་མཚོན་ན། རྩོམ་རིག་ཅེས་པའི་ཐ་སྙད་འདི་རྒྱ་ཁབ་ཏུ་བེད་སྤྱོད་དེ་ལྔ་བཅུ་ང་དགུའི་རྗེས་ནས་ཡིན་ཚུལ་དང་། དབྱིན་ཇིའི་སྐད་ཀྱི་ཐོག་ནས་བཤད་ན་རྩོམ་རིག་དང་སྙན་ངག་ལ་ཁྱད་པར་ཡོད་པ་དང། དེ་ཡང་གཙོ་བོ་རྩོམ་ལུས་ཀྱི་ཐོག་ནས་ཁྱད་པར་ཡོང་གི་ཡོད་པ་སོགས་རྩོམ་རིག་ཅེས་པའི་གོ་དོན་ཐད་བཞེད་ལུགས་སྣ་ཚོགས་ཡོད་པའི་སྐོར་གླེང།
༢ ནོར་གླིང་ཉམས་ཞིབ་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས། སྙན་ངག་གསར་པའི་སྐོར་ལས་འཕྲོས་ཏེ། སྙན་ངག་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་སྤྱི་ཚོགས་ཁོར་ཡུག་ཚད་ལྡན་མེད་པས་ཡིན་པ་དང་། རྩོམ་ཡིག་སྤེལ་སའི་སྡིངས་ཆ་མེད་པ། སྙན་ངག་འབྲི་མཁན་དག་ལ་མུ་མཐུད་སྙན་ངག་འབྲི་བའི་སྤོབས་པ་མེད་པས་རྒྱུན་མཐུད་མ་ཐུབ་པ། ཁ་གྲངས་དང་སྤུས་ཚད་དོ་མ་སྙོམས་པ། རྩོམ་སྒྲིག་པ་རེ་ཤས་ནས་སྙན་ངག་རྩོམ་རིག་ལ་བཅད་གཏུབས་ཚད་ལས་བརྒལ་བ་བྱེད་པའི་དཀའ་ངལ་སོགས་དང་། གཞན་ཡང་། འཛམ་གླིང་འདིར་རྩོམ་རིག་སྨྲ་བ་ཚོས་སྙན་ངག་ལ་མཚན་ཉིད་བརྒྱ་ཕྲག་བརྒལ་བ་བཞག་ཡོད་པ་དེ་སྙན་ངག་གི་རིན་ཐང་དང་འབྲེལ་བ་ཡོད་པ། སྙན་ངག་ལ་བརྟེན་ནས་དགྲ་ཤ་ལེན་པའི་ནུས་པ་དང། སེམས་ཁམས་དང་འཕྲོད་བསྟེན་ཐོག་གི་ནུས་པ་དང་རིན་ཐང། བརྩེ་དུང་ཤུགས་ཆེན་པོ་མཚོན་པའི་ནུས་པ་དང། འཚོ་བ་དང་ཞིང་ཕྱུགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་རིན་ཐང། རིག་གནས་ཐམས་ཅད་སྙན་ངག་དང་འབྲེལ་བ་དང། མིའི་བསམ་བློ་དང་དེ་མཚོན་པའི་སྐད་ཆ་ལ་འཛད་མཐའ་མེད་པ་བཞིན་དུ་སྙན་ངག་ལ་འཛད་མཐའ་མེད་པ། སྙན་ངག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དཀའ་ངལ་ལ་ཐད་ཀར་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་སོགས་སྙན་ངག་གི་རིན་ཐང་སྐོར་དང་། སྙན་ངག་གི་མཚོན་དོན་སོགས་གླེང་།
༣ ཝར་ན་མཐོ་སློབ་ཀྱི་དགེ་རྒན་བློ་བཟང་ནོར་བུ་མཆོག་གིས། སྡེབ་སྦྱོར་རིག་པ་དང་སྙན་ངག་གི་འབྲེལ་བ་ལས་འཕྲོས་ཏེ། ལེགས་སྦྱར་སྐད་ཀྱི་དབང་དུ་བྱས་ཏེ། ཡི་གེའི་ལྕི་ཡང་བསྒྲིག་པའི་སྙན་ཆ་དང། ངལ་གསོའི་སྡོད་མཚམས་སོགས་བོད་སྐད་དུ་ཡང་ལག་ལེན་དུ་འགེལ་འོས་ཚུལ་དུང་དཀར་གྱི་ཚིགས་བཅད་རྩོམ་ཚུལ་ནས་སྦྲགས་བཤད་པ་དང་ཆབས་ཅིག བོད་སྐད་ལའང་ལེགས་སྦྱར་བཞིན་གྱི་སྡེབ་སྦྱོར་ཡོད་པ། འགྲོ་ལྡན་འཐེང་པོ་ཞེས་ཚིགས་བཅད་རྐང་པ་དོ་མི་སྙོམས་པའི་རྩོམ་སྟངས་ཡོད་པ། སྡེབ་སྦྱོར་བྱེད་ཚུལ་རྒྱ་གར་དང་འདྲ་བ་བོད་ཀྱི་གནའ་བོའི་རྩོམ་གྱི་ནང་དུ་ཡོད་པ། གླུ་ཐལ་སྦྱར་མའི་སྙན་ཚིག་བོད་བསྒྱུར་མ་དེར་སྡེབ་སྦྱོར་ཉམས་པའི་སྐྱོན་ཡོད་ཚུལ། སྡེབ་སྦྱོར་གྱི་ཁྱད་ཆོས་གཙོ་བོ་ནི། རང་གིས་བརྗོད་བདེ་ཞིང་གཞན་གྱི་རྣར་སྙན་པ་ཞིག་ལ་གོ་བ། རྩོམ་རྩལ་གྱི་ལེགས་ཉེས་དེ་ཚིགས་བཅད་ཀྱི་སྟེང་ནས་བཤད་མི་ཐུབ་པར་ལྷུག་རྩོམ་གྱི་ཐོག་ནས་བལྟ་དགོས་པའི་བཤད་སྲོལ་ཞིག་རྒྱ་གར་མཁས་པའི་ནང་དུ་ཡོད་པ་སོགས་ཞིབ་གླེང་གནང།
༤ ནོར་གླིང་མཛད་རྣམ་རྩོམ་སྒྲིག་པ་ཨ་ཚོགས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས། སྲོལ་རྒྱུན་རྩོམ་རིག་གི་རིན་ཐང་དང་རྒྱུན་འཛིན་བྱེད་ཐབས་ལས་འཕྲོས་ཏེ། རྩོམ་རིག་གིས། ལོ་རྒྱུས་ཀྱི་ཆ། དངོས་ཡོད་འཚོ་བའི་ཆ། ཚོར་འདུའི་ཆ་གསུམ་མཚོན་དགོས་པ། གཞན་ཡང། རྩོམ་རིག་གི་ཁྱབ་ཚད་ཀྱི་རང་བཞིན། བཀོལ་སྤྱོད་རང་བཞིན། ཕན་ནུས་རང་བཞིན། འགན་ལེན་གྱི་རང་བཞིན། གཅིག་གྱུར་རང་བཞིན་དང་། རྩོམ་ཡིག་གང་ཞིག་གི་ལེགས་ཉེས་དང་སྒྱུ་རྩལ་གྱི་ཆ་ལ་དཔྱད་པ་བྱེད་པ་སོགས་བརྒྱུད་ནས་རྩོམ་རིག་དར་སྤེལ་དགོས་པ་སོགས་གླེང་།
༥ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་དང་རྩོམ་སྒྲིག་པ་ཆུང་ཚེ་རིང་ལགས་ཀྱིས། བཙན་བྱོལ་ནང་གི་བརྩམས་སྒྲུང་གི་གནས་བབ་དང་ཡར་རྒྱས་གཏོང་ཕྱོགས་ལས་འཕྲོས་ཏེ། བཙན་བྱོལ་ནང་གི་བརྩམས་སྒྲུང་གི་འཕེལ་རིམ་དེ་རིམ་པ་གསུམ་གྱིས་གྲུབ་ཡོད་ནའང། དེ་ཚོའི་བར་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྨང་གཞི་བྱས་པ་སོགས་ཀྱི་འབྲེལ་བ་ཡེ་མེད་པར་ཡོད་པ་དང། དེ་ཡང་། བོད་མིའི་རང་དབང་གསར་ཤོག་ནས་མགོ་བཙུགས་པའི་ད་ལྟའི་དུས་དེབ་ཁག་བར་གྱི་བརྩམས་སྒྲུང་དག་ནི། ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༨༠ དང་། ཕྱི་ལོ་ ༡༩༨༠ ནས་ཕྱི་ལོ་ ༡༩༩༠ བར། ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༢༠༠༩ བར་གྱི་རྩོམ་རིག་སྤྱི་དང་བརྩམས་སྒྲུང་གི་འཕེལ་རིམ་ནང། གྲངས་འབོར་ཅི་བྱུང་དང་། དགེ་སྐྱོན་ཅི་མཆིས་སོགས་ཞིབ་གླེང་དང་། ལོ་རབས་དགུ་བཅུ་པ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་བ་བཅས་འཕེལ་རིམ་གྱི་སྐོར་དང་། སྒྲུང་གི་ངོས་འཛིན་དང་། འབྲི་ཐབས། བསམ་བློའི་བཀོད་སྒྲིག་སོགས་ལས་འཕྲོས་ཏེ། སྒྲུང་རྩོམ་འབྲི་སྟངས་ཀྱི་སྐོར་དང་། དེའི་དཀའ་ངལ་གྱི་སྐོར་སོགས་ཕྱོགས་མང་པོ་ནས་གླེང་།
བཞི། སློབ་ཚན་བགྲོ་གླེང།
ཆེས་མཐོའི་རིག་གནས་རབ་འབྱམས་པའམ། ཡོངས་གྲགས་ཞིབ་འཇུག་སློབ་མའི་སློབ་ཚན་གྱི་སྐོར་ལ། བརྡ་སྤྲོད། རྩོམ་རིག། ལོ་རྒྱུས་བཅས་སློབ་གཞི་གསུམ་གྱི་སྟེང་བགྲོ་གླེང་གནང་ཞིང་། འདི་ནི་མ་འོངས་པར་གསར་འཛུགས་ཞུ་འཆར་གྱི་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གཏན་འབེབས་ཀྱི་གཞི་སྒྲོམ་འཚོལ་བ་ལ་ཞུགས་པའི་བགྲོ་གླེང་དམིགས་བསལ་བ་ཞིག་ཆགས་ཡོད། ས་རཱ་མཐོ་སློབ་ཀྱི་ངོས་ནས་ངོ་སྤྲོད་གནང་དོན་ལྟར་ན། ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་ནི། བོད་ཀྱི་བརྡ་སྤྲོད་རིག་པ་དང་རྩོམ་རིག་གཉིས་གཙོ་བོར་བྱས་པའི་སྐད་ཡིག་གི་སློབ་ཚན་དེ་ཤུགས་ཆེན་པོར་བཞག་ཡོད་སྟབས། མ་འོངས་པར་གསར་འཛུགས་བྱ་འཆར་གྱི་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གྱི་གཞི་རྩ་ཡང་འདིའི་སྟེང་ནས་འཛུགས་དགོས་པ་དང། གཞི་རྩ་དེའི་སྟེང་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གཏན་འཁེལ་དགོས་པར་མཐོང་གི་ཡོད་ཚུལ་དང་བཅས་ཏེ། འབྲེལ་ཡོད་མཁས་པ་རྣམས་ཀྱིས་དགོངས་འཆར་དང་བགྲོ་གླེང་ལྷུག་པོ་གནང་སྐྱོང་ཡོང་བའི་རེ་འདུན་བཏོན་པ་གཞིར་བཞག་གིས་བགྲོ་གླེང་འཁྲུག་ཆ་དོད་པོ་གནང་བའི་སྙིང་དོན་དག་ཚུར་བསྡུས་ན། ཆེས་མཐོའི་རིག་གནས་རབ་འབྱམས་པ་བསྐྱེད་བསྲིང་བྱེད་པའི་དམིགས་ཕྱོགས་གསལ་པོ་དགོས་པ། སུམ་རྟགས་བསྐྱར་སྦྱོང་ལྟ་བུ་མ་ཡིན་པར་ཚད་མཐོ་བའི་གནས་ཚད་ཞིག་ཏུ་ཕྱོགས་དགོས་པ། ནང་དོན་དང་རྣམ་པ་གཉིས་ཐད་ནས་ཁ་ཕྱོགས་གསར་པ་ཞིག་ཏུ་ཕེབས་དགོས་པ། ས་རཱའི་སློབ་ཚན་ཁག་གི་གནས་ཚད་དང་མཐུན་པའི་སློབ་མའི་ཤེས་ཚད་ཡར་རྒྱས་ཡོང་གི་ཡོད་མེད། སྤྱི་ཚོགས་ཀྱི་དཀའ་ངལ་གཞི་ལ་བཞག་པའི་ཞིབ་འཇུག་སློབ་མའི་སློབ་གཞི་གཏན་འཁེལ་བྱེད་དགོས་པ། སྔ་མའི་སློབ་ཚན་ལ་བསྐྱར་ཞིབ་ཀྱིས་དེ་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གོ་སྒྲིག་དང་དཔྱད་གླེང་བྱེད་དགོས་པ། ས་རཱའི་སློབ་ཚན་དང་སློབ་མའི་ཤེས་ཚད་བར་གྱི་དཀའ་ངལ་ངོས་འཛིན། ད་ཡོད་སློབ་མའི་ཤེས་ཚད་དང་གསར་ཞུགས་སློབ་མའི་ཤེས་ཚད་བཅས་ལ་བལྟས་ནས། ད་ལྟ་དང་མ་འོངས་པའི་སློབ་གཞི་གཏན་འཁེལ་དགོས་པ་བཅས་སྤྱི་བབ་ཀྱི་བསམ་ཚུལ་རིགས་གཅིག་དང་། དེ་ནས་སློབ་ཚན་དངོས་གཞིར་བགྲོ་གླེང་སྐབས། དགེ་རྒན་གྱི་ཕྱག་ལས་རྒྱུན་རིང་གནང་མྱོང་མཁན་ཚོས། ང་ཚོའི་འཛིན་རིམ་བཅུ་གཉིས་པའི་ཤེས་ཚད་འདི་སྤྱི་ཡོངས་འཛིན་རིམ་བཅུ་གཉིས་པའི་ཤེས་ཚད་ལས་སྐྱོ་བ་དང་། དེ་ལས་ཀྱང་སྐད་ཡིག་གཉིས་པ་དེ་སྐད་ཡིག་དང་པོར་བཞག་ནས་འཁྲིད་སླེབས་པའི་གནས་ཚད་དེ་ཡང་སྐྱོ་བོ་ཡིན་པའི་དཀའ་ངལ་དང་། དེ་འབྲེལ་མཐོ་རིམ་ནས་མཐོ་རིམ་དུ་བསྐྱོད་སྐབས་ཀྱང་ལག་འཁྱེར་དེ་ཡར་སོང་བ་ལས། ཤེས་ཚད་དེ་ཡར་མ་སོང་བ་སོགས་ལ་གདོང་ལེན་བྱེད་སྟངས་སོགས་དངོས་ཡོད་ཀྱི་དཀའ་ངལ་ཁག་ཅིག་གླེང་སློང་བཅས་ཚོགས་ཐུན་གཅིག་རིང་སྤྱི་ཡོངས་ཀྱི་གནས་སྟངས་གླེང་བསྡུར་གནང་བའི་མཇུག་ཏུ། སློབ་ཚན་དངོས་གཞིའི་སྟེང་བགྲོ་གླེང་སྐབས། སློབ་ཚན་རེ་རེ་བའི་འབབ་སྟེགས་འཚོལ་རིམ་ནང་དགོངས་ཚུལ་དང་བསམ་ཚུལ་སྣ་ཚོགས་ཤིག་སླེབས་ཤིང། མཐའ་མ་དེར། སློབ་ཚན་རེ་རེ་བར་ཚོགས་ཐེངས་རེ་རེ་བའི་དུས་བཅད་ཀྱིས་བགྲོ་གླེང་གི་བརྒྱུད་རིམ་ནང། སློབ་དེབ་འཚོལ་བའི་རིམ་པ་ལ་དཀའ་ངལ་འཕྲད་གཞི་གཅིག་ནི། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་དེབ་དངོས་གཞི་དང་། ཟུར་ལྟའི་སློབ་དེབ་ནང་། ད་ཡོད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གྲགས་ཅན་ཁག་དང་། སུམ་རྟགས་ཀྱི་གཞུང་འགྲེལ་གྲགས་ཆེན་ཁག། དེ་བཞིན་སྙན་ངག་གི་འགྲེལ་བ་གྲགས་ཅན་ཁག གཞན་ཡང་། དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་ཁག་ལས་བསྡུས་པའི་དེབ་གཞི་སྣ་ཚོགས་ཡོད་པ་དག་བཅས་མ་འདུས་པ་མེད་པ་ལྟ་བུར་ཡོད་པ་དེས། ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་ལ་དེབ་གཞི་ཞིག་དམིགས་འདོན་བྱེད་པར་དཀའ་ངལ་འཕྲད་པའི་རྣམ་པ་མངོན་ཡོད་ཅིང། མཐའ་མ་དེར། དགེ་འདུན་རབ་གསལ་ལགས་ནས་བརྩམས་བསྒྲིགས་《རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང》དང་། ལྷག་པ་ཆོས་འཕེལ་ལགས་ནས་བརྩམས་པ《རྩོམ་རིག་གི་རྩོམ་ལུས་རྣམ་གཞག》གཉིས་ཀྱིས་མཚོན་པའི་རྩོམ་རིག་དཔེ་དེབ་ཁག་ཅིག་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པ་《དེབ་ཐེར་དཀར་པོ》དང་། ཀ་ཐོག་ཚེ་དབང་རིག་འཛིན་གྱིས་བརྩམས་པ《བོད་བཙན་པོའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས》 《ལ་དྭགས་རྒྱལ་རབས》 《གུང་ཐང་ལོ་རྒྱུས》སོགས་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་སྐོར་ཞིག ཚེ་ཏན་ཞབས་དྲུང་གིས་བརྩམས་པ《དག་ཡིག་ཐོན་མིའི་དགོངས་རྒྱན》དང་། འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་གྱིས་བརྩམས་པ《བརྡ་སྤྲོད་འགྲེལ་བ་ཉི་ཟླ་ཟུང་འཇུག》སོགས་བརྡ་སྤྲོད་སྐོར་གྱི་དེབ་གཞི་ཁག་ཅིག་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་གཞིར་འོས་པའི་མཚམས་སྦྱོར་ཞུ་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་ངོ་སྤྲོད་ཉིང་བསྡུས་སུ།
བོད་ཀྱི་དུས་བབ་གསར་ཁང་གིས།
ཝར་ནའི་དགེ་རྒན་དེའི་མིང་ལ་ལྷག་པ་ཚེ་རིང་ཟེར། བཀྲ་ཤིས་ཚེ་རིང་ཕལ་ཆེར་མ་རེད།
ངས་གོ་ཚོད་ལ་ཐེངས་འདི་བགྲོ་གླེང་སྟེང་རྒྱལ་པོ་གླང་དར་གསོད་མཁན་དེ་ལྷ་ལུང་དཔལ་རྡོ་མིན་ཚུལ་དང་། དར་མ་གསོད་མཁན་ནི་སྐབས་དེ་དུས་བོད་ཀྱི་བློན་པོ་ཞིག་ཡིན་པའི་ཁུངས་སྐྱེལ་ལ་ཏུན་ཧོང་ཡིག་རྙིང་དང་། རྒྱ་ནག་ཐང་རྒྱལ་རབས་ཀྱི་ལུང་འདྲེལ་གསལ་བོ་གསུང་ཚུལ་ཞིག་ཤོད་འདུག་པས་དེ་སྐོར་ཞིག་ཤེས་མཁན་འདྲ་ཡོད་ན་གཅིག་གསུང་རོགས།
དྲ་གྲོགས་ཁ་རུ་ཐ་ཐུག་ལགས།
ལྷག་པ་ཚེ་རིང་བརྡ་སྤྲོད་དགེ་རྒན་རེད། བཀྲ་ཤིས་ཚེ་རིང་རྩོམ་རིག་དགེ་རྒན་རེད། ལྷག་ཚེ་གྲྭ་པ་དང་། བཀྲ་ཚེ་མི་ནག་རེད། དེས་ན་འདི་གཉིས་ཐད་དད་དོ།། གོང་གསལ་འདྲ་དཔར་གྱི་མདུན་གྲལ་མཐར་ཟུར་ན། མི་ནག་ཅིག་ཡོད་པ་དེ་བཀྲ་ཚེ་རེད། གྲྭ་པ་ཞིག་ཡོད་པ་དེ་ལྷག་ཚེ་རེད།
ང་ཚོ་བོད་ལ་སྐྱ་སེར་ཞེས་པའི་ཐ་སྙད་ཅིག་ཡོད། འདིའི་དོན་ནི་སྐྱ་ཟེར་བ་དེ་མི་སྐྱ་ལ་གོ་བ་དང་། སེར་ཟེར་ན་སེར་མོ་བ་སྟེ་གྲྭ་བ་ཨ་ཁུ་ཚོར་གོ་བ་རེད། དེ་བས་གོང་གི་དྲ་གྲོགས་ལགས་ཀྱི་སྐྱ་བོ་ལ་མི་ནག་ཞེས་བྲིས་འདུག་ན། འདི་མི་སྐྱ་ཟེར་ན་ཡག་གི་རེད། བསམ་ཚུལ་ཆུང་ཆུང་ཞིག་ཕུལ་བ་ཡིན། ཁྱེད་ཀྱི་ཚིག་ལ་དག་ཕུད་སོང་དགོངས་ནས་ཐུགས་རྒྱལ་མི་བཞེངས་པར་ཞུ།
སྔོན་གྱི་བཀའ་གདམས་པ་སྐོར་ཞིག་གིས་མི་ནག་པའི་ཁྱིམ་དུ་མི་འགྲོ་བའི་དམ་བཅའ་ཡོད་པ་དང་། ཇོ་བོ་ཞིག་ཀྱང་མི་ཀླེན་པ་ཞིག་གིས་རང་ཡུལ་དུ་གདན་འདྲེན་ཞུས་ནས་ཁོའི་ཁྱིམ་དང་ཐག་ཉེ་ས་ཞིག་ཏུ་བསླེབས་རྗེས་མི་ནག་པའི་ཁྱིམ་དུ་མི་འགྲོ་ཞེས་ཆུ་ནང་ཞིག་ལ་ཐིམ་པའི་ལོ་རྒྱུས་ཡོད་པས། མི་སྐྱ་དང་མི་ནག་གཉིས་ཀ་རབ་བྱུང་མིན་པའི་མིའི་རིགས་ལ་གོ་མཉམ་ཡིན་པ་འདྲ། ད་དུང་སྔགས་པའི་དགོན་པ་ལ་ནག་སྒར་ཞེས་འབོད་སྲོལ་ཞིག་ཀྱང་འདུག དེ་ནི་སྔགས་པ་ཚོར་ནག་མོའམ་ཆུང་མ་ཡོད་པས་ཡིན་པ་འདྲ།
ཨ་ར། དེ་ཚོ་ལྡོག་ཕྱོགས་ནས་བཤད་ཀོ་ནི་ཆེད་ཡིན་རེ། མ་གཞི་ནས་བོད་ཀྱི་གྲུབ་ཐོབ་དང་མཁས་པ་སྔ་མ་ཁོང་ཚོ་འདི་བུའི་ལྡོག་བཤད་གནང་རྒྱུ་དགའ་བ་མ་ཡིན་ནམ། ཨ་ལ་ཀུ་རེ་ཡིན། སྔ་མོའི་གནའ་གཏམ་བཤད་ན་ཁྱོད་དོ་ནི་མ་རེད། ཡིན་རྒྱུ་རེད། ངས་རང་ང་དེང་སང་གི་བཤད་སྟངས་གཞི་ལ་བཞག་ནས་བཤད་བསྡད་ཡོད།
གཅིག་བྱས་ན་ཨ་མདོའི་ཕྱོགས་ནས་མི་ནག་དང་ཁམས་དང་དབུས་ཕྱོགས་ནས་མི་སྐྱ་ཟེར་གིན་ཡོད་ན་ཡང་ཐང་།
ཝེ་འུ་ཚོ་ཕ་ཡུལ་ནས་གྲྭ་བ་དང་གྲོང་བ་མི་ཟེར་ནས་བོ། གྲོང་བ་འདི་ཚོར་ཅིག་གི་བཤད་ཅིག་ཡོད་ཀི་ཞེས་མི་སྡིགས་ནས།
ངས་ཁྱོད་ལ་དགོད་གཏམ་ཞིག་བཤད།
ངའི་ཕ་ཡུལ་དུ་ཨ་ཁུ་བཟང་པོ་ཟེར་བ་ཞིག་གིས་ཉིན་ཞིག་པན་ཞི་(མོག་ཐུག)སྐོལ་བ་རེད། ཏག་ཏག་ཁོའི་ནུ་བོ་སླེབས་པ་རེད། ཁོས་ཟེར་ན། གྲོང་བ་མ་བ་ཚོར་པ་ཞ་པན་ཞི་ཙོ་དགོས་ནི་མ་རེད། མ་ར་ཁུབ་འཐུང་ཞེས་བཤད་པ་རེད། འདི་དེང་སང་ཁ་དཔེ་འདྲ་ཞིག་ཆགས་བསྡད་འདུག གཅན་ཚ་ནས་གྲོང་བ་ཟེར་ནི་རེད། མང་ར་ནས་ར་གྲོང་བ་ཟེར་ར་མོ། གཅན་ཚ་དང་མང་ར་ཐག་རིང་ཞིག་མ་རེད། ཡུམ། ང་ལོ་དགུའི་སྟེང་ནས་ས་མང་ར་ཙོ་གཡས་བསྐོར་གཡོན་བསྐོར་བྱས་མྱོང་བ་ཡ།
མང་རའི་རོང་བ་ཚོའི་མང་ཆེ་ས་ལྰ་མོ་ཚང་གིས་ས་འཛིན་ཕྱིར་གཅན་ཚ་ནས་གནས་སྤོར་བྱས་པ་རེད། འདི་ནི་༧རྗེ་བླ་མ་ཆོས་ཀྱི་རྒྱལ་པོ་ལྰ་མོའི་ཡོངས་འཛིན་ཚང་གིས་མཛད་པའི་ལྰ་མོ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་ཡེ་ཤེས་བཟང་པོས་བྲིས་པའི་མང་རའི་ལོ་རྒྱུས་སོགས་སུ་གསལ་གི
འདིའི་སྐོར་ནས་མང་ར་ལོ་བའི་གསར་བུ་ཞིག་དང་ངེད་གཉིས་བརྩད་ཤོར་ཏེ་གཏིང་ལ་བརྒྱབས་མྱོང་། ལོ་རྒྱུས་ཤེས་མཁན་ཞིག་ཡིན་ན་གོ་བརྡ་འཕྲོད་སླ་མོ་རེད། དེ་མིན་ཁས་ལེན་ཀ་དཀའ་མོ་རེད། གསར་བུ་དེས་ཅིག་ཅིག་མིན་ན་ངའི་ཁའི་ནང་གི་མདུན་སོ་གཉིས་ནང་ལ་བརྫངས་དང་ནོ།
ཨོ་རེད། ཚ་གན་ནོ་མོ་ཧྭན་དང་ཀོའུ་བ་ཆོས་རྒྱ་མཚོའི་སྐུ་ཕྲེང་(གང་ཡིན་ངས་མི་ཤེས)ཞིག་ཀྱང་ཐུགས་མ་མཐུན་པས་ཚ་གན་གྱིས་སོག་དམག་དྲངས་ཏེ་ཀོའུ་བ་དགོན་པ་རྩ་གཏོར་བཏང་བ་རེད་ཟེར། ཚ་གན་མོ་ནོ་ཧྭན་གྱི་ལོ་རྒྱུས་འདྲ་གང་ནས་རག་གི་རེད། འདིའི་སྐོར་ངས་ཀོའུ་བ་དགོན་པའི་ལོ་རྒྱུས་སྙིང་བསྡུས་ཤིག་བཀོད་པ་དེའི་ནང་དུ་ཡང་གླེང་ཙམ་བྱས་ཡོད།
ཁ་རི་ཁ་ཐུག་ལགས།
ཝཱཎ་ནས་བཀྲིས་ཚེ་རིང་དང་ལྷག་པ་ཚེ་རིང༌། རྒན་བློ་བཟང་ནོར་བུ་གསུམ་སོང་བ་རེད་ཟེར།
བཀྲིས་ཚེ་རིང་ཡང་དེར་ཡོད་པ་རེད།
ལྷག་པ་ཚེ་རིང་ཡོད་པ་ངས་ཀྱང་ཤེས་བྱུང་། དེར་བརྟེན་ལྷག་པ་ཚེ་རིང་རེད་ཅེས་བཤད་པ་ཡིན། བཀྲ་ཤིས་ཚེ་རིང་ཟེར་བ་ཞིག་ཡོད་པ་མ་ཤེས་པས་དགོངས་དག་ཞུ་རྒྱུ་ཡིན།
ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བདུན་པ་ཚ་གན་ཧོ་ཐོག་ཐུ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུ་ (༡༨༧༣ -༡༩༢༧) དཔལ་བཟང་བོའི་རྣམ་ཐར་བླ་བྲང་ཨ་ལགས་བླ་ཁོ་ཚང་གིས་མཛད་པ་ཞིག་དེ་སྔོན་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་ཏེ་བཙོང་གི་འདུག ད་ལྟ་ཡོད་མེད་མི་ཤེས།
ཨོ། གསལ་བཤད་བྱེད་རྒྱུ་ཞིག་ལ། ཨ་ལགས་བླ་ཁོ་ཚང་གིས་མཛད་གནང་བའི་ཚ་གན་ནོ་མོན་ཧན་གྱི་རྣམ་ཐར་ནང་ལཱ་མོ་ཞེས་བྲིས་འདུག གཞན་མདོ་སྨད་ཆོས་འབྱུང་དང་། ཡོན་ཏན་རྒྱ་མཚོས་ལ་མོ་ཞེས་བྲིས་འདུག སྦྲང་ཆར་དུས་དེབ་འགའ་རེར་ཡང་ལ་མོ་ཞེས་བྲིས་ཡོད་པ་དྲན། ཡིན་པ་སྐུ་ཕྲེང་དང་པོ་དེ་ཡུལ་དབུས་ལ་མོ་ནས་ཡིན་པས་སྐུ་ཕྲེང་རིམ་བྱོན་ལ་ལ་མོ་ཟེར་ནས་འབྲི་གི་ཡོད་པ་འདྲ། ཡུལ་དབུས་ཀྱི་ལ་མོ་བདེ་ཆེན་ལ་ལཱ་མོ་ཟེར་ནས་བྲིས་པ་ཞིག་མིག་སྟོང་སྤྲུལ་ནས་བཙལ་ཡང་རྙེད་པར་དཀའ། ལཱ་མོ་ཞེས་འབྲི་བར་ཁུངས་རེ་ཡོད་ན་དྲན་གསོ་རེམགནང་རྒྱུ་མ་བརྗེད།
འདན་ཚན་པ་དང་གཅན་བཟོད་རྒྱམ་གཉིས་ལགས་།་
བདག་གིས་ད་བར་ཏུ་ཚ་གན་ནོ་མོ་ཧན་གྱི་སྐུ་ཕྲེང་རིན་བྱོན་གྱི་རྣམ་ཐར་རྒྱས་བ་ཁ་ཚང་བ་ཤིག་བཙལ་བ་ཡིན་ཀྱང་ལག་ཏུ་་མ་བྱུང་།་བླ་ཁོ་རིན་པོ་ཆེས་མཛད་པའི་རྣམ་ཐར་དེ་གང་དུ་ཡོད་པ་རེད་།་ཨ་རིའི་བོད་ཀྱི་མཁས་བ་ཤིག་གིས་ཚ་གན་རིན་པོ་ཆེའི་སོགས་ཀྱི་རྣམ་ཐར་ལ་ཞིབ་མཇུག་བྱས་ཏེ་།་མན་ཇུ་གོང་མ་དང་བོད་ཀྱི་བླ་མ་དག་གི་འབྲེལ་བའི་སྐོར་གྱི་དཔེ་ཆ་ཤིག་འབྲི་བཞིན་ཡོད་སྐད་ཐོས་ཀྱང་།་དེ་ལ་ཡང་སྐད་ཆ་བྱ་རྒྱུ་མ་བྱུང་།་
མདའ་ཚན་པས་ཁ་གསལ་པོས་འགྲེལ་བཤད་དང་དཔེ་ཆའི་མཚན་སོགས་མཁོ་སྤྲོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
ལ་མོ་ཟེར་བ་ནི་”སྟག་རྩེ་རྫོང་ལ་མོ་བྱང་ཆུབ་ལྕོག་ཏུ་ཚངས་པ་དུང་གི་ཐོར་ཚིགས་ཅན་”སོགས་ལོ་རྒྱུས་ཡིག་ཆ་འགར་འབྱུང་གི ཡང་”ལ་མོ་ཚངས་བ་དུང་ཐོད་ཅན་ནི་རྔོག་བློ་ལྡན་ཤེས་རབ་རྒྱ་གར་ནས་བོད་དུ་ཕེབས་སྐབས་མི་མ་ཡིན་གྱི་གཙོ་བོ་ཞིག་རྗེས་སུ་འབྲངས་ཡོང་བ་དམ་ལ་བཏགས་ནས་སྲུང་མར་བསྐོར་པ་ཚངས་པ་ཞི་བ་དང་དེ་ཉིད་དྲག་པོར་ཁྲོས་པའི་རྣམ་འགྱུར་ནི་ཚངས་པ་དྲག་པོ་སྟེ་ཡོངས་གྲགས་སུ་ཆོས་སྐྱོང་བསེ་ཁྲབ་པ་ཟེར་བ་དེ་ཡིན་ཞིང་། སྲུང་མ་དེའི་རྟེན་གནས་ནི་ལྷ་སའི་ཤར་ཕྱོགས་ལ་མོར་ཡོད་པས་སྲུང་མ་དེའི་མཚན་སྟབས་བདེར་འབོད་སྐབས་ལ་མོ་ཆོས་སྐྱོང་ཟེར་ཞིང་”སོགས་ཨ་ལགས་དུང་དཀར་ཚང་གིས་གསུངས་འདུག་མོད། ལྷ་སའི་ཤར་ཕྱོགས་ལ་མོར་ཞེས་དང་སྟག་རྩེ་རྫོང་ལ་མོ་ཟེར་གཉིས་ས་གནས་ཀྱི་ཆ་ནས་གཅིག་ཡིན་མིན་མི་སེས་ཀྱང་། ཆོས་སྐྱོང་ནི་དེ་ག་རང་ཡིན་ནམ་སྙམ་པས་དཔྱོད་དང་།
ཨོ་དེ་གཉིས་གཅིག་ཡིན་རྒྱུ་རེད། སྟག་རྩེ་རྫོང་ཆགས་ས་དེར་བདེ་ཆེན་ཟེར་གི་ཡོད་པ་འདྲ། ལ་མོ་ནི་བདེ་ཆེན་གྱི་ཉེ་འཁྲིས་ཤིག་ཡིན་པ་འདྲ། ཡོན་ཏན་རྒྱ་མཚོས། ལ་མོ་སྐུ་ཕྲེང་དང་པོ་བདེ་ཆེན་དང་ཐག་ཉེ་བའི་ལ་མོར་ཚེར་གསེབ་ཏུ་འཁྲུངས་དེ་འདྲ་ཞིག་བྲིས་ཡོད་བསམ་སོང་།
གཅིག་བྱས་ན་ངས་མིག་གིས་མ་མཐོང་བ་ཡིན་རྒྱུ་རེད། “མཁས་པའི་བགྲོ་གླེང་”བྱེད་མཁན་གྱི་འདྲ་པར་འདིའི་ནང་བུད་མེད་གཅིག་ཀྱང་མེད་པ་དེ་ཅི་རེད། བཙན་བྱོལ་སྤྱི་ཚོགས་ཀྱིས་བུད་མེད་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་བྱས་པའི་རྟགས་རེད་དམ། བུད་མེད་ལ་ད་དུང་མུ་མཐུད་དུ་གཉའ་གནོན་བྱེད་ཀྱི་ཡོད་པའི་རྟགས་རེད།
གོང་གི་ཉམས་ཞིབ་པ་ཚོའི་ཁོངས་སུ། ནོར་གླིང་ཉམས་ཞིབ་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་སྙན་ངག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དཀའ་ལ་ཐད་ཀར་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་སོགས་སྙན་ངག་གི་རིན་སྐོར་དང་སྙན་ངག་གི་མཚོན་དོན་སོགས་གླེང་འདུག་ཞེས་གསར་འགྱུར་འགོད་མཁན་གྱིས་གསུངས་འདུག
དང་པོ།
སྤྱི་ཚོགས་ཀྱི་དཀའ་ངལ་ག་རེ་རེད། སྤྱི་ཚོགས་ཀྱི་དཀའ་ངལ་ལ་གདོང་ལེན་མ་བྱས་བའི་སྔོན་ལ་སྤྱི་ཚོགས་ཀྱི་དཀའ་ངལ་ངོ་འཕྲོད་དགོས་རྒྱུ་དེ་ཧ་ཅང་ནས་གལ་ཆེན་པོ་རེད་འདོད།
འོ་ན། སྤྱི་ཚོགས་ཀྱི་དཀའ་ངལ་ག་རེད་རེད་དམ། དེང་གི་དུས་སུ་སྤྱི་ཚོགས་ལ་དཀའ་ངལ་ཇི་སྙེད་ཅིག་ཡོད་པའི་ཁོངས་ནས་ དཀའ་ངལ་གཙོ་བོའི་རིགས་ནི།
༡ སྤྱི་ཚོགས་བདེ་འཇགས་ཀྱི་དཀའ་ངལ། ༢ ལས་མེད་ཀྱི་དཀའ་ངལ། ༣ ཡོང་སྒོ་དང་འགྲོ་སོང་དོ་མཉམ་པའི་དཀའ་ངལ། ༤ འཕྲོད་བསྟེན་གྱི་དཀའ་ངལ།
༥ ཡིག་རྨོངས་བའི་དཀའ་ངལ།་ ༦ དབུལ་ཕྱུག་གི་དབར་ཁྱད་ཆེ་བའི་དཀའ་ངལ་སོགས་མང་དག་ཅིག་ཡོད་པ་འདི་རེད། བོད་རིགས་ཚོས་འབྲི་བཞིན་པའི་སྙན་ངག་ཟེར་བ་འདིས་སྤྱི་ཚོགས་ཀྱི་དཀའ་ངལ་འདི་དག་ལ་གདོང་ལེན་བྱེད་ཐུབ་ཀྱི་འདུག་གམ། འདི་ལ་ཞིབ་འཇུག་ཅིག་བྱེད་རྒྱུ་འདུག་སྙམ།
གཉིས།
བོད་ནང་ལ་མཚོན་ན། རྒྱ་ནག་གི་དབང་བསྒྱུར་འོག། མི་འབོར་སྤོ་ཞུགས་ཀྱི་དཀའ་ངལ་དང་རང་བྱུང་ཁོར་ཡུག་ཉམས་རྒུད་ཀྱི་གནས་སྟངས། བོད་མི་རྣམས་ཀྱིས་དཔལ་འབྱོར་རང་ཁ་རང་གསོ་ཐུབ་མིན་གྱི་གནས་སྟངས་སོགས་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་པ་ནི་མིག་མཐོང་ལག་ཟིན་རེད། སྙན་ངག་གིས་དཀའ་ངལ་འདི་དག་ལ་གདོང་ལེན་བྱེད་ཐུབ་ཀྱི་འདུག་གམ།
གསུམ།
འཛམ་གླིང་སྤྱི་ཡོངས་ལ་མཚོན་ན། དེ་རིང་སང་ཉིད་ཁ་གཏད་སའི་དཀའ་ངལ་ཆེ་ཁག་དག་ནི། ཁོར་ཡུག་ཉམས་རྒུད་ཀྱི་དཀའ་ངལ་དང་དཔལ་འབྱོར་དོ་མ་མཉམ་པའི་དཀའ་ངལ། མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ། འཇིགས་སྐུལ་བའི་དཀའ་ངལ་སོགས་རེད། དཀའ་ངལ་འདི་ལ་སྙན་ངག་གིས་གདོང་ལེན་བྱེད་ཐུབ་ཀྱི་འདུག་གམ། འདི་ལ་ཡང་ཞིབ་འཇུག་ཅིག་བྱེད་རྒྱུ་ཡོད་རེད་དྲན།
བཞི།
དེ་རིང་སང་ཉིན་བོད་ཕྱི་ནང་གཉིས་ན། ཉམས་ཞིབ་པ་ཉུང་ནས་ཉུང་རུ་འགྲོ་བཞིན་པ་དང་། སྙན་ངག་འབྲི་མཁན་མང་ནས་མང་དུ་འགྲོ་བཞིན་འདི་ལ་ཡང་བསམ་བློ་ཅིག་གཏོང་དགོས་ཀྱི་འདུག་སྙམ། བོད་ནང་དུ་སྙན་ངག་འབྲི་བཞིན་པ་འདི་ལ་དགོས་དམིགས་རྒྱུ་མཚན་གཞན་ཞིག་ཡོད་པའི་དབང་དུ་བཏང་རུང་།
ན་གཞོན་ལོ་ཆུང་རྣམ་རིག་བཀྲ་བ་དག་སྙན་ངག་ཟེར་བ་འདིའི་སྒང་ལ་ཤི་འཐམས་རོ་འཐམས་བྱས་བསྡད་ན་ཅུང་ཙམ་རྗེས་ལུས་རེད་དྲན། ན་གཞོན་ལོ་ཆུང་རྣམ་རིག་རྒོད་པ་ཚོས་སྙན་ངག་འདྲ་བྲིས་ནས་ཆུ་ཚོད་གཏོང་བ་ལས་བོད་རིགས་མཁས་བ་རྒན་པ་ཚོའི་གསུང་རབ་གསེར་གྱི་རི་འདྲ་བོ་དེ་ཚོ་མ་ྐློག་ནས་ཅི་བྱེད། སྙན་ངག་སྟོང་འབྲི་བ་ལས་མཁས་དབང་རྒན་པ་ཚོའི་གསུང་རྩོམ་ཚར་གཅིག་ྐློག་ན་དེ་ལ་ཁེ་ཕན་ཆེ་སྙམ། སྙན་ངག་བརྒྱ་འབྲི་བ་ལས་ཞིབ་འཇུག་གི་རྩོམ་ཡིག་གཅིག་ཨེ་འཁྱོངས་བལྟས་ན་དེས་དགའ་། སྙན་ངག་འདྲ་བྲིས་ནས་བསྡད་ན་ཕལ་ཆེར་རྗེས་མ་སྤྱི་ཚོགས་ཀྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་ཐུབ་རྒྱུ་ཕར་ཞོག་སོ་སོའི་འཚོ་སྡོད་ཀྱི་གནས་སྟངས་ཡག་པོ་ཞིག་ཐག་གཅོད་ཐུབ་རྒྱུ་ཡང་དཀའ་མོ་རེད་དྲན། དེས་ན། བོད་རིགས་ན་གཞོན་གླག་རྒོད་འདྲ་བ་ཚོས། སྙན་ངག་གི་སྒང་ལ་ཆུ་ཚོད་གཏོང་བ་ལས་བོད་རིགས་མཁས་དབང་རྒན་པ་ཚོའི་གསུང་རྩོམ་གསེར་གྱི་རི་འདྲ་བ་དེ་ཚོའི་སྒང་ལ་ཆུ་ཚོད་གཏོང་རོགས། བོད་རིགས་མཁས་དབང་རྒན་པ་ཚོའི་གསུང་རྩོམ་དག་གཡག་རྒོད་ཀྱིས་རྫ་ཆུ་འཐུང་འཐུང་བྱེད་རོགས། ངེད་ཀྱི་བསམ་ཚུལ་འདི་འདྲ་ཡིན།
ཞོར་འཕྲོས་། (དྲ་གྲོགས་རྒན་པ་མགོན་ཕྱག་སོགས་ཀྱིས་ཀྱང་ལོ་གཞོན་ཚོར་ལམ་སྟོན་བྱེད་རྒྱུའི་ཚབ་ལ་ད་དུང་ཡང་སྙན་ངག་ཡིན་ན་དེས་ཅིག་རྒྱན་རབ་དང་ཡག་རབ་བཤད་བསྡད་ན་རྗེས་ལུས་རེད་དྲན། ཁྱེད་ཚོ་དང་མི་ཐོག་གཅིག་པ་བོད་རིགས་རང་མོས་སྙན་ངག་འབྲི་མཁན་རྒན་པ་ལྗང་བུ་ལགས་ནས་ཀྱང་ཁོང་གི་སྙན་ངག་དེབ་ཕྲེང་གཉིས་པ་གཟི་མིག་དགུ་བའི་མཇུག་བྱང་གི་ནང་དུ་ཁོང་གིས་བདམས་པའི་ལག་རྩལ་དེ་ནོར་འདུག་པའི་སྐོར་གླེང་འདུག་ག། མི་བདེན་ན་དེ་ཐེངས་གཅིག་ྐློགས་དང་། )
རྗེས་ལུས་དང་སྔོན་ཐོན་ཟེར་ན་ག་རེ་རེད་ངས་མགོ་ཚོས་གི་མི་འདུག དང་པོར་རྗེས་ལུས་དང་སྔོན་ཐོན་ལ་མཚན་ཉིད་ཅིག་ཞོག་དང་།
ད་ལྐུགས་པའི་སྐད་ཆ་མ་བཤད། དཀོན་མཆོག་གསུམ། ང་གད་མོ་ཤོར་གི་འདུག སྙན་ངག་ཟེར་ན་ལས་ཞོར་གྱི་དགའ་མོས་ཙམ་ཞིག་རེད། དཔེ་བཞག་ན་འཆམ་འཆམ་ལ་འགྲོ་བ། སྒྲ་སྙན་སྦྱོང་བ། ཉ་འཛིན་གི་འགྲོ་བ། ཆང་འཐུང་བ། དཔེ་ཆ་ལྟ་བ། གཞས་སྦྱོང་བ་ལྟ་བུ་རེད།
ལས་ཞོར་གྱི་དགའ་མོས་གང་ཞིག་གིས་ཀྱང་གོང་གི་སྤྱི་ཚོགས་ཀྱི་དཀའ་ངལ་དེ་དག་ཚང་མ་སེལ་ཐུབ་གི་མ་རེད། དེས་ན་མཁས་དབང་རྒན་པ་ཚོའི་གསུང་རྩོམ་གཡག་རྒོད་ཀྱིས་རྫ་ཆུ་འཐུང་འཐུང་བྱས་ན། དཔལ་འབྱོར་དོ་མི་མཉམ་པའི་དཀའ་ངལ། འཕྲོད་བསྟེན་གྱི་དཀའ་ངལ། ལས་ཀའི་དཀའ་ངལ། ཚན་རིག་ལག་རྩལ་པའི་དཀའ་ངལ། གྲོང་ཁྱེར་ཆེ་ཁག་ལ་འགྲུལ་བཞུད་ཀྱི་དཀའ་ངལ་སོགས་ཐག་ཆོད་ཀྱི་རེད་དམ། དེ་ལྟར་ཐག་ཆོད་ཀྱི་ཡོད་ན། ང་ཚོའི་གཏམ་དཔེ། ཤེས་བྱ་ཡོན་ཏན་ཀུན་གྱི་གཞི་མ་ཡིན། ལྟོ་གོས་འཚོལ་བའི་ཐ་མ་ཡིན་ཟེར་བ་དེའང་ནོར་བ་ཡིན་རྒྱུ་རེད།
བོད་མི་མང་ཆེ་བས་རང་གི་འཚོ་དོན་ལ་བྱ་བ་རེ་བྱས་ནས་བསྡད་བསྡད་ཡོད་པ་རེད། སྙན་ངག་པ་ཚོས་རང་གི་འཚོ་དོན་ལ་བྱ་བ་རེ་བྱེད་གི་ཡོད་པ་མ་ཟད་ཞོར་གི་དཔེ་ཀློག་དང་སྙན་ངག རྩོམ་གཞན་པའི་རིགས་ཀྱང་མང་པོ་ཞིག་འབྲི་གི་ཡོད་པ་རེད། དེར་མ་ཟད། སྔོན་ཡིན་ན་གེ་སར་གྱི་སྒྲུང་གིས་ཡིག་རྨོངས་ཀྱི་དཀའ་ངལ་སེལ་བར་ཕན་ཐོགས་ཀྱི་ཡོད་པ་ལྟར་ད་ལྟ་སྙན་ངག་གིས་ཡིག་རྨོངས་སེལ་བར་ཕན་ཐོགས་ཀྱི་ཡོད་སྐད། འབྲོག་པའི་ནང་སྙན་ངག་ལ་དབྱིངས་ཞུགས་ནས་དེའི་ཆེད་ཡི་གེ་སྦྱོང་སྟེ་ད་ལྟ་ཕྱུགས་འཚོ་གི་འཚོ་གི་སྙན་ངག་འབྲི་མཁན་དེ་འདྲ་ཡང་ཡོད་སྐད། ངེད་ཚོའི་རྫོང་ནང་དུའང་འབྲོག་པ་འབྲོག་ནག་ཅིག་སྙན་ངག་པ་ཆགས་ཡོད་པ་མ་ཟད་ད་ལྟ་ཁོས་སྙན་ངག་གི་དེབ་ཅིག་ཀྱང་བརྩམས་འདུག ཧ་ལས་པའི་སྙན་པོ་འདུག སྙན་ངག་འབྲི་བའི་ཕྱིར་དེབ་མང་པོ་ཀློག་ནས་ལྟ་རྒྱ་ཐོས་རྒྱའང་རྒྱ་ཆེན་པོ་རེད་ཟེར། དེ་མིན་གླུ་བ་བཀྲ་ཤིས་དོན་འགྲུབ་ཀྱང་འབྲོག་པ་ཞིག་རེད། གཞས་ཚིག་མང་པོ་ཞིག་ཁོ་རང་ནས་བྲིས་པ་རེད།
ཁྱེད་རང་གི་ལས་ཞོར་གྱི་དགའ་མོས་ག་རེ་ཡིན། གཞན་པའི་ལས་ཞོར་གྱི་དགའ་མོས་ལ་འཕྱ་དམོད་བྱེད་པ་དེ་ལྐུགས་པའི་ལས་ཀ་རེད། ཉེ་སྔོན་བོད་ནང་དུ་དྲག་གནོན་བྱས་པར་སྙན་ངག་གི་མདའ་མོ་ཆར་བ་འབེབས་འབེབས་བྱེད་མཁན་ཡང་སྙན་ངག་པ་དེ་ཚོ་རེད། སྙན་ངག་པ་དག་ཀྱང་མི་ཕལ་བ་ཞིག་བཞིན་སྤྱི་ཚོགས་ཤིག་གི་ཆ་ཤས་རེད། ད་བར་སྤྱི་ཚོགས་ཀྱི་སེམས་འདུན་ཕྱི་ལོགས་ལ་བཏོན་ཏེ་བརྗོད་ཐུབ་མཁན་སྙན་ངག་པ་ཚོ་རེད།
བུང་བུས་མེ་ཏོག་གི་ཉིང་བཅུད་མང་པོ་ཞིག་འཇིབ་མ་ཐུབ་ན་སྦྲང་རྩི་སྐྱུག་རྒྱུ་མེད་པ་བཞིན་སྙན་ངག་པ་ཚོས་ཀྱང་ལྟ་རྒྱ་ཐོས་རྒྱ་མང་པོ་ཞིག་མ་བསགས་ན་སྙན་ངག་འབྲི་ག་ལ་ཐུབ། དེ་བས་ཁྱེད་རང་གིས་སྙན་ངག་པ་ཚོས་དེབ་མ་ཀློག་པར་སྙན་ངག་བྲིས་བསྡད་ཡོད་པ་རེད་བསམས་པ་དེ་ཡོངས་སུ་ནོར་བ་རེད།
དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ། ལྗང་བུ། འཇུ་སྐལ་བཟང་། ཡི་དམ་ཚེ་རིང་འདི་ཚོ་ཚང་མ་ཡོན་ཏན་གྱིས་ཡོངས་སུ་གཏམས་ཡོད་པ་རྐྱང་རྐྱང་རེད། དེ་ནས་ད་ལྟའི་སྙན་ངག་པ་གསར་བ་དེ་ཚོའི་སྙན་ངག་གི་འབྲི་རྩལ་གོང་མ་དག་ལས་ལྷག་པ་འདུག་བསམ་བསམ་དེ་འདྲ་འདུག ངོ་མས་དེ་ཚོར་རྗེས་སུ་ཡི་རང་ཡོད། ང་རང་སྙན་ངག་པ་ཞིག་མིན་ཡང་སྙན་ངག་པ་ཚོར་དགའ་སྣང་གཞན་ལས་ཆེ། ད་རུང་བཤད་རྒྱུ་མང་པོ་ཡོད། ད་དུས་ཚོད་མེད་གི ཞི་ལི་ཡ་ཀློག་ཀླད་དགོས་ཟེར། སྐད་ཆ་བསམ་ནས་བཤད་ན་ཡག་པོ་རེད། གློའུ་བཤད་མ་ཡེད། ལས་ཞོར་གྱི་དགའ་སྣང་ཞིག་ལས་རིགས་ཤིག་ལ་བསྡུར་ནས་བཤད་པ་དེ་ཁྱད་མཚར་རོ་རེད་ལ་དེ་གློའུ་རྟགས་ཤིག་ཀྱང་མིན་ནམ་སྙམ།
འབྲོག་རྒན་ཁྱོད་ནས་གླེའུ་བཤད་ཞིག་བརྒྱབ་འདུག་པར་བཀའ་དྲིན་ཆེ་ཞུ་གི་ཡིན།
འབྲོག་རྒན་ཁྱོད་ལ་བསམ་ཚུལ་འདྲ་བཤད་ན། མཚམས་ལན་རེར་རང་གི་ཕ་རྒན་ལ་ངོ་རྒོལ་བྱེད་པ་འདྲ་བོ་འདུག
ཡིན་ན་ཡང་། གླེའུ་རྒན་གླེན་ནག་ཁྱོད་ལ་སྐད་ཆ་ཚིག་འགའ་བསྐྱར་དུ་ཞུ་གི་ཡིན།
དང་པོ།
ངེད་ཀྱི་གོང་གི་མཆན་བུ་རིང་པོ་དེའི་འབབ་ས་ལྟེ་བ་དེ་ནོར་གླིང་ཉམས་ཞིབ་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ཟེར་བས་སྙན་ངག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་དག་གདོང་ལེན་བྱེད་ཐུབ་ཀྱི་ཡོད་རེད་ཟེར་བའི་སྐད་ཆ་དེ་ལ་ཡིན། དེ་ནས་ཞོར་ལ་ཁྱོད་གླེང་དོན་ནི་། ཁྱེད་རང་གིས་རྩོམ་ཡིག་སྔ་མ་ཞིག་ཏུ་སྙན་ངག་མེད་ན་ཚང་མ་མེད་པ་འདྲ་བོ་དང་སྙན་ངག་ཡོད་ན་ཚང་མ་ཡོད་པ་འདྲ་བའི་གླེའུ་བཤད་ཞིག་བརྒྱབ་འདུག་པ་དེ་ལ་ཡིན།
གཉིས།
ཁྱེད་རང་གིས་སྙན་ངག་ཟེར་བ་འདི་ལས་ཞོར་གྱི་དགའ་མོས་ཤིག་རེད་བརྗོད་འདུག ངེད་ཀྱིས་ཀྱང་དེ་ལྟར་བསམ་བཞིན་ཡོད། སྔ་མོ་ནས་དེ་ལྟར་བསམ་བཞིན་ཡོད་ལ་ད་ལྟ་ཡང་བསམ་ཚུལ་དེ་འགྱུར་མེད། འོན་ཀྱང་། དེ་རིང་སང་ཉིན་གྱི་སྙན་ངག་འབྲི་མཁན་ལོ་གཞོན་མང་པོ་ཞིག་གིས་དེ་ལས་ཞོར་གྱི་དགའ་སྣང་ཞིག་ཡིན་པ་མ་ཤེས་པར་དེའི་སྒང་ལ་ཤི་འཐམས་རོ་འཐམས་འདྲ་བོ་བྱེད་ཀྱི་འདུག་ག། དེ་ནོར་བ་རེད་ལབ་ཀྱི་ཡོད། དེ་རྗེས་ལུས་རེད་ལབ་ཀྱི་ཡོད།
ལས་ཞོར་དེ་ཆེད་ལས་ལྟ་བུར་བརྩི་བའི་བསམ་བློ་གཏོང་སྟངས་དེ་རྗེས་ལུས་རེད་ལབ་ཀྱི་ཡོད། ཆེད་ལས་དང་ལས་ཞོར་གྱི་དབྱེ་བ་འབྱེད་ཐུབ་ན་དེ་སྔོན་ཐོན་རེད་ལབ་ཀྱི་ཡོད།
གསུམ།
དེ་ནས་ཁྱེད་རང་ནས་དགེ་འདུན་ཆོས་འཕེལ་སོགས་དཔེ་མཚོན་དུ་འཁྱེར་ཡོང་འདུག དེ་ཧ་ཅང་ཡག་པོ་འདུག མཁས་པ་སྔོན་མ་ཚོའི་གསུང་རྩོམ་དག་རྫ་ཆུ་འཐུང་འཐུང་བྱས་དང་། བོད་རང་གི་སྐད་ཡིག་གི་ཐོག་ནས་དགེ་འདུན་ཆོས་འཕེལ་སོགས་ཀྱི་མདུན་ལ་སླེབས་མ་ཐུབ་རུང་རྗེས་ལ་ལྷག་གི་མ་རེད་ཞུ་གི་རེད། དེ་ལྟར་མ་བྱས་བར། ད་དུང་སྙན་ངག་གིས་སྤྱི་ཚོགས་ལ་གཤེགས་བཅོས་བྱེད་ཀྱི་ཡིན་ཟེར་བ་འདྲ་བོ་དང་སྙན་ངག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་ཐུབ་གི་རེད་ལབ་ནས་བསྡད་ན། དགེ་འདུན་ཆོས་འཕེལ་ཕར་ཞོག ལྗང་བུ་ལྟ་བུའི་རྐང་སྣེ་ལ་ཡང་སླེབས་ཀྱི་མ་རེད་ཞུ་གི་ཡོད། འབྲོག་རྒན་གླེའུ་ནག་ཁྱོས་ད་ཧ་གོ་སོང་བ།
བཞི།
དེར་བརྟེན། སྙན་ངག་འདྲ་བོའི་སྒང་ལ་ཤི་འཐམས་རོ་འཐམས་མ་བྱེད་ཞུ་གི་ཡོད། དེ་ལས་ཞོར་གྱི་དགའ་སྣང་ལྟ་བུའི་ངོ་བོ་ཞོག་ལབ་ཀྱི་ཡོད།
བོད་རིགས་མཁས་དབང་རྒན་པ་ཚོའི་གསུང་རྩོམ་དག་རྫ་ཆུ་འཐུང་འཐུང་བྱེད་རོགས་ལབ་ཀྱི་ཡོད། དེ་ཙམ་ཡིན།
སྙན་ངག་ཟེར་བ་དེ་ལས་ཞོར་གྱི་དགའ་སྣང་ལྟ་བུའི་ངོ་བོར་འཇོག་མ་ཤེས་བར་དེའི་སྒང་ལ་ལོ་མང་པོར་ཤི་འཐམས་རོ་འཐམས་བྱེད་མཁན་གཅིག་ནི།
ཁྱེད་རང་ནས་དུས་རྟག་ཏུ་ཕྱག་འཚལ་སའི་བོད་རིགས་རང་མོས་སྙན་ངག་འབྲི་མཁན་རྒན་པ་ལྗང་བུ་ལགས་རེད།
ཤི་འཐམས་རོ་འཐམས་བྱེད་ས་དེ་མཐའ་མར་ནོར་འདུག་བསམ་མཁན་ཡང་་ཁོང་རེད།
རོང་འབྲོག་གང་ཡིན་འདིར་ཁྱེར་མ་ཡོང་། ང་དབྱར་ཁ་འབྲོག་པ་ཡིན། དགུན་ཁ་རོང་བ་ཡིན། ངའི་ཕ་ཡུལ་ནས་ཕྱུག་འཚོ་བ་དང་ཞིང་འདེབས་པ་གཉིས་ཀ་བྱེད་ཀྱི་རེད། མང་རའི་ལོ་རྒྱུས་ལས། ཆོས་རྗེ་ལ་མོ་ཚོགས་གཉིས་རྒྱ་མཚོ་ནི། ཡུལ་དབུས་ཀྱི་ལ་མོ་རིན་ཆེན་སྒང་ནས་འཁྲུངས། ཚེར་གསེབ་ནས་རབ་ཏུ་བྱུང་། འབྲས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་དང་། དཔལ་ལྡན་རྒྱུད་སྨད་དུ་གསང་སྔགས་ལ་སྦྱངས་པས་མདོ་སྔགས་རིག་གནས་རབ་འབྱམས་ལ་མཁས་པ་ཆེན་པོར་གྱུར་ཏེ་རྒྱུད་སྨད་བླ་མ་དབུ་མཛད་གནང་སྐབས། ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་བཀས་ཧོ་ཤོས་ཉེར་བཞིའི་དབུ་བླར་ཕེབས། རྒྱལ་དབང་མཆོག་དང་དབྱེར་མེད་པའི་གུས་འདུད་ལྷུར་བླངས་སོ།།ཞེས་དང་། རྗེ་འདི་ཉིད་ཀྱང་དད་སོགས་འཕགས་པའི་ནོར་གྱིས་ཐུགས་རྒྱུད་གཏམས་ཤིང་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་བཀོད་པའི་གྲགས་སྙན་ཐོས་ནས། གོང་མ་ཡུང་ལོས་ཀྱང་རྔ་སྒར་སྐུ་སྐྱེ་དཀར་པོ་ཞེས་ལུང་ལས་ཀྱིས་གཟེངས་བསྟོད་དང་གསེར་ཐམ་བཅས་གནང་། བསྟན་འགྲོ་ཡོངས་ལ་གཅིག་ཏུ་དཀར་བའི་ལྷག་བསམ་གྱིས་ཚ་གན་ནོ་མིན་ཧན་ཞབས་དྲུང་དཀར་པོ་ཞེས་ཐོགས་སོ།།ཞེས་བྲིས་འདུག
བོད་ནང་དུ་དར་བཞིན་པའི་རང་མོས་སྙན་ངག་ཟེར་བ་དེ་སྙན་ངག་མ་རེད་།་དོན་རྒྱལ་དང་ལྗང་བུ་སོགས་ཀྱིས་རང་མོས་སྙན་ངག་ཟེར་བ་དེ་ནི་ལྔ་བཞི་ལས་འགུལ་རྗེས་སུ་རྒྱ་ནག་དུ་དར་པས་རྩོམ་འཆལ་ཤིག་བོད་དུ་བསྒྱུར་པ་དེ་རེད་།་་རྒྱ་ནག་ཏུ་རྩོམ་སྟངས་དེ་འདྲ་ཤིག་དར་བའི་རྒྱུ་མཚན་ནི་།་ཐོག་མར་ནུབ་ཀྱི་སྙན་ངག་རྣམས་རྒྱ་ཡིག་ཏུ་བསྒྱར་སྐབས་སུ་ཕྱི་རྒྱལ་གྱི་སྙན་རྩོམ་རྣམས་རྒྱ་ནག་་གི་སྙན་རྩོམ་ལྟར་ཚིགས་བཅད་བྱས་ནས་འབྲི་སྲོལ་མེད་པས་།་དེ་རྣམས་ཚིག་ལ་་ཚིག་བྱས་ནས་ཐད་བསྒྱུར་བྱས་རང་མོས་ཚིག་བཅད་ལྷུག་སྙོམས་མི་སྒྲིག་པའི་རྩོམ་སྟངས་དེ་བྱུང་བ་རེད་།་་བོད་ཀྱི་བླུན་པོ་དག་གིས་རྒྱའི་འཆལ་རྩོམ་དེ་དག་ནུབ་ཀྱིན་རྩོམ་རེད་བསམ་ནས་རང་མོས་སྙན་ངག་མིང་རྫིག་པོ་ཤིག་བཏགས་ནས་ག་ས་གང་དུ་བཀྲམས་པ་རེད་།་
ང་བོད་དུ་ཡོད་དུས་།་ངས་སྨན་བླ་སྐྱབས་ལ་ནུབ་ཕྱོགས་སུ་་རང་མོས་སྙན་ངག་ཟེར་བ་ཅིག་མི་འདུག་ལ།་ཚིག་བཅད་ལྷུག་དེ་གལ་ཆེན་པོ་མི་འདུག་་།་གཙོ་བོ་ནང་གི་ཉམས་དེ་ཕྱིའི་ཚིག་སྤྱོར་གྱི་ལམ་ནས་ཡང་དག་པ་འདྲེན་ཐུབ་ན་ཚིག་བཅད་ལྷུག་དེ་གལ་ཆེན་པོ་མ་རེད་ཅེས་བཤད་པར་།་རྒན་པོ་ཁོང་ཧ་ལས་སོང་།་དེ་འདྲ་ཡིན་རྒྱུ་མ་རེད་ཟེར་།་ཡང་གཞན་ཞིག་ལ་རྩེད་མཚར་གྱི་ཚུལ་དུ་།་ད་ལྟ་ངས་དབྱིན་འགྱུར་སྤྱོད་འཇུག་དེ་བོད་དུ་ཚིག་གི་ཚིག་གིས་ཐད་བསྒྱུར་བྱས་བ་ཡིན་ན་།་རང་མོས་སྙན་ངག་་ཆགས་གིན་རེད་ཅེས་བཤད་པས་།་ཁོ་ཚོ་རྩ་བ་ནས་ཡིད་ཆེས་གིན་མི་འདུག་།་ང་ལྟ་བུ་རྒྱ་ནག་གི་སློབ་གྲ་སོང་ནས་ཡོང་བའི་མི་ཚོ་ཞེ་དྲགས་ནས་གྱོང་པོ་དང་།་མཁྲེགས་པོ་རེད་།་་ཁོ་ཚོ་རྒྱ་ནག་གི་དུག་ཆུ་མཐུང་བ་ཡང་ཧ་གོ་གིན་མི་འདུག་།་ད་ལྟ་མི་དེ་ཚོས་བོད་མི་མང་ལ་དགོངས་དག་ཞུ་རན་རེད་།་
དངོས་གནས་དོན་རྒྱལ་དང་ལྗང་བུ་སོགས་ཀྱི་བོད་ནང་དུ་དུག་ཅིག་ཁྱེར་ཡོང་འདུག་།
མཁས་དབང་ཀླུ་སྨྱོན་གྱིས་གསུང་པའི་ནག་སྒར་ཞུ་ན་བུད་མེད་ཡོད་པའི་དོན་མ་ལགས། སྦྲ་ནག་སྒར་བ་ཞུ་བ་རེད། ལྕོག་སྒར། ཅོག་སྒར། སྦྲ་ནག་སྒར་པ་སོགས་རབ་བྱུང་དང་སྔགས་པ་གཉིས་ཆ་ལ་ཡོད་པ་ཞིག་རེད། ཀརྨ་པ་ལ་ཟུར་ཟ་བྱས་ཏེ་ནག་པོ་དགུ་བརྩི་བ་དེར་ཡང་ཐེར་ཆ་ནག་སྒར་དང་། མདོ་གྲྭ་ཚང་ལའང་དང་པོ་མདོ་ནག་སྒར་ཞེས་འབྲི་སྲོལ་འདུག
རེད་ལགས། ངས་ཀྱང་གོང་གི་བརྟག་པ་མཐའ་བཟུང་གི་བསམ་ཚུལ་དེ་སྤེལ་རྗེས། སྔོན་ཆད་དགོན་པའི་ཁང་པ་སོགས་དབུབ་རྒྱུའི་ཆ་རྐྱེན་མེད་པ་འམ་ཡང་ན་སྤྲོས་མེད་ལ་དགྱེས་པའི་བླ་གྲྭ་སྐོར་ཞིག་གིས་དུས་བཞི་ཧྲིལ་བོ་སྦྲ་དང་གུར་གྱི་ནང་དུ་སྐྱེལ་གནང་གིན་ཡོད་པ་དེ་དྲན་སོང་། དཔེར་ན་ལ་མོ་ཚང་གི་ཨུརྒེ་ཞེས་པ་དེ་ཡང་གུར་སྒར་གྱི་མིང་ཞིག་རེད་འདུག གང་ལྟར་སྦྲ་ནག་དགོན་པར་ནག་སྒར་དང་སྔགས་པའི་དགོན་པར་ཡང་ནག་སྒར་ཞེས་ཞུ་སྲོལ་འདུག་བསམ་ཡང་ད་དུང་བརྟག་པར་འཚལ།
ལྗང་བུས་སྒྲུང་རྩོམ་བྲིས་ཡོད་པ་རེད། དཔྱད་རྩོམ་ཡང་བྲིས་ཡོད་པ་རེད། སྙན་ངག་ཀྱང་བྲིས་ཡོད་པ་རེད། ས་ཆ་གང་ལ་སོང་ན་དུས་དེབ་རེ་འདོན་གི་ཡོད་པ་རེད། རྩོམ་རིག་གི་ཚོགས་འདུ་དེ་འདྲ་བསྡུ་གི་ཡོད་པ་རེད། ཚོགས་འདུ་དེ་འདྲ་མང་པོར་ཞུགས་ཡོད་པ་རེད། བོད་ཀྱི་རྩོམ་རིག་ལ་བཞག་པའི་བྱས་རྗེས་རེ་རེ་བྱས་ནས་བཤད་དགོས་ན་ཉམས་ཞིབ་ཅིག་མ་བྱས་པར་ངས་བཤད་མི་ཐུབ།
དགེ་འདུན་ཆོས་འཕེལ་གྱི་ཚིགས་བཅད་སྙན་ངག་དེ་འདྲ་ལྗང་བུས་འབྲི་ཤེས་གི་མ་རེད་ལ། ལྗང་བུའི་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་རྒྱབ་ལྗོངས་མཐུག་ཅིང་གོ་དོན་གཏིང་ཟབ་པའི་སྙན་ངག་དེ་འདྲ་དགེ་ཆོས་ཀྱིས་ཀྱང་འབྲི་ཤེས་གི་མ་རེད།
དེ་ནས་ཁོས་སྙན་ངག་ལས་བོད་ཀྱི་ས་ཕྱོགས་གང་སར་འགྲུལ་བཞུད་བྱས་པ་དང་ཆོལ་ཁ་གསུམ་ཁོངས་ཀྱི་མི་སྣ་མང་པོར་བཅར་འདྲི་བྱས་པའི་སྐོར་དེབ་གཟུགས་ཀྱི་ཕུང་པོར་ལོངས་པ་དུ་མ་ཞིག་ཡོད་ཟེར་ནས་ལོ་མང་པོ་ཞིག་གི་སྔོན་ལ་བཤད་སོང་། དེ་པར་དུ་ནམ་འདོན་རྒྱུ་ཡིན་མིན་མ་ཤེས།
ཁོས་ད་བར་བྲིས་པའི་རྩོམ་ཚང་མ་ལས་ཞོར་དང་སློབ་གྲྭ་འགྲོ་སྐབས་སློབ་ཞོར་དུ་བྲིས་པ་རེད། ད་བར་འདིར་ཁོས་གློག་བརྙན་བཟོ་བཞིན་འདུག གློག་བརྙན་གཉིས་བཟོས་གྲུབ་འདུག
ད་རུང་འཆར་གཞི་མང་པོ་ཞིག་ཡོད་པ་འདྲ། ཁ་སྔོན་ཀླུ་སྨྱོན་གྱི་དྲི་བ་ཞིག་ལ། འཆར་གཞི་བརྒྱ་ཡོད། ནང་གི་བཅུ་འགྲུབ་ན་རབ་རེད་ལྟ་བུ་ཞིག་བྲིས་ཡོད་བསམས་སོང་།
ཉེ་སྔོན་ལྗང་བུ་རྒྱལ་སྤྱིའི་རྩོམ་རིག་ཚོགས་འདུ་དེ་འདྲ་རེ་ཟུང་ལ་ཞུགས་པ་དང་ཞུགས་འཆར་ཡོད་སྐོར་གསར་འགྱུར་ཞིག་མཆོད་མེ་དྲ་ཚིགས་ཐོག་བཀོད་འདུག
དེའི་ཐོག་ཏུ་ཁྱེད་རང་དང་གཞན་པ་རེ་ཟུང་སྟེ་དེ་དག་འགའ་རེས་ཁྱེད་རང་རེད་ཟེར་གང་ཤེས། དེ་མིན་ཕལ་ཆེ་བས་གདེང་འཇོག་ཆེན་པོ་བྱེད་གི་འདུག
ཤི་འཐམས་རོ་འཐམས་ཟེར་ན་མི་ཤེས། ཞར་དང་ཞོར་ལ་གང་འཚམས་ཤིག་བྲིས་ཡོད་པ་རེད། ད་རུང་ར་འབྲི་གི་ཡོད། སྙན་ངག་ལྔ་བཅུ་ཧྥ་ཡིག་ལ་བསྒྱུར་ཡོད་ཟེར།
ང་ད་བར་མཁས་དབང་གི་མིང་ཅན། མཁས་པའི་མིང་ཅན་གང་འཚམས་རེ་ཐུག་མྱོང་། ལྗང་བུ་ལྟ་བུ་གང་གི་སྐོར་ལའང་བཤད་རྒྱུ་ཡོད་མཁན་མང་པོར་ཐུག་མ་མྱོང་། རྩ་བའི་རང་ཉིད་ཀྱང་མི་ང་རྒྱལ་ཅན་གླང་ཆེན་སྨྱོན་པ་ཐུག་ན་ལམ་མི་ཕྱེ་མཁན། ཤཱཀྱ་ཐུབ་པར་ཐུག་ན་ཞྭ་མི་འཕུད་མཁན་ཞིག་ཡིན་ཏེ་ཁས་ལེན་ས་ལ་ངོ་མ་ཁས་ལེན་དགོས་རེད། ཕྲག་དོག་དང་དགའ་མ་དགའི་སྐད་ཆ་བཤད་བསྡད་ན་རང་ཉིད་ཀྱི་མཚང་རེད་མ་གཏོགས་གཞན་ཅང་མ་རེད།
གཞན་པ་སྙན་ངག་ལ་ཤི་འཐམས་རོ་འཐམས་བྱས་བསྡད་ཡོད་པ་སུ་རེད། ངས་དེ་འདྲ་གཅིག་ཀྱང་མི་ཤེས། ཕར་ཕྱོགས་ཕར་གཡུག་ཤོག བཙན་བྱོལ་སྤྱི་ཚོགས་ནང་རེད། ཧོར་གཙང་། ཀླུ་སྨྱོན། བེ་རི། ཆབ་བྲག་ཕོ་ཉ་གཞན་པ་ཡང་རྗེས་ནས་ཡོང་བ། ཀླུ་མཁར་བྱམས། གནམ་ལོ་ཡག ཚེ་རིང་སྐྱིད། གཟུངས་ཕྱུག་སྐྱིད། ལྩགས་མོ་འཚོ་ཟེར་བ་དེ་འདྲ་ད་དུང་མང་པོ་ཞིག་འདུག དེ་ཚོས་ཀྱང་ཞོར་གི་འབྲི་གི་ཡོད་པ་ཡིན་རྒྱུ་རེད།
བོད་ནང་གི་མི་རབས་གསུམ་པ་བཞི་བ་ཟེར་བ་དེ་ཚོའང་དགེ་རྒན་དང་། རྩོམ་སྒྲིག་པ་སོགས་ལས་རིགས་འདྲ་མི་འདྲ་གཉེར་མཁན་རེད། མ་གཞི་རང་གི་ལས་ཞོར་དུ་དགའ་མོས་ཡོད་པ་ཞིག་ལ་ཤི་འཐམས་རོ་འཐམས་བྱས་ན་ཅི་སྐྱོན། གཞས་ལ་དགའ་མཁན་ཞིག་ནས་གཞས་ལ་ཤི་འཐམས་རོ་འཐམས་བྱེད་གི་རེད། རི་མོར་དགའ་མཁན་ཞིག་ནས་དེ་ལ་ཤི་འཐམས་རོ་འཐམས་བྱེད་གི་རེད། འགའ་རེས་རང་གི་ལས་ཞོར་དགའ་སྣང་དེ་བརྗེ་བོ་ཡང་སེ་རྒྱག་མཁན་ཡང་ཡོད་པ་རེད།
རང་ཉིད་དགའ་སྣང་མེད་པ་གཞི་བྱས་ནས་གཞན་གྱི་དགའ་སྣང་ལ་སྐྱོན་བརྗོད་བྱེད་པ་ལས་ལྷག་པའི་གླེན་ལྐུགས་ཀྱི་བྱ་བ་ངས་ད་སྔ་མཐོང་མ་མྱོང་།
རེད་ཡ། བཀྲ་ཤིས་ཟླ་བ་དང་མེ་སྒྲོན་གཉིས་ཀྱི་ཆེད་ལས་རྩོམ་རིག་ཟེར་བ་ཞིག་གོ་མྱོང་། བདེན་མིན་མ་ཤེས། ཆུང་དུས་ཤིག་ལ་ལྗང་བུས་རང་གི་ཆེད་ལས་ལ་རྩོམ་རིག་བདམས་པ་རེད་ཟེར་བ་ཞིག་གོ་ནས་དགའ་བསྡད་པ་ཡིན་ཏེ་རྗེས་སུ་དེ་མི་བདེན་གི་རེད། བོད་ཕྱི་ནང་གཉིས་ཀའི་བོད་མི་ཤེས་ལྡན་པར་བགྲངས་པ་གང་མང་ཞིག་གིས་རྩོམ་ཡིག་སྤྱི་དང་ཁྱད་པར་དུ་སྒྱུ་རྩལ་རྩོམ་ཡིག་དག་འགྲོ་ཞོར་ལངས་ཞོར་ལ་འབྲི་གིན་ཡོད་པ་དངོས་ཡོད་རེད། བོད་ལྗོངས་ནས་སྤྱི་ཚོགས་ཚན་རིག་ཁང་གི་ནང་དུ་ཡོད་པའི་འབྲོང་བུ་དང་ནོར་བྲང་སོགས་ཀྱི་ཆེད་ལས་རྩོམ་ཡིག་འབྲི་རྒྱུ་དེ་རེད། ནོར་གླིང་མཛད་རྣམ་སྡེ་ཚན་དུ་ཡོད་པའི་མི་དེ་དག་གི་ལས་ཀ་ཡང་རྩོམ་ཡིག་གམ་ལོ་རྒྱུས་འབྲི་རྒྱུ་དེ་རེད། དེ་མིན་མང་ཤོས་ཀྱིས་ཞར་ཞོར་ལ་འབྲི་གིན་ཡོད་པ་རེད། སྙན་ངག་ལ་མཚོན་ན་ཆེད་ལས་ཁོ་རང་སྙན་ངག་ཡིན་པའི་བོད་མི་ཞིག་དེ་སྔ་ཕན་ཆད་མཐོང་ཐོས་མེད། རྒྱ་ཡིག་ཏུ་འབྲི་མཁན་རྟ་མགྲིན་མགོན་པོ་དང་ཡི་དམ་ཚེ་རིང་ལྟ་བུ་ཡོད་སྲིད། བོད་ཡིག་ཏུ་འབྲི་མཁན་ལ་མཚོན་ན་མེད་པར་ཐག་བཅད་ཆོག་པའི་ཚོད་དུ་འདུག
ཨ་རོ། ཀླུ་སྨྱོན། ལ་མོ་སྐུ་ཕྲེང་རིམ་བྱོན་ལ་ཚ་གན་ནོ་མིན་ཧན་ཐོགས་དོན་ནི། གོ་ཤྲིར་ཧན་གྱིས་ལ་མོ་བློ་གྲོས་རྒྱ་མཚོ་དབུ་བླར་བཀུར་བ་དང། མཚོ་སྔོན་གཡས་རུ་གཡོན་རུའི་བླ་དཔོན་ཟུང་འབྲེལ་མཛད་པས་གོ་སའི་གཟེངས་བསྟོད་ཀྱི་མཚན་ཡིན་ཚུལ་ཞིག་ཞབས་དཀར་སྐུ་ཕྲེང་མདུན་པའི་རྣམ་ཐར་གྱི་སྔོན་གླེང་ནང་བྲིས་འདུག ད་ངོ་མ་དེ་གང་ཡིན་ནི་རེད།
མི་བདེན་གི རེད་ཅེས་པ་ཚིག་ལྷག
ཡི་དམ་ཚེ་རིང་ཁོ་རང་ལ་བྱ་བ་ཡོད་པ་རེད། ལས་ཞོར་གྱིས་འབྲི་གི་ཡོད་པ་རེད།
ཞིབ་མོ་ཞིག་མི་ཤེས། ལ་མོ་བློ་གྲོས་རྒྱ་མཚོ་ཐུ་མེད་རྒྱལ་བུ་ཧོ་ལོ་ཆིའི་སྲས་སུ་འཁྲུངས་འདུག་པས་རྒྱལ་བ་ཡོན་ཏན་རྒྱ་མཚོ་ཇི་བཞིན་སོག་པོ་ནས་འཁྲུངས་པའི་བོད་པའི་བླ་མ་ཞིག་རེད། སྤྲུལ་སྐུ་ངོས་འཛིན་གནང་མཁན་པཎ་ཆེན་བློ་བཟང་ཆོས་རྒྱན་རེད། ཚ་གན་ནོ་མོན་ཧན་ཡང་སོག་སྐད་ཡིན་པ་སྨྲ་མ་དགོས་ཤིང་། སྐུ་ཕྲེང་དང་པོའི་དུས་སམ་གཉིས་པ་གང་རུང་ཞིག་གི་དུས་ནས་ཐོགས་པ་ལ་རྩོད་པ་མི་འདུག་སྙམ། ང་ལ་མང་རའི་ལོ་རྒྱུས་དེ་ཡོད་ཀྱང་འདིའི་སྐོར་ཞིབ་ཆ་ཅང་བྲིས་མི་འདུག
ཡ་ཡ། ད་གསར་བུ་ངས་རྒད་པོ་ཁྱེད་ཚོར་ཅང་མི་བཤད། ངས་བཤད་ཀྱང་ཁྱེད་ཚོས་གོ་གི་མི་འདུག ལྷག་པར་དུ་མགོན་ཕྱག་ཁྱེད་ནས་ཅི་ཡང་གོ་གི་མི་འདུག
རེད་རེད། ད་ཁྱེད་ཚོས་སྙན་ངག་འདྲ་བྲིས་ནས་སྡོད། སྙན་ངག་འབྲི་རྒྱུ་དེ་དགའ་མོས་ཡིན་ཟེར་བཞིན་དེའི་སྒང་ལ་ཆུ་ཚོད་ཐོངས་ནས་སྡོད་དང་།
ཁྱེད་ཚོའི་རྐུབ་་ནས་ཉི་མ་ཞིག་མེ་འབར་ཁོ་ཐག་ཡིན། དེ་རིང་སང་ཉིན། བོད་ཕྱི་ནང་གི་གསར་བུ་ལོ་གཞོན་སྙན་ངག་པ་ཡིན་ན་ཅིག་ཡིན་ཟེར་མཁན་དེ་ཚོའི་ནང་ན།
ཞིབ་འཇུག་རྩོམ་ཡིག་ཞིག་འབྲི་ཐུབ་མཁན་ཡང་ཡོང་གི་མེད་ག
མགོན་ཕྱག་ཁྱེད་ལ་དངོས་གནས་དྲང་གནས་ཁག་མི་འདུག རྒྱུ་མཚན།
ཁྱེད་རང་ནས་མཆོད་པ་བྱེད་ས་དེ་རང་མོས་སྙན་ངག་འབྲི་མཁན་རྒན་པ་ལྗང་བུ་རེད་འདུག་ག། ལྗང་བུའི་སྐོར་ནས་ངེད་གཉིས་སྔ་མོ་ནས་ཐུག་ཚར་བ་རེད་ལ།
ངེད་ཀྱིས་དོགས་སློང་བྱས་བ་དག་གི་ལན་ལ། ཁྱེད་རང་ནས་ཁྱེད་རང་ཡིན་ལབ་པ་རེད། དེའི་སྐོར་བསྐྱར་དུ་མི་གླེང་། ད་གཉིད་གི་ཡིན།
ང་ཁ་ཆུང་དབང་ཆུང་ཡིན་རུང་ཁ་ཞིག་གྲགས་ན་འདོད་ཀི ངས་བསམ་ན་དེང་སང་གི་གསར་བུ་ཚོས་སྙན་ངག་འབྲི་བ་དང་འབྲི་རྒྱུར་དགའ་དེ། སློབ་སྦྱོང་གི་རྒྱུད་རིམ་ཞིག་རེད་འདོད་ཀི སློབ་གྲྭར་སོང་ནས་ཀ་ངོ་ཡིག་ངོ་རེ་ཆོད་དུས་ནས་སྙན་ངག་ཡིན་ན་ཅིག་འབྲི་གི་ཡིན་ཟེར་ནས་ཅིག་འབྲི་ཡིན་འདུག བྲིས་ཀྱིན་བྲིས་ཀྱིན་བྲིས་པའི་སྙན་ངག་དེ་ཚོ་ངོ་མ་སྙན་ངག་ཅིག་ལ་རིག་གི དེས་སློབ་ཕྲུག་ཚོའི་སེམས་པ་སློབ་སྦྱོང་ལ་ཁ་ཕྱོགས་པར་ཕན་ཐོག་འདྲ་ཞིག་ཏན་ཏན་ཡོད་ས་རེད། དེ་ནས་རིམ་གྱིས་སྙན་ངག་བྲིས་པས་འདོད་པ་མ་ཁེངས་པ་འདྲ། སྒྲུང་ཐུང་ནས་སྒྲུང་རྒྱས་འབྲིང་སོགས་སྒྲུང་འབྲི་བར་ཁ་ཕྱོགས་ཀི དེ་ནས་དེས་ཀྱང་འདོད་པ་མ་ཁེངས་པ་འདྲ་ཞིག་བྱས་ཏེ། དཔྱད་རྩོམ་དམ་དུམ་རེ་འབྲི་གི སྐབས་དེ་དུས་ད་གཞི་ནས་སློབ་སྦྱོང་ཟེར་བ་དེ་གང་ཡིན་དང་གང་ཞིག་དགོས་ཀི་ཡོད་མེད་ཅུང་ཙམ་ཤེས་ཀི་ཡོད་ས་རེད།
གོང་དུ་དྲ་གྲོགས་ཤིག་གིས་བཙན་བྱོལ་ནང་གི་སྙན་ངག་འབྲི་མཁན་དང་རྩོམ་པ་པོ་བགྲངས་དུས་ཙོང་ཁ་ཚེ་བརྟན་རྒྱལ་དང་ལྷ་ཆབ་སྦྱིན་པ་གཉིས་དྲངས་མི་འདུག ཁོང་གཉིས་ལ་དངོས་གནས་བཙན་བྱོལ་ནང་ན་རྩོམ་ཡིག་གི་གོ་ས་ཅུང་མཐོན་པོ་ཡོད་ནི་རེད། དེ་ཙམ་ཡིན།
ཚེ་བརྟན་རྒྱལ་སྤུས་ཀ་དང་ལྷ་ཆབ་པ་གྲངས་འབོར་གྱི་ཆ་ནས་འཇོག་གིན་ཡོད་དམ། གཉིས་ཀ་སྤུས་ཀའི་ཆ་ནས་འཇོག་གིན་ཡོད།
ངས་གཅིག་བརྗེད་འདུག
ཁ་སྔོན་ངེད་ཀྱི་གྲོགས་པོ་ཞིག་ནས་རང་མོས་སྙན་ངག་གི་དེབ་ཞིག་དཔར་བསྐྲུན་བྱེད་ཀྱི་ཡོད་ལབ་ནས་ང་ལ་གློག་འཕྲིན་ཞིག་བཏང་འདུག
གློག་འཕྲིན་དེས་ང་ལ་སེམས་ཁྲལ་ཞིག་སྤྲད་སོང་། དེ་ནས་ངེད་ཀྱིས་གྲོགས་པོར་ཁ་པར་བཏང་བ་ཡིན།
ངེད་ནས་གྲོགས་པོར། ཁྱེད་ཀྱིས་རང་མོས་སྙན་ངག་གི་དེབ་འདྲ་དཔར་བསྐྲུན་མ་བྱེད། དེ་ལས་དཔར་བསྐྲུན་གྱི་འགྲོ་སོང་དེས་བོད་རིགས་མཁས་བ་རྒན་པ་ཚོའི་དེབ་འགའ་ཉོ་ཐུབ་ན་དེ་ཡག་གི་། དེབ་དེ་ཚོ་ཡག་པོ་ཞིག་ྐློགས་། རང་མོས་སྙན་ངག་གི་དེབ་གཅིག་འབྲི་བ་ལས་ཞིབ་འཇུག་གི་རྩོམ་ཡག་པོ་གཅིག་ཨེ་འཁྱོངས་བལྟོས་དང་། དེ་ལ་རིན་ཐང་ཆེ་བ་འདུག་ལབ་པ་ཡིན།
འོན་ཀྱང་། ངེད་ཀྱི་བསམ་ཚུལ་འདི་གྲོགས་པོའི་བསམ་ཚུལ་དང་རྒྱབ་འགལ་རེད་འདུག རྗེས་སུ་སྐད་ཆ་འདྲི་དུས།
གྲོགས་པོས། ཉིན་རེའི་སློབ་ཚན་རྗེས་ཀྱི་ཆུ་ཚོད་ཕལ་ཆེ་བ། རང་མོས་སྙན་ངག་འབྲི་རྒྱུ་དང་གཞན་གྱིས་བརྩམས་པའི་རང་མོས་སྙན་ངག་གི་དེབ་འདྲ་ྐློག་རྒྱུའི་སྐོར་ལ་བཏང་འདུག
དཔེ་མཛོད་ནང་གི་དེབ་རྒན་དེ་ཚོར་མིག་བལྟས་ཙམ་ཡང་བརྒྱབ་མེད་ཚོད་རེད་འདུག ངེད་ཀྱིས་བསྐྱར་དུ་འདི་འདྲ་བསམ།
བོད་རིགས་རྩོམ་འབྲི་བ་རྒན་པ་འགས་སྙན་ངག་ཡིན་ན་འདིའི་ཡན་ན་ཅིག་མེད་རབ་བཤད། ད་དུང་འདིས་སྤྱི་ཚོགས་ཀྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་ཐུབ་རབ་བཤད། ལོ་གཞོན་འགས་ཀྱང་དེ་་བདེན་པ་རེད་བསམ་ནས། དེབ་རྒན་གསེར་འདྲ་བོ་དེ་ཚོར་མིག་བལྟས་ཙམ་ཡང་མ་བརྒྱབ་པར་སྙན་ངག་ཡིན་ན་འདི་བྲིས། རྗེས་མ་ཞིག་ལ། བོད་རིགས་རྩོམ་འབྲི་བ་འདི་ཚོའི་ནང་ན།་ ཞིབ་འཇུག་གི་རྩོམ་གཅིག་འབྲི་ཐུབ་མཁན་ཡང་ཡོད་མེད་བཤད་དཀའ་རྒྱུ་རེད། ཡ་ད་བདེ་མོ་བྱོས།
(ཞོར་འཕྲོས། མཚམས་ལན་རེར་ཚིག་རྩུབ་རེ་ཤོར་འགྲོ་གི་འདུག་མོད། འོན་ཀྱང་། དྲ་གྲོགས་རྒན་པ་མགོན་ཕྱག་དང་ྐླུ་སྨྱོན་སོགས་ལ་དུས་རྟག་ཏུ་གུས་བཀུར་ཞུ་བཞིན་ཡོད།)
སྙན་ངག་སྤྱི་དོན་དུ་ལུང་ཞིག་དྲངས་ཡོད་པ་ངས་ལོ་ཉི་ཤུའི་ཡར་སྔོན་དུ་བཀླགས་མྱོང་བ་འདི་ལྟ་སྟེ། གང་དག་སྙན་ངག་ལ་སོགས་པའི། །ཚིག་གི་ཐ་སྙད་མི་མཁས་པ། །དེ་ཡིས་གསུང་རབ་དགོངས་དོན་ཡང་། །ཕྱིན་ཅི་ལོག་ཏུ་བཀྲལ་པས་ལྟུང་། །
ད་དུང་རྗེ་བླ་མས། ་་་ ་་་ ཚིག་གི་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་ཞེས་གསུངས་འདུག་པས། ང་ཚོས་སྙན་ངག་འདི་ལ་དོ་སྣང་བྱེད་དགོས། ཡིན་ན་ཡང་གཞུང་ཆེན་མོ་སྦྱོང་བ་ལ་མཚོན་ན། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་། །ཞེས་གསུངས་འདུག་ག
ཚིག་སྦྱོར་ཚུལ་ལ་
ཞིབ་འཇུག་གི་རྩོམ་ཡག་པོ་འབྲི་ཐུབ་མཁན་ཞིག་ཞིབ་འཇུག་པ་ཚོའི་ནང་ནའང་རེ་ཟུང་མ་གཏོགས་མི་འདུག སྙན་ངག་པ་ཞིག་ནས་ཞིབ་འཇུག་གི་རྩོམ་འབྲི་མི་ཐུབ་པ་ཁག་མེད། ད་མྱི་ཚང་མས་ཞིབ་འཇུག་གི་རྩོམ་འབྲི་དགོས་པ་རེད་དམ། སྨན་པ་དེ་ཚོ། གཞས་པ་དེ་ཚོ། ཤིང་བཟོ་དེ་ཚོ། རི་མོ་མཁན་དེ་ཚོས་ཀྱང་ཞིབ་འཇུག་གི་རྩོམ་འབྲི་ཤེས་ཀྱི་མི་འདུག འདི་ལྟར་བརྗོད་པ་དང་གཅིག་པ་རེད།
ད་གཟིམས་འཇགས་གནང་། སྙན་ངག་རྒྱལ་གྱུར་ཅིག
ཨ་ཁ། དེ་གཉིད་དགོ་བསམ་སོང་ར། ཡང་བཟོད་རྒྱམ་གྱི་མཆན་དེ་མཐོང་ནས་གཉིས་མ་འདོད་ཐ།
ཡང་ཚིག་འགའ་བཤད་ཀྱི་ཡིན། བཟོད་རྒྱམ་གྱིས། “ངས་བསམ་ན་དེང་སང་གི་གསར་བུ་ཚོས་སྙན་ངག་འབྲི་བ་དང་འབྲི་རྒྱུར་དགའ་དེ། སློབ་སྦྱོང་གི་རྒྱུད་རིམ་ཞིག་རེད་འདོད་ཀི སློབ་གྲྭར་སོང་ནས་ཀ་ངོ་ཡིག་ངོ་རེ་ཆོད་དུས་ནས་སྙན་ངག་ཡིན་ན་ཅིག་འབྲི་གི་ཡིན་ཟེར་ནས་ཅིག་འབྲི་ཡིན་འདུག བྲིས་ཀྱིན་བྲིས་ཀྱིན་བྲིས་པའི་སྙན་ངག་དེ་ཚོ་ངོ་མ་སྙན་ངག་ཅིག་ལ་རིག་གི དེས་སློབ་ཕྲུག་ཚོའི་སེམས་པ་སློབ་སྦྱོང་ལ་ཁ་ཕྱོགས་པར་ཕན་ཐོག་འདྲ་ཞིག་ཏན་ཏན་ཡོད་ས་རེད། དེ་ནས་རིམ་གྱིས་སྙན་ངག་བྲིས་པས་འདོད་པ་མ་ཁེངས་པ་འདྲ། སྒྲུང་ཐུང་ནས་སྒྲུང་རྒྱས་འབྲིང་སོགས་སྒྲུང་འབྲི་བར་ཁ་ཕྱོགས་ཀི དེ་ནས་དེས་ཀྱང་འདོད་པ་མ་ཁེངས་པ་འདྲ་ཞིག་བྱས་ཏེ། དཔྱད་རྩོམ་དམ་དུམ་རེ་འབྲི་གི སྐབས་དེ་དུས་ད་གཞི་ནས་སློབ་སྦྱོང་ཟེར་བ་དེ་གང་ཡིན་དང་གང་ཞིག་དགོས་ཀི་ཡོད་མེད་ཅུང་ཙམ་ཤེས་ཀི་ཡོད་ས་རེད།” གསུངས་འདི་ཤིན་ཏུ་ནས་ཡིད་ལ་འཐད་པ་ཞིག་བྱུང་།
སློབ་སྦྱོང་བྱེད་མཁན་ཟེར་དུས་འདི་འདྲ་ཞིག་དགོས་རྒྱུ་ཡོད་རེད། རིམ་པ་རིམ་པ་བྱས་ནས་གོམ་པ་རྒྱག་ཐུབ་མཁན་ཞིག་དགོས་ཀྱི་ཡོད་རེད།
འོན་ཀྱང་། ངས་བཤད་བཞིན་པ་དེ། སྐས་རིམ་དང་པོ་དེའི་སྒང་ནས་བསྡད་འདུག་མཁན་དེ་ཚོར་ཟེར་གི་ཡོད།
ལྷག་པར་དུ་སྙན་ངག་ཡིན་ན་འདིས། སྤྱི་ཚོགས་ལ་སྣེ་འཁྲིད་ཀྱི་ཡིན་ཟེར་མཁན་དང་སྤྱི་ཚོགས་ལ་གཤེགས་བཅོས་གཏོང་གི་ཡིན་ཟེར་མཁན། ད་དུང་སྤྱི་ཚོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་གི་རེད་ཟེར་མཁན་དེ་ཚོའི་རིགས་ཡིན། ད་མང་པོ་བཤད་ཀྱི་མིན། མང་པོ་བཤད་ན། བོད་ཕྱི་ནང་གི་སྙན་ངག་འབྲི་མཁན་མང་པོར་ཁབ་བཙགས་འབིགས་བཙགས་བྱེད་དགོས་ཐུག་ས་རེད། དེ་ལྟར་བྱས་ན། ཡག་པོ་ཡང་མ་རེད། བོད་ཀྱི་སྐད་ཡིག་ལ་མདུན་ལམ་མེད་པའི་སྐབས་ཤིག་ལ་དེ་བེད་སྤྱོད་གཏོང་མཁན་ཚོར་ཅིག་བཤད་བསྡད་ན་དེ་ཡང་ཡག་པོ་མ་རེད།
བཙན་བྱོལ་ནང་གི་སྒྱུ་རྩལ་རྩོམ་ཡིག་འབྲི་མཁན་ཚོའི་ནང་ནས་ངེད་ཀྱིས་ཆ་འཇོག་བྱེད་ས་གཅིག་ྐླུ་སྨྱོན་འདི་ཡིན།
ཁོང་ནས་རང་མོས་སྙན་ངག་འཁྱོངས། ཚིག་བཅད་འཁྱོངས། ཚིག་ལྷུག་འཁྱོངས། བརྩམས་སྒྲུང་ལྷག་ཏུ་འཁྱོངས།
འཁྲབ་གཞུང་ཡང་ཡག་པོ་འཁྱོངས། འོན་ཀྱང་། འཁྲབ་གཞུང་འབྲི་རྒྱུའི་རྗེས་ནས་ཁོང་བསྡད་སོང་། ད་དངོས་གནས་བྱས་ན། ཁོང་གིས་་འཁྲབ་གཞུང་བྲིས་་ནས་གློག་བརྙན་བཟོ་དགོས་བའི་གནས་རིམ་དེར་སླེབས་ཡོད་པ་རེད་དེ། ད་ཕན་དེའི་ཕྱོགས་ལ་ཅང་གོ་རྒྱུ་མི་འདུག
ད་རུང་ཕྱི་རྒྱལ་གྱི་བུ་མོ་མཛེས་མ་དེ་ཚོས་ཀྱང་གཞས་པ་དང་སྙན་ངག་པ་རེད་ཟེར་ན་དགའ་བའི་རྣམ་འགྱུར་བསྟན་ནས་སྨྱོ་གྲབས་འདྲ་ཞིག་བྱེད། ཉམས་ཞིབ་པ་རེད་ཟེར་ན་མི་ལ་བརྩེ་དུང་སྟོན་མི་ཤེས་པའི་ཉོབ་ཏོ་ཞིག་ལ་བརྩི་གི་འདུག་པ་འདིའང་ཉམས་མྱོང་ཡིན། ཉམས་ཞིབ་པ་དེ་ཚོ་འགྱིག་དང་འཕྲུལ་འཁོར་ལྟ་བུ་རེད། ཉམས་ཞིབ་བྱེད་སྐབས་རང་གི་དགའ་མའང་བརྗེད་འགྲོ་གི་རེད། no way ཟེར་གི་འདུག
ཨ་རོ། ྐླུ་སྨྱོན། རྗེ་བླ་མས། ….. ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་ཡིན་།། ཞེས་བའི་གསུངས་དེ།
རྗེ་བླ་མའི་སྐབས་ཀྱི་སྤྱི་ཚོགས་དང་དེའི་སེམས་ཁམས་ཀྱི་སྟེང་ནས་རིན་ཆེན་གསུམ་ཡིན་ན་མགཏོགས། དེ་རིང་སང་ཉིན་གྱི་སྤྱི་ཚོགས་སྟེང་ལ་རིན་ཆེན་རྣམ་གསུམ་ཨེ་ཡིན་ན།
བོད་ཕྱི་ལོགས་ཕར་ཞོག བོད་རང་གི་ས་སྟེང་དུ་ཡང་ཨེ་ཡིན་ན། སྔ་རབས་པ་དག་གིས་སྡོམ་ཚིག་འདྲ་བཞག་པ་དེ་ཚོའི་ནང་ན་ཡང་རིག་པས་དཔྱད་པ་གཏོང་རྒྱུ་མང་པོ་འདུག་ག།
ས་སྐྱ་བས་”རིག་པ་ནང་པར་འཆི་ཡང་བསླབ་”ཟེར་བ་འདྲ་བོ་དེ་ཚོའི་རིགས་རེད།
ལཱ་མོའི་བླ་མ་དཀར་པོའམ་ཚ་གྭན་ཧུ་ཐོག་ཐུ་ཞུ་བ་དེ་གསུང་པ་ཡིན་ན། དེའི་རྣམ་ཐར་བྲིས་མ་བླ་བྲང་བཀྲ་ཤིས་འཁྱིལ་དང་ཆོས་དཔལ་ཞིང་གཉིས་ན་ཡོད་པ་ཐོས། སྤྱི་་ལོ་༡༩༩༤་སྐོར་ལ་བོད་ནང་ནས་ལྕྒྶ་པར་ཏུ་བཏབ་པ་ཧྥ་རན་སིའི་དཔེ་ཁང་དུ་འང་འདུག བླ་མ་དཀར་པོ་ལ་ཐོབ་ཐང་གནང་མཁན་གོང་མ་བཀྭང་ཞུ་རེད། སོག་པོའི་ཕྱོགས་ལ་ཨུ་རུའི་སུའི་ཁ་ཆེས་དམག་བྱུང་ཚེ་ཁོང་གིས་དམག་དཔོན་གནང་ཞིང་ཧོར་གླིང་གཡུལ་འགྱེད་ལྟ་བུའི་ལོ་རྒྱུས་ཤིག་བཞག་གནང་ཤག དེ་སྐབས་ཀྱི་བྱས་རྗེས་ལ་མཉྡུ་རྒྱལ་པོས་གོ་གནས་གནང་རྒྱུ་བྱས་པ་ལ་ཕྱིས་སུ་འགལ་རྐྱེན་ཕྲན་བུས་མ་ཐོབ་པ་ལྟ་བུའང་འདུག གང་ལྟྲ་ཡང་གུ་ཤྲི་ཁཱན་རྒྱལ་དབང བདུན་པའི་དུས་རེད།
རིག་འབྱུང་ལགས། དེང་སྐབས་ང་ལ་ཨ་རི་བ་ངོ་ཤེས་དངོས་བཤུས་གློག་བརྙན་བཟོ་མཁན་རེ་ཟུང་ཡོད། ཁོ་ཚོ་ནི་འགྲོ་སོང་དེ་ཙམ་མི་དགོས་པའི་གློག་བརྙན་བཟོ་མཁན་རེད། ངའི་འཁྲབ་གཞུང་གཉིས་ཀ་གློག་བརྙན་དུ་འཁྲབ་ཚེ་འགྲོ་སོང་ཆེ་བ་ཟུང་ཡིན་པས་རེ་ཞིག་རེ་བ་མི་འདུག ད་ལྟ་ངས་འགྲོ་སོང་དེ་ཙམ་མེད་པའི་ཟློས་གར་འཁྲབ་གཞུང་རེ་འབྲི་འཆར་ཡོད། ཡིན་ཡང་གདེང་ཚོད་དེ་ཙམ་མི་འདུག
བཅོས། གང་ལྟར་ཡང་གུ་ཤྲི་ཁཱན་རྒྱལ་དབང་ལྔ་པའི་དུས་རེད། བླ་མ་དཀར་པོའམ་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་ཕྱིས་སུ་བྱོན་པ་རེད། ལོ་སྔ་ཕྱི་ལ་ཁྱད་པར་ཆེ།
མགོན་ཕྱག་ཁྱེད་ཀྱིས། སྙན་ངག་པ་འདྲ་བོ་ཡིན་ལབ་ནས་ཕྱི་རྒྱལ་གྱི་ཞི་མོ་དེ་ཚོ་འགུག་གོ་ནི་མིན་ན། ཨ་ལ་ཀུ་རེ་ཡིན།
དྲ་གྲོགས་ཚོས་སྙན་ངག་གི་སྐོར་གླེང་གིན་ཡོད་པ་འདི་ལ། རང་གི་བསམ་ཚུལ ཞིག་ཀྱང་བསྣན་ན་བསམ་སོང་། རྣམ་པ་ཚོས། སྙནན་ངག་དང་སྙག་པ་ཚོར། ཁ་ཤས་ཀྱིས་མཐོང་ཆུང་དང་ཁྱད་གསོད་ཀྱང་བྱས་འདུག ད་དུང་ཁ་ཤས་ཀྱིས་དུས་ཚོད་སྟོང་པ་ཡོད་ན་སྙན་ངག་འབྲི་བ་ལྟ་བུ་བཤད་དེ། དེ་ནི་དུས་ཚོད་སྐྱེལ་བྱེད་ཅིག་ཡིན་པར་བཤད་འདུག ངས་བལྟས་ན་དེ་ཚོ་ལ་དེ་ཚོའི་གནས་ལུགས་རེ་བགྲང་རྒྱུ་ཡོད་ངེས་ཀྱང་། སྙན་ངག་འབྲི་མཁན་མང་ཆེ་བ་ནི་གཞོན་སྐྱེས་ཚོ་རེད། དེ་ལ་གནད་འགག་གཅིག་འདུག ཁོང་ཚོ་ནི་རྩོམ་པ་པོ་བྱེད་འདོད་པ་རེད། རྩོམ་ཡིག་ཅིག་འབྲི་དགོས་ན། དེ་ནི་ཐོག་མར་ཚིགས་བཅད་ཐ་ངེ་ཐུང་ངེ་རེ་བྲིས། དེ་ཡང་མི་ཤེས་མཁན་ཚོས་རང་མོས་ཡིན། སྤྱི་ཚོགས་དང་ཐག་ཉེ་བོ་ཡིན་ཟེར་ནས་ཁ་སྐད་ཡིག་སྐད་མཉམ་བསྲེས་ཀྱི་ཚིག་རྐང་རེ་བསྒྲིགས་པ་སོགས་བྱས་ནས་སྙན་ངག་སྦྱོང་གི་ཡོད་པ་རེད། གཞོན་སྐྱེས་མང་ཆེ་བས་རྩམ་ཡིག་ལ་སྦྱོང་བརྡར་གྱི་རྣམ་པ་ནས་སྙན་ངག་འབྲི་གི་ཡོད་པ་རེད། སྦྱོང་བརྡར་སྐབས་ཀྱི་གྲུབ་དེ་ཚོ་སྤྱི་ཚོགས་སྟེང་ལ་བཀྲམས་ནས་ཡོང་དུས། དེ་སྤྱི་ཚོགས་སྟེང་གི་ཀློག་མཁན་ཚོས་སྙན་ངག་ཡིན་པའི་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། དེ་དཀའ་ངལ་ཟེར་ནའང་འདྲ། སྙན་ངག་དང་ཀློག་མཁན་བར་གྱི་དཀའ་ངལ་རེད། གཞོན་སྐྱེས་ཀྱི་གནས་སྐབས་ནས་ཡར་བརྒལ་བ་ཡིན་ན། སྙན་ངག་པ་མང་ཆེ་བ་སྙན་ངག་དང་ཁ་བྲལ་ནས་རྩོམ་རིག་གཞན་ཞིག་ལ་འཐམ་འགྲོ་གི་ཡོད། འདི་ནི་ཐོད་བརྒལ་ཞིག་ཀྱང་རེད་ལ། དེ་ནས་བཟུང་ད་གཟོད་སྤྱི་ཚོགས་ཀྱིས་མི་དེ་རྩོམ་པ་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀི་ཡོད་པ་རེད། དཔེར་ན། ང་ཚོའི་ཀློག་མཁན་ཚོས། ཁོང་སྙན་ངག་པ་ཞིག་རེད་ཅེས་དང་། ཁོང་རྩོམ་པ་པོ་ཞིག་རེད་ཅེས་ཟེར་གི་རེད། སྙན་ངག་པ་ཡིན་པར་བཤད་ན། དེ་ནི་ཚིག་གྲུབ་རེ་བཟོ་ཤེས་པ་འདྲ་པོ་ཞིག་དང་། དེ་ལས་ཚད་མཐོ་ཙམ་བཤད་ན། ཚིགས་བཅད་འབྲི་ཤེས་པ་ཞིག་ལ་གོ་གི་རེད། རྩོམ་པ་པོ་ལབ་ན། སྙན་ངག་ནི་ཨ་ཅང་ཅང་། ཚིགས་བཅས་ལྷུག་སྤེལ་མ་ཚང་མ་འབྲི་ཤེས་མཁན་དང་། རིག་གནས་ཤེས་ཚད་གང་འཚམ་ཡོད་པ་ཞིག་ལ་གོ་གི་རེད། ད་ལྟ་ལ་མཚོན་ན། བོད་གཞིས་བྱེས་གཉིས་ཀ་ན་སྙན་ངག་འབྲི་མཁན་ཧ་ཅང་མང་། ཡིན་ནའང་། དགེ་རྒན་དང་། ཉམས་ཞིབ་པ་མང་ཆེ་བ་ནི་སྙན་ངག་འབྲི་མཚམས་བཞག་ཡོད་མཁན་རེད། དེ་ནི་ཁོང་ཚོས་གོམ་པ་ཞིག་མཐོ་སར་སྤོས་པར་ངོས་འཛིན་གི་ཡོད་པ་རེད། ལྟ་སྟངས་དེས། སྙན་ངག་པ་ཚོར་སེམས་ཁྲལ་ཞིག་དང་མ་འདོད་པ་ཞིག་སློང་གི་ཡོད་པ་རེད། གོང་གི་མཁས་པ་བགྲོ་གླེང་བ་ཞིག་གིས། རྒྱ་གར་བར་མཚོན་ན། རྩོམ་ཡིག་ཡག་པོ་འབྲི་ཤེས་དང་མི་ཤེས་དེ་ཚིགས་ལྷུག་འབྲི་རྩལ་གྱི་སྒང་ནས་བལྟ་གི་རེད་གསུངས་འདུག ཚིགས་ལྷུགས་ཡིན་ན་སྙན་ངག་མིན་དགོས་པ་དེ་འདྲ་མ་རེད་དེ། སྙན་ངག་པ་ཚོའི་ད་ལྟའི་ཚད་གཞི་འདི། སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་མེད་པ་གསལ་པོ་རེད། ད་དུང་ཁ་སང་དེ་རིང་གི་བཤད་སྲོལ་ལ། ཁོས་སྙན་ངག་ཙམ་ལས་འབྲི་ཤེས་ཀྱི་ཡོད་ས་མ་རེད་ཟེར་བ་དང་། ཁོང་སྙན་ངག་པ་ཞིག་རེད་ལབ་ན་རྩོམ་པ་པོ་རྒན་པ་ཁག་ཅིག་གིས་ངོ་ཚ་ཞིག་དང་་། ཁ ཤས་ནས་མཐོང་ཆུང་བྱས་པར་ཡང་ངོས་འཛིན་བྱེད་ཀྱི་ཡོད་པ་སོགས་སྙན་ངག་པ་དང་སྤྱི་ཚོགས་ཀྱི་བར་ན། དཀའ་ངལ་ཡོད་པ་ནི་ཏན་ཏན་བདེན་པ་རེད།་ཡིན་ནའང། དེ་ནི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཞིག་མ་རེད། སྙན་ངག་པ་ཚོའི་སྙན་ངག་གིས་དཀའ་ངལ་ཞིག་བཟོས་ཡོད་པ་ལྟ་བུ་རེད། སྙན་ངག་ལེགས་པོ་ཇེ་ཉུང་དུ་སོང་། ཐེབས་ཆག་འབྲི་མཁན་ཇེ་མང་དུ་སོང་ནས་དཀའ་ངལ་ཀྱི་ཚད་འདིར་བསྐྱལ་བ་རེད་འདོད།
ད་ལྟ་དུས་ཚོད་མི་འདུག་ སང་ཉིན་ཡང་བསྐྱར་བསམ་ཚུལ་འདིའི་མཇུག་སྐྱོང་གི་ཡིན།
མཆན་༢༤པར་ གསེར་ལ་རིན་ཐང་མེད་ན་ས་རྡོ་ཞེས་པ་ཞིག་གིས་ ༼བོད་ནང་དུ་དར་བཞིན་པའི་རང་མོས་སྙན་ངག་ཟེར་བ་དེ་སྙན་ངག་མ་རེད་།་དོན་རྒྱལ་དང་ལྗང་བུ་སོགས་ཀྱིས་རང་མོས་སྙན་ངག་ཟེར་བ་དེ་ནི་ལྔ་བཞི་ལས་འགུལ་རྗེས་སུ་རྒྱ་ནག་དུ་དར་པས་རྩོམ་འཆལ་ཤིག་བོད་དུ་བསྒྱུར་པ་དེ་རེད་།༽ཞེས་མི་ཤེས་ཤེས་མདོག་མང་པོ་ཞིག་བཤད་འདུག རང་མོས་སྙན་ངག་ཟེར་བ་(vers libre or free verse)འདི་ནུབ་ཕྱོགས་ནས་དར་པའི་རྩོམ་འགྲོས་གྲགས་ཆེན་ཞིག་རེད། འགོ་ཁུངས་བཤད་དུས་རྩོམ་རིག་དཔྱད་བརྗོད་པ་མང་པོས་བཞེད་པ་མི་མཐུན། ཁ་ཤས་ཀྱིས་འཇར་མན་ནས་དར་ཟེར། ཁ་ཤས་ཀྱིས་ཧྥ་རན་སི་ནས་དར་ཟེར། གང་ལྟར་དེའི་སྐོར་ཤེས་འདོད་ན་དེང་རབས་རིང་ལུགས་པའི་(modernism)ཚབ་མཚོན་སྙན་ངག་པ་Ezra Pound, T. S. Eliot, Walt Whitman སོགས་ཀྱི་སྙན་ངག་དང་དཔྱད་རྩོམ་ལ་གཟིགས་རོགས། དུས་རབས་བཅུ་དགུ་བའི་Emily Dickinson, Heinrich Heine སོགས་ཀྱི་བརྩམས་ཆོས་ལ་ཡང་ལྟ་རོགས། ད་མི་ཁོམ་མ་གཏོགས་མང་པོ་བཤད་རྒྱུ་འདུག
ད་གཡུང་དྲུང་ངེད་གཉིས་སྙན་ངག་པ་ལ་ལྟ་སྟངས་མི་མཐུན་གི ངས་ལྟ་ཚུལ་ནི་སྙན་ངག་ཐ་ཐོར་རེ་བྲིས་པ་ཙམ་མིན་པར། སྙན་ངག་འབྲི་རྒྱུ་དེ་རང་ཉིད་གི་ནམ་རྒྱུན་གྱི་དགའ་སྣང་ཞིག་ཏུ་ཆགས་བསྡད་ཡོད་པ། གང་ཞིག་བྲིས་པ་དེ་ཚོར་ཡང་ཚིག་དོན་གཉིས་ཀྱི་ཐོག་ནས་གཞན་ཡིད་འཕྲོག་ཐུབ་པའི་སྒྱུ་རྩལ་གྱི་ཉམས་དམིགས་བསལ་ཞིག་ཡོད་ན་སྙན་ངག་པ་ཟེར་ཆོག
རྒྱ་ནག་གི་སྙན་ངག་པ་ཀོ་མོ་རོས། ལོ་གཞོན་པའི་སྐབས་གང་ཞིག་འབྲི་ཤེས་པ་ཚང་མ་སྙན་ངག་པ་རེད། དོན་དམ་པའི་སྙན་ངག་པ་ཞིག་ཡིན་མིན་ནི་ཁོ་རྒས་པའི་སྐབས་ལ་ལྟོས་ཟེར་ནས་སྙན་ངག་བྲིས་ནས་ཚེ་མཐའ་མ་འཁྱོལ་ན་སྙན་ངག་པ་མིན་པ་ལྟ་བུ་ཞིག་བཤད་འདུག་པ་འདིའང་ཁོས་སྙན་ངག་པར་ལྟ་སྟངས་ཤིག་རེད། དེ་འདྲ་ཡིན་ན། བོད་ནང་ཡི་དམ་ཚེ་རིང་གིས་ངེས་ངེས་རྒས་རྒས་བར་སྙན་ངག་བྲིས་ཡོད་པ་རེད་སྙམ། གཞན་མང་པོ་མི་ཤེས། ལྗང་བུས་ད་རུང་འབྲི་གི་འདུག
ངས་སྙན་ངག་ཐ་ཐོར་རེ་བྲིས་མྱོང་། དེ་ཚོ་སྙན་ངག་ཡིན་མིན་ཀློག་པ་པོ་ཚོས་བལྟ་རྒྱུ་ཞིག་རེད། ཡིན་ན་ཡང་། རང་ཉིད་སྙན་ངག་པ་ཞིག་ཡིན་ནམ་ཡང་བསམས་མ་མྱོང་། ག་རེ་རེ་རེད་ཟེར་ན། ངས་ནམ་རྒྱུན་སྙན་ངག་འབྲི་གི་མེད་པ་དང་སྙན་ངག་འབྲི་རྒྱུ་དེ་ངའི་དགའ་སྣང་ཞིག་ཏུ་ཡོངས་སུ་ཆགས་མེད་པས་ཡིན།
མི་རྐྱང་ཡིན་དུས འདོད་ཆགས་ཆེ་དུས སེམས་ནང་ལ་སྨུག་པ་འཁྲིགས་དུས
སྙན་ངག་ཁ་འདོན་བྱེད་བཞིན
སྙན་ངག་གི་ནུ་ཞོ་འཐུང་བཞིན
སྙན་ངག་ལ་སྐྱབས་སུ་འགྲོ་བ
སྙན་ངག་ལ་བརྐྱངས་ཕྱག་འཚལ་བ
སྙན་ངག་ལ་དགའ་མཁན་ངའི་མི་ཚེ་ནང་གི་ལེའུ་ཐུང་ཐུང་ཞིག
བུད་མེད་རེག་སོང
འདོད་ཆགས་ཞི་སོང
སྒོར་མོ་རེག་སོང
ནང་གི་རྦ་རླབས་ཀྱང་རེ་ཞིག་འཇགས་སོང
རང་གིས་མ་གཏོགས་མི་གོ་བའི་སྙན་ངག་དོ་བོ་གཉིས
གཅིག་ཏེ་མེ་ལ་བསགས་ཚར
གཞན་དེ་མཚོ་ནང་དུ་གཡུགས
སྐབས་དེར་མིག་ཆུ་ཤོར་སོང་ལ
སེམས་ལ་ཞི་བ་འདྲ་ཞིག་ཀྱང་ཐོབ་སོང་།
བསམས་གཞིག་ཡན་པོ་ཞིག་གིས་ཁྲིད་ནས་སྙན་ངག་ལ་ཐུག་བྱུང་།
སྙན་ངག་ཐ་ཐོར་ཞིག་གིས་ཁྲིད་ནས་མཛའ་མོ་ལ་ཐུག་བྱུང་།
མཛའ་མོའི་བརྩེ་བ་ཡིས་བསླུས་པས་བུ་ཕྲུག་གཉིས་རྙེད་བྱུང་།
བཟའ་ཟླ་བུ་ཕྲུག་ཀུན་འཛོམས་པས་ཁྱིམ་གཞི་ཞིག་གྲུབ་སོང་།
ཁྱིམ་གྱི་ལས་ཁུར་གྱིས་བྲེལ་བས་སྙན་ངག་ཀྱང་བརྗེད་སོང་།
སྙན་ངག་འདི་དོན་དམ་པས་མི་རྐྱང་དག་གི་མཛའ་མོ་ཡིན་པ་འདྲ།
སྙན་ངག་ལ་མ་ཐུག་ན་མཛའ་མོ་ལ་ཐུག་མེད།
མཛའ་མོ་ལ་མ་ཐུག་ན་སྙན་ངག་ཀྱང་བརྗེད་མེད།
སྙན་ངག མཛའ་མོ མཛའ་མོ སྙན་ངག
དྲ་གྲོགས་རི་སྤྱང་ཁེར་འགྲོ་དྲ་ཐོག་ཏུ་མ་ཡོང་བར་ཡུན་རིང་ཙམ་འགོར་སོང་ང་། ཁྱེད་སྐུ་བདེའམ། ཀྱེད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་རེ་ཟུང་དྲ་ཐོག་ནས་བཀླགས་མྱོང་བས་ཁྱེད་ཀྱི་མིང་འདི་རིག་མ་ཐག་རྒྱུས་ཡོད་ཅིག་དང་འཕྲད་སྣང་འདུག
ད་ཡང་དཔྱད་རྩོམ་རེ་འབྲི་བའི་རེ་བ་ཆེ། མཇལ་ཡོང་།
སོག་སྐད་དུ་ཧན་ཟེར་བ་རྒྱལ་པོ་དང་། ནོ་མོ་ཧན་ནམ་ནོ་མོན་ཧན་ཟེར་ན་ཆོས་རྒྱལ་ལམ་ཆོས་ཀྱི་རྒྱལ་པོ་ཟེར་བ་རེད། ཚ་གན་ཟེར་བ་ནི་ཕལ་ཆེར་ཚ་ཧན་ནོའམ་ཚ་ཧ་ནོ་ཞེས་པ་འདིའི་སྒྲ་ཟུར་ཆགས་ཙམ་ཨེ་ཡིན་ནམ་སྙམ། འོན་ཀྱང་རྒྱུ་མཚན་གཞན་ཅང་བཤད་དུ་མེད། ཚ་ཧན་ནོའམ་ཚ་ཧ་ནོ་ཟེར་བ་ནི་མཚོ་སྔོན་པོའི་ཚྭ་མཚོའི་བྱང་ཕྱོགས་སུ་སྤྱི་ལེ་(དུ་ཡོད་མི་དྲན་གི)ཙམ་གྱི་སར་མེ་འཁོར་འབབ་ཚིགས་ཤིག་ཡོད་ས་དེར་ཚ་ཧན་ནོའམ་ཚ་ཧ་ནོ་ཟེར་ཞིང་། སོག་སྐད་ཡིན་ལ། ས་དེར་སྔ་མོ་ནས་ད་ལྟ་ཡང་སོག་པའི་ས་ཡིན་ཟེར་ཞིང་། སོག་པོ་འཚོ་སྡོད་བྱེད་བཟིན་འདུག་པ་བདག་དངོས་སུ་ས་གནས་དེར་སོང་མྱོང་། ལ་མོ་ཞབས་དྲུང་ཚང་གི་ཡོན་བདག་མང་ཆེ་བའང་ས་ཕྱོགས་དེ་ནས་ཡིན་འདུག་སྙམ་པ་དཔྱད་པར་འཚལ།
དྲ་གྲོགས་གཅན་བཟོད་རྒྱམ་ལགས།
སྐུ་ཉིད་ཀྱིས་ཕྲན་ལ་འཚམས་འདྲི་གནང་བ་བཀའ་དྲིན་ཆེ།
རྒན་མདའ་ཚན་པ་དང་ཨ་ཀི་ཁ་བ་དཀར་བོ ཁྱེད་རྣམ་གསུམ་གྱི་རྩོམ་དང་མཆན་མཐོང་ཚེ་འཆོར་གི་འཇུག་གི་མེད།
འདས་བའི་ཟླ་ཤས་རིང་ལས་ཞོར་གྱི་ཆུ་ཚོད་སྟོང་བ་དམ་འཛིན་གྱིས་དེབ་ཁ་ཤས་ཀློག་རྒྱུའི་སྐལ་བ་ཐོབ། ངས་བཀླགས་པའི་དེབ་དེ་ཚོ་ཨ་རིའི་ཡུལ་མིའི་སྐོར་རྐྱང་རྐྱང་ཡིན། མི་རིགས་དཀར་པོས་ཨ་རིའི་ཡུལ་མིར་སྡུག་པོ་བཏང་བ་རྣམས་བཀླགས་ཀྱིན་བཀླགས་ཀྱིན་སེམས་མ་སྐྱིད་པ་ཆེན་པོ་བྱུང་། ཞོར་དུ་ཨ་རིའི་ཡུལ་མིའི་སྐོར་ལ་ཟིན་བྲིས་་ཁ་ཤས་ཀྱང་བརྒྱབ་ཡོད། ཟིན་བྲིས་ཀྱི་མཇུག་ཏུ་ཚིགས་བཅད་འཆལ་འཆོལ་ཞིག་ཀྱང་འདི་ལྟར་བྲིས་ཡོད་དེ།
ལྷུང་ལྷུང་འབབ་པའི་མེ་སི་སུ་ཕི་ཁྱོད་ཀྱི་མིག་ཆུ་ཡིན་ནམ་ཅི།།
ཨི་ལི་ནི་སིའི་ས་སྤུངས་སྒང་འབུར་མེས་པོའི་མཁར་རྫོང་མ་ཡིན་ནམ།།
ཨོ་ཧ་ཡོ་ཡི་སྦྲུལ་གཟུགས་ཆེན་པོ་གནམ་རིག་ཤུལ་ལུས་ཡིན་པར་བཤད།།
ཨ་རི་རྫོན་ནའི་བྱང་ཐང་སྐྱ་མོ་སྐྱིད་སྡུག་ལོ་ཟླའི་དྲན་སྐུལ་ཉིད།།
ཨ་ཁི་ལ་ཧོ་མར་ངུ་བཞིན་བསྐྱོད་པའི་མིག་ཆུ་དྲོན་མོའི་བརླན་གཤེར་ཡོད།།
པུས་མོ་རྨས་མར་ས་ལ་སྦེད་པའི་འཕར་ལྡིང་བྲང་སྙིང་ཚ་བོ་ཡོད།།
སྲུང་སྐྱོབ་ར་བར་མི་འདོད་བཞིན་ཏུ་བཙན་གྱིས་བཙུད་པ་རྒོད་པོའི་ཁྱུ།།
ལ་རྒྱ་ཅན་གྱི་མི་རིགས་ཤིག་གི་གཏན་འདུན་ཆང་དང་ཤོ་ཡིས་འཁྱེར།།
ཕོ་རབ་རྒོད་པོའི་སྔོན་བྱུང་གཏམ་རྒྱུད་ད་ལྟ་འགྲེམས་སྟོན་ཁང་གི་ནོར།།
རི་སྤྱང་ཁེར་འགྲོ། ཁོ་རེ་རྩོམ་ཡག་པོ་བྲིས་གདའ། སྐད་ཆ་མང་པོ་མང་པོ་ཞིག་བཤད་རོགས་གོ་འདི་འདྲ་སྙན་ངག་ཐུང་ཐུང་རེ་བྲིས་ན་ཚིག་ཐུང་ལ། དོན་འདུས་པ། ཉམས་མཚར་བ་ཞིག་རེད།
ཁྱེད་ཅག་ལ་སྙན་ངག་བྲིས་ཏེ་གཟུགས་ཅན་དང་གཟུགས་མེད་ཀྱི་འཐོབ་བྱ་རེ་ཐོབ་འདུག ངས་ལོ་འདི་ཙམ་ཞིག་ལ་བྲིས་པ་ཡིན་ཏེ་ད་དུང་སེམས་པ་སྟོང་སྟོང་ཞིག་ལས་མྱོང་རྒྱུ་དང་འཛིན་རྒྱུ་ཡོད་པ་ཞིག་ད་དུང་རྙེད་མ་སོང་། ད་དུང་འཆི་ཁར་ཡང་སེམས་པ་འདི་སྙན་ངག་གི་བློས་བསླངས་ཤིག་བཞེང་བཞིན་འཆི་ན་འདོད་དེ་འདོད་ཐོག་ཏུ་ཡོང་མིན་གང་ཤེས།