དྲ་གྲོགས་བསམ་པ་དང་ཤར་རལ་གྲི་ལགས། ཉིད་རྣམ་གཉིས་སོགས་ཀྱིས་གཟའ་འཁོར་གཅིག་ལྷག་གི་སྔོན་དུ་ཁོ་བོས་ཕུག་རོན་ནད་པ་ཞིག་བརྗོད་བྱར་བྱས་ཏེ་འཁྲབས་པའི་སྙིང་རྗེའི་གར་ཆུང་དེར་བལྟས་རྗེས། ཁོ་བོས་སྐྱེ་རྒུའི་ས་ཡོམ་སོགས་ཀྱི་སྐབས་སུ་བོད་ལ་ཕན་པའི་ལས་ཀ་གང་དང་གང་བྱས་ཞེས་སྤྱིར་ན་དུས་རྟག་ཏུ་རང་གི་གདོང་ལ་འཛུག་དགོས་པའི་མཛུབ་མོ་སྦོམ་པོ་དེ་ངའི་གདོང་ལ་བཙུགས་ནས་བཀའ་འདྲི་གནང་བྱུང་བར་ལན་ཉུང་ཉུང་ཞིག་འབུལ་ཆོག་པ་སྟེ། སྐྱེ་རྒུའི་ས་ཡོམ་གྱི་སྐབས་ང་རང་གནས་སྡོད་ས་འདིའི་བོད་རིགས་ཚོས་ཞག་ཞེ་དགའི་ རིང་ལ་བདུན་ཚིགས་རེ་རེ་བཞིན་བཟང་སྤྱོད་སྨོན་ལམ་དང་མ་ཎི་སྒྲོལ་མ་སོགས་བཏོན་ པ་ཡིན། ཞི་བའི་ངོ་རྒོལ་དང་རྔ་བའི་རང་ལུས་མེར་བསྲེགས་སོགས་ཀྱི་སྐབས་སུ་དེ་བཞིན་ཞག་ ཞེ་དགུའི་རིང་བདུན་ཚིགས་རེ་རེ་བཞིན་བོད་རིགས་གང་ཐུབ་ཐུབ་ཅིག་མཉམ་འཛོམས་ ཀྱིས་བཟང་སྤྱོད་སྨོན་ལམ་དང་མ་ཎི་སོགས་བསགས་པ་ཡིན། རྗེས་སུ་ཨ་རིར་གནས་སྡོད་ས་གནས་གང་སའི་བོད་མི་ཚོར་སྐད་ཆ་འདྲི་དུས་མཉམ་དུ་ འཛོམས་ནས་སྨོན་ལམ་བཏོན་པ་མང་པོ་ཞིག་འདུག་ཀྱང་ཞེ་དགུའི་རིང་བདུན་ཚིགས་རེ་རེ་ བཞིན་བོད་རིགས་མཉམ་འཛོམས་ཀྱིས་སྨོན་ལམ་བཏོན་པ་ཞིག་ང་ཚོའི་ས་གནས་འདི་ལས་གཞན་ དུ་ཡོད་ཚུལ་གོ་མ་སོང་། གཅིག་བྱས་ན་ཁྱེད་རྣམ་གཉིས་བཞུགས་སའི་ཉིག་ཡོར་དང་ཉི་རྗར་སི་སོགས་སུ་དེ་འདྲ་ ཡོད་བཞིན་དུ་ངས་མ་གོ་བ་ཡང་ཡིན་སྲིད། གང་ལྟར་སྐྱེ་དགུའི་ས་ཡོམ་དང་ཞི་བའི་ངོ་རྒོལ་གང་གི་སྐབས་སུ་ཡང་ང་རང་ཡོད་སའི་ བོད་རིགས་ཚོས་ཁ་བཙུམས་ནས་བསྡད་མྱོང་བ་ཞིག་དྲན་གི་མི་འདུག ད་དུང་ས་ཡོམ་གོད་ཆག་གི་རྗེས་སུ་དཀའ་ཚེགས་ལ་མ་འཛེམས་པར་གཤིན་པོ་སྟོང་ཕྲག་རེ་ ཟུང་གི་མིང་ཐོ་གློག་ཀླད་དུ་ཕབ་སྟེ་རིས་མེད་སྐྱེས་ཆེན་དག་གི་སྤྱན་སྔར་བཀྲམས་ པ་སོགས་མདོར་ན་བོད་པ་ཚང་ལ་སྡུག་ཅིག་བསླེབས་དུས་རང་གི་ཁ་བསླེབས་སར་ཁ་དང་ལག་ བསླེབས་སར་ལག་འགུལ་ཏེ་དགེ་རྩ་རེ་བསྒྲུབས་ཁུལ་བྱེད་མྱོང་ཡང་བོད་པའི་ལུགས་ སྲོལ་ཞིག་ལ་མི་དེའི་དགེ་མཚན་ལས་སྐྱོན་ཆ་མང་ཙམ་མཐོང་ཐུབ་པ་འདི་ཡིས་ང་ཚོ་རབ་ ཏུ་ཤིན་ཏུ་ནོན་པས་ནོངས་ཤིང་། ངས་གོང་དུ་ཕུག་རོན་དེའི་སྐོར་ཞིག་དྲ་ཐོག་ཏུ་བཞག་པ་དེ་ནི་རང་གི་ཨ་རིའི་རྒྱལ་ སའི་ཉིན་ཐོ་དེའི་ཆ་ཤས་ཤིག་ཡིན་ལ། དྲང་མོར་བཤད་ན་དུས་དབང་སྐབས་གོང་ས་མཆོག་གི་སྐུ་མདུན་ནས་བྱང་ཆུབ་སེམས་དཔའི་ སྡོམ་པ་ཞུས་པའི་རྗེས་དེ་རང་དུ་ཕུག་རོན་བཀའ་དྲིན་ཅན་དེས་ངའི་རྒྱུད་ལ་སྙིང་ རྗེ་ཐན་ཐུན་རེ་སྐྱེ་རུ་བཅུག་སོང་བས། ཁོང་ལ་རྗེས་དྲན་གྱི་ཚུལ་དུ་ཡང་དོན་དག་འདི་ཅུང་ཞིབ་ཕྲའི་སྒོ་ནས་མ་བྲིས་ཐབས་ མེད་འདྲ་ཞིག་ཆགས་སོང་ལ། དྲ་གྲོགས་སྐོར་གིས་ངའི་དགེ་རྩ་ཆུང་ཆུང་དེར་རྗེས་སུ་ཡི་རང་དང་སྨོན་ལམ་རེ་ཡང་ བསྐྱོན་སོང་བས། བཟང་སྤྱོད་ལས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ཞེས་རང་ལས་མཆོག་དམན་བར་མའི་འགྲོ་བ་སུ་ཞིག་གི་དགེ་རྩ་ལ་ཡང་རྗེས་སུ་ཡི་རང་ རེ་བགྱིས་ན་བསོད་ནམས་ཀྱི་ཚོགས་གསོག་ཤུགས་ཆེ་བ་དང་། ཆགས་མེད་བདེ་སྨོན་ལས། གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་འཐོབ་པར་གསུངས། །ཞེས་དང་། གུང་ཐང་ཚང་གིས། ཉལ་བཞིན་དགེ་ཆེན་ཞིག་བྱེད་ན། །རྗེས་སུ་ཡི་རང་རང་གྱིས་ཤིག །ཅེས་ཀྱང་གསུངས་ཡོད་པས། ཉིད་རྣམ་གཉིས་ཀྱིས་ཀྱང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་རེ་བྱེད་མི་ཐུབ་ན་ ཡང་གཞན་གྱི་དགེ་རྩ་ཕྲ་མོ་ཚུན་ཆད་ལ་ཕྲག་དོག་དང་ངན་སྨྲས་བྱེད་དགོས་དོན་མེད་ ཀི་བསམ། ཡིན་ན་ཡང་། དགེ
་ཆོས་ཀྱིས། མངོན་གྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། །ངམ་གནག་བཞིན་གྱི་གཉེར་མ་མི་སངས་པ།།མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། །ཅེས་དང་། ཡང་སེམས་ཅན་བསམ་པ་ཐ་དད་པ་དེ་རྒྱལ་བ་ཡིས་ཀྱང་འགོག་མི་ཐུབ་པས་སྤྱང་ཀི་ཤ་གཟན་ རི་བོང་རྩྭ་གཟན་གཉིས་ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་དེ་ངལ་བའི་རྒྱུ་ལས་མེད་ པ་དེ་ཡང་ཁོ་བོས་ཤེས་ཙམ་ཡིན་ལགས། དགེ་བ་ཆེ་ཕྲ་གང་བྱས་ངོ་སྤྲོད་བྱེད་པའི་ལུགས་སྲོལ་འདི་ནི་རང་རེ་ནང་པ་ཚང་ལ་ ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་ཡོད་པ་སྟེ། དེ་ཡང་དམིགས་པ་དང་ཀུན་སློང་གི་བཟང་ངན་འཆོར་གི་ཡོད་པ་མ་གཏོགས་རང་རེའི་སྟོན་ པ་དང་ངེད་ཅག་གི་བྱེད་སྟངས་འདྲ་བོ་མང་པོ་ཞིག་ཡོད་པ་ནི། སྐྱེས་རབས་དཔག་བསམ་འཁྲི་ཤིང་དང་སྐྱེས་རབས་སོ་བཞི་པ། མདོ་སྡེ་བསྐལ་བཟང་སོགས་ལས་སྟོན་པས་ངས་ སློབ་པ་ལམ་གྱི་གནས་སྐབས་སུ་དགེ་རྩ་འདི་དང་འདི་བསགས་ཞེས་ཐ་ན་རས་ཀྱི་ཁ་ཚར་ཙམ་ ལ་བརྟེན་ནས་བསགས་པའི་དགེ་རྩ་ཚུན་ཆད་དད་ལྡན་མི་དམངས་ལ་ངོ་སྤྲོད་གནང་ཡོད་པ་ མཁྱེན་གསལ་མ་ཡིན་ནམ། གང་ལྟར་ཁ་བརྡ་དྲ་བ་འདིར་མཆན་གཅིག་འདེབ་མཁན་ཡན་ཆད་རང་རེའི་གསེར་མདོག་གི་ཀ་ཁ་ སུམ་ཅུའི་འཕྲིན་ལས་གོང་དུ་སྤེལ་བར་བློ་ཁ་ཕྱོགས་ཟིན་པ་ཞིག་ཡིན་པར་ཐེ་ཚོམ་ཅི་ ཡང་མི་དགོས་པས། ཁྱེད་རྣམ་པས་དྲ་ངོས་འདིར་རང་རང་གི་བསམ་ཚུལ་གང་ཞིག་བཀོད་ཀྱང་དེ་ལ་དགའ་བསུ་ ཞུས་ན་ལོས་ཀྱང་འགྲིག གཅིག་བརྗེད་འདུག སྐུ་ཞབས་བསམ་པའི་མིང་ཅན་ལགས། ལ་རྩེ་དཔེ་མཛོད་ཁང་དུ་མཁས་དབང་མཁར་རྨེའུ་བསམ་གཏན་ཚང་གི་མདའ་དང་འཕང་ཞེས་པའི་ དེབ་དེ་དང་སྒོ་ཤེས་རབ་རྒྱ་མཚོའི་དེབ་ཕྲེང་གཉིས་པ་གོ་རྟོགས་དང་ལག་ལེན་ཞེས་པ་ དེ་གཉིས་ཡོད་དམ། དེང་སྐབས་ང་ནི་དེབ་དེ་གཉིས་ཀློག་འདོད་ཀྱིས་ཚོས་བསྡད་ཡོད། ཤར་རལ་གྲི་ལགས་དང་དུས་དབང་སྐབས་འཁྱུག་ཙམ་ཐུག་འཕྲད་བྱུང་བར་ཡང་དགའ་བསྡད་ཡོད་ ལ། ཉིན་དེར་ཁྱེད་དང་དཀོན་མཆོག་སོགས་ཀྱིས་གྲོས་ཚོགས་ཁང་ཆེན་སོགས་ལ་ལྟ་སྐོར་ཡག་ པོ་ཞིག་བྱེད་ཐུབ་སོང་ངམ།
གོང་གི་མུན་ཁྲོད་ཀྱི་ཟླ་བའི་པར་དེ་ཁོ་བོས་སེམས་པ་སྐྱིད་པོ་ཡོད་པའི་མཚན་མོ་ཞིག་ལ་བླངས་པ་ཡིན།
འོ་ལེ། བསམ་པ་ཟེར་བ་དང་། ཤར་རལ་གྲི་ཟེར་བའི་མི་འདི་ཚོ་མཐོང་ཚེ། ཧོར་གཙང་འཇིགས་མེད་ཀྱི་སྙན་ངག་ཅིག་ཏུ། ཁྭ་ཏའི་ལུས་སུ་སྐྱེ་འདོད་མེད་ཀྱང་།། ཕ་མའི་བྱིན་པ་ཁ་ཏའི་ལུས་རེད།། ཟེར་བའི་སྙན་ངག་དེ་དྲན་ནི་ཟིག་རེད། མ་གཞི་རང་མིང་བསྐུངས་ནས་མི་དོན་མེད་ལ་སྙད་འདོགས་བྱེད་པ་འདི་ངོ་མ་བློ་ཡུལ་དུ་མི་ཤོངས་པ་ཞིག་རེད། ངའི་གྲོགས་པོ་ཡིག་རིག་མང་པོ་ཤེས་མཁན་ཞིག་ལ་སྐད་ཆ་དྲིས་པ་ཡིན། སྐྱུག་བྲོ་བོའི་ལས་ཀ་འདི་འདྲ་བྱེད་མཁན་ང་ཚོ་བོད་མི་གཅིག་པོ་རེད་དམ། ཡང་ན་མི་རིགས་གཞན་གྱི་ནང་ན་ཡང་འདི་འདྲ་ཡོད་དམ་ཞེས་དྲིས་པ་ཡིན། ཁོས་ཟེར་ན་ནུབ་ཕྱོགས་པའི་མགོ་སེར་རྣམས་ཀྱི་ནང་དུ་འདི་འདྲ་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། དེའི་རྒྱུ་མཚན་ནི་ཁོང་ཚོར་ཁྲིམས་དང་མིའི་སེམས་ཀྱི་འཕྲོད་བརྟེན་ལ་དོ་སྣང་ཡོད་པ་དང་། དེའི་ཐོག་ལ་སློབ་སྦྱོང་ཟབ་མོ་ཡོད་པས་རེད། རྒྱ་མི་རྣམས་ཀྱི་ནང་དུ་ལས་ཀ་ཐབས་སྡུག་འདི་འདྲ་བྱེད་མཁན་ཧ་ཅང་མང་པོ་རེད། དེར་བརྟེན་ནམ་རྒྱུན་དྲ་ལམ་གྱི་ཨང་རྟགས་བརྒྱུད་དེ་དྲ་འབུ་ཚོ་བཟུང་རྗེས་ཁྲིམས་སར་ཐུག་པ་ཞིག་ཏུ་མང་པོ་རེད་ཟེར། ད་ཅི་བྱ། དྲ་འབུ་འདི་ཚོས་ཡི་གེའི་དག་སྡེབ་ཙམ་ཡང་མི་ཤེས་བཞིན་དུ་ཉིན་མཚན་གཉིས་ཀར་ཁྱི་ལྟར་ཟུག་པས་དྲ་རྒྱ་རྣམས་ལ་བལྟ་རིན་མེད་པ་བྱེད་ཀྱི་འདུག ངོ་མ་སེམས་ནག་ཟེར་ནི་བོ་རེད་ཡ། ངོ་མི་རིག་གི་ཆུགས།
ཀླུ་རིན་པོ་ཆེ་མཆོག་གི་ལྷག་བསམ་དང་ལ་རྒྱ་ལ་བསྟོད་བསྔགས་དང་ཡི་རངས་ཡོད། ཁོང་གི་སྙིང་རྗེ་དེ་དངོས་གནས་ཕྱོགས་མཐའ་མེད་པ་ཞིག་རེད་དོ།
ཀླུ་རིན་པོ་ཆེ་ལ་འདི་འདྲའི་བརྩེ་སེམས་དྲོན་མོ་ཞིག་དང་སྙིང་རྗེ་ལག་ལེན་དུ་འཁྱེར་བའི་ཀུན་ཁྱབ་ཀྱི་བསམ་བློ་འདི་ལ་ཡི་རང་དང་བསྔགས་བརྗོད་ཞུ་ན་འདོད་སོང་ལ། རང་རེའི་ཤི་གསོན་རྣམས་ཀྱི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་ཞུ་བ་འདི་ཡང་ཆོས་པ་ངོ་མ་ཞིག་གི་འགྲོ་སྟངས་ལོས་ཡིན།
ང་ཚོ་སུ་ཡིན་ཡང་རང་ཉིད་མི་འཐད་ས་ཞིག་ལ་ཡག་ཉེས་དང་དགེ་སྐྱོན་བརྗོད་པའི་ཐོབ་ཐང་ངེས་བར་ཡོད་ཆོག་ནའང་། དགེ་སྐྱོན་བརྗོད་པ་དེ་ཕྲག་དོག་དང་དམའ་འབེབས་པ་སོགས་ཀུན་སློང་ངན་པའི་གཞན་དབང་དུ་སོང་ན་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཐད་ནས་ནོར་འཁྲུལ་ཞིག་རེད། ང་ཚོས་གཞན་གྱི་ལྟ་ཚུལ་གང་ཞིག་ཁས་མི་ལེན་པ་དང་ཆབས་ཅིག་བསམ་ཚུལ་དེ་ལ་བརྩི་བཀུར་ཡོད་པའི་ཐོག་ནས་དེ་ལ་དགག་བཞག་བྱེད་པ་ནི་དམངས་གཙོའི་སྤྱི་ཚོགས་ཤིག་ལ་ཚང་དགོས་བའི་མ་མཐའི་ཆ་རྐྱེན་དེ་རེད།འུ་ཚོས་བརྙན་འཕྲིན་སོགས་ལས་མཐོང་བ་ལྟར་གོ་རྟོགས་འདིའི་རིགས་སད་མེད་པའི་རྒྱལ་ཁབ་ཁ་ཤས་ཀྱི་གྲོས་ཚོགས་ཁང་ན་ཚོགས་མི་རྣམས་རྒྱག་འདྲེ་རྒྱག་པའི་དོན་དག་བྱུང་བ་དག་ཀྱང་གཞན་གྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་མ་ཐུབ་པར་ཡོད་ཚད་ང་དང་ངའི་ཕྱོགས་གཏོགས་དག་གིས་འདོད་པ་ལྟར་གྲུ་བཞི་ནར་མོ་ཁོ་ན་ཡིན་དགོས་བར་འདོད་པས་ལན་པ་རེད།་གལ་ཏེ་སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་དགོས་ན་ང་ཚོར་ལྟ་ཚུལ་འདྲ་མིན་མཉམ་གནས་བྱེད་ཐུབ་པའི་སྤྱི་ཚོགས་ཤིག་ངེས་བར་དུ་དགོས་འདུག དེར་བརྟེན་ང་ཚོས”མཁས་བརྒྱ་འགྲན་གླེང”བྱེད་པ་དེ་རང་རྒྱལ་གཞན་ཕམ་དང་། འབུར་འཇོམས་མགོ་གནོན་སོགས་བསམ་བློ་ཕྱོགས་རེ་བ་ཙམ་གྱི་དབང་དུ་མ་སོང་བར།རྒྱུ་མཚན་དང་གནས་ལུགས་ཀྱི་མདའ་མོ་དེ་བརྩི་བཀུར་དང་དཀྱེལ་ཡངས་ཀྱི་གཞུ་མོ་ལ་བདུངས་ནས། ཀློག་པ་པོའི་དམིགས་འབེན་དུ་འཕངས་བ་ཡིན་ན་མ་མཐའ་ཡང་འུ་ཚོས་ཀློག་པ་པོའི་སྡེ་ལ་མིག་དཔེ་བཟང་བོ་ཞིག་འཇོག་ཐུབ་པ་ཡིན།
དྲ་གྲོགས་པཀྵིའི་མིང་ཅན་ནས་གསུངས་པ་དངོས་གནས་འཐད་པ་ཡིན། རྩོམ་པ་པོ་དག་གིས་ངེས་པར་དུ་རང་རེའི་ཀློག་པ་པོའི་དྭངས་གཙང་གི་སེམས་གཤིས་ལ་བསམ་གཞིག་ཟབ་མོ་གཏོང་དགོས་པ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཡིན་ནའང་། རྩོམ་པ་པོ་མང་པོ་ཞིག་གིས་འདིའི་རིགས་ལ་བསམ་བློ་མི་གཏོང་བར་མཆན་མང་ཤོས་ཀྱི་རྩོམ་ཡིག་ཅིག་ལ་འེ་ཆགས་ཀྱི་རེ་བས་དགོས་མེད་ཕན་མེད་ཀྱི་ཡིག་ཉོག་མང་དུ་སྤེལ་བཞིན་འདུག་པས། ཐུགས་གཟབ་གནང་བར་ཞུ།
རྒན་ཀླུ་སྨྱོན་ལགས་ཀྱི་གསུངས་ལ་ཤིན་ཏུ་མངོན་པར་བསྟོད།