ཉེ་སྔོན་ནས་རྒྱལ་སྤྱིའི་རྒྱལ་ནང་གི་སེམས་ཅན་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་དང་འབྲེལ་ཡོད་སྡེ་ཁག་མི་སྒེར་བཅས་བ་ནས་ངོ་རྒོལ་དང་སྐྱོན་བརྗོད་ཅི་ཙམ་བྱས་མིན་ལ་མ་ལྟོས་པར་ཧིན་རྡུའི་ལྷ་མོ་རྒ་རྡེ་མཱའེ་ཞེས་པའི་ལྷ་ཁང་ཡོད་སའི་བལ་ཡུལ་མཐའ་མཚམས་བྷ་ར་ཞེས་བའི་ས་གནས་སུ་རྒྱ་གར་དང་བལ་ཡུལ་གཉིས་གྱི་ཧིན་རྡུའི་ཆོས་པ་སྟོང་ཚོ་མང་པོ་འཛོམས་ནས་མ་ཧེ་སོགས་སེམས་ཅན་འབུམ་གསུམ་ཙམ་གྱི་སྐེ་བཅད་ཏེ་ལོ་ལྔ་རེ་མཚམས་སུ་སྤེལ་སྲོལ་ཡོད་པའི་དམར་མཆོད་ཆེན་མོ་སྤྱི་ཚེས་ ༢༤་ཉིན་ནས་གཏོང་འགོ་བཙུགས་ཡོད་ལ་དེ་ནི་འཛམ་གླིང་སྟེང་གི་དམར་མཆོད་ཆེ་ཤོས་ཡིན་པ་རེད་འདུག
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
འཕགས་པ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ༔
འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔
ཧྲྰི༔
རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱིས༔
སྟོང་པའི་ངང་ལས་པདྨ་ཟླ་བའི་གདན༔
པད་དཀར་ཧྲྰི༔ མཚན་ཡོངས་སུ་གྱུར་པ་ལས༔
ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས༔
ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར༔
དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔
ཕྱག་གཡས་འོག་མ་རིན་ཆེན་ཤེལ་ཕྲེང་འཛིན༔
ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔
ཞལ་འཛུམ་སྤྱན་་གདང་ཤངས་ཀྱི་དབྱིབས་མཐོ་ཞིང་༔
དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ༔
སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔
རང་ཉིད་དེ་ལྟར་གསལ་བའི་ཐུག་ཀ་རུ༔
པདྨ་དཀར་པོ་འདབ་དྲུག་གྱེས་པའི་དབུས༔
ཡི་གེ་ཧྲྰིཿམཚན་འབྲུ་དྲུག་འདབ་སྟེང་གནས༔
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས༔
སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ༔
འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས༔
སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས༔
གྲག་པ་ཐམས་ཅད་གྲག་སྟོང་སྔགས་ཀྱི་སྒྲ༔
དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་ངང་༔
སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་བཞག༔
དེ་ལྟར་གསལ་བའི་རིག་སྔགས་འབྲུ་དྲུག་པོ༔
སྒྲ་ཟུར་མ་ཉམས་ཡི་གེ་དྲུག་མ་བཟླ༔
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
དེ་ལྟར་རྒྱུན་དུ་སྒོམ་བཟླས་བྱ༔ སྐབས་སུ་མཆོད་བསྟོད་ཕྲིན་ལས་བཅོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ འཕགས་པ་ཐུགས་རྗེ་་ཆེན་པོའི་མངོན་རྟོགས་ཡིད་བཞིན་ནོར་བུ་རྗོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
ནུབ་ཟངས་མཛོད་དམར་པོ་ནས་སྤྲུལ་སྐུ་རིག་འཛིན་ཆེན་པོས་གཏེར་ནས་གདན་དྲངས་པའོ། །མངྒ་ལཾ། །
དགེ་བ་འདི་ཡིས་མྱུར་དུ་བདག །
སྤྱན་རས་གཟིགས་དབང་ལྷ་ཚོགས་འགྲུབ་གྱུར་ནས། །
འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །
ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །
ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།
སེམས་ཅན་དེ་དག་གི་ཤ་ག་རེད་བྱེད་ཀི་ཡོད་ན།
ཡུལ་ཁམས་དེར་རུལ་དྲིའི་ཁྱབ་བསྡད་ཡོད་རྒྱུ་རཱ།་ལྷ་མོར་འབུལ་བའི་ལྷག་མ་ཡུལ་དེའི་རོང་རྒན་ཚོའི་ཁ་ལ་འགྲོ་སོང་ན་བཟང་གི་
དེ་དག་མ་གསོད་ཅིག །
ན་མོ་ལོ་ཀི་ཤྭ་ར་ཡེ། །
བྱམས་བརྩེའི་རང་གཟུགས་ཀྱི་ལྷ་གཅིག །
འཕགས་མཆོག་སྤྱན་རས་གཟིགས་མཁྱེན་ནོ། །
ལས་ངན་འགྲོ་དྲུག་གི་འཁྲུལ་སྣང་། །
རང་གྲོལ་ཡེ་ཤེས་སུ་སྟོན་མཛོད། །
ཁྲེལ་མེད་དམར་མཆོད་ལ་དགའ་བའི། །
དོན་མེད་ལོག་ཆོས་ནི་འདི་དག །
སྐྱབས་མེད་དུད་འགྲོ་ལ་རྒོལ་བ། །
འདོ་མེད་ཤན་རྒོད་ཁྱོད་ལས་ངན། །
བྱེ་ཐང་མ་རོ་ཡིས་བསྐང་ཞིང་། །
གངྒ་ཁྲག་འདོག་ཏུ་བསྒྱུར་བས། །
མ་ཧྰ་དེ་བ་དེ་དགྱེས་ན། །
རང་ལུས་མཆོད་འབུལ་དུ་གནང་དང་། །
ཤ་ཁྲག་ཁོ་ན་དགའ་བ། །
མཆེ་ཅན་གཅན་གཟན་ལ་མཆོད་པ། །
སྟག་གཟིག་དོམ་དྲེད་ལྟར་སྣང་བས། །
ལྷ་མིན་འདྲེ་ཚོགས་ཡང་མི་དགྱེས། །
རང་ལུས་བདེ་འདོད་ཀྱི་ཚོར་བ། །
གཞན་ལུས་སྡུག་གཏད་ཀྱི་ཤན་པ། །
མི་ཚོགས་འདི་དག་རེ་མཐོང་ཚེ། །
སྙིང་རྗེ་མིག་ཆུ་རེ་ཤོར་སོང་། །
སྲོལ་ངན་རྒྱུན་འབྱམས་སུ་སོང་བས། །
བཟང་ངན་གོ་ལོག་ཏུ་འཁྲུལ་ཏེ། །
ཁ་ཟས་རེག་དུག་གཉིས་ནོར་འདུག །
བདེ་འདོད་སྡུག་བསྔལ་རེ་སྒྲུབ་འདུག །
གཏར་གྲི་ནམ་མཁའ་རུ་ཕྱར་ནས། །
ཤུགས་ཆེན་གླང་མགོ་རྒྱབ་པས། །
སྙིང་རྗེ་མ་ཧེ་ལ་སྡང་བ་། །
ལྷ་མགོ་བཅད་པ་ཞིག་མིན་ནམ་། །
ཨ་ཁ་བསམ་བློ་རེ་གཏོང་དང་། །
མ་ཧེ་མ་རྒན་དེ་ཡིན་ན། །
ཨ་མ་མགོ་གཅོད་དེ་ཕོད་དམ། །
ཨ་རོ་དེ་འདྲ་རང་མ་བྱེད། །
དྲིན་ཆེན་མ་ཧེ་ནི་དེ་དག །
དབྱར་དགུན་མཁོ་སྤྱོད་ལ་སོམས་དང་། །
དྲིན་ལན་ལོག་འཇལ་རེ་བྱས་ན། །
ལྷ་མོ་དགྱེས་ཐབས་ཤིག་མི་འདུག །
དེ་འདྲ་དགེ་བ་རུ་འགྲོ་ན། །
ཕ་མའི་མགོ་སྐེ་ཚོ་གཅོད་དང་། །
དམར་མཆོད་རྣམ་དག་ཅིག་མིན་ནམ། །
དེ་འདྲ་བྱེད་པ་ཅིག་ཕོད་དམ། །
རེ་འབོད་ཞུ་བ་ནི་མི་ཤེས། །
འཆི་ཁའི་གསོད་ས་ལ་སྐྲག་ཀྱང་། །
དབང་མེད་མ་ཧེ་ནི་དག །
མ་ཧྰ་དེ་ཝི་དེས་གཟིགས་སམ། །
དེ་བཞིན་བྱ་རིགས་དང་ར་མ། །
སྲོག་ཆགས་མགོན་མེད་ཀྱི་ཉམ་ཐག །
ཁྱད་པར་བྱིས་པ་ནི་ཕོ་མོ། །
རྐུ་གསོད་ལྷ་མཆོད་དུ་མ་འཛིན། །
ལྷ་ཆེན་དག་མ་ཞིག་ཡིན་ན། །
ལྷ་མོ་འཁྲུལ་མེད་གཅིག་མཆིས་ན། །
ལྷ་ཞལ་མངོན་སུམ་དུ་བསྟན་ནས། །
འཆི་ཁའི་མ་ཧེ་ཚོ་སྐྱོབས་ཤིག །
འཇིག་རྟེན་རྒུད་པ་ལ་དགོངས་ན། །
རྒྱལ་བལ་ཤན་པ་ནི་འདི་དག །
མི་ཚེ་དོན་ལྡན་དུ་མཛད་ནས། །
ཞི་བདེའི་རང་ཞལ་དེ་སྟོན་ཅིག །
ཅེས་པའང་ཅི་དྲན་ཤྲྰི་སྨྱོན་པས་རྒྱ་བལ་གྱི་ལྷ་མི་དེ་དག་ལ་གུས་ཕུལ། །
དཔལ་དགྱེས་ཀྱི་རྩོམ་འདི་རྒྱ་བལ་ཚོས་ཤེས་ཀྱི་རེད།
ཀླ་ཀློའི་ཡུལ་ཞེས་བ་འདི་ལས་ལྷག་པ་ཡོད་རྒྱུ་མ་རེད། བོད་མི་ཚང་མས་བསམ་བློ་ཐོངས།
བོད་མི་མང་ཆེ་བ་ནི་ནང་པ་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཤ་སྟག་ཡིན། སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཡིན་པའི་རྗེས། ཚང་མས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་གྱི་ཡོད་སྟབས། སྲོག་གཅོད་ནི་བྱ་བ་ཀུན་གྱི་ནང་སྡིག་པ་ཆེ་ཤོས་ལ་བརྩི་སྲོལ་ཡོད། དེར་བརྟེན་བོད་མིའི་འཛེམ་བྱའི་ནང་། འཛེམ་དགོས་ཡས་གཙོ་བོ་ནི་སྲོག་གཅོད་ཀྱི་ལས་དེ་ཡིན། མ་གཞི་བོད་ཀྱི་ཆོས་པ་ལ་ལ་བས་ཚགས་ཤ་ལུགས་ཤའི་རིགས་མཆོད་སྲོལ་ཡོད་ན་ཡང་། རྣམ་པ་དག་པའི་ཤ་ཁོ་ན་ལས་རང་གི་ལག་པ་འགུལ་ནས་གཞན་གྱི་སྲོག་ལེན་པའི་རིགས་གཏན་ནས་བྱས་མི་ཆོག་པའོ།
ངས་སྤྱི་འཐུས་ནང་གི་གཏོར་བརླག་པ་དེ་ཚོ་སྐེ་སྦྲེལ་བྱས་ནས་དེད་ཕྱིན་ཏེ་རྒྱ་ནག་ལ་རྩིས་སྤྲད་གི་ཡིན་ཟེར་བ་དེ་འགྲིགས་མི་འདུག འདིར་ངའི་གྲོགས་པོ་ཅིག་སླེབས་ཡོད། ཁོས་བཤད་ན་ཁོ་ཚོ་རྒྱ་མིར་རྩིས་སྤྲད་ན་ཁོ་ཚོ་རང་བཞིན་བརྟན་པོ་མེད་པ་སོང་ཙང་རྒྱ་མིས་བེད་སྤྱོད་ཀྱིས་བོད་སྤྱི་ཚོགས་ནང་ད་མུས་བཞིན་དཀྲུག་ཤིང་རྒྱག་གི་རེད་ཟེར། དེ་བདེན་པ་ཡིན་པ་འདྲ།
ད་དེ་ཡིན་ན་ཁྱེད་ཚོས་ཧ་གོ་གི་རེད་པ། འདེད་ས་དེ་གང་ཡིན་པ། འཛམ་གླིང་གི་དམར་མཆོད་ཆེན་མོར་ཞལ་འདེམས་ཕུལ་བ་ཡིན་ན་བོད་དོན་རྒྱབ་སྐྱོར་བ་དེ་འདྲའང་རེག་སྲིད་གི་རེད། མ་རེད་པས། ད་མ་ཎི་འགའ་ཞིག་བགྲངས་ནས་གོང་གི་གླང་གོག་འདི་ཚོའི་ནང་རྒྱབ་ཤོག
དེ་ངོ་མ་རེད། སྤྱི་འཐུས་མྱིག་རྫོད་དེ་ཚོ་རྒྱ་མིར་སྤྲད་ན་ཁོ་ཚོར་སླར་ཡང་བོད་ནང་ཁུལ་དུ་དཀྲུགས་ཤིང་གཏོང་རྒྱུའི་གོ་སྐབས་སྤྲད་པ་རེད། དེ་བས་ཁྱི་རྒན་ཀརྨ་ཆོས་འཕེལ་གྱི་མགོ་བྱས་ནས་ཐམས་ཅད་དེད་དེ་ཧིན་དིའི་དམར་མཆོད་ཆེན་མོའི་ཞལ་འདེབས་སུ་ཕུལ་ན་ཡག་ཤོས་རེད། ཡིན་ད།
རེད་རེད། ངས་༢༠༠༦་ལོའི་ལོ་མཇུག་ཏུ་བལ་ཡུལ་མཐོང་བ་ཡང་འདི་འདྲ་རང་རེད། དངོས་གནས་ལྟ་བཟོད་མི་འདུག དྲ་གྲོགས་ཚོ། དམར་མཆོད་ཆེན་མོ་འདི་འདྲ་རིག་ཡོང་དུས་ཤ་ཟ་འདོད་སྐྱེས་སམ། ཡང་ན་ཤ་ཟེར་བ་འདི་སྤོང་དགོས་སྙམ་གྱིན་འདུག
ཨོ་རེད། དྲ་གྲོགས་འགས་བོད་མི་དམངས་ཀྱི་སྤྱི་འཐུས་ཚོར་སྐད་ཆ་རེ་བཤད་འདུག་པ་འདི་ཚོ་ཅུང་ཐལ་དྲག་དམ་སྙམ་གི སྙིང་རྗེ་ལ་ཉེ་རིང་དང་བྱང་སེམས་ལ་ཕོ་མོ་ཡོད་ནི་མ་རེད།
མོས་མཐུན་མེད། དེ་ལས་གྲོས་ཚོགས་ནང་གི་ཞེད་སྣང་མེད་པའི་གྲྭ་བ་ཞེད་སྣང་ཚ་བོའི་འདི་ཚོའི་ལག་པར་ལག་ཟོར་བ་གུག་གུག་རེ་བཞག་ནས་དམར་མཆོད་ཆེན་མོའི་འདི་ནང་གི་བ་གླང་གསོད་མཁན་བྱེད་དུ་བཅུག་ན་ཡག་པོ་རེད། གྲྭ་འདི་ཚོས་ཞེད་སྣང་དང་ལས་རྒྱུ་འབྲས་བརྩི་གི་མ་རེད། དམར་མཆོད་ཆེན་པོ་བྱེད་མཁན་གྱི་ཤན་པ་དང་ཤན་པ་ཆེན་མོ་སོགས་ཀྱི་ལས་འགན་སྤྲད་ན་ལས་འགན་དཔེ་ཡག་པོ་བསྒྲུབ་གི་རེད། གྲྭ་སྨྱོན་འདི་ཚོ་ཐ་ན་ཕུ་ནུ་གསོད་རྒྱུར་ཡང་ཐོགས་པ་མེད་ཟེར་གྱི་མི་འདུག་གམ། མི་གསོད་རྒྱུར་ཡང་ཐོགས་པ་མེད་མདོག་མདོག་བྱེད་ཀྱི་མི་འདུག་གམ།
ལས་རྒྱུ་འབྲས་ཡོད་ན་བོད་མི་དམངས་ཀྱི་རེ་བ་བཅོལ་ས་དང་སྤྱི་བོས་བཀུར་སའི་གྲོགས་ཚོགས་འདུག་བཞིན་དུ་བོད་མི་དམངས་ལ་འདི་ལྟར་ཁྲེལ་མེད་བྱེད་ཕོད་དམ།
མདོ་སྟོད་མི་དམངས་ལ་བོད་གཞུང་གི་ཡག་པོ་བྱེད་ཀྱི་མེད་ལུགས་ཀྱི་དཀྲུགས་ཤིང་བརྒྱག་གི་ཡོད་ནའང་། དོན་གྱིས་བཀའ་བློན་ཁྲི་བ་དང་ཨ་རིའི་སྐུ་ཚབ་དོན་གཅོད། བོད་རྒྱ་ཞི་མོལ་གྱི་དམིགས་བསལ་སྐུ་ཚབ་དང་ཐེ་ཝན་སྐུ་ཚབ་དོན་གཅོད་སོགས། བོད་གཞུང་གི་གནད་ཡོད་ཞབས་བཀྱགས་ཕལ་ཆེ་བ་མདོ་སྟོད་ཀྱི་མིང་ཡོད་མཁན་གྱི་མི་རྐྱང་རྐྱང་ལ་ཕུལ་ཡོད་པ་དང་། སྤྱི་འཐུས་ཀྱི་ཕྱེད་ཀ་མ་ཟིན་ཙམ་མདོ་སྟོད་ཀྱི་ཁོངས་ནས་ཡོང་ཡོད་པ་མཐོང་བཞིན་དུ་ད་དུང་བོད་གཞུང་དྲང་པོ་མེད་ལུགས་དང་། བོད་གཞུང་གི་མདོ་སྟོད་མི་དམངས་ལ་དྲང་པོ་མ་བྱས་རབས་སྡིག་པ་མིག་བཙུམ་གྱིས་སྐྱོན་བརྗོད་བྱས་ཏེ་། མདོ་སྟོད་མི་དམངས་དང་བོད་གཞུང་གི་བར་དཀྲུགས་ཤིང་བརྒྱག་མཁན་སྤྱི་འཐུས་འདི་ཚོ་ལོང་ཟིན་པ་རེད་དམ། གལ་སྲིད་བོད་གཞུང་དྲང་པོ་མེད་པ་དང་མདོ་སྟོད་མི་མང་ལ་ཡག་པོ་བྱེད་ཀྱི་མེད་ན། དྲང་པོ་མི་བྱེད་མཁན་དང་ཡག་པོ་མི་བྱེད་མཁན་དང་མི་འཇོན་མཁན་དེ་མདོ་སྟོད་ཀྱི་མིང་ཁུར་བའི་བོད་གཞུང་གི་གནད་ཡོད་ཞབས་བཀྱགས་འཛིན་འདི་ཚོ་ཡིན་དགོས་རེད།
ཨ་ཁུ་འདའ་ཚན་དེ་འདྲ་ཐལ་དྲགས་སོང་། རྒྱ་ནག་གི་མགོ་ཁྲིད་ཚོ་འདིར་དེད་ཡོང་ན་ད་། ཨོཽ་མ་ནི་པདྨེ་ཧྭ
ཨ་རོགས་ཚོ། ཁྱེད་ཚོས་སྤྱི་འཐུས་ཚོ་དམར་མཆོད་ཆེན་མོའི་ཞལ་འདེབས་ལ་ཕུལ་གྱི་ཡིན་ན། གྲྭ་བ་ཚོའི་གྲྭ་ཆས་ཕུད་ནས་ཕུལ་རོགས་ཞུ། ལྷ་རབ་བྱུང་ན་རེ་བ་ནག་པོའི་གོན་པ་རེ་བསྐོན་ནས་ཕུལ་ན་ཡག་པོ་འདུག ད་དུང་ཁྱི་རྒན་བེ་རི་འཇིགས་མེད་ཀྱི་སྐེ་ལ་ཁོ་རང་གིས་ད་བར་གྲོས་ཚོགས་ཚོགས་ཁང་ནང་ནས་བྲིས་པའི་ཆགས་རྩོམ་རྣམས་བཏགས་སྟེ་སྤྲད་རོགས་ཞུ།
དཀོན་མཆོག་གསུམ་མཁྱེན། རྙིང་རྗེ་ལྷ་གཅིག་འཁོར་བ་དོང་ནས་དཀྲུགས་པར་བྱིན་གྱིས་རློབས། ནང་ཆོས་ཀྱིས་བླང་དོར་ཁས་མི་ལེན་པའི་གྲུབ་མཐའ་བ་དག་གིས་དམར་མཆོད་བྱེད་པ་ལ། གསད་བྱ་དང་གསོད་མཁན་ཚང་མ་རྙིང་རྗེ། མ་ཟད་ནང་ཆོས་ཅུང་ཟད་གོ་ཡོད་ན་ཡང་ནང་སེམས་ཀླ་ཀློའི་བགས་ཆགས་ཀྱིས་བསླད་པ་དག་དེ་ལས་ཀྱང་རྙིང་རྗེ།
ང་ཚོ་ཕ་ཡུལ་ལ་ཡང་སྔོན་ཆད་ནས་དར་བའི་དམར་མཆོད་ཅིག་ཡོད། ང་ཚོའི་ཕ་ཡུལ་ན་དེའི་མིང་ལ་དམར་བསུར་ཟེར་ནས་འབོད། ཡིན་ན་ཡང་རྒྱ་ནང་མ་ཡོང་སྔོན་ཅིག་ལ་ཨ་ལགས་ཚེ་ཐར་ཚང་ཟེར་བའི་བླ་མ་རྟོགས་མཐོ་ཅིག་ཕེབས་ནས་ས་ཆ་མང་པོའི་དམར་བསུར་གཏོང་རྒྱུ་དེ་དཀར་བསུར་ལ་བསྒྱུར་འདུག ཨ་ལགས་ཚེ་ཐར་ཚང་ཟེར་བ་དེ་རེབ་ཀོང་ཕྱོགས་ཟིག་ནས་ཡིན་པར་གུས་པས་གོ་མོད། འོན་ཀྱང་རྣམ་ཐར་གསལ་བོ་ཅིག་མི་ཤེས་པས་ཤེས་མཁན་ནས་འདིར་བཀོད་རྒྱུ་མཁྱེན།
ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།
སེམས་ཅན་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །
དཀའ་བ་སྤྱད་པ་མེད་པར་ཡང་། །
ལྷ་བས་ལྷག་པའི་ལུས་ཐོབ་ནས། །
དེར་ཡང་སངས་རྒྱས་མྱུར་འགྲུབ་ཤོག
འདི་ལོར་ཨ་རིའི་Thanks Giving ཟེར་བའི་དུས་ཆེན་གྱི་དགོང་མོའི་བཞེས་ལག་ལ་དམིགས་ནས་turkey ཟེར་བའི་བྱ་གེག་ས་ཡ་བཞི་ཅུ་ཞེ་དྲུག་བསད་འདུག་པས། སེམས་ཅན་འདི་ཚོར་ཡང་མ་ཎི་རེ་སྒྲོངས་དང་། བྱ་གེག་འདི་ཚོ་ཨ་རིའི་ནང་གཅིག་པོར་གསོད་པ་མ་ཡིན་པར་འབྲེལ་ཡོད་རྒྱལ་ཁབ་གང་མང་ནས་བསད་རྗེས་བྱ་ཤ་ཨ་རིའི་ནང་དབོར་བཞིན་ཡོད་པ་ཞིག་རེད་འདུག ལོ་རྟག་པར་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་དུས་ཆེན་འདི་སྲུང་རྩི་བྱེད་བཞིན་འདུག དོ་དགོང་སྲིད་འཛིན་ཨོ་སྦ་མས་turkeyབྱ་གེག་གསོན་པོ་ཞིག་འཁྲིས་སུ་བཞག་ནས་ལག་པས་བྱིལ་བྱིལ་འགའ་བྱས་རྗེས་ཨ་རིའི་རྒྱལ་ཡོངས་ལ་དོ་དགོང་ངས་ཁ་ལག་ཞིམ་པོ་འདི་བཟའ་རྒྱུ་ཡིན་ཞེས་གཏམ་བཤད་ཀྱང་བྱེད་བཞིན་འདུག བོད་ནང་དུ་ཡང་ལོ་གསར་སྟོན་མོ་སོགས་ལ་དམིགས་ནས་སྐམ་ལུག་ས་ཡ་ཙམ་རེ་ལོ་རེར་གསོད་བཞིན་ཡོད་པས་སེམས་ཅན་སྐྱབས་མེད་མགོན་མེད་འདི་ཚོར་དམིགས་ནས་ཀྱང་མ་ཎི་རེ་སྒྲོངས་དང་།
\ེད་Mིས་Zགས་[ེན་ཐེབས་Lབ་པའི་ཆོས་བ^།
1 7ོན་ལམ་9ོབས། ང་ཚ;ས་<ག་པར་སེམས་ཅན་ཐམས་ཅད་ལ་ཕན་པའི་7ོན་ལམ་འདེབས
པའི་ཁོངས་@་ང་ཚAའB་གཞི་<ེན་དང་འཚ;་གནས་Dིན་མཁན་Eི་ཁོར་(ག་དེ་ཡང་Gད་དགོས། དེ་
དང་Hོགས་མGངས་འཛམ་Jིང་ལ་ཞི་བདེ་མང་ཙམ་ཡོང་Lབ་པ་དང་། དེ་བཞིན་ང་ཚ;ས་མིའི་
རིགས་Mི་4་Nོད་ལ་བ<ེན་ནས་ས་འདིར་འOར་བ་ཇི་Qར་འRོ་བཞིན་པ་དེའང་ངS་ཤUས་དགོས།
2 དཔེ་དེབ་Vོག་པ་དང༌། Jེང་Xོང་4ས་ཏེ་ཁོར་(ག་གི་གནད་དོན་དེས་རང་དང་རང་གི་Nི་
ཚ;གས་ལ་Zགས་[ེན་ཇི་ཐེབས་ཤེས་<ོགས་4་དགོས།
ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ། བོད་རྒྱ་གྲོས་མོལ་གྱི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་། ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས། བཀའ་ཟུར་འཐུ་ཆེན་ཐུབ་བསྟན། བཀའ་ཟུར་བསོད་ནམས་སྟོབས་རྒྱལ། བདེན་སྲུང་བཀའ་ཟུར་པད་མ་འབྱུང་གནས་སོགས་བགྲང་གིས་མི་ལངས་པ་འདི་ཚོ་མདོ་སྟོད་ཀྱི་མི་རེད། ད་དུང་སྤྱི་འཐུས་ཀྱི་བརྒྱ་ཆ་ཕྱེད་ཀ་མ་ཟིན་ཙམ་མདོ་སྟོད་ཀྱི་མི་ཡོང་ཡོད་པ་རེད། གནས་ཚུལ་འདིས་འདི་ཐོག་ནས་བོད་གཞུང་དང་༧ལྷག་དོན་གོང་ས་མཆོག་གིས་མདོ་སྟོད་མི་དམངས་ལ་ཡིད་ཆེས་བློ་འགེལ་ག་ཚོད་གནང་གི་ཡོད་པ་ལོང་བ་མིན་ཚད་ཚང་མས་མཐོང་གི་རེད། གཞན་འཇོན་ཐང་གང་ཡང་མེད་པར་བོད་གཞུང་དང་མདོ་སྟོད་མི་དམངས་ཀྱི་དམ་ཚིག་ལ་སླད་ཞུགས་ཐབས་ལ་ཚེ་གང་བོར་འབད་པ་བྱེད་བཞིན་པའི་སྤྱི་གང་ཡང་མི་འཇོན་པ་ཨོ་རྒྱན་སྟོབས་རྒྱལ་དང་བསོད་ནམས་སྟོབས་རྒྱལ། ས་སྐྱའི་གྲྭ་བ་དེ་དང་བོན་པོའི་གྲྭ་བ་འདི་ཚོས་ག་རེ་འཇོན་གི་རེད་དམ། མི་འདི་ཚོས་དོན་གཅོད་ཁང་ཞིག་གི་སྐུ་ཚབ་ནི་བྱེད་མི་ཐུབ། གལ་སྲིད་བསོད་ནམས་སྟོབས་རྒྱལ་དང་ཨོ་རྒྱན་སྟོབས་རྒྱལ་གཉིས་ཨ་རིའི་དོན་གཅོད་ཁང་གི་སྐུ་ཚབ་ལ་བཞག་ན་འཇོན་གི་རེད་དམ། ཐ་ན་གསར་འགོད་པ་ཞིག་སླེབས་ནའང་སྤྱི་འཐུས་གྲྭ་བ་འདི་མགོ་འཕྲུག་ལྕེ་གནར་ནས་ངས་བཤས་མི་ཤེས་ཟེར་ནས་ཕྲུ་གུ་ཞིག་འདྲ་བོ་ཆགས་ཡིན་གསལ་བོ་རེད། ཁོང་ཚོས་རྡ་རམ་གཅིག་པོར་རྙོག་དྲ་བཟོ་རྒྱུ་ལས་གཞན་འཇོན་གཅིག་ཀྱང་ཡོད་པ་མ་རེད།
གཞན་སྤྱི་གཞན་པ་ཚོའང་འཇོན་ཐང་ཅན་རྐྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད། འོན་ཀྱང་ཁོ་ཚོས་ཆོལ་ཁའི་མིང་མངོན་སུམ་དུ་བཏོན་ནས་སྐད་བརྒྱག་ཕོད་ཀྱི་མེད་སྟབས་བཞག་པ་ཡིན།
བསོད་ནམས་སྟོབས་རྒྱལ་ལ་འཇོན་ཐང་ཡོད་ན་ཨོ་སི་ཁྲི་ལི་ཡར་སོང་བ་དེས་ལྷག་པར་དུ་བོད་ནང་ཆེད་ནུས་པ་འདོན་རྒྱུའི་གོ་སྐབས་བཟང་དུ་སོང་བ་ལས་སྡུག་ཏུ་སོང་ཡོད་པ་མ་རེད། ཁོ་ལ་བོད་ཀྱི་སྤྱི་འཐུས་རྙིང་བ་ཞིག་གི་མཚན་གནས་དང་འབྲེལ་བ་ཡོད་སྟབས་དོ་སྣང་བྱེད་མཁན་མང་པོ་ཡོང་གི་རེད། འོན་ཀྱང་ཁོའི་རྩ་ལ་སོང་སྐྱག་དྲི་ལས་ཁ་རྒྱུ་མེད་ཙང་བདག་པོ་བརྒྱག་མཁན་ཡོང་གི་མ་རེད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འབྲེལ་བ་བྱས་ཏེ་བོད་ལ་ཕན་ཐོགས་པའི་ལས་ཀ་མང་ཐག་ཆོད་བསྒྲུབ་རྒྱུ་ཡོད་མོད། ཁོ་ལ་དེ་འདྲའི་འཇོན་ཐང་མེད་ཙང་ཨོ་སི་ཁྲི་ལ་སོང་བ་ཡིན་ནའང་འཇོན་ཐང་རྡ་རམ་དཀྲུགས་རྒྱུ་དེ་ལས་མེད་པ་དེ་རེད། སྤྱི་འཐུས་ནང་གི་གྲྭ་བ་དེ་ཚོ་གཅིག་མཚུངས་རེད།
ཙན་དན་ལོ་མ་མ་རེད་དུག་གི་ལོ་མ་རེད།།
དུག་གི་ས་བོན་བཏབ་པའི་འབྲས་བུ་ནག་པོ་རེད།།
འབྲས་བུ་ནག་པོའི་དྲི་མ་ཁ་རྡའི་ནང་ལ་ཁྱབ།།
མདོ་དབུས་ཁམས་གསུམ་དཀྲུགས་པའི་མྱུལ་མ་ཞིག་དང་འདྲ།།
ཕྱོགས་རིས་ནག་པོའི་སྐད་ཆ་བཤད་མཚམས་བཞག་ན་དགའ།།
དོན་དག་ཙག་ཙིག་དེ་རྣམས་ཆེན་པོ་མ་བཟོ་རོགས།།
གུང་ཁྲན་ཏང་གི་རྒྱུགས་ཁྱི་རྔ་མ་མེད་མཁན་ཞིག །
ཡིན་ན་མ་གཏོགས་ཁ་གོག་བཙུམ་ནས་བསྡད་ན་དགའ།།
མདོ་སྨད་དུ་ད་རུང་གཞི་བདག་ནག་ཕྱོགས་པ་དེ་ཚོར་དམར་བསང་ངམ་དམར་མཆོད་བྱེད་པའི་གོམས་སྲོལ་ཡོད་ས་ཡོད་པ་འདྲ། རྨ་ལྷོ་ས་ཁུལ་ལ་འགྲོ་ལམ་ཟི་ལིང་ཉེ་འཁྲིས་ཀྱི་ལ་མར་ཟེར་བ་དེའི་རྩེར་ལབ་རྩེ་ལྟ་བུ་ཞིག་འདུག དེའི་རྩ་ན་ལུག་མགོ་སྲེག་མ་མཐོང་རྒྱུ་འདུག ས་ཆ་དེ་ཕལ་ཆེར་ད་ལྟ་དཔའ་ལུང་གི་ཁོངས་མིན་ནམ།
དེ་མིན་སྔོན་རེབ་ཀོང་སོག་རུའི་གྲོགས་པོ་ཞིག་དང་ཁ་བརྡ་བྱས་པ་ཡིན། ཁོ་ཚོའི་གཞི་བདག་དེ་ནག་ཕྱོགས་པ་ཧ་ལས་པ་ཞིག་ཡོད་པ་རེད་ཟེར། དེ་ལ་དམར་མཆོད་བྱེད་གི་ཡོད་པ་རེད་ཟེར།
ཐེངས་ཤིག་ལག་ལ་མི་སྙིང་ཞིག་ཁྱེར་ནས་ཁྲག་དམར་ཙ་རེ་འགྲོ་གི་ཡོད་པ་རོང་པོ་ཤར་ཚང་གིས་མཐོང་ནས་རྐང་སྒྲོག་ལག་སྒྲོག་རྒྱབ་ཏེ་དམ་ལ་བཏགས་པ་རེད་ཟེར། དེའི་རྟགས་སུ་ད་ལྟ་ལྷ་བབས་ནའང་ལག་པ་གཉིས་ཕྱི་ལག་དང་རྐང་པ་གཉིས་མཉམ་དུ་བསྡམས་ཡོད་པའི་བཟོ་ལྟ་ཡོད་རེད་ཟེར། ཡིན་ནའང་ཡང་། ཉེ་སྔོན་ཞིག་ལ་དྲུག་པའི་ཀླུ་རོལ་སྐབས་རེབ་ཀོང་ས་དཀྱིལ་གྱི་ལྷ་བར་རེབ་ཀོང་གི་གཞི་བདག་ཡོད་ན་མེད་ན་ཡིན་པའི་ཨ་མྱེས་བྱ་ཁྱུང་བབས་ཏེ། ནམ་རྒྱུན་གྱི་གོམས་སྲོལ་ཏེ་སྡེ་འབངས་ཡོངས་ཁྲིད་ནས་སྡེ་བ་གཞན་པ་ལ་འགྲོ་སྲོལ་ཡོད་པ་ལྟར་སོག་རུར་སླེབས་སྐབས། སོག་རུའི་དམར་མཆོད་དེ་གཅོད་བཅུག་པ་རེད་ཟེར།
རེབ་ཀོང་ན་དམར་མཆོད་ཀྱི་གོམས་སྲོལ་གཞན་ཞིག་ཡོད་ཚུལ་ནི། ལྷ་བ་ཚོར་ལྷ་བབས་ན་རང་གི་མགོ་གྲིས་རྒྱབ་ཏེ་ཁྲག་དབྱུང་བ། ཡང་སྡེ་བ་འགའ་རེ་ན་ཁ་ནང་ལ་གྲི་རྒྱག་པ། འགྲམ་པ་འབིགས་པ་སོགས་བྱས་ནས་རང་ལུས་ནས་ཁྲག་དབྱུང་སྟེ་དམར་མཆོད་བྱེད་གི་ཡོད་པ་རེད་ཟེར། རྗེས་སུ་ལྷ་དངས་དུས་རྨ་ཁ་རང་སོས་སུ་འགྲོ་ནའང་རྨ་ཤུལ་ཅུང་ཟད་རེ་སྡོད་གི་ཡོད་པ་འདྲ། འདི་མོ་གཏམ་ཡ་མཚར་བ་ཡང་གོ་རྒྱུ་ཡོད་གི
ངའི་ཕ་ཡུལ་མདའ་ཚན་འདི་ཡང་སྔོན་མ་ཞིག་ལ་སྡེ་བ་རེ་ལ་ལབ་ཙེ་རེ། དམར་མཆོད་བྱས། མི་ཤི་རྟ་འགྱེད་རྒྱུན་འཆད་རྒྱུ་མེད་པ། ཕར་ཚུར་མི་སྟོང་རྐྱང་རྐྱང་རྒྱབ་ནས་སྡེ་བ་དབུལ་བོ་ཞིག་ཡིན་སྐད་འདུག དེ་ནས་ཨ་ལགས་ཀིརྟི་སྐུ་ཐོག་གོང་མ་ཞིག་ཕེབས་ནས་ལབ་ཙེ་ཆུང་ཆུང་ཚང་མ་བསྡུས། དམར་མཆོད་བཅད། མདའ་ཚན་སྤྱི་གཞུང་གི་ལབ་ཙེ་བཙན་པོ་གཡུ་རྩེ་རྟ་ནག་ཅན་བསྟད་པ་ནས་བཟུང་མདའ་ཚན་དར་མགོ་ཚུགས་པ་རེད་ཟེར་ནས་ལོ་ལོན་ཚོའི་ཁ་ནས་གོ བསང་མཆོད་ནང་ན་ཡང་། ་་བླ་མ་ཀིརྟི་ཚང་གིས་བཀའ་བགོ་ར་དམ་བཞག་མཛད་པའི་བཙན་པོ་གཡུ་རྩེ་རྟ་ནག་ཅན་་ ཟེར་ནས་འབོད་སྲོལ་འདུག ཡིན་ནའང་ད་ལྟ་ད་རུང་། ཁ་ཤས་ཀྱིས་གཡུ་རྩེའི་བློན་པོ་བློན་ཆེན་རྟ་རག་ཅན་ལ་ཁ་རོག་ག་གསང་བ་བྱས་ནས་དམར་བསང་གཏོང་གི་ཡོད་རེད་ཟེར་བའིསྐད་ཆ་འཆར་བོ་དེ་འདྲའང་གོ་རྒྱུ་འདུག
བཤད་ཡམས་ནས་བཤད་ཡམས་བརྒྱུད་ཡོང་བའི་གཏམ་མགོ་ཐུག་ལ་མ་ཐུག་པ་འདི་ཚོར་ཆད་ལྷག་ཡོད་ན་ཁ་གསབ་གནང་རོགས། ལྷག་པར་དུ་རེབ་ཀོང་གི་སྐོར་དེར། རེབ་ཀོང་ལ་མཁས་མང་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་མང་པོ་ཡོད་པ་རེད། གོ་ཚོད་ལ་རེབ་ཀོང་གི་སོག་རུའམ་འཇའ་མོ་ཡིན་གང་ཡིན་གསལ་བོ་མེད་ཀྱང་ཞ་ཡས་སམ་བྱིས་པའི་ལབ་ཙེ་ཞིག་བསྟོད་རྒྱུ་ཡོད་པ་རེད་ཟེར། དེའི་སྐོར་ལ་ཁ་བརྡ་གློད་མཁན་འདྲ་མེད་དམ།
དམར་མཆོད་འདི་ངའི་ཕ་ཡུལ་མང་རའི་རོང་བ་ཚོ་མདའ་རྩེད་འགྲན་དུས་ལག་ལེན་དུ་བསྟར་གི་རེད། ར་གསོན་པོ་ཡང་དམར་མཆོད་དུ་འབུལ་གིན་འདུག་ཟེར། མུ་སྟེགས་པའི་ལུགས་སྲོལ་འདི་ཉི་མ་གཅིག་ལ་གཅོད་ཨེ་ཐུབ་ཀྱི་རེ་བ་ཡོད། གཙོ་བོ་གོང་ས་མཆོག་གི་བཀའ་སློབ་རེ་ཡོད་ན་ལས་སླ་བོ་རེད་བསམ་གིན་ཡོད།
ང་རང་བོད་དུ་ཡོད་སྐབས་སོག་རུའི་ཀླུ་རོལ་སྐབས་ར་གསོན་པོ་མཆོད་པ་མིང་མཐོང་བྱུང་། ཡིན་ནའང་ལོ་ཤས་རྗེས་ས་དཀྱིལ་ལྷ་བའམ་ཡང་ན་ཨ་ལགས་གསེར་ཁྲི་ཚང་གིས་དམར་མཆོད་བཀག་པ་རེད་ཟེར་བས། ར་མཆོད་ཚབ་ཏུ་རྩམ་བཟོས་ར་གཟུགས་མཆོད་པ་མཐོང་སོང་།
འཇའ་མོ་དང་སོག་རུ། རོང་བོ་ལྷ་སྡེ་སོགས་ལ་ལབ་རྩེ་གཏོད་སྲོལ་ཡོད་པར། སྔོན་མ་ཡིན་ན་འཇའ་སོག་གཉིས་ཀྱི་བྱིས་པ་ཚོས་བར་ལབ་ཙེ་གཏོད་ཉིན་ནས་ཕར་ཚུར་ལབ་ཙེ་འཕྲོག་རེས་དང་རྡོ་ཁ་རྩེ་རེས་བྱེད་ཀྱི་ཡོད། སུས་ཕར་ཕྱོགས་ཀྱི་ལབ་ཙེ་དང་མུ་ཐགས་འཕྲོག་ཐུབ་ན་རྒྱལ་ཁ་ཡིན་པ་བརྩི་སྲོལ་ཡོད་པ་རེད།
སེམས་ཅན་ལ་གནོད་ཀྱང་ཚེ་པས་རྨོངས་ཆོས་འདི་ལྟ་བུ་ཞིག་གི་དབང་དུ་སྐལ་བ་དང་སྐལ་བའི་པར་འགྲོ་མི་དགོས་པས་སྨོན་ལམ་འདེབས་དགོས་ནི་རེད་།
གནའ་རབས་བོད་ཀྱི་དམར་མཆོད་ཀྱི་ཆོ་གའི་སྐོར་དུང་དཀར་རིན་པོ་ཆེས་མཛད་པའི་ཆོས་སྲིད་ཟུང་འབྲེལ་གྱི་ནང་དུ་ཟུར་ཙམ་ཞིག་ཡོད་པ་དང་། ཆོ་ག་འདི་ནི་བོན་ཆོས་ཡིན་རབས་སོགས་གླེང་འདུག ནམ་མཁའི་ནོར་བུའི་གཟུ་ཡི་ཕྲེང་བ་ཞེས་པའི་དེབ་ཆུང་དེའི་ནང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་དམར་མཆོད་ཀྱི་ཆོ་ག་འདི་རིགས་བཀག་འགོག་མཛད་ཡོད་པ་རེད་ཅེས་གསུངས་འདུག ཡིན་ནའང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་དང་དེའི་ཕྱིས་སུ་བྱོན་པའི་བཙན་པོ་དག་གི་སྐབས་སུ་རྒྱལ་བློན་ནང་ཁུལ་དུ་བྲོ་བོར་ཏེ་མནའ་སྐྱེལ་སྐབས། དམར་མཆོད་ཀྱི་ཆོ་ག་འདི་ལོངས་སུ་སྤྱད་ཡོད་པ་ཏུན་ཧོང་གཏེར་ཡིག་ཁག་གི་ནང་དུའང་བྲིས་ཡོད་པ་རེད། རྒྱལ་བོ་གླང་དར་ནས་རྒྱལ་དབང་ལྔ་བའི་བར་དུ་དམར་མཆོད་དང་། ལྷ་བསང་གི་རིགས་འདི་རྣམས་ཧ་ལམ་རྩ་ཆད་དུ་གྱུར་བ་འདྲ། རྒྱལ་དབང་ལྔ་བའི་སྐབས་སུ་གནས་ཆུང་དང་། ལྷ་མོ་སོགས་བོད་ཀྱི་ཆོས་སྐྱོང་དུ་བཀོད་དེ་དམར་མཆོད་ཀྱི་རིགས་སུ་གྱུར་བ་ཐམས་ཅད་བསྐྱར་དུ་སླར་གསོ་མ་མཛད་པ་འདྲ། འོན་ཀྱང་། དེང་སང་དམར་མཆོད་བྱེད་མཁན་གྱི་གྲོང་སྡེ་དང་ཡུལ་ལུང་དེ་ཚོའི་ཆོས་ལུགས་ནི་ནང་བ་སངས་རྒྱས་བ་རེད། རེབ་གོང་གཙོས་པའི་རྔ་ཡུལ་ཕྱོགས་ན་ཆོས་ལུགས་བོན་(བོན་དང་གཡུང་དྲུང་བོན་གཉིས་མི་འདྲ)ཡིན་མཁན་གྱི་རུ་སྡེ་མང་པོ་ཡོད་པ་རེད། རུ་སྡེའམ་སྡེ་བ་དེ་དག་གི་ཆོས་ལུགས་ཆོ་ག་སྟེ། དཔེར་ན། བོན་འཆམ་གྱི་སྐབས་ཡིན་ནའང་འདྲ། རེབ་གོང་བོན་མང་འཚོགས་པའི་སྐབས་གང་ཡིན་རུང་། ལྷ་བསང་རྒྱ་ཆེན་པོ་འབུལ་སྲོལ་ཡོད་ནའང་། དམར་མཆོད་ཀྱི་གསུར་དྲི་ཙམ་ཡང་བྲོ་གི་མ་རེད་ཅེས་ཞུ་བ་ཡིན།
ངའི་གྲོགས་པོ་ཞིག་གིས་རེབ་ཀོང་གི་དྲུག་པའི་ཀླུ་རོལ་གྱི་བརྙན་འཁོར་ཞིག་གཡར་སོང་། དབྱིན་སྐད་རེད། དེ་ཆ་ཚང་ལ་ཅིག་བལྟས་པ་ཡིན། རེབ་ཀོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་བ་དེ་ངོ་མ་དྲུག་པའི་ཀླུ་རོལ་གཅིག་པོའི་ཐོག་ནས་ཀྱང་ང་ཚོར་ངོ་སྤྲོད་ཀྱི་འདུག གཞན་པ་བོན་དང་བཅས་པའི་ཆོས་བརྒྱུད་ཆ་ཚང་ཡོད་པ་དང་། མི་རིགས་འདྲ་མིན། ལྷ་བཟོ་རྡོ་བཟོ་ཤིང་བཟོ་མགར་བ་ལྷམ་བཟོ་ལ་སོགས་ལག་ཤེས་ཕུན་སུམ་ཚོགས་པ་འདི་ཚོ་མ་བཤད་ཀྱང་ཆོག་པ་ཞིག་རེད།
རེབ་ཀོང་ལ་རྒྱུས་ཅུང་ཡོད་བསམ་གི་ཡོད་ཀྱང་དྲུག་པའི་ཀླུ་རོལ་གྱི་ལྷ་གསོལ་ཀླུ་གསོལ་མི་འདྲ་བ་རེ་རེ་ལ་བལྟས་ཡོང་ན་རེབ་ཀོང་གི་རིག་གཞུང་ལ་ཟབ་ཞུགས་ཁྱོན་ནས་བྱེད་ཐུབ་མི་འདུག ཆེས་གདོད་མའི་རིག་གཞུང་འདིས་དགའ་སྣང་དང་དོ་སྣང་ཞིག་རང་བཞིན་གྱིས་འདྲེན་ཡོང་བ་དང་ཆབས་ཅིག་དམར་མཆོད་ཀྱི་རྣམ་པ་མི་འདྲ་བ་དེ་ཚོས་འཇིགས་སྣང་ཞིག་ཀྱང་སྟེར་བར་བྱེད།
སྡེ་བ་མི་འདྲ་བར་ལྷ་བ་མི་འདྲ་བ་རེ། ལྷ་གསོལ་ཀླུ་གསོལ་བྱེད་སྟངས་མི་འདྲ་བ་རེ། དམར་མཆོད་བྱེད་སྟངས་མི་འདྲ་བ་རེ་འདུག
ངས་བསམ་ན་བོད་ཀྱི་དམར་མཆོད་འདི་ཆོས་ལུགས་བྱེ་བྲག་པ་ཞིག་ནས་དར་བ་འེ་ཡིན་ན་བསམ། འདི་ལ་བོན་གཞུང་ཚད་ལྡན་ན་བཀག་འགོག་ཡོད་པར་མ་ཟད། ནང་ཆོས་ན་ཡང་འགོག་གི་ཡོད་མོད། ད་རུང་བོད་ན་ནང་པ་ཡིན་ཟེར་མཁན་དང་བོན་པོ་ཡིན་ཟེར་མཁན་གཉིས་ཀའི་ནང་ན་ཡང་དམར་མཆོད་བྱེད་མཁན་མཐོང་རྒྱུ་ཡོད་པར་མ་ཟད། རང་ཉིད་ལ་ཆོས་ལུགས་མེད་མཁན་ཚོའི་ནང་ལ་ཡང་དམར་མཆོད་བྱེད་མཁན་ཡོད་ས་རེད། ངའི་ངོ་ཤེས་པའི་རྒད་པོ་ལོ་ལོན་ཅིག་ཡོད། ཁོ་ནི་རྔོན་པ་སྐད་གྲགས་ཅན་ཟིག་རེད། ཁོས་སེམས་ཅན་གླ་བ་དང་ཤྭ་བ་དེ་ཚོ་ལ་མེ་མདའ་རྒྱག་མ་དགོས་པ་གཞི་བདག་ཨ་མྱེས་བྲག་དཀར་ལ་འབོད་བཞིན་རྒྱུགས་ན་སེམས་ཅན་ཆབ་ཐོག་ནས་འབྲོ་མ་ཐུབ་པར་འདར་བསུག་རྒྱབ་ནས་རིལ་འགྲོ་བ་རེད་ཟེར། དེ་ཡང་ཁོང་ཆུང་དུས་སུ་ནང་གསེབ་དང་སྤང་ཐང་གི་གྲོག་ཚང་མང་པོ་བསྲེག་ནས་དེའི་སྟེང་དུ་སེམས་ཅན་གྱི་ལྕེ་དང་མིག སྙིང་བཅས་གྱིས་དམར་མཆོད་ཨ་མྱེས་བྲག་དཀར་ལ་ཕུལ་བས་དེ་འདྲ་ཅིག་ཆགས་པ་རེད་ཟེར།
འདི་དང་འདྲ་སེ་བ་ཅིག་ ༡༩༩༧ རྒྱ་གར་ལྷོ་ཕྱོགས་ནས་གསར་འགྱུར་ཞིག་བྱུང་མྱོང་། མི་ཞིག་གིས་རང་གི་བུ་ལ་ཚ་ནད་དྲག་ཆེན་ཞིག་ཕོག་སྐབས། རང་གི་ཕུ་བོའི་བྱིས་པ་བསད་ནས་སྙིང་གི་དམར་མཆོད་བྱས་ནས་རང་གི་བུའི་སྲོག་བསླུ་བྱས་ཡོད། འོན་ཀྱང་དེའི་སྐབས་ཁྲིམས་ཁང་ནས་ཁོང་གི་ཆོས་ལུགས་གང་གི་ཆོ་ག་བྱས་མིན་ཐད་རྩོད་གླེང་མང་པོ་བྱས་མཐར་རང་གི་ཁྱིམ་ཆོས་ཡིན་པ་ལས་ཆོས་ལུགས་གང་གི་ཁོང་གཏོགས་མིན་པས། ཁྱིམ་ཆོས་དེ་རྒྱ་གར་གཞུང་ནས་བཀག་སྡོམ་བྱས་ཀྱང་ཆོས་ལུགས་དད་མོས་རང་དབང་དང་མི་འགལ་ཚུལ་ཅིག་ཚགས་པར་ཐོག་འདུག
ངེད་ཚོའི་ས་ཆ་དེར་ཡང་གུང་ཁྲན་མ་ཡོང་སྔོན་སྐྱ་བརྒྱའི་དཀོན་ནག་ཅེས་མེ་མདའ་བ་དང་དཔའ་བོ་སྐད་གྲགས་ཅན་ཞིག་བྱུང་བ་རེད། ཐེངས་གཅིག་ས་རྩོད་ཆུ་རྩོད་ཞིག་གི་ནང་སྐྱ་མི་བརྒྱའི་ནང་ནས་སྐད་གྲགས་ཆོད་པས་སྐྱ་བརྒྱའི་དཀོན་ནག་ཅེས་གྲགས་སྐད།
བཤད་ཚུལ་ལྟར་ན། དེའི་སྔོན་ལ་བླ་མ་ཞིག་གིས་ཁྱོད་ཀྱིས་གཡུ་རྩེ་ལ་བསང་དུད་འཆད་མ་བཅུག་པར་བསང་ཕུད་ན་ཁྱོད་ལ་མིང་གྲགས་རྒྱས་གི་རེད་ཟེར་བའི་གཏམ་ཞིག་འདུག ཁོ་ལ་གཡུ་རྩེ་དངོས་སུ་འཁོར་གི་ཡོད་པ་རེད་ཟེར། མཚམས་རེར་རྨི་ལམ་དེ་འདྲ་རྨིས་ནས། སང་ཉིན་ཁྱེད་རང་རི་འདི་དང་ཉག་ག་དེར་ཕྱིན་ནས་སྒུག་སྡོད་དང་རི་དྭགས་དམིགས་བསལ་བ་ཞིག་ལ་ཐུག་ག་ཟེར་ནས་རྨི་ལམ་དེ་འདྲ་ཡང་སེ་གཏོང་གི་ཡོད་སྐད་འདུག རི་དྭགས་ལ་མེ་མདའ་འཕེན་དགོས་ན་རི་དྭགས་ཀྱི་ཐོད་དཀྱིལ་ལ་གཟུས་ནས་འཕངས་ན་ཐོད་དཀྱིལ་ཕོག་པ་ཞིག་ཡོད་སྐད།
རྒྱ་མིས་མདའ་ཚན་ལ་དྲག་གནོན་མ་བྱས་པའི་སྔོན་ཙམ་ཞིག་ལ། ཁོ་གཡུ་རྩེའི་མགོར་རི་བསང་ཕུད་གི་སོང་ནས་མར་བབས་ཡོང་སྐབས་རྒྱ་མིའི་དམག་དཔོན་ཞིག་གིས་ཐག་རིང་ནས་མེ་མདའ་བརྒྱབས་ནས་བསད་པ་རེད་ཟེར། དེ་ནས་ཁོ་གཞི་བདག་ཅིག་གི་འཁོར་ར་སྐྱེས་ཡོད་པའི་སྐད་ཆ་འདུག གཞི་བདག་གི་འཁོར་ར་སྐྱེས་པ་ལྟ་བིུ་དཀའ་ངལ་ཞིག་ཡོད་ནི་མ་རེད། ཉིན་མ་རེ་ལ་ལྩགས་ཀྱི་ལྷམ་རེ་ཟད་འགྲོ་ནི་རེད་ཟེར་ནས་འབྲོག་པ་ཚོས་ཡང་ཡང་བཤད་པ་གོ་མྱོང་། ཁོའི་ནང་མི་ཤུལ་ལས་ཚོས་ཨ་ལགས་གུང་ཐང་ཚང་ལ་ཞུས་ནས་གཞི་བདག་ལོགས་ཀ་ཞིག་ཏུ་བཀོད་རྒྱུའི་ཞུ་སྐུལ་བྱས་པ་རེད་ཟེར།
ད་འདི་ད་ངོ་མ་ལོ་ལོན་སོང་བའི་རྟགས་ཟིག་རེད། ཁ་བརྡ་འདི་མོའི་འདིར་དགའ་བ་འདི། དེ་ནས་ཡང་ངེད་ཚོའི་ས་ཕྱོགས་དེ་བ་ཞིག་ལ་ཡི་དྭགས་སྐེ་ལ་ཟེར་ནས་མི་གསོད་རྟ་འདེད་རྐྱང་རྐྱང་བྱས་སྡོད་མཁན་དཔའ་བོ་གྲགས་ཆེན་གཞན་ཞིག་ཡོད་པ་རེད། དེས་ཡང་དམར་མཆོད་མང་པོ་བྱེད་གི་ཡོད་པ་འདྲ།
དེས་རང་གི་གནས་ཚུལ་གླུ་རུ་བླངས་བ་ཞིག་ཡོད་པ་རེད། དེའི་ནང་། ཁོ་དངུལ་ར་ལྷ་སྡེར་ཇག་འདེད་ལ་ཕྱིན་ནས་རྟ་ཁྱུ་ཞིག་དེད་ཡོང་སྟེ་རྨ་ཁར་སླེབས་ནས་རྟ་ཁྱུ་རྨ་ཆུར་རྒྱབ་པ་དང་། རྟ་བྱང་མ་བྱ་རྒོད་འཕུར་འཕུར། བུ་དཔའ་བོ་རྦབ་རྒོད་འདྲིལ་འདྲིལ་བྱས་ནས་ར་མདའ་རྗེས་ཆོད་ལ་ཉེ་སྐབས་ཕར་མི་བསད་པ་དང་། ཚུར་ཁོའི་རྟ་བསད་ནས། བྱ་རྒོད་པོའི་གཤོག་པ་ཆད་འདྲ། གླག་རོག་མོའི་དང་རུས་ཆག་འདྲར་གྱུར་ཏེ་ཅི་བྱེད་མེད་པར་ཆགས་སྐབས། ངས་ཟླ་རེ་ལུག་རེ་མ་ཆད།། ངས་ལོ་རེ་སྐམ་རེ་མ་ཆད་ཟེར་ནས་ནམ་རྒྱུན་རང་གི་གསོལ་སའི་གཞི་བདག་དེའི་མིང་ནས་བོས་དུས། ངའི་དེད་གི་རྟ་མང་ནང་ནས། ངའི་སྔོན་གི་འདོ་བའི་ཡན་ཟིག ཕྱིར་འཁོར་རའི་རྩིབ་བ་ཡོང་ད། ལྷ་དེ་ཚོས་སྐྱོབས་ནི་ལོས་ཡིན་ཟེར་ནས་བཤད་ཡོད་པ་རེད། མི་ནག་ཕྱོགས་པ་དེ་ཚོར་ལྷ་ནག་ཕྱོགས་པ་རེར་བསྟེན་རྒྱུ་ཡོད་པ་འདྲ། དེའི་རྒྱུན་དེ་ད་རུང་ར་ཆད་མེད་གི
ད་ལྟ་འབྲོག་པ་དེ་ཚོས་བསང་གཏོང་དུས། གཞི་བདག་ཚོའི་མིང་ནས་བོས་ཏེ། དགྲ་བོའི་བུ་རྟ་ཆམ་ལ་འབེབས་དགོས། རང་གི་བུ་རྟ་ཁ་འཛིན་མཛད་དགོས། མ་རིག་ནས་ཉིན་དཀར་ཁྲ་ཆུང་གི་མྱིག་བྱེད་དགོས། མ་གོ་ནས་ཉིན་དཀར་མགོ་ཟུར་གི་རྣ་ཡེད་དགོས།། གཏམ་བཤད་གི་ཉིན་མོ་དམར་པོ་ལྕེ་ཡེད་དགོས། དགྲ་འཐབ་གི་ཉིན་མོ་ལག་མྱུར་དགོས། བོར་བ་ཡོད་ན་བཙལ་རོགས་ཡེད་དགོས། ཅིག་ཅིག་མིག་མིག་ཅིག་ཅིག་བྱེད་དགོས་ཟེར་ནས་བཀའ་འདྲ་ཞིག་ཕབ་ནས་ལུང་བ་གང་བཤད་རྒྱུ་འདུག སྙན་པོ་འདྲ་ཞིག་འདུག་ད
ད་རེབ་ཀོང་གི་དམར་མཆོད་དེའི་མཇུག་མཐུད། ཀ་ཙི་དུང་གི་ཨ་མྱེས་དམག་དཔོན་ལ་མཆོད་གི་ཡོད་པ་རེད་ཟེར། གང་ཤེས། ལྷ་བ་དེར་ལྷ་བབས་རྗེས་རང་གི་མགོ་ལ་གྲི་ཡིས་ཐེངས་མ་ལྔ་དྲུག་ཅིག་ལ་གཞུས་ཏེ་ཁྲག་དམར་ནར་ནར་གདོང་བ་ནས་མར་རྒྱུག་ཡོང་དུས་ཁྲག་ལག་པས་བླངས་ནས་མཆོད་པ་དང་གཞི་བདག་གི་ཐང་ག་འདྲ་ཞིག་འདུག དེའི་ཁ་ལ་ཁྲག་གིས་བྱུགས་དེ་འདྲ་བྱེད་གི་འདུག
དེ་ནས་སྡེ་བ་གཞན་ཞིག་གི་ལྷ་བར་ལྷ་བབས་རྗེས་ར་ནག་པོ་ཞིག་གི་བྲང་ཁོག་གྲིས་གཤགས་ཏེ་སྙིང་གསོན་པོ་ཕྱི་ལ་ཕྱུངས་ནས་གཞི་བདག་ལ་མཆོད་གི་འདུག སྡེ་བ་གཞན་པ་ཞིག་ནས་ར་ནག་པོ་ཞིག་གསོན་པོ་དྲོན་པོ་བསང་ཁུང་ནང་ང་བཅུག་སོང་།
གཞན་སྡེ་བ་འགའ་ཤས་ལ་རང་གི་གཟུགས་པོ་ནས་ཁྲག་ཕྱུངས་ཏེ་མཆོད་སྲོལ་ཞིག་འདུག སྡེ་བ་གཅིག་ནང་། གསར་རུ་མང་པོ་པང་བསྒྲིགས་ནས་རེ་རེ་བཞིན་དུ་དཔུང་མགོ་གཡས་གཡོན་གཉིས་ནས་མར་ཐུར་གསེག་གིས་སྒལ་གཞུང་བར་ལྕགས་ཐུར་མང་པོ་ཤ་སྐྱིའི་བར་བརྒྱུས་ཏེ་ལྷ་རྩེད་བྱེད་གི་འདུག
ཡང་སྡེ་བ་གཅིག་གི་ལྷ་བ་དེ་ཆང་རྐྱལ་ཡ་མེད་ཅིག་རེད། ཕོ་རྒོད་གཟུགས་སྟོབས་ཅན་ཞིག་རེད། ཁོའི་གདོང་བའི་བཟོ་ལྟ་ལ་བལྟས་ན་དངོས་གནས་ལྷ་ཟེར་བ་ཞིག་བབས་མེད་འགྲོ་བསམ་བསམ་ཞིག་འདུག ལྷ་བབས་ཡོད་དུས་ཁ་ཤ་ངོ་ཤ་ཡང་ལྷབ་ལྷུབ་འགུལ། ཁ་ནས་སིར་སྒྲ་འདྲ་བོ་ཞིག་མཚམས་འཆད་ཡ་མི་འདུག ཆང་ཤེལ་ཏམ་མང་པོ་གཅིག་འཕྲོར་གཅིག་བྱས་ནས་འཐུང་། ཤེལ་ཏམ་གྱིས་རང་གི་མགོ་ལ་གཞུས་ནས་བཅག་དེ་འདྲ་བྱེད། མཚམས་ཤིག་མཆོངས་རྒྱག་གམ་ལྷ་རྩེད་བྱེད་གི་བྱེད་གི་ཕྱིན་ནས། མི་མང་ནང་ནས་རྐུན་མ་དེ་འདྲ་ཁ་ཤས་ཤིག་རེ་རེ་བྱས་ཁྲིད་ཡོང་ནས་མདུན་དུ་བཞག་སྟེ་ཁོ་ཚོ་འགྲམ་ལྕག་གཞུས་ནས་རྡུང་དེ་འདྲ་བྱེད་གི་འདུག དེ་ནས་ཉེས་ཅན་པ་ཚོས་ཁས་ལེན་དམ་བཅའ་བྱས། འགའ་རེ་ལ་མཐེ་བོང་བསྟན་དེ་འདྲ་བྱས་སོང་།
ཡང་སྡེ་བ་གཅིག་ནང་བྱིས་པ་ལོ་ཆུང་རྐྱང་རྐྱང་གིས་འགྲམ་པ་གཉིས་ལ་ལྕགས་ཐུར་བརྒྱུས་ནས་ལྷ་རྩེ་བྱེད་གི་འདུག
དམར་མཆོད་ནི་ཟབ་ཅིང་རྒྱ་ཆེ་བའི་དྲུག་པའི་ཀླུ་རོལ་ནང་གི་ཆ་ཤས་གཅིག་རེད། ལྟད་མོ་འདི་འདྲ་མཐོང་ན་གདོད་མའི་སྤྱི་ཚོགས་ཤིག་མིག་ལ་ཤར་ཡོང་གི་འདུག དམར་མཆོད་དེ་ཚོ་ཞེད་སྣང་ཚ་སེ་ཞིག་རེད་དེ་རྦད་དེ་མེད་པ་བཟོས་པ་ཡིན་ན་དེ་ལའང་ཕངས་སེམས་འདྲ་ཞིག་འདུག་ད།
འདི་འདྲར་བལྟས་ཡོང་ན་འབྲོག་པ་ཚོར་ས་སྟོང་ཐང་སྟོང་མ་གཏོགས་གེ་གེ་མེད་པའི་ཚོར་སྣང་ཞིག་སྟེར། རྟ་རྒན་འགའ་ཤས་ཞོན་ནས་ཡར་ཅིག་རྒྱུག མར་ཅིག་རྒྱུག རི་མཐོན་པོ་ཞིག་གི་མགོར་ཕྱིན་ནས་བསང་ཞིག་བཏང་། ཀི་ཞིག་བཏབ། རླུང་རྟ་ཁ་ཤས་ཤིག་གཏོར་དེ་ནས་ཚར་རེད། ཨོ་དེ་ཚོ་ལའང་ལབ་ཙེ་ཟེར་བ་ཞིག་བསྟོད་རྒྱུ་ཡོད་པ་རེད་ད།
འདི་དང་འདི་འདྲ་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ།
འདི་དག་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་སྣ་དྲོངས་དུ་གསོལ།
ཨཱོྀྀ་མ་ཎི་པདྨེ་ཧོཾཱུ།
ལྷ་བ་ཚོས་ལྷ་རྩེད་རྩེ་ནས་རང་ཉིད་ཀྱི་ལུས་ལ་མཚོན་གཏོང་བ་དང་གཞན་གྱི་ལུས་ལ་མཚོན་གཏོང་བ་འདིར་ང་དོག་པ་ཅིག་ཡོད། ངས་ལྷ་བ་ཁ་ཤས་བོད་ནས་མཐོང་མྱོང་། དེ་ཚོས་མཚོན་གཏོང་བ་དེ་དངོས་ནས་མིན་པ་འདྲ། དེ་ནི་སྒྱུ་མ་མཁན་གྱི་མིག་འཕྲུལ་བསྟན་པ་ལྟ་བུ་ཞིག་རེད། མཚོན་གཏོང་དུས་ཁྲག་མཐོང་རྒྱུ་ཡོད་པར་མ་ཟད། ལུས་གྱི་ཆ་ཤས་བཤགས་འགྲོ་བ་ཡང་མཐོང་རྒྱུ་འདུག འོན་ཀྱང་ལྷ་དེ་ལྷ་བའི་ལུས་དང་བྲལ་སྐབས་ཤུལ་མི་འདུག དེ་ཚོ་མིག་འཕྲུལ་མིན་ནམ་བསམ
འོན་ཀྱང་རྡ་སའི་གནས་ཆུང་དང་དགའ་གདོང་ལྷ་བབས་པ་དེ་ལྷ་བ་ཁོ་ཚོ་ལ་ཡང་དཀའ་ངལ་ཞེ་བོ་ཅིག་ཡོད་པ་འདྲ། ལྷ་དེ་ལྷ་བ་དང་ཁ་བྲལ་རྗེས་དྲན་པ་འཐོར་བ་ལྟར་ཉལ་ནས་བསྡད་དགོས་གི་འདུག འོན་ཀྱང་ཁོང་ཚོ་ལ་དམར་མཆོད་ཕུལ་མི་དགོས་པ་དེ་ངོ་ནས་མཐོང་བདེ་བོ་ཅིག་འདུག
དེ་མིན་རྡ་ས་ན་སྐྱེ་དམན་ཅིག་གིས་ལྷ་འབབ་བཞིན་པ་དེས་ ༧གོང་ས་མཆོག་གི་གསུང་ཆོས་གནང་བཞིན་པའི་སྐབས་སུ་ཡང་མི་མང་གི་དཀྱིལ་དུ་གླུ་འདྲ་བ་ཅིག་བླང་ནས་འདུག་གི དེ་ཚོ་མཐོང་བདེ་བོ་ཅིག་མི་འདུག
ང་ཚོ་སྡེ་བ་ན་སྔགས་པ་སྐད་གྲགས་ཅན་ཞིག་འདུག ཁོང་གིས་གཟའ་རྒོད་ཆེན་པོ་ཁྱབ་འཇུག་ར་ཧུ་ལ་ཟེར་ནས་དམར་མཆོད་བྱེད་ཀྱི་འདུག གཟའ་རྒོད་ཆེན་པོ་ཁྱབ་འཇུག་ར་ཧུ་ཟེར་བ་དེར་དམར་མཆོད་འགྲོ་ས་ཅིག་རེད་དམ་མ་རེད། ངས་འདིའི་སྐོར་ཡག་པོ་ཅིག་ཤེས་གི་མེད། གཅིག་བྱས་ན་ཁོ་རང་གིས་རང་བཟོ་ཡང་ཡིན་སྲིད།
ལྷ་བས་རང་གིས་རང་ལ་གྲི་འཛུགས་པ་མ་ཟད། རང་གིས་རང་གི་ལྕེ་བཅད་དེ་ཏང་ལ་གཡུག་བཞག་གི་འདུག ཁྲག་དམར་ཙ་ར་ར་བྱེད་ཀྱིན་པ་ངས་དངོས་སུ་མཐོང་མྱོང་། འོན་ཀྱང་ཆད་རོ་དེ་རྒན་པ་ཚོས་གཙན་ཁང་ནང་དུ་ཕྱིར་ཁྱེར་འགྲོ་གི་འདུག དེ་དུས་ང་ཚོ་བྱིས་པ་ཡིན་པས་ཧ་ཅང་སྐྲག་སྣང་ཆེན་པོ་སྐྱེས། ལྷ་བབ་མི་ཚོགས་ནང་དུ་མཆོང་ཡོང་དུས་ངུ་བཞིན་གང་སར་བྲོས་པ་ཡིན། ད་དུང་ཨ་མྱེ་ཡུལ་ལྷ་ཟེར་བ་དེ་ལྷ་བབས་དང་ན། སྐུར་རྟེན་དེའི་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་རུང་། ལྷས་བཟུང་རྗེས་རྒྱ་སྐད་(ཆིན་ཧེད་ཧྭ)ཟེར་ནོ་ཆུ་རྒྱུགས་རྒྱུགས་རེད། ལྟ་རྒྱུ་ཞིག་ཡོད་ནོ་ཏན་ཏན་རེད། འོན་ཀྱང་ལྷ་དེ་དག་གི་བསྟོད་དེ་ཚོའི་ནང་གི་དོན་ཇི་བཞིན་མི་ཡོང་བ་དངོས་གནས་རེད། ཁ་ཕྱི་ལ་བསྐོར་དུས་ཆེན་པོ་ཆེན་པོ་ཞིག་མི་བ་ནོ་དངོས་ཡོད་གནས་ཚུལ་ལས་ཤེས་ཐུབ་ཀི
ད་རུང་བྱ་ཁྱུང་དགོན་པའི་ཐག་ཉེ་ན་ཁ་ཤ་ཏི་ཨ་མྱེས་ཡུལ་ལྷ་ལ་ཟེར་བའི་ལྷ་སྐད་གྲགས་ཅན་ཞིག་ཡོད་པ་དེ་ལ་དམར་མཆོད་མང་པོ་བྱེད་ཀྱི་ཡོད་པ་རེད། དེ་ལ་དམར་མཆོད་བྱེད་མཁན་པོ་གཅིག་བུ་མ་རེད། རྒྱ་བོད་གཉིས་ཀྱིས་དམར་མཆོད་བྱེད་ཀྱིས་ཡོད་པ་རེད། དམར་མཆོད་བྱེད་སྟངས་ཅུང་ཟད་མ་འདྲ་བ་ཅིག་འདུག
ཁ་ཤ་ཏི་ནི་ཙོང་ཁའི་སྐྱེས་རིའི་དང་མགོན་པོ་བྲག་ནང་བོར་གྱི་རྨ་ཆུའི་ཕྱོགས་ལ་ཡོད་པ་རེད། དམར་མཆོད་བྱེད་མཁན་གྱིས་ནང་མིའམ་སྡེ་བ་གང་རུང་གིས་ར་ལུག་གསོན་པོ་ཁོང་ཚོའི་ལྷ་ཁང་གི་བདག་གཉེར་བ་ལ་ཕུལ་ནས་དམར་མཆོད་བྱེད་དགོས་པའི་དམིགས་ཡུལ་བཤད་དགོས། དེ་ནས་དམར་མཆོད་ཀྱི་མགོ་འཇུག་ཡོངས་སུ་རྫོགས་པ་ལྷ་ཁང་བདག་གཉེར་བ་དག་གིས་བྱེད་འགྲོ་གི་རེད། ཁོ་ཚོ་ལ་ར་ལུག་མང་པོ་འདུག དམར་མཆོད་བྱེད་མཁན་གྱིས་ར་ལུག་ལྔ་ཙམ་སྤྲད་ན། ཆ་ཚང་དམར་མཆོད་མ་བྱས་པར་ལྷ་དང་བདག་གཉེར་བས་ཀྱང་བདག་པོ་བྱས་ན་འགྲིག་གི་ཡོད་ས་རེད། ལྷ་ཁང་འདི་རྗེ་གསེར་ཁང་བའི་རི་ཁྲོད་དང་ཁ་གཏད་དུ་ཡོད་། གསེར་ཁང་བས་དམར་མཆོད་འདི་འགོག་པའི་ཐབས་ལམ་མང་པོ་བཙལ་ན་ཡང་ནུས་པ་མ་ཐོན། དེ་ནི་གཅིག་ཡུལ་མིའི་ནང་དུ་དར་ཤུགས་ཆེ་དྲག་པས་ཡིན་སྲིད།
ལྷ་ཁང་ལ་ལྷ་བ་གཅིག ཆོ་ག་བྱེད་པའི་ལས་བྱེད་ལྔ་ཙམ་མཐོང་མྱོང་། ངས་མཐོང་བའི་ལྷ་བ་དེ་རྒྱ་བོད་ཀྱི་སྐད་གཉིས་ཀ་ཤེས་བའི་ཞུང་ཞན་གྱི་རྒྱ་ཕྲུག་ཅིག་རེད་འདུག
རྒྱ་ལྷ་ཅིག་གི་ནང་ནས་ཨ་མྱེས་ཡུལ་ལྷ་མ་གཏོགས་བོད་མིས་དམར་མཆོད་བྱེད་ཀྱི་ཡོད་པ་མཐོང་མ་མྱོང་། ཨར་ལང་པུའུ་ལ་བོད་པའི་དམར་མཆོད་རེག་གི་མེད་། འོན་ཀྱང་རྒྱ་མི་ཚོས་དམར་མཆོད་བྱེད་ཀྱི་ཡོད། འདི་ནི་རྒྱ་ཞ་ཚང་སྡེ་བའི་ཨར་ལང་ལྷ་ཁང་རྟེན་འབྲེལ་སྐབས་སུ་ང་ཚོ་སྡེ་བའི་གླང་ཐུག་ཅིག་ཉོས་ནས་དམར་མཆོད་ཕུལ་སོང་། འདི་འདྲ་རེད་དམར་མཆོད་འདི་རྨ་ཆུའི་གཡས་གཡོན་ན་རྒྱ་བོད་གཉིས་ཀྱིས་དམར་མཆོད་བྱེད་ཀྱི་ཡོད་པ་མིག་གི་མཐོང་རྒྱུ་ཡོད་པ་རེད། ཁ་ཤ་ཏིའི་དམར་མཆོད་དེ་ ༧གོང་ས་མཆོག་གམ་པན་ཆེན་རིན་པོ་ཆེ་ལྟ་བུས་མ་གཏོགས་འགོག་ཐུབ་གྱི་མ་རེད། ངས་ཐག་བཅད་ནས་བཤད་ཐུབ།
ཁ་ཤ་ཏིའི་དམར་མཆོད་ནི་དུས་ཆེན་ལྟ་བུའི་དམར་མཆོད་མ་རེད། ཁྱིམ་ཚང་ངམ་སྡེ་བ་ཅིག་གིས་དགོས་མཁོ་དབང་གིས་དམར་མཆོད་བྱེད་ཀྱི་ཡོད་པ་རེད། དེས་ན་དམར་མཆོད་རྒྱུན་དུ་ཡོད་པ་རེད། མཚོ་སྔོན་པོའི་ཕྱོགས་ནས་འདི་ལ་ཟོག་ལུག་མང་པོ་དེད་ནས་ཡོང་གི་ཡོད་པ་རེད།
ཡང་བསམ་བློ་ཅིག་བཏང་ན་ང་ཚོས་ཀྱང་རང་ཉིས་ཀྱིས་ཤ་མང་པོ་ཟ་གཞིན་ཡོད་པ་རེད། ལྷ་ལ་དམར་མཆོད་བྱས་ན་སྡིག་ག་ཅིག་ལ་བརྩི་གི་ཡོད་པ་རེད། མི་ཡིས་རང་ཉིད་ཀྱི་ཁ་ལ་དམར་མཆོད་བྱས་ན་སྡིག་ག་ཅིག་ཏུ་མི་མཐོང་བ་དང་ལྷ་ལ་དམར་མཆོད་བྱས་ན་སྡིག་པ་ཅིག་ཏུ་མཐོང་བ་འདི་ཡང་ག་རེ་ཡིན་ན་མི་ཤེས་གི མཁྱེན་ལྡན་ཁྱོད་ཚོས་གཟིགས་ན་ག་འདྲ་འདུག
བླ་རྒན། ཤ་གཅོད་ཀེ
འ་རོགས། ཤ་ཟོ་གཅོད་ཐུབ་ནི་མ་རེད། ཤ་ཆོད་ཟེར་མཁན་ཚང་མ་ཤ་ཟ་ཁྲག་འཐུང་རྐྱང་རེད་འདུག་ཀ དེ་ལས་རང་གི་ར་ཤ་ཆོད་ཟེར་བའི་གསུང་དེར་ཉན་ནས། དེ་ནས་ཤ་མ་བཅད་པར་བསྡད་ན་སྤྱི་དང་མཐུན་གི་ཡ། ང་ཚོ་ཕ་ཡུལ་ན་དམར་མཆོད་གཅོད་པ་དང། ཤ་གཅོད་པ། ཚེ་ཐར་གཏོང་བ་སོགས་ལ་ཞལ་དཀར་ཚོགས་དྲུག་རང་གྲོལ་དང་། ཨ་ལགས་ཚེ་ཐར་ཟེར་བ་དེ་ཚོས་ཤུགས་བརྒྱབ་ཡོད་པ་འདྲ། ཤུགས་བརྒྱབ་པ་བཞིན་དུ་བླ་མ་རང་ཉིད་ནས་ཀྱང་ཤ་ཟ་གི་མེད་པ་རེད་ཟེར། དེ་མིན་གྱི་བླ་མ་དེ་ཚོ་ད་འཚམ་འཚམ་ལ་དགོད་བྲོ་གི་ཡ། ཤ་མ་ཟ་མ་ཟ་བླ་མས་ཟེར་ཞིང་། ཤ་ཚོན་པོ་ཚོན་པོ་བླ་མས་ཟས་དང་ན། ང་འདྲ་བོ་ད། ཤ་ལ་དགའ་བ། ཁྲག་ལ་རོལ་བ། སྙིང་རྗེ་མེད་པ། མདོག་མི་སྡིག་པ། ཤ་གདངས་པ། མཆེ་བ་གཙིགས་པ། དེ་འདྲ་རེད་མོ།
འོ་ད་ཨ་རིའི་ཤ་འདི་ཚོ་ཟོས་ན་ལ་སྡུག་པ་ཡོད་འདུག་མི་ཤེས་གི ཤ་གི་བྲོ་བ་ཟེར་ནི་ཟིག་མེད་ཀི ཀོ་རེ་ཅོན་ལྡོག་ཟོས་བ་དང་གཅིག་པ་རེད། ད་ལོ་ཟིག་ག་ཕྱུག་པོ་ཡིན་ཟེར་མཁན་ཅིག་གིས་ཨ་རི་ན་ཡང་བོད་ཀྱི་ཤ་ནང་བཞིན་བྲོ་བ་ཅན་ཡོད་ནི་རེད་ཟེར་ནས། ཨོར་རྒན་ནེ་ཁུ་ཚོང་ཁང་ཞིག་ལ་སོང་ནས་ཤ་ཉོས་པ་ཡིན། ཚགས་ཤ་ཀེ་ལོ་ལ་ཨ་སྒོར་ ༢༧ སྤྲོད་དགོས་ས་ཅིག་རེད་འདུག ཡིན་ན་ཡང་ང་ལ་ནི་བོད་ཀྱི་ཤ་ནང་བཞིན་གྱི་བྲོ་བ་ཅིག་སྟེར་མི་ཐུབ་གི ད་བོད་ཀྱི་ལུག་ཤ་བཙོས་མའི་གཙུག་གུ་ཞིག་ལག་ཏུ་བཟུང་། དེའི་སྟེང་གི་ཤ་ཚིལ་འདྲེས་མ་དེར་སོ་བརྒྱབ་ན་ཁ་ནང་ཟོ་ནས་ཅིག་འཐོར་གི་འདུག་ཀ་ཡ།
ད་བོད་ཀྱི་གཡང་ལ་ཚོ་ལ་ཇེ་ཉུང་ལ་ཇེ་ཉུང་ཡིན་ས་རེད། རྒྱ་རྒན་ཚང་ད་ཞེ་གི་ཐབས་ཤེས་ཡོད་གི་ཡ། འཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཟེར་ནས་རྩྭ་ས་ཕྱུགས་ཟོག་ལ་ཟ་རྒྱུ་ཉུང་རུ་བཏང་། དེ་ནས་རོང་འབྲོག་པ་དེ་ཚོ་གྲོང་ཁྱེར་ཅན་ལ་བསྒྱུར་དགོས་པ་རེད་ཟེར་ནས་གྲོང་ཁྱེར་ནང་དུ་བརྫངས། ད་ཡིན་ན་འབྲོག་པ་ཚོས་ལ་རྩྭ་ཟ་མི་ཐུབ་གི་མི་ཟེར་བར་སྔོ་ཚོད་ཟོས་ན་འཕྲོད་རྟེན་ལ་བཟང་རབས་རྒྱན་རབས་བཤད་ཀྱི་མང་གི་ཟེར་གི་ཡ།
ངོ་མས་ཐབས་སྐྱོ་པོ་རེད་སེམས་ཅན་འདི་ཚོ་རང་དང་འདྲ་པར་ཚོར་བ་ཞིག་ཡོད་པ་ཧ་གོ་གི་མེད་དམ། མི་འདི་ཚོ་བདེ་སྡུག་གི་ཚོར་པ་ཞིག་མེད་དམ། ང་ཡང་ཤི་དགོས་རེད་བསམ་པ་ཞིག་མེད་དམ། ཉམ་ཆུང་སེམས་ཅན་འདི་ཚོ་ངོ་མས་སྙིང་རྗེ། ཤི་ན་ལུས་རྟེན་བཟང་པོ་ཞིག་ལེན་ཐུབ་པའི་སྨོན་ལམ་་ཡང་ཡང་འདེབས ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་རྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་གསོལ་བ་འདེབས། ། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །་འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།ཨོཾ་མ་ཎི་མདྨེ་ཧཱུཾ།
ད་ཚང་མས་མིག་བཙུམས་ནས་མ་ནི་བཏོན་བསྡད་ན་སེམས་ཅན་གསོད་རྒྱུའི་ལས་ཀ་འདི་ཇེ་ཉུང་ལ་འགྲོ་རྒྱུ་མ་རེད་ཡ། དེ་ལས་སྤྱི་ཚོགས་ནང་སེམས་ཅན་གསོད་པ་འམ་དམར་མཆོད་འགོག་སྟངས་ཀྱི་ལས་གཞི་ཇི་ལྟར་སྤེལ་མིན་ཐད་ལ་བགྲོ་གླེང་ཅིག་སྤེལ་ན་ཡག་ས་རེད་ཡ། འ་སྙིང་རྗེ་ཅན་ཚོ།
ད་དུང་ང་ཚོས་བླ་མ་མཆོད་པའི་ཚོགས་ཕུལ་བས་སྐས་སུ་ཚོགས་ཤ་ཟེར་བ་ཞིག་མི་དགོས་སམ།དེ་ཅི་ལྟར་ཡིན་ནམ།
Oh! no good.
ཇི་སྲིད་ནམ་མཁའ་གནས་པ་དང་།།
འགྲོ་བ་ཇི་སྲིད་གནས་གྱུར་པ།།
དེ་སྲིད་བདག་ནི་གནས་གྱུར་ནས།།
འགྲོ་སྡུག་བསྔལ་སེལ་བར་ཤོག།
བའི ཆད་འདུག་པས་དགོངས་གསོལ་ཞུ།
ཉི་མ་དེ་རིང་ནས་བཟུང་ཤ་ཟ་རྒྱུ་ཉུང་དུ་གཏོང་གི་ཡིན།