ཟླ་བ་གཞོན་ནུ།
ང་རང་ཞོགས་པར་ཡར་ལངས་དུས། ཡོད་ཚད་ལ་སྐྱིད་སྣང་ཞིག་ཤར་འདུག་ལ། བསམ་ཚད་ལ་དགའ་སྣང་ཞིག་འཆར་གྱིན་འདུག འཆར་ཡན་གྱི་འདེགས་འཇོག་དང་བསྟུན་ནས་གང་དུའང་བསྐྱོད་ཐུབ་པའི་དབུགས་དབྱུང་ཞིག་ཐོབ་བྱུང་ལ། སྒྱུ་འཕྲུལ་གྱི་རེ་སྙེག་དང་ལྷན་དུ་གང་ལའང་སླེབས་ཐུབ་པའི་གདེང་སྤོབས་ཞིག་སླེབས་བྱུང་བས། ང་རང་ནམ་རྒྱུན་ལྟར་ཞོགས་པའི་མཁའ་རླུང་གཙང་མ་དེ་རྔུབ་ཆེད་དཔེ་དེབ་ཅིག་མཆན་ལ་བཙིར་ནས་ཉལ་ཁང་ཕྱི་རོལ་དུ་ཐོན་པ་ཡིན།
འཆར་ཀའི་མཚམས་སྤྲིན་གྱི་འོད་མདངས་དེ་ངའི་སྙིང་ཁྲག་དྲོན་མོ་རས་ཡུག་ཅིག་ལ་གཏོར་ཏེ་སུ་ཞིག་ལ་སྐྱེས་སུ་འབུལ་བའི་སྟ་གོན་བྱེད་བཞིན་པ་དང་འདྲ་ལ། པད་འབྱུང་ཁང་ཚན་གཡས་གཡོན་གྱི་ཤིང་སྡོང་ཙམ་མ་ཟད། སློབ་གྲྭའི་ཁོར་ཡུག་གི་ལྗང་སྣུམ་གྱི་ལྗོན་ཤིང་ཡོད་ཚད་དང༌། དེའི་གསེབ་དང་ངོས་ན་མཆོངས་ཤིང་རྒྱུགས་ནས་རྩེ་བཞིན་པའི་ནགས་བྱི་དག་གིས་ཀྱང༌། བདག་ལ་སྙིང་ཉེ་ཞིང་སྔོན་མེད་ཀྱི་དགའ་ཚོར་ཞིག་སྤྲོད་ལ། ཅི་ཞིག་བྱ་དགོས་པའི་གསལ་འདེབས་བྱེད་ཀྱིན་པ་འདྲ་བས། དེ་རིང་ངས་ཅིའི་ཕྱིར་ཡོད་ཚད་ནམ་རྒྱུན་དང་མ་འདྲ་བ་ཞིག་ཚོར་བ་ཡིན་ནམ་སྙམ་ཞོར་ངས་ག་ལེར་འདིའི་རྒྱུ་རྐྱེན་ལ་བསམ་བློ་བཏང་བ་ཡིན། འཆར་ཡན་གྱིས་ཕྱུག་པའི་རྣ་བ་གཅོམ་སྐྱུང་གི་དགོད་སྒྲ་ཞིག་དང་འཕྲད་བྱུང་བར། ཡ་ཐོད་ཀྱི་མིག་ཟུང་རིག་རིག་གིས་གང་ཡིན་བརྟགས་པར་ཕྱོགས་ཚེ། ཐག་མི་རིང་བའི་དཔེ་མཛོད་སྤང་ཐང་དུ་བཤད་རེས་དང་དགོད་རེས་བྱེད་ཀྱིན་པའི་ཕོ་མོ་ཟུང་ཡོད་པ་མཐོང་བ་དེས་དེ་རིང་ནི་དགའ་བོའི་ཉིན་མོ་ཡིན་པ་དེ་ང་ལ་་དྲན་སོས་སུ་བཅུག ཨོ། དེ་རིང་དགའ་བོའི་ཉིན་མོ་མ་རེད་དམ། ཞེས་ངས་དེ་ལྟར་རང་གིས་རང་ལ་དྲི་བ་འདི་འདྲི་དུས། སྨིག་རྒྱུ་ལྟ་བུའི་རབ་རིབ་དང་སྐར་འོད་ལྟ་བུའི་རེས་གསལ་རེས་རིབ་ཀྱི་དྲན་པའི་ལྕགས་ཀྱུ་ཞིག་ངའི་སྙིང་གའི་མཚམས་སུ་ཁད་ཀྱིས་མངོན་བྱུང་བས། རང་སེམས་ཀྱི་ཨ་ལོང་ཡང་དེ་ལ་མི་འཁོན་ཐབས་མེད་དུ་གྱུར།
དུང་བ་སོབ་སོབ་ཀྱི་དྲན་པ་དེས་སྣེ་དྲངས་ཏེ། རང་སེམས་ཀྱི་དར་ལྕོག་ཀྱང་སེམས་ཁོང་གི་ཁོ་མོའི་ཕྱོགས་སུ་གཡོ་མགོ་བརྩམས་པ་སྟེ། ཐེངས་དང་པོར། མཛེས་སྡུག་གིས་གཏམས་པའི་ཁོ་མོས་ལེབ་ཆེན་གྱི་གཤོག་ཟུང་གཡུག་བཞིན་ང་རང་གི་འཇིག་རྟེན་ལ་འཇོ་སྒེག་གིས་འཕུར་འོང་ཚུལ་དྲན། ཁོ་མོ་ནི་ཐོག་མར་འཇམ་བག་གི་འཛུམ་མདངས་འཁུར་ནས་ངའི་སྐྱ་ཤང་ཤང་གི་འཇིག་རྟེན་ལ་ལྗང་མདོག་གི་ཁ་དོག་སྩོལ་མཁན་ཏེ། དེ་ནི་ལོ་གཉིས་གསུམ་གོང་གི་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་ཞིག་ཡིན་ཞིང༌། ཉིན་མ་དེ་ངས་ནམ་ཡང་བརྗེད་ཐབས་མེད་ལ་དུས་དེ་ནས་བཟུང་ཉིན་འདི་ངས་རང་གི་ཆེས་གལ་ཆེ་བའི་ཉིན་མོ་ཞིག་ལ་བརྩི་བཞིན་ཡོད། དེ་ནི་ང་ཚོ་སློབ་མ་གསར་བའི་སྟོན་ཆོས་གྲོལ་དུས་ཀྱི་ཉིན་མོ་ཡིན་པས། དེ་དུས་ང་ཚོས་རང་རང་གི་ཉམས་མྱོང་དང་དམིགས་ཡུལ་བཤད་དགོས། སློབ་གྲོགས་མང་ཆེ་བས་སོ་སོའི་དམིགས་ཡུལ་དང་ཕུགས་བསམ་རྒྱ་གང་ཆེ་དང་འུད་ཅི་ཆེར་སྒྲོག་གིན་འདུག་པས། ང་རང་གིས་ཉོབ་མདངས་ཀྱི་གདོང་པ་ཞིག་བཏེགས་ཏེ་རེ་རེ་ལ་མི་མོས་པའི་དགོངས་ཚོམས་རེ་མི་ཞུ་ཀ་མེད་བྱུང་མོད། རིམ་གྱིས་ཁོ་མོ་བཤད་རེས་ལ་ཁེལ་བྱུང་བས། ངས་བློ་རིག་བསྒྲིམས་ཏེ་ཁོ་མོའི་བྱད་སྟབས་རེ་རེ་དང་ཉམས་འགྱུར་རེ་རེར་ལྡབ་འགྱུར་གྱིས་མཉམ་འཇོག་བྱས་པ་ཡིན། ངང་བའི་སྒེག་འགྲོས་ཀྱིས་བཤད་སྟེགས་ལ་འབྱོར་བའི་ཁོ་མོས་འཇམ་བག་དང་དུང་བྱམས་ཀྱི་འཛུམ་ཆུང་ཞིག་སྟོན་བཞིན་རང་མིང་བཤད་པ་དང་སྦྲགས”ང་ལ་དམིགས་ཡུལ་དམིགས་བསལ་གང་མེད”ཅེས་པའི་སྐད་ཆ་ཐུང་ཐུང་འདི་བརྗོད་ནས་ཕྱིར་འདུག་སར་ཕྱིན་སོང་བ་དེས། ཚང་མ་ཧ་ལས་སུ་བཅུག་སོང་ལ། ང་རང་ལའང་བློ་ཡུལ་ལས་འདས་པའི་དྲི་ལན་ཞིག་རེག་བྱུང་བས། ང་རང་ཡང་ཡ་མི་མཚན་པ་ག་ལ་སྲིད། དེར་མཐུད་ནས་ང་ལ་རང་ཤུགས་ཀྱིས་ཡིད་སྨོན་ཞིག་ཀྱང་སྐྱེས་བྱུང་བ་སྟེ། ཁོ་མོའི་རྒྱབ་བཤད་ལ་མི་སྐྲག་པའི་སྤོབས་པ་དང་རང་གི་ཆེ་མཐོང་ལ་མི་སྨོན་པའི་འདུན་པ་དེ་མཐོང་རྗེས་ང་རང་གཞི་ནས་ཁོ་མོའི་ཐུན་མིན་གྱི་གཤིས་ཀ་འདི་ལ་ཡིད་སྨོན་འཆོར། དེ་ནས་བཟུང༌། བག་ཡོད་ཚུལ་ལྡན་གྱི་ཁོ་མོ་མིག་ཟུང་གི་འབེན་དུ་བཙུགས་ཤིང་རང་སེམས་ཀྱི་གཏིང་སྦུག་ཏུ་ཉར་ནས་ལོ་ཡི་འཁོར་མོ་ཡུན་གྱིས་བདས་ལ་ཟླ་བའི་བགྲོད་པ་ཁད་ཀྱིས་བསུས་ཤིང༌། ལོ་ཟླ་འདི་དག་གི་རིང་ལ་ངས་སྙན་ངག་མཁན་གྲགས་ཅན་ཐེ་ཀོར་གྱིས་གསུངས་བའི་’བར་ཐག’གི་བྲོ་བ་ངོ་མ་དེ་དངོས་སུ་མྱངས་སོང་བ་སྟེ། དོན་དམ་གྱི་བར་ཐག་ནི་ལེ་དབར་སྟོང་ཕྲག་གིས་བཅད་པ་དེ་མ་ཡིན་པར། ཁོ་མོའི་མདུན་དུ་བསྡད་ཀྱང༌། ཁོ་མོས་ཁྱེད་རང་མོར་དགའ་བ་མི་ཤེས་པ་དེ་ཡིན། ཞེས་པ་ལྟར། མོ་རང་དོན་ངོ་མར་འཁྲིས་སུ་ཡོད་ཀྱང༌། ང་ལ་མཚོན་ན་ཐག་རིང་ཐག་རིང་ཞིག་ན་ཡོད་པ་དང་འདྲ།
ཉེ་བའི་ཉིན་འདི་དག་གི་རིང་ལ། ངས་ཀྱང་ཐབས་ཤེས་གང་ཡོད་བྱས་ཏེ་སེམས་ཁོང་གི་ཁོ་མོར་རང་སེམས་ཀྱི་མེ་ལོང་ལ་རྟག་ཏུ་འཆར་བཞིན་པ་མོ་ཁོ་ན་ཡིན་པའི་ངེས་ཤེས་ཅུང་བསྐྱེད་ཡོད་ལ། དེ་རིང་གི་གོ་སྐབས་ཁྱད་པར་བ་འདི་དང་བསྟུན་ནས་སྔོན་མ་ནས་གདུས་ཟིན་པའི་སེམས་ཁོང་གི་སྙིང་གཏམ་གྲངས་མེད་ཕྱི་གསལ་ནང་གསལ་གྱི་ཤེལ་བུམ་ཞིག་ཏུ་བཅུས་ནས་ལྷད་མེད་བརྩེ་འདང་གིས་ཕྱུག་པའི་ལག་ཟུང་གིས་བཏེགས་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་བྱུང་བས། ཉིན་འདིར་ང་རང་གྲོགས་པོ་ཚོའི་ནམ་རྒྱུན་གྱི་གླེང་མོལ་ལས་ཀྱང་གཡོལ་ཏེ་ཟུར་ཞིག་ཏུ་ཁོ་མོར་ཇི་ལྟར་འགྲེལ་དགོས་པའི་སྐོར་ལ་སྔོན་འདང་བརྒྱབས། ཇི་ལྟར་བྱས་ན་དགའམ། ཀ་ཕྲེང་ལ་འོ་བརྒྱལ་གཏད་དགོས་སམ་ཁ་ལྕེ་སྡུག་ལ་སྦྱར་དགོས་སྙམ་པའི་འགལ་འདུ་ཁྲོད་དུས་ཚོད་ཀྱང་ཡུད་ཀྱིས་བཞུད་ནས་ས་རུབ་གྲབས་འདུག་པས། ངས་མགྱོགས་པོར་མོ་བོས་ནས་དངོས་སུ་བཤད་རྒྱུར་ཐག་བཅད་པ་ཡིན་ལ། གྲོགས་མོ་ཞིག་ལ་མོ་རང་འབོད་དུ་བཅུག་རྗེས་ངས་སྔོན་མ་ནས་ཉར་ཡོད་པའི་ལེགས་སྐྱེས་ཞིག་ཡོད་པ་དེ་བཟུང་སྟེ་དཔེ་མཛོད་མདུན་ཐང་དུ་སྒུག་ནས་བསྡད་པ་ཡིན། དེ་དུས་ཀྱི་ང་ཡི་སེམས་པར་རེ་དོགས་དང་འཚེར་སྣང་གི་འབའ་འབིག་མང་པོས་གཅིག་མཇུག་གཉིས་མཐུད་དུ་གཙགས་བྱུང་བས། ང་ནི་དབུགས་ཤོར་བའི་ལྒང་བུ་བཞིན་ཡུད་ཙམ་ལ་ངས་ང་རང་གནམ་ས་གང་དུ་ཡོད་པའང་རྟོགས་མ་བྱུང༌། ངས་རང་སེམས་རྣལ་དུ་ཕབ་ནས་རང་ཉིད་དཔེ་མཛོད་མདུན་ཐང་དུ་ཡོད་པ་རྟོགས་དུས། ཁོ་མོས་ལུས་ལ་རན་པའི་གྱོན་ཆས་བབ་ཆགས་དེ་གྱོན་ནས་ངའི་ཕྱོགས་སུ་གོམ་པའི་འདེགས་འཇོག་བསྒྱུར་གྱིན་འདུག་པས། ངས་དེ་རིང་ཉིན་གང་ལ་བསམས་ཤིང་མནོས་པའི་སྐད་ཆའི་བང་རིམ་ཡང་བསྐྱར་གཅིག་བསྒྲིགས་རྗེས་བཤད་ཆོག་ཆོག་བྱས་ཏེ་བསྡད་པ་ཡིན། ཚུར་ཡོང་བཞིན་པའི་ཁོ་མོའི་ངོ་ཚ་དང་སྦྲགས་པའི་འཛུམ་ཆུང་དེ་མཐོང་རྗེས། ང་རང་ལའང་རང་ཤུགས་ཀྱིས་སྤོབས་པ་ཞིག་ཀྱང་རྒྱས་བྱུང༌།
ཁོ་མོ་ངའི་མདུན་དུ་སླེབས་བྱུང༌།
”བསྟན་འཛིན”
”ཨང་་་་”
”ཨིན་་་་ ང་་་་་་ང་ལ་སུ་ལའང་སྤྲད་མ་མྱོང་བ་ཞིག་ཁྱེད་ལ་སྤྲད་རྒྱུ་ཡོད།”
”སྤྲད་རྒྱུ་ག་རེ”
”དང་པོར་མིག་ཚུམས་དང་ངས་སྤྲད་ཆོག”ཞེས་སྤོབས་པ་བསྐྱེད་དེ་བཤད་པར་མོས་ཀྱང་མོ་རང་གི་་མིག་ལྕིབས་གཉིས་རིམ་གྱིས་ཕབ་བྱུང་བས། ངས་ཀྱང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྔོན་མ་ནས་བསམས་པ་བཞིན་མིག་བཙུམས་པའི་་ཁོ་མོའི་འཇམ་མཉེན་གྱི་ཞལ་རས་ལ་པྲ་ཆལ་ཀྱི་འོ་ཐེངས་གཅིག་བསྐྱལ་རྩིས་བྱེད་དུས།
”སྐྱབས། སྐྱབས།”ཞེས་པའི་འབོད་སྒྲ་ཞིག་དང་སྦྲགས་ངའི་ལུས་པོ་སུ་ཞིག་གིས་སྤྲུག་སྤྲུག་བཏང་བྱུང་བས། ད་ཅིའི་དབང་ཡུལ་དུ་ཡོད་པ་ཐམས་ཅད་ཀྱང་འདི་དང་བསྟུན་ཏེ་གར་སོང་ཆ་མེད་དུ་གྱུརསོང༌། ངལ་དུབ་ཀྱི་མིག་ཟུང་ག་ལེར་ཕྱེ་དུས་མུན་ནག་གི་ཉལ་ཁང་དུ་མི་ཞིག་གིས་”ཝ་ཡེ། སྐྱབས། ང་ལ་གཅིན་པ་འདུག འགྲོ་རོགས་གྱིས་དང༌།”ཅེས་བཤད་པ་གོ་བྱུང་བས། ངས་ད་གཟོང་ངའི་ཤག་རོགས་བཟང་པོ་ཡིན་པ་རྟོགས།
”ལྟས་ངན། ཁྱོད་འདི་ད་་་་་་་་་་་་་”
”ག་རེ་བྱས་སོང༌།”
”ག་རེ་བྱས་སོང་རང་རེད། བར་ཆད་བྱས་སོང་ཡ།”
”བར་ཆད་ག་རེ།”
”ཨུ་་་་་་་་་་་ ད་སྐྱུར་ཞོག ད་ཅང་མ་རེད།”
”དེས་ན་ཁོང་ཁྲོ་ག་རེ་བྱས་ནས་ཟ་བཞིན་ཡོད།”ཅེས་དྲིས་བྱུང་བར།
”ཨུ་་་་་་་་ ངས་ཁྱོད་ལ་ཉལ་ཁར་ཆུ་མང་པོ་མ་འཐུང་ཞེས་ཐེངས་མང་བཤད་མྱོང༌།”་ཞེས་ཁོང་གི་ནན་འདྲི་ལ་ལན་རྫུན་མ་འདི་བཏབས་རྗེས་ང་རང་རྨི་ལམ་གྱི་བདེ་སྣང་དེ་དང་བྲལ་བར་བློས་མ་ཐོངས་བ་ལྟར་ཁ་རོག་གེར་ཉལ་ཁང་ཕྱི་རོལ་དུ་བུད་དེ། ཁོ་རང་ནམ་རྒྱུན་ལྟར་ཉལ་ཁང་གཡོན་ཕྱོགས་ཀྱི་ནག་ཕུག་གེར་སྲིན་མོས་ཁ་གདངས་བ་ལྟ་བུའི་གསང་སྤྱོད་དུ་འཁྲིད་ནས་སོང་བ་ཡིན།
༢༠༠༨།༠༦།༢༤།
valentine’s dayལ་དགའ་བོའི་ཉིན་མོ་ཞེས་པ་ལས་གཞན་པའི་མིང་སྙིང་རྗེ་བོ་འདྲ་ཡོད་དམ། དྲ་ཚོགས་ཚོས་གསུངས་རོགས་ཞུ།
དགའ་རོགས་ཉིན་མོ་དང་། སྙིང་སྡུག་ཉིན་མོ། མཛའ་གྲོགས་ཉིན་མོ། བརྩེ་དུང་གི་ཉིན་མོ་སོགས་དང་ད་དུང་ཁ་སྣོན་སྐྱོན་དང་། ང་ཚོས་ལེགས་པ་ཞིག་གདམ་ཆོག
དྲན་སྐུལ་ཞུ་རྒྱུ་ཞིག་ལ། ཁ་བརྡ་དྲ་རྒྱའི་ནང་ཡིག་ནོར་མ་སྤེལ་རོགས།།
བར་ཆད་ཅེས་ཆེད་རྩོམ་ཡག་པོ་ཞིག་སྤེལ་འདུག་ད་དུང་སྤེལ་རོགས་གནང་།
༼བརྩེ་དུང་གི་ཉིན་མོ་༽ཞེས་པ་དེ་ཡག་ཤོས་སུ་མཐོང་།
ཧོར་བུ་ཡེ་ཤེས་ལགས། འཚམས་འདྲི་ཞུ།
ཁོང་གིས་བརྩེ་དུང་གི་ཉིན་མོ་དེ་ལེགས་པར་འདོད་པས། དེར་དྲ་གྲོགས་ཚོས་སྤྱི་མོས་སམ་མང་མོང་གང་ཡོད་ཕྱག་བརྐྱང་རོགས་གནང་།
ཡང་བསྐྱར་གསལ་འདེབས་ཞུ་རྒྱུར།
མཆན་བུ་ཞིག་འདེབས་ཀྱི་ཡོད་ཀྱང་ཡིག་ནོར་མ་ཤོར་བ་གནང་རོགས།
ཡིག་ནོར་བྲིས་ཚེ་ཁྱོད་ཀྱིས་ཉེས་པ་བསགས་པ་རེད། ནམ་ཞིག་ཁྲིམས་དཔོན་བསེ་རུས་ཁྲིམས་ཐག་ནན་པོ་གཅོད་ཀྱི་ཡིན། ཁ་བརྡ་དྲ་རྒྱའི་དྲ་དཔོན་དང་དྲ་གྲོགས་ཚོས་རྣ་བས་གསན་ཅིང་ཐུགས་ལ་འཇོག་རོགས་གནང་།།
སྒྲུང་སྙན་པ་ལ་དཔེ་ཟླ་མ་རྙེད། ལྷོ་ཁོ་རེ་ཡའི་བརྩེ་དུང་གི་གློག་བརྙན་ཐུང་ཐུང་ཞིག་དང་ཡང་འདྲ་བྱུང་།
གོང་དུ་དྲ་གྲོགས་བསེ་རུ་ལགས་ཕེབས་ནས་ཁྲིམས་ཐག་གཅོད་ཀྱི་ཡིན་གསུངས་འདུག དེ་ལ་དགའ་བསུ་ཡོད། རྗེས་སུ་ཡི་རངས་ཡོད།
བསེ་རུ་ལགས་ཀྱི་མཆན་བུ་ཐུང་ཐུང་འདི་ལ་ངེད་ཀྱིས་བསམ་ཚུལ་འགའ་བཤད་ཀྱི་ཡིན།
གོང་དུ་སྐུ་ཉིད་ཀྱིས། མང་མོས་ཀྱི་ཚབ་ལ་མང་མོང་ལབ་འདུག དེ་ཡིག་ནོར་རེད།
ཡིག་ནོར་གྱི་ཁྲིམས་དཔོན་བྱེད་རྒྱུ་དེ་ལས་སླ་བོ་ཞིག་མིན་བསམ།
ཁྱེད་ཀྱི་མཆན་བུ་ཐུང་ཐུང་འདིའི་ནང་གི་བརྗོད་པ་གཅིག་ལ་དོགས་སློང་ཙམ་བྱེད་འདོད་བྱུང་།
“མཆན་བུ་ཞིག་འདེབས་ཀྱི་ཡོད་ཀྱང་ཡིག་ནོར་མ་ཤོར་བ་གནང་རོགས། ”
ཟེར་བའི་བརྗོད་པ་འདིའི་དོན་སྟོན་སྟངས་ལ་དཔྱད་ཞིབ་བྱེད་རྒྱུ་འདུག་སྙམ།
དཔེར་ན། མཆན་བུ་ཞིག་འདེབས་ན་ཡང་ཡིག་ནོར་མ་ཤོར་བ་གནང་རོགས།
མཆན་བུ་ཞིག་འདེབས་ཀྱང་ཡིག་ནོར་མ་ཤོར་བ་གནང་རོགས།
མཆན་བུ་འདེབས་དུས་ཡིག་ནོར་མ་ཤོར་བ་གནང་རོགས། ཟེར་བ་ལྟ་བུ།
འདི་དོགས་སློང་ཡིན། དེ་ཙམ་ཞུ།
བཀུར་འོས་དྲ་གྲོགས་བསེ་རུ་དང་ཀླུ་སྨྱོན། ཧོར་བུ་ཡེ་ཤེས་སོགས་ཕེབས་ནས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ།
བསེ་རུ་མཆོག་གིས་གང་སར་ཡིག་ནོར་དག་བཅོས་ཀྱི་བྱ་བ་མ་སྐུལ་དང་བླངས་ཀྱིས་སྒྲུབ་ཀྱིན་པ་ལ་རྗེས་སུ་ཡི་རངས་ཡོད། ངའི་བསམ་ཚུལ་ལྟར་ན་གཞན་ལ་གཞེན་སྐུལ་དང་རེ་བ་རྒྱག་རྒྱུ་གཙོ་བ་ལས་བཙན་སྐུལ་བྱེད་རྒྱུ་དེ་ཅུང་མི་རུང་སྙམ་གྱིན་འདུག དེས་སྡུག་ཏུ་འགྲོ་བ་ཡང་ཡོད་པས།
ལྷག་བསམ་རྣམ་དག་གིས་རེ་སྐུལ་རྒྱུ་ལས། བཙན་བཀའ་བཏང་ན་སྡུག་ཏུ་གཏོང་མཁན་ཡང་ཡོད་པ་རེད།
ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱིས་སྐུལ་བ་གནང་བ་སེམས་ལ་ཉར་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌། བརྩེ་དུང་གི་ཉིན་མོ་ཞེས་པ་སྤྱིར་བཏང་གིས་འགྲིག་མོད། དེས་ཅུང་རིང་འདུག་སྙམ།
དགའ་བོའི་ཉིན་མོའམ་དགའ་རོགས་ཉིན་མོ་ཅུང་ལན་པ་འདུག་བསམས།
དགོངས་འཆར་ལ་ཐུགས་རྗེ་ཆེ་ཞུ།
རིག་འབྱུང་གིས་བཤད་པ་ལྟར་བསེ་རུས་ཡིག་ནོར་བྲིས་གནང་འདུག མང་མོས་ཞེས་པར་མང་མོང་ཞེས་པ་དང༌། ད་དུང་ཁྲིམས་དཔོན་བསེ་རུས་ཁྲིམས་ཐག་ནན་མོ་གཅོད་ཀྱི་ཡིན། ཞེས་པའི་ཁྲིམས་ཐག་ཅེས་པ་ཁྲུན་ཐག་མ་རེད་དམ། གཅོད་ཀྱི་ཡིན་ཞེས་པ་དེར་གཅད་རྒྱུ་ཡིན་ཞེས་ན་ཤིན་ཏུ་འཚམས་པར་འདོད། ད་དུང་ཐུགས་ལ་འཇོག་རོགས་གནང་ཞེས་པའི་རྗེས་སུ་ཉིས་ཤད་བྲིས་འདུག་པའང་འགྲིག་མིན་བརྟག་བྱའོ།།
བསེ་རུ་ལགས། སོ་སོའི་རླབས་ཆེན་གྱི་བྱ་བཞག་འདི་རང་ཉིད་དག་ཆར་མཁས་པའི་ཁེ་གྲགས་སུ་མི་འགྲོ་བ་རེ་གནང་རྒྱུའང་མཁྱེན།
ཁྱེད་ཀྱི་བྱ་བཞག་གལ་ཆེན་འདི་དང་དུ་བླངས་པའང་ཁེ་གྲགས་འདིའི་དོན་དུ་མིན་པའི་སྨོན་ལམ་ཡང་ནས་ཡང་དུ་ཞུ་བཞིན་ཡོད་དོ།།
བསེ་རུ་ལགས། སོ་སོའི་རླབས་ཆེན་གྱི་བྱ་བཞག་འདི་རང་ཉིད་དག་ཆར་མཁས་པའི་ཁེ་གྲགས་སུ་མི་འགྲོ་བ་རེ་གནང་རྒྱུའང་མཁྱེན།
ཁྱེད་ཀྱི་བྱ་བཞག་གལ་ཆེན་འདི་དང་དུ་བླངས་པའང་ཁེ་གྲགས་འདིའི་དོན་དུ་མིན་པའི་སྨོན་ལམ་ཡང་ནས་ཡང་དུ་ཞུ་བཞིན་ཡོད་དོ།།
དྲ་གྲོགས་བསེ་རུ་ནས་ཡིག་ནོར་སྤེལ་ན་ཁྲིམས་ཐག་གཅད་རྒྱུ་ཡིན་གསུངས་པ་ལ་གུས་པས་ངོས་ལན་ཡོད།ལྷག་པར་ང་ལྟ་བུ་ལ་མཚོན་ན་ཡོན་ཏན་ཡག་པོ་མེད་པའི་ཁྲིམས་ཅི་ལྟར་གཅད་ན་དེ་ཙམ་གྱི་བཟང་།མ་ཟད་དྲ་གྲོགས་སུས་ངའི་མཆན་འདེབས་པ་རྣམས་ལ་ཡིག་ནོར་ཡོད་པ་མཁྱེན་ན་གསུང་རོགས་གནོངས།དེ་ནི་ཡོན་ཏན་ཞིག་རེག་བ་ཡིན་པའི་བུ་ངས་དགའ་བསུ་ཡོད།
དྲ་རོགས་ཟླ་བ་གཞོན་ནུ་ལགས།ཁམས་བཟང།ངས་《བརྩེ་དུང་གི་ཉིན་མོ་》ཞེས་པ་དེ་ཅུང་རིང་འདུག་སྙམ་གསུངས་པར།
ང་རང་མཚོན་ན་《དགའ་པོའི་ཉིན་མོ་》དང་《དགའ་རོགས་ཉིན་མོ》་གཉིས་གོ་བ་དང་ཕལ་སྐད་ཅིག་གོ་བ་ཙམ་ལས་རྣ་བའི་ཡུལ་དུ་སྙན་པོ་ཞིག་དང་སེམས་ལ་ཚོར་བ་ཟབ་མོ་ཞིག་དེ་ཙམ་ཡོང་གིན་མི་འདུག།དེ་ལས་《བརྩེ་དུང་གི་ཉིན་མོ་》ཟེར་བ་དང་སེམས་ལ་ཚོར་བ་ཟབ་མོ་ཞིག་དང་འགྲོགས་ནས་འདས་པའི་འདྲིས་མྱོང་བའི་སྨད་རྒྱས་མ་དང་།ད་ལྟ་འདྲེ་བཞིན་པའི་རྐེད་མེད་མ་རྣམས་ཡིད་ལ་འཁོར་ཡོང་གིན།ཡིན་ནའང་དེ་ནི་ང་རང་གི་ཚོར་བ་ཞིག་རེད།
དགོངས་དག་འདས་པའི་འདྲེས་མྱོང་བའི་ཞེས་པ༼འིམྱོང་༽ལ་མྱངས་ཞེས་བཅོས་རོགས་ཞུ།
རེད། རེད་ཧོར་བུ་ཡེ་ཤེས་ལགས། བརྩེ་དུང་གི་ཉིན་མོ་ཞེས་བོས་ནའང་མ་འགྲིག་པ་ཡོད་རྒྱུ་མ་རེད། དགའ་རོགས་ཉིན་མོ་དང་དགའ་བོའི་ཉིན་མོ་གཉིས་གོ་བ་ཕལ་སྐད་ཅིག་གོ་བ་ཙམ་ལས་རྣ་བའི་ཡུལ་དུ་སྙན་པོ་མི་འདུག་ཟེར་བ་དེ་ལ་ཅུང་དོགས་མ་བདེ་བ་ཞིག་འདུག་སྟེ། དེ་གཉིས་ཕལ་སྐད་ཡིན་པ་དང་བརྩེ་དུང་གི་ཉིན་མོ་ཞེས་པ་མིན་དོན་ནི་སྔོན་མ་གཉིས་ང་ཚོས་རྟག་པར་ཁ་ནས་སྨྲ་བཞིན་ཡོད་པས་ཡིན་ནམ།
ཧོར་བུ་ཡེ་ཤེས་ལགས།
ད་དུང་ཡིག་ནོར་སྐོར་ནས་གསུངས་པ་དེའང་བདེན་པ་རེད་ལ། ཁྱེད་རང་ལ་དངོས་གནས་དེ་ལྟ་བུའི་བསམ་བློའི་འཁྱེར་སོ་བཟང་བོ་ཞིག་ཡོད་ན་དངོས་གནས་རྗེས་སུ་ཡི་རངས་ཡོད།
གོང་གི་ཁྱེད་ཀྱིས་བྲིས་པ་ལས་ཡོན་ཏན་ཡག་པོ་མེད་པའི་ཁྲིམས་ཅི་ལྟར་གཅད་ན་དེ་ཙམ་གྱི་བཟང་ཞེས་པ། ང་རང་གིས་བྱས་ན་ཡོན་ཏན་ཡག་པོ་མེད་པས་ཁྲིམས་ཆད་ཇི་ལྟར་བཅད་ན་དེ་ཙམ་གྱིས་བཟང་ཞེས་བྲིས་ན་དོན་ལ་གནས་སྙམ། དེའི་འོག་ཏུ་ཡོན་ཏན་ཞིག་རེག་བ་ཡིན་པའི་བུ་ངས་དགའ་བསུ་ཡོད། ཅེས་པ་དེ་ང་རང་ལྟར་ན་ཡོན་ཏན་ཞིག་རེག་པ་ཡིན་པས་བུ་ངས་དགའ་བསུ་བྱེད་ཀྱིན་ཡོད། ཅེས་བྲིས་ན་འཚམས་པར་འདོད།
ཁྱེད་ཀྱིས་འདྲིས་མྱོང་བའི་ཞེས་གོང་ལ་བྲིས་ཏེ་འོག་ལ་ཡང་འདྲེས་མྱོང་བའི་ཞེས་པ་མྱངས་ཞེས་བཅོས་རོགས་ཞེས་པ། བདག་གིས་བལྟས་ན་མ་བཅོས་ན་འགྲིག་པར་འདོད་པ་སྟེ། དཔེར་ན། ཟོས་མྱོང་བའི་ཟ་མ། སོང་མྱོང་བའི་ས་ཆ། ཉམས་སུ་མྱངས་མྱོང་བའི་ཚོར་གདུང༌། སྔོན་མ་བསྡད་མྱོང་བའི་བོད་ལྗོངས། ལྟ་བུ་ལ་མྱོང་བའི་ཞེས་འབྲི་བ་ལས་ཟོས་མྱངས་པའི་ཟ་མ། སོང་མྱངས་པའི་ས་ཆ་ཞེས་ན་དོན་གཞན་ཞིག་སྟོན་གྱིན་མི་འདུག་གམ།
དཔྱད་གཞིར་བཞག་པ་ཡིན། གསེར་ལྟ་བུའི་བསམ་ཚུལ་གསུངས་པ་ལ་དངོས་གནས་ཡི་རངས་ཞུ་བཞིན་ཡོད།
ང་འདི་མོ་འདི་ལ་ལོབ་མེད་པས་དགའ་རོགས་མ་དང་ཨ་ཡེ་གཉིས་ཀྱིས་ཇི་ལྟར་བཤད་ཀྱང་ཉིན་མོ་འདི་བརྗེད་འགྲོ་གི གནའ་ཡིན་ན་ང་ཚོ་བོད་ལ་འདི་མོ་འདི་ཡོད་ནི་ར་མ་རེད་དྲ། དགོས་ནི་ར་མ་རེད། དེང་སང་གི་ཞ་ཡེ་འདི་ཚོར་འདི་མོ་འདི་བཤད་རྒྱུ་མང་ནི་གི་ར།
ཧོར་བུ་ཡེ་ཤེས་ལགས། ད་དུང་ཁྱེད་ཀྱི་ངོས་ལན་ཞེས་པ་ངོས་ལེན་མ་རེད་དམ།
སླར་ཡང་མཇལ།
ཨ་རོགས་བཟོད་རྒྱམ་ཡང་ཕེབས་ཡོད་དམ། བཤད་རྒྱུ་མང་བ་མ་རེད། དེ་དང་འབྲེལ་བའི་རྩོམ་རེ་འབྲི་དུས་དེའི་མིང་ཚིག་འཚམས་པོ་དང་མཐུན་པོ་རེ་ངེས་པར་དུ་དགོས་ཀྱིན་འདུག
ཨོ། ཁ་སང་ངས་ཁྱོད་ལ་ཆུ་འགྲོས་ལང་ཚོའི་དྲན་གསོ་ཞེས་པ་བསྐུར་ཡོད་པས། འབྱོར་སོང་ངམ།
ལོ་བརྒྱའི་ཁེར་རྐྱང་ངས་རྗེས་ལ་བསྐུར་ཆོག ད་དུང་ཨ་ལེའི་རྡུབ་འཚུབ་དྭངས་སོང་ངམ་ཡང་ན་ས་རྡུལ་ཞོད་འཇགས་ཞེས་པ་དེའང་ཆ་ཚང་ཡོད། ས་རྡུལ་ཞོད་འཇགས་སམ་ཡང་ན་རྡུལ་འཇགས་སོང་ཞེས་པའི་ཁོང་གི་བརྩམས་སྒྲུང་དེ་ནི་དངོས་གནས་སྒྱུ་རྩལ་བརྩམས་ཆོས་མིང་དོན་མཚུངས་པ་ཞིག་ཏུ་འདོད། དེའི་ནང་ན་ཕོ་མོའི་ལུས་འབྲེལ་སྐོར་མང་པོ་ཡང་དང་ཡང་དུ་བྲིས་འདུག་ལ། དེའང་འབྲི་སྟངས་མི་འདྲ་བ་དང་མཚོན་ཐབས་མི་འདྲ་བ་མང་བོས་བྲིས་འདུག་པས་དངོས་གནས་ཀློག་སྤྲོ་པོ་ཞིག་འདུག ཆུ་འགྲོས་ལང་ཚོའི་དྲན་གསོའི་ཚན་པ་དང་པོ་དེ་འབྱོར་ཟིན་ན་ང་ལ་འབྱོར་ལན་ཞིག་ཞོགས་དང་ངས་རྗེས་མ་རྡུལ་འཇགས་སོང་ཞེས་པ་དེའང་བསྐུར་ཆོག
དྲ་གྲོགས་ཟླ་བ་གཞོན་ནུ་ལགས། ཁྱེད་ཀྱིས་བསྐུར་བའི་རྩོམ་ཡིག་དེ་འབྱོར་སོང་། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། “རྡུལ་འཚུབ་དྭངས་སོང་”ཞེས་པ་དེ་ངས་སྦྱར་ཆར་འདོན་ཐེངས་འགའི་སྟེང་ནས་བོད་ཡིག་གི་ལམ་ནས་བཀལགས་ཟིན། འོན་ཀྱང་རྩོམ་པ་པོས་རྒྱ་ཡིག་ནང་བྲིས་པས་དེ་ལ་བྲོ་བ་ཆེ་ཙམ་ཡོད་ནའང་ཐང་། ལོ་བརྒྱའི་ཁེར་རྐྱང་ལ་བལྟ་འདོད་ཆེ། སྐུར་ཐུབ་ཚེ་ཡང་བསྐྱར་ཐུགས་རྗེ་ཞུ།
བཟོད་རྒྱམ་ལགས། འབྱོར་ཡོད་པ་གོ་ནས་དགའ་སོང༌།
རྡུལ་འཚུབ་དྭངས་སོང་ཞེས་པ་དེ་ངས་སྦྲང་ཆར་ལ་བསྒྱུར་ནས་བཀོད་ཡོད་པ་ངས་ཀྱང་ཁ་ཤས་ལ་བལྟས་མྱོང༌། ངས་མཐོང་བ་ནོར་མེད་ན་ཚང་མ་བསྒྱུར་མི་འདུག་བམས་སོང༌། ཉིས་སྟོང་གསུམ་ལོའི་སྦྲང་ཆར་ནས་མགོ་བཙུགས་ཏེ་བཀོད་ཡོད་མོད། ཆ་ཚང་བཀོད་ཚར་མེད་བསམས་སོང༌། བཀོད་མཚམས་བཞག་པ་ཡིན་ནམ་བསྒྱུར་ནས་མ་ཚར་བ་ཡིན་ནམ་གང་ལྟར་ཆ་ཚང་ཡོད་ས་མ་རེད་འདོད།
གང་ལྟར་ངས་བསྐུར་ཆོག
ཐུའུ་སིའི་བུ་གླེན་པ་དེས་སངས་རྒྱས་སྒྲོལ་མར་ཆགས་པ་སྤྱད་པ་སོགས་ཁོང་གིས་ད་དངོས་གནས་སྐྱིད་ཅིག་བརྒྱབ་འདུག་ཡ། ད་དུང་འོག་ཏུ་དེ་འདྲ་མང་བོ་འདུག ད་དུང་ཁོང་གི་པཱ་ལགས་ཀྱིས་ཀྱང་གང་མང་བྱས་ཡོད་པ་རེད།
ལོ་བརྒྱའི་ཁེར་རྐྱང་དེ་ཁ་སང་བསྐུར་རྩིས་བྱས་མོད། སྐུད་ལམ་ཡག་པོ་མེད་རྐྱེན་བསྐུར་ཐུབ་མ་སོང༌། རྐྱེན་འདྲ་མ་འཕྲད་ན་དེ་རིང་ངས་བསྐུར་ཆོག
ཐུགས་རྗེ་ཆེ་ཞུ་དགོས་ནི་མ་རེད། རོགས་པ་འདི་འདྲ་བོ་ཙ་གེ་ཙིག་གེ་རེ་བྱེད་ཐུབ་ནི་རེད། དེ་ལས་དེ་དག་ཡག་པོ་ཞིག་བཀླགས་ནས་བརྩམས་སྒྲུང་སྐད་གྲགས་ཅན་འདྲ་བློས་བསླངས་བྱེད་ཐུབ་མིན་བལྟས་དང་དེས་ཚང་མར་ཕན་ཐོགས་སོང་བ་མ་རེད་དམ། ཁྱོད་ལ་དེ་འདྲ་འབྲི་བའི་ཁོམ་པ་དང་ཉམས་མྱོང་གཉིས་ཀ་ཡོད་ཀྱི་རེད་བདག་སྙམ་མོ།།
ལོ་བརྒྱའི་ཁེར་རྐྱང་དེ་ཁ་སང་བསྐུར་རྩིས་བྱས་མོད། སྐུད་ལམ་ཡག་པོ་མེད་རྐྱེན་བསྐུར་ཐུབ་མ་སོང༌། རྐྱེན་འདྲ་མ་འཕྲད་ན་དེ་རིང་ངས་བསྐུར་ཆོག
ཐུགས་རྗེ་ཆེ་ཞུ་དགོས་ནི་མ་རེད། རོགས་པ་འདི་འདྲ་བོ་ཙ་གེ་ཙིག་གེ་རེ་བྱེད་ཐུབ་ནི་རེད། དེ་ལས་དེ་དག་ཡག་པོ་ཞིག་བཀླགས་ནས་བརྩམས་སྒྲུང་སྐད་གྲགས་ཅན་འདྲ་བློས་བསླངས་བྱེད་ཐུབ་མིན་བལྟས་དང་དེས་ཚང་མར་ཕན་ཐོགས་སོང་བ་མ་རེད་དམ། ཁྱོད་ལ་དེ་འདྲ་འབྲི་བའི་ཁོམ་པ་དང་ཉམས་མྱོང་གཉིས་ཀ་ཡོད་ཀྱི་རེད་བདག་སྙམ་མོ།།
དྲ་གྲོགས་བསེ་རུ་ལགས་ལ། བསམ་ཚུལ་ཁ་ཤས་ཞུས་ཡོད་མོད། ད་དུང་ཕེབས་མ་བྱུང་བ་གནོང་བས་ཡིན་ནམ།
ཞུས་སྟངས་མ་འགྲིག་པ་ཡིན་ན་ཐུགས་རྒྱལ་མ་བཞེངས་ཞུ་འདོད་བྱུང༌།
རང་ངོས་ནས་
ཡིག་ནོར་དག་བཅོས་ལ་རྒྱབ་སྐྱོར་ཡོད། སླར་ཡང་མཇལ།
ཟླ་བ་གཞོན་ནུ་ལགས་སྐུ་ཁམས་བཟང་།
ཁྱེད་ཀྱིས་བདག་གི་བསམ་ཚུལ་ལ་སྔགས་བརྗོད་བྱེད་པར་ཐུགས་རྗེ་ཆེ་ཞུ།ངས་ཞུས་པ་དེ་ངོ་མ་ཡིན།གང་ལ་ཟེར་ན་ངས་ཤེས་པ་ལས་མ་ཤེས་པར་མང་བ་མ་ཟད།།སློབ་གྲྭའི་ཁོར་ཡུག་དང་བྲལ་ནས་རྒྱན་རིང་སོང་བ་དང་ཡི་གེ་ཐོག་ནས་ལས་ཀ་མེད་སོང་ཙང་མང་པོ་ཞིག་ནི་བརྗེད་ཀྱང་ཚར་འདུག།ད་ལྟ་དྲ་རོགས་ཚོ་དང་གྲོགས་པོ་གྲོགས་མོ་ཚོའི་རྩ་ནས་ཤེས་གང་ཐུབ་བྱེད་ཀྱིན་ཡོད།ད་དུང་ཡིག་ནོར་རྣམས་བཟོ་བཅོས་བྱས་པ་མཐོང་དུས་ངོ་མ་ང་རང་དགོད་མོ་ཤོར་བྱུང་།གང་ལ་ཞུས་ན།ཚིག་ལས་སླ་མོ་དེ་ཚོ་ཡང་ནོར་བ་ཐབས་སྐྱོ་པོ་ཞེ་དྲག་རེད་དྲན་བྱུང་ལ།ལྷག་པར་མྱོང་དང་མྱངས་གཉིས་གསལ་པོ་ཞེ་དྲག་བཟོས་འདུག་པའི་བདག་གིས་ཡང་བསྐྱར་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།མ་འོངས་ཀྱང་གུས་པས་དྲ་ལམ་གང་དུ་ཡིག་ནོར་འབྲི་ཡོད་ན།ཁྱེད་ཟླ་བ་གཞོན་ནུའི་བསིལ་ཟེར་གྱིས་ངའི་སེམས་ཆུང་ཀུ་མུད་བཞད་ཁ་ཕྱེ་གང་ཐུབ་གནང་རོགས་ཞུ།
ཟླ་བ་གཞོན་ནུ་ལགས།
ཁྱེད་ཀྱིས་གསུངས་པ་ལྟར།དགའ་པོ་དང་དགའ་རོགས་ཞེས་པ་དེ་སྤྱི་ཚོགས་ནང་དུ་དར་ཆེན་བ་ཡིན་པ་འདྲ།
ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱི་འདི་ལྟར་རང་སྐྱོན་ངོས་ལེན་དང་བོད་ཡིག་སྦྱང་འདོད་ཀྱི་སེམས་ཤུགས་འདི་དག་ལ་བལྟོས་ཏེ་ང་རང་དངོས་གནས་སེམས་པ་དགའ་སོང༌། བོད་མི་རིགས་ཚང་མ་འདི་ལྟར་རང་མི་རིགས་ཀྱི་སྐད་ཡིག་ལ་དུངས་ཀ་ཡོད་མཁན་རྐྱང་རྐྱང་ཡིན་ན། ང་ཚོས་བོད་ཡིག་སྦྱང་རོགས་བོད་ཡིག་ལ་དོ་སྣང་སྤྲད་རོགས་ཞེསསྡུག་སྐད་རྒྱག་དགོས་དོན་ཡོད་མ་རེད། ཁྱེད་ཀྱི་ལྷག་བསམ་དཀར་པོ་དེ་མཐོང་ནས་ང་རང་ཡང་སྙིང་དགའོ།།
གོང་དུ་ཁྱེད་ཀྱིས་བསྔགས་བརྗོད་བྱེད་པར་ཐུགས་རྗེ་ཆེ་ཞེས་པ་དེ་བསྔགས་བརྗོད་བྱས་པར་ཐུགས་རྗེ་ཆེ་ཞེས་བྲིས་ན་འཚམས་པར་འདོད་ལ། ད་དུང་མཐའ་མར་མ་འོངས་ཀྱང་གུས་པས་དྲ་ལམ་གང་དུ་ཡིག་ནོར་འབྲི་ཡོད་ན། ཞེས་པར་མ་འོངས་པར་ཡང་གུས་པས་དྲ་ལམ་གང་དུ་ཡིག་ནོར་བྲིས་ཡོད་ན་ཞེས་ན་ཤིན་ཏུ་འཚམས་པར་འདོད། དེ་མ་གཏོགས་ཁ་ཤས་གཏགས་ནོར་ཡང་ཐེབས་སྲིད་པས་ཡི་གེ་གཏག་དུས་མཉམ་འཇོག་དགོས། ཡི་གེ་འབྲི་དུས་ཡིག་ནོར་མི་འབྲི་བའི་ཆོད་སེམས་ཞིག་དང་འགན་རེ་འཁུར་རྒྱུ་གལ་ཆེན་དུ་མཐོང་སོང༌། དེ་མ་གཏོགས་ཁ་ཤས་ཀྱིས་དག་ཆ་ཤེས་ཀྱི་ཡོད་ཀྱང༌། སྣང་མེད་ལྟ་བུས་ཡིག་ནོར་གཏག་གྱིན་འདུག་པས་དེ་དག་ནི་འགན་མ་འཁུར་བ་རེད་འདོད། ང་རང་གིས་ཀྱང་རོགས་པ་འདྲ་བྱེད་ཐུབ་ཚེ་ཤུགས་གང་ཡོད་རྒྱག་ངེས་ཡིན། ཁྱེད་རང་ཡར་ངོའི་ཟླ་བཞིན་འཕེལ་བར་སྨོན།
ད་ཐེངས་དེ་ཙམ་ཞུ།
རེད་རེད། དགའ་བོ་དང་དགའ་རོགས་སོགས་སྤྱི་ཚོགས་ནང་རྒྱུན་ལྡན་དུ་བཤད་བཞིན་པའི་སྐད་ཆ་རེད། ད་དུང་རོགས་ལོ་སོགས་ཀྱང་ཡོད་ལ། དེ་དག་ལས་ཀྱང་དགའ་བོ་ཞེས་པའི་བེད་སྤྱོད་ཤུགས་ཆེ་བར་འདོད།
ཁྱེད་ཀྱིས་བལྟས་ན་མ་རེད་དམ། ཁྱེད་ཀྱང་བོད་ཀྱི་སྤྱི་ཚོགས་ལས་རྒྱང་དུ་བཀྱེད་ཡོད་དམ། བོད་པ་ཉུང་ས་ཞིག་ཏུ་ཡོད་དམ།
ད་དུང་འཛམ་མོ་དང་སྙིང་ཉེ། སྙིང་སྡུག་སོགས་ར་ཡོད་ནི་མིན་ནེ་བོ།
བཟོད་རྒྱམ་ལགས།
འཛམ་མོ་ཞིག་ད་གང་ན་ཡོད། འཛན་མོ་ཟེར་བ་ཡིན་ནམ་མཛའ་མོ་ཟེར་བ་ཡིན།
སྙིང་ཉེ་དང་སྙིང་སྡུག་སོགས་ཀྱང་ཡོད་མོད། དེ་དག་དགའ་བོ་དང་དགའ་རོགས་སོགས་ལས་ཚད་མཐོ་བ་ཡོད་པ་མ་རེད་དམ།
བཟོད་རྒྱམ་ལགས། ད་ཐེངས་སྤྱིར་བཏང་གི་སྐད་ཆ་རེ་བཤད་ན་ཁྱེད་ཀྱིས་ཀྱང་གཏག་ནོར་འདྲ་བོ་མཚམས་མཚམས་ལ་སླེབས་ཀྱིན་འདུག་པས་དེ་ལ་མཉམ་རེ་འཇོག་ཐུབ་ན་ཡག་ས་རེད། བསེ་རུ་ལྟ་བུའི་ཁྲིམས་ཆད་འཁུར་ནས་ཁྱོགས་སམ། རང་གིས་མ་ཤེས་པ་ནི་མིན་པས་གཞན་གྱི་ཁ་རྡུང་དང་དམའ་འབེབ་སོགས་དོན་མེད་དུ་བཟེད་དགོས་དོན་ཡོད་ནི་མ་རེད། ཁྱེད་ཀྱིས་བལྟས་ན་མ་རེད་དམ།
ང་རང་གི་བསམ་པར་ཁོང་དག་གིས་ཚིག་མཛོད་རེ་གློག་ཀླད་གན་དུ་ཉར་ཏེ་མཁས་པ་ཡིན་མདོག་གིས་གཞན་ལ་དག་ཐེར་བྱེད་ཀྱིན་མེད་དམ་སྙམ་པ་ཞིག་འདུག ཁོང་ཚོའང་དེ་འདྲ་ཆུ་ཚད་མཐོན་པོ་དག་དག་རེད་མི་འདུག
འདི་ནི་ངའི་རེ་བ་ཡིན། དོན་མེད་དུ་ཁ་རྡུང་དང་དམའ་འབེབ་བྱེད་དུ་འཇུག་དོན་མེད་ཀི་མོ།
མ་རེད་དམ།
བཟོད་རྒྱམ་ལགས། ད་ཐེངས་སྤྱིར་བཏང་གི་སྐད་ཆ་རེ་བཤད་ན་ཁྱེད་ཀྱིས་ཀྱང་གཏག་ནོར་འདྲ་བོ་མཚམས་མཚམས་ལ་སླེབས་ཀྱིན་འདུག་པས་དེ་ལ་མཉམ་རེ་འཇོག་ཐུབ་ན་ཡག་ས་རེད། བསེ་རུ་ལྟ་བུའི་ཁྲིམས་ཆད་འཁུར་ནས་ཁྱོགས་སམ། རང་གིས་མ་ཤེས་པ་ནི་མིན་པས་གཞན་གྱི་ཁ་རྡུང་དང་དམའ་འབེབ་སོགས་དོན་མེད་དུ་བཟེད་དགོས་དོན་ཡོད་ནི་མ་རེད། ཁྱེད་ཀྱིས་བལྟས་ན་མ་རེད་དམ།
ང་རང་གི་བསམ་པར་ཁོང་དག་གིས་ཚིག་མཛོད་རེ་གློག་ཀླད་གན་དུ་ཉར་ཏེ་མཁས་པ་ཡིན་མདོག་གིས་གཞན་ལ་དག་ཐེར་བྱེད་ཀྱིན་མེད་དམ་སྙམ་པ་ཞིག་འདུག ཁོང་ཚོའང་དེ་འདྲ་ཆུ་ཚད་མཐོན་པོ་དག་དག་རེད་མི་འདུག
འདི་ནི་ངའི་རེ་བ་ཡིན། དོན་མེད་དུ་ཁ་རྡུང་དང་དམའ་འབེབ་བྱེད་དུ་འཇུག་དོན་མེད་ཀི་མོ།
མ་རེད་དམ།
བཟོད་རྒྱམ་ལགས། ད་ཐེངས་སྤྱིར་བཏང་གི་སྐད་ཆ་རེ་བཤད་ན་ཁྱེད་ཀྱིས་ཀྱང་གཏག་ནོར་འདྲ་བོ་མཚམས་མཚམས་ལ་སླེབས་ཀྱིན་འདུག་པས་དེ་ལ་མཉམ་རེ་འཇོག་ཐུབ་ན་ཡག་ས་རེད། བསེ་རུ་ལྟ་བུའི་ཁྲིམས་ཆད་འཁུར་ནས་ཁྱོགས་སམ། རང་གིས་མ་ཤེས་པ་ནི་མིན་པས་གཞན་གྱི་ཁ་རྡུང་དང་དམའ་འབེབ་སོགས་དོན་མེད་དུ་བཟེད་དགོས་དོན་ཡོད་ནི་མ་རེད། ཁྱེད་ཀྱིས་བལྟས་ན་མ་རེད་དམ།
ང་རང་གི་བསམ་པར་ཁོང་དག་གིས་ཚིག་མཛོད་རེ་གློག་ཀླད་གན་དུ་ཉར་ཏེ་མཁས་པ་ཡིན་མདོག་གིས་
གཞན་ལ་དག་ཐེར་བྱེད་ཀྱིན་མེད་དམ་སྙམ་པ་ཞིག་འདུག ཁོང་ཚོའང་དེ་འདྲ་ཆུ་ཚད་མཐོན་པོ་དག་དག་རེད་མི་འདུག
འདི་ནི་ངའི་རེ་བ་ཡིན། དོན་མེད་དུ་ཁ་རྡུང་དང་དམའ་འབེབ་བྱེད་དུ་འཇུག་དོན་མེད་ཀི་མོ།
ཨོ། དགོངས་དག མཆན་མང་བོ་ཞིག་ཤོར་འདུག
བཟོད་རྒྱམ་ལགས། གང་ལྟར་ངའི་རེ་བ་འདི་སེམས་ལ་བཟུང་རོགས། ད་བདེ་མོ་བྱོས། ང་རང་འགྲོ་རྒྱུ་ཡིན། རྗེས་མར་ཡང་གླེང་ཆོག
བཟོད་རྒྱམ་ལགས་བརྩམས་སྒྲུང་དེ་གཉིས་འབྱོར་ལན་འབྱོར་ཟིན།
རྗེས་མར་ཡང་ཡག་པོ་འདྲ་རེག་ན་སྐལ་ཆད་དུ་མི་འཇུག་ཁོ་ཐག་ཡིན།
ཨོ། ཁྱེད་རང་གིས་བལྟ་ཐུབ་ན་དྲ་ཚིགས་འདི་ལ་ http://www.woyouxian.com གཟིགས་ཆོག
དགོས་མཁོ་ཅན་འདྲ་ཡོད་ཚེ་བཤུས་ཆོག་ལ། འདི་ནང་དུ་མང་བོ་ཞིག་ཡོད།
ཟླ་བ་གཞོན་ནུ་ལགས་ཁམས་བཟང་།
ང་སྡོད་སའི་གནས་འདི་ན་བོད་མི་མི་ཉུང་བ་ཞིག་ཡོད་ཀྱང་།ལྟོ་གོས་འགྲིགས་པ་ཙམ་ལས་ཤེས་ཡོན་སྐྱོ་བའི་སྒོ་ལ་མི་རིགས་ཀྱི་ཤ་ཞེན་ཡང་དེ་ཙམ་མི་འདུག།གནས་འདི་ནས་བཟང་ས་ཞིག་ལ་འགྲོ་དགོས་དྲན་འདོད་ཡོད་ཀྱང་།ལས་ངན་པ་ཞིག་བསགས་ཡོད་པ་འདྲ།ཅི་ཡིན་མ་རྟོག་པར་གསང་ཐག་ཅིག་གིས་སྡོམ་ནས་ལྷག་ཡོད།མ་འོངས་ཀྱང་འགྲོ་ཐུབ་མིན་མི་ཤེས།
ད་དུང་ངས་འདྲི་རྒྱུ་ཞིག་ལ་རོགས་པ་ཁྱེད་ཀྱིས་རྒྱ་ཡིག་མཁྱེད་ཀྱིན་ཡོད་དམ།ངའི་དྲ་ངོས་སུ་གྲུ་བཞི་མ་ཤ་སྟག་ལས་ཤར་ཐུབ་གྱིན་མི་འདུག་པའི་དེ་ལ་ཐབས་ཤེས་གང་ཡོད་དམ།ངས་ཡག་པོ་ཤེས་ཀྱིན་མེད་ཀྱང་བག་ཆགས་ཟབ་པ་འདྲ་ལྟ་འདོད་ཧ་ཅང་ཆེ།
ཟླ་བ་གཞོན་ནུ་ལ་ཁམས་བཟང་།
ང་སྡོད་སའི་གནས་འདི་ན་བོད་མི་མང་ཙམ་ཡོད་ཀྱང་།སོ་སོའི་ལྟོ་གོས་འགྲིགས་པ་ཙམ་ལས་ཤེས་ཡོན་ཐད་ཧ་ཅང་སྐྱོ་བོ་འདུག་པ་མ་ཟད།མི་རིགས་ཀྱི་ཤ་ཞེན་ཡང་དེ་ཙམ་མི་འདུག།གནས་འདི་ནས་གཞན་ཞིག་ལ་འགྲོ་དགོས་དྲན་ཡང་།ཅི་ཡིན་མ་རྟོག་པའི་འཆིང་ཐག་ཅིག་གིས་སྡོམ་ནས་ད་བར་དུ་འགྲོ་ཐུབ་མ་སོང་།གཅིག་བྱས་ན་ངས་ལས་ངན་པ་ཞིག་བསགས་ཡོད་པ་འདྲ།མི་རིགས་ལ་ཕན་པའི་བྱ་བ་ཞིག་དང་ཕར་ཙམ་བཞག།སོ་སོའི་འདོད་པ་ཡོད་པས་གནས་ཤིག་ལའང་འགྲོ་ཐུབ་གྱིན་མི་འདུག།
ད་དུང་ངས་འདྲི་རྒྱུ་ཞིག་ལ་ཁྱེད་ཀྱི་རྒྱ་ཡིག་མཁྱེན་གྱིས་ཡོད་དམ།་ངའི་དྲ་རྒྱའི་ངོས་སུ་་གྲུ་བཞི་མ་ཤ་སྟག་ལས་ཤར་ཐུབ་གྱིན་མི་འདུག།་དེ་ལ་ཐབས་ཤེས་གང་ཡོད་ལམ་སྟོན་ཞིག་གནང་ཐུབ་བམ།ངས་རྒྱ་ཡིག་ཡག་པོ་མི་་ཀྱང་བག་ཆགས་ཟབ་པའི་ཤེས་ལ་མ་ཤེས་བྱས་ནས་ལྟ་རྒྱུ་དགའ་པོ་ཡོད།
དགོངས་དག་དང་པོ་དེ་འགྲོ་མ་སོང་།བསྐྱར་དུ་བཏང་དུས་ཡ་མཚན་ཞིག་ལ་ཚར་གཉིས་ཤར་སོང་།།
ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱི་དཀའ་ངལ་སྐོར་གོ་ནས་དངོས་གནས་སེམས་པའང་ཅུང་སྐྱོ་བྱུང་མོད། ཁྱེད་ཀྱི་སེམས་ཤུགས་དང་ལྷག་བསམ་དེས་ང་རང་ལ་སྤྲོ་བ་རྒྱས་སུ་བཅུག་བྱུང༌། ཁྱེད་ཀྱི་སེམས་ཤུགས་དང་ལྷག་བསམ་དེ་འདྲ་ཞིག་བོད་མི་ཚང་མར་ཡོད་ན། ང་ཚོའི་སྐད་ཡིག་དང་རིག་གཞུང་ཉེན་ཁའི་གནས་སུ་གྱར་བ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་གྱི་དཔེ་རུ་སོང་བ་མ་རེད་དམ། མུ་མཐུད་དུ་ཤུགས་རྒྱོབས་དང་ཡུན་རིང་མི་འགོར་བར་ཡར་རྒྱས་སུ་འགྲོ་བ་དང་བསམ་དོན་འགྲུབ་ངེས་ཡིན། ཁྱེད་ཀྱི་བྱ་བ་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
ཁྱེད་ཀྱིས་དྲི་བ་དེའི་སྐོར་ལ་བཤད་ན། ང་རང་གིས་རྒྱ་ཡིག་ཏོག་ཙམ་ཤེས་ཀྱི་ཡོད། སྔོན་བསགས་ཀྱི་ལས་འབྲས་བཟང་བས་སམ་གང་ལྟར་བོད་ན་ཡོད་དུས་སློབ་གྲ་ཆད་མེད་འགྲོ་ཐུབ་བྱུང༌། དེ་ངས་རྟག་པར་རང་གི་བསོད་ནམས་རེད་བསམས་ཡོད།
ཁྱེད་ཀྱི་གློག་ཀླད་དུ་
རྒྱ་ཡིག་མ་ཤར་བ་དེ་ཕལ་ཆེར་ཁྱེད་དེར་རྒྱ་ཡིག་གི་ཡིག་གཟུགས་བཅུག་མེད་པས་ཡིན་རྒྱུ་རེད་འདོད། ཡིག་གཟུགས་བཅུག་ཡོད་དམ
ཟླ་བ་གཞོན་ནུ་ལགས་ཁམས་བཟང་།
ངོ་མ་ཁྱེད་རང་བསོད་ནམས་ཅན་ཞིག་དང་བྱིལ་པའི་སྐབས་ནས་བསམསབློ་བཟང་པོ་བཏང་མཁན་ཞིག་ཡིན་པ་འདྲ།ཕ་མ་བཟང་པོས་བཀའ་དྲིན་སྙིང་ལ་བཅིངས་ནས་ཤེས་ཡོན་ལ་ཧུར་བརྩོན་་བྱས་ཐུབ་པ་དེ་ངོ་མ་འཇོན་པ་རེད་ལ།་ངས་མི་ཁྱེད་འདྲ་བ་ཤེས་ཡོན་ཅན་དང་ལ་རྒྱ་ཅན་རྣམས་ལ་སེམས་སྟིང་ནས་གུས་ཞབས་བྱེད་བཞིན་ཡོད།
ང་རང་ལ་ཆ་བཞག་ན་ཕ་མ་བཟང་པོ་ཞིག་ཡོད་ལ།ལྷག་པར་ངའི་ཨ་ཕ་དེ་རྒྱ་བོད་སྐད་ཡིག་ལ་བྱང་ཆུབ་པ་མ་ཟད་སེམས་བཟང་ཅན་གྱི་མི་ཞིག་ཀྱང་རེད།སོང་ཙང་ང་ཚོར་མིང་སྲིང་རྣམས་ལ་སློབ་བྱ་བཟང་པོས་བདུད་རྩིས་ཡང་ཡང་རྣ་བའི་ཡུལ་དུ་ཕབ་མཁན་ཞིག་ཡིན།ཡིན་ཡང་ཕ་མ་གཅིག་ཀྱང་ལས་སོ་སོ་རེད་ཟེར་བ་དེ་བདེན་པ་རང་རེད་ཤག།ང་ནི་སློབ་སྦྱངས་ལ་དེ་ཙམ་དོ་སྣང་མེད་ལ་འཛིན་གྲྭ་ཚུགས་དུས་སུ་ཡག་པོ་ཞིག་ཉན་བ་ལས་རང་སྦྱངས་ནི་ནམ་ཡང་བྱས་མ་མྱོང།ངོ་མ་བསོད་ནམས་དམན་པ་འདྲ།དྲག་ལས་ཤ་སྟག་ལ་དགའ་མཁན་ཞིག་དང་བྱིས་པའི་རྩེ་རྭའི་ནང་དུའང་བུ་རྣམས་ཁག་གཉིས་སུ་བགོས་ནས་དམག་རྒྱག་ཁུལ་གྱིས་ཤིང་གྲི་གཡུགཔ།བོ་ཕངས་ཁུལ་བྱས་པ།ད་དུང་བྱུང་ན་ལྕི་སྐོམ་དང་མ་བྱུང་ན་རྡོ་ཆུང་སོགས་ཀྱི་རྒྱག་རེ་བྱས།གྲོང་མི་རྣམས་ཀྱིས་ཁྱོད་ཚོའི་རྩེ་མོ་མ་རེད་འཁྲུགས་པ་རེད་ད་ཚད་ཟིན་ཞེས་བཤད་བཤད་ཀྱང་མང་པོ་རེག་མྱོང་།ང་ནི་དེ་འདྲའི་ཐད་ཧ་ཅང་དགའ་ལ་ཧ་ཅང་དགའ།དེ་ཡི་ཐད་བརྩོན་འགྲུས་ཀྱང་ཆེན་པོ་ཡོད།སྐབས་སྐབས་སུ་རྩེ་མོ་ནས་ལག་པ་ངོ་མ་ཐུག་ནས་མག་ོནས་ཁྲག་ཀྱང་ཐེངས་མང་བཞུར་མྱོང་།ཡིན་ནའང་རྩེ་མོ་ཡིན་པའི་ཁོང་ཁྲོ་ཟ་བ་མེད་ལ་ད་དུང་རྩེ་རོགས་ཚང་མར་དགོད་མོ་ཤོར་ནས་ན་མོ་ཞིག་རྒྱག་ཨེ་བྱུང་ཟེར་ནས་ཁྲག་ཕྱིས་རོགས་བྱེད་ཀྱི་རེད།དེ་ཡི་ག་ལ་ཚོད་སྔ་དགོང་གཉིས་ལ་རྟ་ཞོན་ནས་རྒྱག་ཤག་བཏང་།དཀའ་དྲིན་ཆེ་བའི་ཨ་མས་ཁྱོད་བཙན་གྱིས་དོད་ཡོང་གི་འདུག་གམ།རྟ་ཐོག་ཐོན་པ་དང་རྒྱུག་རྒྱུ་ལས་མི་འདུག་ཅེས་དཀའ་སྐྱོན་ཡང་ཐེངས་མང་གནང་མྱོང་།ཕོ་སར་ཆགས་དུས་ངའི་ཨ་མའི་ཨ་ཞང་དང་ངའི་མི་རྩའི་ལོ་རྒྱུས་མང་རྟོགས་བྱུང་།ང་དེ་ལས་དྲག་ལས་ལ་དགའ་མཁན་ཞིག་ཆགས་སོང་།ཡིན་ནའང་བོད་ལ་ཡོད་སྐབས་འཇོན་མ་སོང་ལ་བཙན་བྱོལ་སླེབས་ནས་དེ་བས་ག་ལ་འཇོན།ལས་འགུལ་ཐབས་ཅད་འཚེར་མེད་ཞུ་བ་ཟེར་བ་ཤ་སྟག་རེད་འདུག།སོང་ཙང་ད་ནི་བསམ་བློ་ཐབས་ཅད་གཏེར་དུ་སྦས།གམིགས་ཡུལ་ཐབས་ཅད་ཆུ་ལ་གཡུག་ནས་གྲོང་ཉུལ་རེ་བྱེད་ནས་སྡོད་ཡོད།
ད་དེ་ཙམ་བྱོས།བཤད་བཞིན་བཤད་བཞིན་མང་རེ་རེད།ཁྱེད་ལ་ཡང་དུས་ཚོད་དཀོན།
ངའི་དྲ་རྒྱ་ནང་དུ་སྔར་ཡིན་ན་ཡི་གེ་བྲིས་ཐུབ་གྱིན་མི་འདུག་ཀྱང་ཡིག་གཟུགས་གཙང་མ་ཤར་ཡོང་གིན།དེ་ཡི་རྗེས་སུ་དྲ་འབུས་སྐྱོན་བྱས་ནས་གཙང་མ་བཟོ་དགོས་ཐུག་སོང་དེ་ནས་བཟུང་མི་ཡོང་མཁན་ཆགས་སོང་།
དགོང་དག་ཐབས་ཅད་ལ་ཐམས་ཅད་དུ་བཅོས་རོགས།
ཟླ་བ་གཞོན་ནུ་ལགས་ཁམས་བཟང་།
ངོ་མ་ཁྱེད་རང་བསོད་ནམས་ཅན་ཞིག་དང་བྱིས་པའི་སྐབས་ནས་བསམསབློ་བཟང་པོ་བཏང་མཁན་ཞིག་ཡིན་པ་འདྲ།ཕ་མ་བཟང་པོས་བཀའ་དྲིན་སྙིང་ལ་བཅིངས་ནས་ཤེས་ཡོན་ལ་ཧུར་བརྩོན་་བྱས་ཐུབ་པ་དེ་ངོ་མ་འཇོན་པ་རེད་ལ།་ངས་མི་ཁྱེད་འདྲ་བ་ཤེས་ཡོན་ཅན་དང་ལ་རྒྱ་ཅན་རྣམས་ལ་སེམས་སྟིང་ནས་གུས་ཞབས་བྱེད་བཞིན་ཡོད།
ང་རང་ལ་ཆ་བཞག་ན་ཕ་མ་བཟང་པོ་ཞིག་ཡོད་ལ།ལྷག་པར་ངའི་ཨ་ཕ་དེ་རྒྱ་བོད་སྐད་ཡིག་ལ་བྱང་ཆུབ་པ་མ་ཟད་སེམས་བཟང་ཅན་གྱི་མི་ཞིག་ཀྱང་རེད།སོང་ཙང་ང་ཚོར་མིང་སྲིང་རྣམས་ལ་སློབ་བྱ་བཟང་པོས་བདུད་རྩིས་ཡང་ཡང་རྣ་བའི་ཡུལ་དུ་ཕབ་མཁན་ཞིག་ཡིན།ཡིན་ཡང་ཕ་མ་གཅིག་ཀྱང་ལས་སོ་སོ་རེད་ཟེར་བ་དེ་བདེན་པ་རང་རེད་ཤག།ང་ནི་སློབ་སྦྱངས་ལ་དེ་ཙམ་དོ་སྣང་མེད་ལ་འཛིན་གྲྭ་ཚུགས་དུས་སུ་ཡག་པོ་ཞིག་ཉན་བ་ལས་རང་སྦྱངས་ནི་ནམ་ཡང་བྱས་མ་མྱོང།ངོ་མ་བསོད་ནམས་དམན་པ་འདྲ།དྲག་ལས་ཤ་སྟག་ལ་དགའ་མཁན་ཞིག་དང་བྱིས་པའི་རྩེ་རྭའི་ནང་དུའང་བུ་རྣམས་ཁག་གཉིས་སུ་བགོས་ནས་དམག་རྒྱག་ཁུལ་གྱིས་ཤིང་གྲི་གཡུགཔ།བོ་ཕངས་ཁུལ་བྱས་པ།ད་དུང་བྱུང་ན་ལྕི་སྐོམ་དང་མ་བྱུང་ན་རྡོ་ཆུང་སོགས་ཀྱི་རྒྱག་རེ་བྱས།གྲོང་མི་རྣམས་ཀྱིས་ཁྱོད་ཚོའི་རྩེ་མོ་མ་རེད་འཁྲུགས་པ་རེད་ད་ཚད་ཟིན་ཞེས་བཤད་བཤད་ཀྱང་མང་པོ་རེག་མྱོང་།ང་ནི་དེ་འདྲའི་ཐད་ཧ་ཅང་དགའ་ལ་ཧ་ཅང་དགའ།དེ་ཡི་ཐད་བརྩོན་འགྲུས་ཀྱང་ཆེན་པོ་ཡོད།སྐབས་སྐབས་སུ་རྩེ་མོ་ནས་ལག་པ་ངོ་མ་ཐུག་ནས་མག་ོནས་ཁྲག་ཀྱང་ཐེངས་མང་བཞུར་མྱོང་།ཡིན་ནའང་རྩེ་མོ་ཡིན་པའི་ཁོང་ཁྲོ་ཟ་བ་མེད་ལ་ད་དུང་རྩེ་རོགས་ཚང་མར་དགོད་མོ་ཤོར་ནས་ན་མོ་ཞིག་རྒྱག་ཨེ་བྱུང་ཟེར་ནས་ཁྲག་ཕྱིས་རོགས་བྱེད་ཀྱི་རེད།དེ་ཡི་ག་ལ་ཚོད་སྔ་དགོང་གཉིས་ལ་རྟ་ཞོན་ནས་རྒྱག་ཤག་བཏང་།དཀའ་དྲིན་ཆེ་བའི་ཨ་མས་ཁྱོད་བཙན་གྱིས་དོད་ཡོང་གི་འདུག་གམ།རྟ་ཐོག་ཐོན་པ་དང་རྒྱུག་རྒྱུ་ལས་མི་འདུག་ཅེས་དཀའ་སྐྱོན་ཡང་ཐེངས་མང་གནང་མྱོང་།ཕོ་སར་ཆགས་དུས་ངའི་ཨ་མའི་ཨ་ཞང་དང་ངའི་མི་རྩའི་ལོ་རྒྱུས་མང་རྟོགས་བྱུང་།ང་དེ་ལས་དྲག་ལས་ལ་དགའ་མཁན་ཞིག་ཆགས་སོང་།ཡིན་ནའང་བོད་ལ་ཡོད་སྐབས་འཇོན་མ་སོང་ལ་བཙན་བྱོལ་སླེབས་ནས་དེ་བས་ག་ལ་འཇོན།ལས་འགུལ་ཐམས་ཅད་འཚེར་མེད་ཞུ་བ་ཟེར་བ་ཤ་སྟག་རེད་འདུག།སོང་ཙང་ད་ནི་བསམ་བློ་ཐབས་ཅད་གཏེར་དུ་སྦས།གམིགས་ཡུལ་ཐམས་ཅད་ཆུ་ལ་གཡུག་ནས་གྲོང་ཉུལ་རེ་བྱེད་ནས་སྡོད་ཡོད།
ད་དེ་ཙམ་བྱོས།བཤད་བཞིན་བཤད་བཞིན་མང་རེ་རེད།ཁྱེད་ལ་ཡང་དུས་ཚོད་དཀོན།
ངའི་དྲ་རྒྱ་ནང་དུ་སྔར་ཡིན་ན་ཡི་གེ་བྲིས་ཐུབ་གྱིན་མི་འདུག་ཀྱང་ཡིག་གཟུགས་གཙང་མ་ཤར་ཡོང་གིན།དེ་ཡི་རྗེས་སུ་དྲ་འབུས་སྐྱོན་བྱས་ནས་གཙང་མ་བཟོ་དགོས་ཐུག་སོང་དེ་ནས་བཟུང་མི་ཡོང་མཁན་ཆགས་སོང་།
ཧོར་བུ་ཡེ་ཤེས་ལགས། སྐུ་བདེ་འམ།
བདག་ལྟ་བུ་ལ་ཤེས་ཡོན་ཅན་གྱི་མིང་ཡང་ཐོགས་ནི་མ་རེད། ང་རང་སྤྱིར་བཏང་གི་སློབ་མ་ཞིག་ཡིན། ཁྱེད་ཀྱིས་ང་རང་ཁྱེད་ཀྱི་གྲོགས་པོ་ཡག་པོ་ཞིག་གི་འདུ་ཤེས་བཟུང་དང་འགྲིག གཅིག་བྱས་ན་ཕྱོགས་གང་ཐད་ནས་ཕར་ཚུར་རོགས་པ་ཏོག་ཙམ་རེ་བྱེད་ཐུབ་ཀྱི་རེད།
ཧོར་བུ་ཡེ་ཤེས་ལགས།
སྤྱིར་ཤེས་ཡོན་ཅན་ལ་གུས་བརྩི་བྱེད་པ་དེའང་ཡ་རབས་ཀྱི་བྱ་སྤྱོད་ཅིག་རེད༌། ང་རང་ཉིད་ཀྱང་་མིང་དོན་གཉིས་ལྡན་མཁས་དབང་དག་ལ་གུས་བརྩི་དང་ཡི་རངས་བྱེད་མཁན་ཞིག་ཡིན།
མུ་མཐུད་དེ་ཤུགས་རྒྱག་རྒྱུ་བརྗེད་མི་ཉན།
ཡིག་ནོར་ངོས་ཟིན་པ་དག་བཅོས་ན།
མ་དག་པ། དག་པ།
བསམས་བློ། བསམ་བློ།
བཏང་མཁན། གཏོང་མཁན།
སྙིང་ལ་བཅིངས། སྙིང་ལ་བཅངས།
སེམས་སྟིང༌། སེམས་གཏིང༌།
བྱང་ཆུབ་པ་མ་ཟད། བྱང་ཆུབ་པར་མ་ཟད།
སློབ་བྱ། བསླབ་བྱ།
བཟང་པོས་བདུད་རྩིས། བཟང་པོའི་བདུད་རྩིས།
སློབ་སྦྱངས༌། སློབ་སྦྱོང༌།
རང་སྦྱངས། རང་སྦྱོང༌།
བོ་འཕངས་ཁུལ། ཞེས་པ་ཨ་མདོའི་ཁ་སྐད་ཀྱི་བོའུ་ཞེས་པ་དེ་ཡིན་ས་རེད།
ལྕི་སྐོམ། ལྕི་སྐམ།
རྒྱག་རེ་བྱས། རྒྱག་རེས་བྱས།
བཤད་བཤད། གཤེ་གཤེ།
རྩེ་རོགས། རྩེད་རོགས།
དགོད་མོ་ཤོར། གད་མོ་ཤོར།
རྒྱག་ཨེ་བྱུང༌། བརྒྱབ་ཨེ་བྱུང༌།
དེ་ཡི་ག་ལ་ཚོད། དེས་ག་ལ་ཚད།
རྒྱག་ཤག་བཏང༌། རྒྱུགས་ཤར་བཏང་ངམ་རྒྱུགས་ཤར་གློད།
དོད་ཡོང་གི་འདུག་གམ། དེད་ཡོང་གིན་འདུག་གམ།
དཀའ་སྐྱོན་བཏང༌། བཀའ་བཀྱོན་བཏང༌།
ཕོ་སར། ཕོ་གསར།
འཚེར་མེད་ཞུ་བ། འཚེ་མེད་ཞི་བ།
གམིགས་ཡུལ། དམིགས་ཡུལ།
གཡུག་ནས། གཡུགས་ནས།
གྲོང་ཉུལ་རེ་བྱེད་ནས་སྡོད་ཡོད། གྲོང་ཉུལ་རེ་བྱས་ནས་བསྡད་ཡོད།
འདི་དག་བདག་གིས་ད་ལྟ་རང་མཐོང་བ་དག་ཡིན།
སླར་ཡང་མཇལ།
རིག་འབྱུང་གིས་བཤད་པ་ལྟར་བསེ་རུས་ཡིག་ནོར་བྲིས་གནང་འདུག མང་མོས་ཞེས་པར་མང་མོང་ཞེས་པ་དང༌། ད་དུང་ཁྲིམས་དཔོན་བསེ་རུས་ཁྲིམས་ཐག་ནན་མོ་གཅོད་ཀྱི་ཡིན། ཞེས་པའི་ཁྲིམས་ཐག་ཅེས་པ་ཁྲུན་ཐག་མ་རེད་དམ། གཅོད་ཀྱི་ཡིན་ཞེས་པ་དེར་གཅད་རྒྱུ་ཡིན་ཞེས་ན་ཤིན་ཏུ་འཚམས་པར་འདོད། ད་དུང་ཐུགས་ལ་འཇོག་རོགས་གནང་ཞེས་པའི་རྗེས་སུ་ཉིས་ཤད་བྲིས་འདུག་པའང་འགྲིག་མིན་བརྟག་བྱའོ།།
བསེ་རུ་ལགས། སོ་སོའི་རླབས་ཆེན་གྱི་བྱ་བཞག་འདི་རང་ཉིད་དག་ཆར་མཁས་པའི་ཁེ་གྲགས་སུ་མི་འགྲོ་བ་རེ་གནང་རྒྱུའང་མཁྱེན།
ཁྱེད་ཀྱི་བྱ་བཞག་གལ་ཆེན་འདི་དང་དུ་བླངས་པའང་ཁེ་གྲགས་འདིའི་དོན་དུ་མིན་པའི་སྨོན་ལམ་ཡང་ནས་ཡང་དུ་ཞུ་བཞིན་ཡོད་དོ།།
ཡིག་ནོར་གྱི་ཁྲིམས་དཔོན་བྱེད་རྒྱུ་དེ་ལས་སླ་བོ་ཞིག་མིན་བསམ།
ཁྱེད་ཀྱི་མཆན་བུ་ཐུང་ཐུང་འདིའི་ནང་གི་བརྗོད་པ་གཅིག་ལ་དོགས་སློང་ཙམ་བྱེད་འདོད་བྱུང་།
“མཆན་བུ་ཞིག་འདེབས་ཀྱི་ཡོད་ཀྱང་ཡིག་ནོར་མ་ཤོར་བ་གནང་རོགས། ”
ཟེར་བའི་བརྗོད་པ་འདིའི་དོན་སྟོན་སྟངས་ལ་དཔྱད་ཞིབ་བྱེད་རྒྱུ་འདུག་སྙམ།
དཔེར་ན། མཆན་བུ་ཞིག་འདེབས་ན་ཡང་ཡིག་ནོར་མ་ཤོར་བ་གནང་རོགས།
མཆན་བུ་ཞིག་འདེབས་ཀྱང་ཡིག་ནོར་མ་ཤོར་བ་གནང་རོགས།
མཆན་བུ་འདེབས་དུས་ཡིག་ནོར་མ་ཤོར་བ་གནང་རོགས། ཟེར་བ་ལྟ་བུ།
བོ་འཕངས་ཁུལ། ཞེས་པ་ཨ་མདོའི་ཁ་སྐད་ཀྱི་བོའུ་ཞེས་པ་དེ་ཡིན་ས་རེད།
ལྕི་སྐོམ། ལྕི་སྐམ།
རྒྱག་རེ་བྱས། རྒྱག་རེས་བྱས།
བཤད་བཤད། གཤེ་གཤེ།
རྩེ་རོགས། རྩེད་རོགས།
དགོད་མོ་ཤོར། གད་མོ་ཤོར།
རྒྱག་ཨེ་བྱུང༌། བརྒྱབ་ཨེ་བྱུང༌།
དེ་ཡི་ག་ལ་ཚོད། དེས་ག་ལ་ཚད།
རྒྱག་ཤག་བཏང༌། རྒྱུགས་ཤར་བཏང་ངམ་རྒྱུགས་ཤར་གློད།
དོད་ཡོང་གི་འདུག་གམ། དེད་ཡོང་གིན་འདུག་གམ།
དཀའ་སྐྱོན་བཏང༌། བཀའ་བཀྱོན་བཏང༌།
ཕོ་སར། ཕོ་གསར།
འཚེར་མེད་ཞུ་བ། འཚེ་མེད་ཞི་བ།
གམིགས་ཡུལ། དམིགས་ཡུལ།
གཡུག་ནས། གཡུགས་ནས།
གྲོང་ཉུལ་རེ་བྱེད་ནས་སྡོད་ཡོད། གྲོང་ཉུལ་རེ་བྱས་ནས་བསྡད་ཡོད།
འདི་དག་བདག་གིས་ད་ལྟ་རང་མཐོང་བ་དག་ཡིན།
སླར་ཡང་མཇལ།
ཟླ་བ་བཞོན་ནུ་ལགས་ཁམས་བཟང་།
ངོ་མ་བཀའ་དྲིན་ཆེ།ཁྱེད་ཀྱིས་ཡིག་ནོར་རྣམས་བསྟན་ཡོང་དུས་ང་རང་གཞི་ནས་རྨོངས་པ་ལས་གྲོལ་ནས་མ་ཤེས་པར་རྣམས་ཤེས་པ་དང་ཤེས་པར་རྣམས་དྲན་གསོས་ཡོང་བ་ལ་ཧ་ཅང་ཕན་པོ་བྱུང་།ཁྱོད་རང་སློབ་མ་ཡིན་བཞིན་དུ་ད་དུང་ང་ལ་དུས་ཚོད་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ།
ད་དུང་བློ་བཟང་དབང་ལྡན་ཁྱེད་ལའང་ཐུགས་ཆེ་ཞུ།
།ངས་ཁྱེད་གཉིས་ཀ་ལ་ཞུ་རྒྱུ།བོའུ་ཞེས་པ་དེ་ཨ་མདོའི་ཁ་སྐད་ཅེས་པར་ང་ཡི་ལུང་པའི་ཁ་སྐད་ཀྱང་རེད།ང་ཁམས་པ་ཞིག་ཡིན།ཁམས་མི་ཡོངས་ཀྱིས་བོའུ་ལབ་ཀྱིན་ཡོད་མེད་མ་ཤེས་ཀྱང་།ངའི་ལུང་པ་དང་དེའི་གཡས་གཡོན་གྱི་ཡུལ་མི་རྣམས་ཀྱིས་དེ་ལྟར་ལབ་ཐག་ཆད་རེད།སྤྱིར་མདོ་ཁམས་གཉིས་ཀྱི་སྐད་ལ་འབྲོག་སྐད་དང་རོང་སྐད་ཙམ་ལས་དབྱེར་བ་མི་འདུག་དྲན།གང་རེད་ཟེར་ན།ཁམས་ཕྱོགས་སུའང་འབྲོག་པ་མང་པོ་ཡོད་པའི་ཁོང་ཚོས་ཀྱང་འབྲོག་སྐད་བཤད།ངའི་ཕ་ཡུལ་གཅིག་པ་འབྲོག་པ་མང་པོས་ང་ཨ་མདོ་བ་ཡིན་ཟེར་ནས་འགྲོ་བཞིན་འདུག།ང་རང་ལའང་གྲོགས་པོ་མང་ཤས་ཨ་མདོ་བ་ཡིན་ལ།ད་དུང་གྲོགས་པོ་བློས་ཐུབ་ཀྱང་ཁ་ཤས་ཡོད་པའི་ང་ཚོས་བར་ལ་སྐད་བརྡ་འཕོྲད་མ་འཕྲོད་ཀྱི་དཀའ་ངལ་རྩ་ནས་མེད།སྤྱིར་བཏང་ཁྱེད་གཉིས་ཀྱིས་མཁྱེན་མདོག་ཁག་པོ་རེད།
དགོངས་དག།མ་ཤེས་པར་རྣམས་ཤེས་པ་དང་ཤེས་པར་རྣམས་དྲན་གསོས་ཞེས་པར་ལ་མ་ཤེས་པར་རྣམས་ཤེས་པ་དང་བརྗེད་པར་རྣམས་དྲན་གསོས་ཡོང་བ་ཞེས་བཅོས་རོགས།
བསེ་རུ་མཆོག་གིས་གང་སར་ཡིག་ནོར་དག་བཅོས་ཀྱི་བྱ་བ་མ་སྐུལ་དང་བླངས་ཀྱིས་སྒྲུབ་ཀྱིན་པ་ལ་རྗེས་སུ་ཡི་རངས་ཡོད། ངའི་བསམ་ཚུལ་ལྟར་ན་གཞན་ལ་གཞེན་སྐུལ་དང་རེ་བ་རྒྱག་རྒྱུ་གཙོ་བ་ལས་བཙན་སྐུལ་བྱེད་རྒྱུ་དེ་ཅུང་མི་རུང་སྙམ་གྱིན་འདུག དེས་སྡུག་ཏུ་འགྲོ་བ་ཡང་ཡོད་པས།
ལྷག་བསམ་རྣམ་དག་གིས་རེ་སྐུལ་རྒྱུ་ལས། བཙན་བཀའ་བཏང་ན་སྡུག་ཏུ་གཏོང་མཁན་ཡང་ཡོད་པ་རེད།
ཁམས་བཟང་།
ཁྱེད་ཀྱི་ཉི་འོད་འཕྲོ་བའི་ཞལ་རས་དང་འཛུམ་ཆུང
བདག་གི་
དྲན་འཛིན་གྱི་མེ་ལོང་ངོས་སུ་ཡང་ཡང་སུ་འཆར་ཚེ
བདག་གི་སེམས་འགྱུ་ལས་ཐོན་པའི་གདུང་བ་གང་ཞིག་
སྤྲིན་དཀར་བཞིན་ཁྱེད་ཀྱི་ཕྱོགས་སུ་ལྷུང་སོང་
རེད་རེད། ཧོར་བུ་ཡེ་ཤེས་ལགས། ཁྱེད་ཀྱིས་བཤད་པ་ལྟར་རེད། སྤྱིར་མདོ་ཁམས་གཉིས་ཀྱི་མིང་ཚིག་དང་དབྱངས་ཀློག་སྟངས་སོགས་ཧ་ཅང་འདྲ། བོའུ་ཞེས་པ་དེ་ཨ་མདོའི་སྐད་དུ་བེད་སྤྱོད་ཤུགས་ཆེར་གཏོང་ལ། དག་ཡིག་གསར་སྒྲིག་ཏུའང་ཡོད་བསམས་སོང༌། སྤྱིར་ཨ་མདོ་དང་འདབས་འབྲེལ་བའི་ཁམས་ཀྱི་ས་ཆའི་མི་རྣམས་ཀྱིས་ཨམ་སྐད་ཀྱང་ཕལ་ཆེར་གོ་བ་རེད། དཔེར་ན། མི་ཉག་དང་རྫ་ཆུ་ཁ་བ་སོགས་ཀྱི་མིས་མཚོ་སྔོན་བརྙན་འཕྲིན་བརྒྱུད་གཏོང་གིན་པའི་ཨམ་སྐད་དེའང་གོ་བར་བཤད།
ལར་ནས་ཁམས་དང་ཨ་མདོ་གཉིས་ཀྱིས་རྗེས་འཇུག་དང་སྔོན་འཇུག་གི་སྒྲ་གསལ་བོར་ཐོན་སྟངས་སོགས་དབུས་གཙང་དང་མི་འདྲ་བར་ཤིན་ཏུ་ཆ་མཐུན་པར་ཚོར།
དྲ་གྲོགས་ཚང་མར་དགའ་བསུ་ཞུ་བཞིན་ཡོད།
ཟླ་བ་གཞོན་ནུ་ལགས་ཁམས་བཟང་ངམ།
ངས་རེ་བསྐུལ་དྲ་རྒྱའི་ངོས་སུ་རྒྱ་ཡིག་མི་ཤར་བའི་རྒྱུ་སྐྱོན་དེ་མ་བརྗེད་ནས་གསུང་རོགས་ཞུ།
དང་པོ་ཡོད་ཀྱང་དྲ་འབུས་སྐྱོན་བྱས་ནས་གཙང་མ་བཟོ་དགོས་ཐུག་སོང་།དྲ་ལམ་རྒྱད་ནས་འདྲ་བཤོས་རེག་གིས་རེད་དྲན་ཡང་།ངས་ཤེས་མ་སོང་།ཁྱེད་ཀྱིས་མཁྱེན་ན་གསལ་པོར་ཞིག་གསུང་རོགས་ཞུ།
ཧོར་བུ་ཡེ་ཤེས་ལགས། བཀྲ་ཤིས་བདེ་ལེགས།
བདག་གིས་བསམས་ན་དེ་གང་ཁྱེད་ཀྱིས་སྤྱོད་ཀྱིན་པའི་གློག་ཀླད་ནང་དུ་རྒྱ་ཡིག་གི་ཡིག་གཟུགས་མེད་པས་ལན་པ་ཡིན་རྒྱུ་རེད།
ཐོག་མར་ཁྱེད་ཀྱིས་ཡིག་གཟུགས་དེ་གློག་ཀླད་དུ་ནང་འཇུག་བྱེད་དགོས་ཀྱི་རེད། ཁྱེད་ཀྱི་གློག་ཀླད་དུ་རྒྱ་ཡིག་གི་ཡིག་གཟུགས་ནང་འཇུག་བྱས་ཟིན་ནམ། འགྲོ་སྟངས་འདི་སྐད་ཡིག་ཚང་མར་གཅིག་མཐུན་དུ་ཡིན་རྒྱུ་རེད་འདོད།
ཁྱེད་ཀྱིས་ཚོད་ལྟ་ཞིག་བྱེད་རོགས། དེ་མི་འདུག་ན་དྲ་རྒྱ་ལས་བཤུས་ཏེ་ནང་འཇུག་བྱེད་དགོས།
ཐོག་མར་ཁྱེད་ཀྱི་གློག་ཀླད་དུ་ཡོད་མེད་ལྟ་དགོས་རེད།
ཟླ་བ་གཞོན་ནུ་ལགས་ཁམས་བཟང་ངམ།
ངས་རེ་བསྐུལ་དྲ་རྒྱའི་ངོས་སུ་རྒྱ་ཡིག་མི་ཤར་བའི་རྒྱུ་སྐྱོན་དེ་མ་བརྗེད་ནས་གསུང་རོགས་ཞུ།
དང་པོ་ཡོད་ཀྱང་དྲ་འབུས་སྐྱོན་བྱས་ནས་གཙང་མ་བཟོ་དགོས་ཐུག་སོང་།དྲ་ལམ་རྒྱད་ནས་འདྲ་བཤོས་རེག་གིས་རེད་དྲན་ཡང་།ངས་ཤེས་མ་སོང་།ཁྱེད་ཀྱིས་མཁྱེན་ན་གསལ་པོར་ཞིག་ག
བོད་ཀྱི་དུས་བབ་ཐོག་བཀོད་པའི་ངའི་དེབ་དེ་གཉིས་དཔར་བསྐྲུན་གནང་རོགས།ཐད་ཀྱི་མཆན་བུ།
ཚེ་རིང་བཀྲ་ཤིས།
གཞིས་ལུས་རྩོམ་པོ་རིན་ཆེན་བཟང་བོ་ལགས་ཀྱི་རེ་བ་ཆུད་ཟས་སུ་བཏང་ཡོད་གསར་འགྱུར་མཐོང་བ་དང་། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནག་ཉེས་ཐེར་གླེང་བར་འདོད་སོང་། མི་ཚོང་བརྒྱབས་པའི་སྒོར་མ་དེ་དག་ལས་དཔེ་དེབ་ཁ་ཤས་དཔར་མ་ཐུབ་པ་ཅི་ཡིན། ངོ་མས་ཐབས་སྐྱོ་བོ་རེད།
ད་ཐེངས་ཀྱི་གླེང་རྙོག་འདི་ངེས་པར་དུ་གསལ་བོ་གནང་དགོས་པ་ཞིག་རེད། ལུང་རིག་རྒྱལ་གྱིས་ད་ཐེངས་ཀྱི་མཆན་བུ་སྐོར་ཞིག་ནག་བསུམ་བཏང་བར་བློ་ཕམ་ཡོད། ང་རང་ཉིན་འགའི་སྔོན་ལྷོ་ཕྱོགས་ནས་རྡི་ལི་བརྒྱུད་རྡ་སར་ཡོང་བ་ཡིན། འདིའི་ལམ་བར་ནས་ངོ་ཤེས་པ་མང་བོ་ཞིག་ལ་ཐུག་སོང་ལ། སྐད་ཆ་གཅིག་པ་གཅིག་རྐྱང་བཤད་ཀྱིན་འདུག དེང་སང་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འབྲེལ་ནས་ལྷ་མོ་སྐྱབས་དང་ཀུན་ཐར་དོན་འགྲུབ་གཉིས་ཀྱིས་ནག་ཚོང་རྒྱག་གིན་ཡོད་པའི་གླེང་གཞི་གསར་བ་ཞིག་ཚུགས་ཡོད་པ་ངོ་མ་རེད། རྩོམ་པ་པོ་མཐུན་ཚོགས་ཀྱིས་ཨ་མདོ་ཁྲི་ཀ་ནས་ཡིན་པའི་གནམ་ལྷ་ཟེར་བ་ཞིག་ལྐོག་ཚོང་ལྟ་བུར་ཕོ་ལེན་གྱི་ཚོགས་འདིར་བཏང་ཡོད་པ་དང་། ཁོང་ད་ལྟ་ཕྱིར་མ་ཡོང་བར་ཧྥ་རན་སིར་བསྡད་ཡོད་པ་རེད་ཟེར། ཡང་ཀུན་ཐར་དོན་འགྲུབ་ཀྱིས་ལོ་འགའི་སྔོན་ཨང་ལན་དུ་སྙན་ངག་འདུ་ཚོགས་ཤིག་འཚོགས་བོད་ཀྱི་རྩོམ་པ་པོའི་ཚོགས་མིའི་འགྲོན་ཤོག་མི་གཞན་དུ་བཙོང་ཡོད་པའི་སྐད་ཆ་འདུག བོད་རྩོམ་པ་པོའི་མཐུན་ཚོགས་འདི་འཛུགས་མཁན་བླ་བྲང་སྐལ་བཟང་། ལྷ་མོ་སྐྱབས་སོགས་མི་སྐོར་ཞིག་ལྐོག་འབྲེལ་གྱིས་རྒྱང་འཕུད་བཏང་སྟེ། ཁུངས་ལུང་ཡོད་མེད་ཀྱི་སྐད་ཆ་མང་བོ་ལབ་ནས་ད་ལྟ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལག་ནས་འཕྲོག་ཐུབ་པ་བྱུང་ཡོད་པ་རེད། ད་ཁོང་ཚོའི་བྱ་སྤྱད་ལ་བལྟས་ན་བླ་བྲང་སྐལ་བཟང་ལས་སྡུག་ཏུ་སོང་ཡོད་པ་ཞིག་མཐོང་སོང་། ལྷ་མོ་སྐྱབས་དང་ཀུན་ཐར་དོན་འགྲུབ་སོགས་ཀྱི་སྐབས་ཕྱི་རྒྱལ་དུ་བཏང་བ། ཐུབ་བསྟན། ཟླ་བ་ཚེ་རིང་། བསམ་གཏན། བཀའ་ཐུབ་རྒྱལ་གྱི་ཆུང་མ་སོགས་རེད། ཁོང་ཚོ་ཐོག་དང་པོར་རྩོམ་པ་པོའི་མཐུན་ཚོགས་ནང་དུ་ཧིན་སྒོར་འབུམ་གཅིག་འཇོག་རྒྱུ་བྱས་ཡོད་ཀྱང་། ཁ་ཤས་ལག་ནས་སྒོར་འབུམ་གཅིག་རེ་ཡང་ལེན་ཐུབ་མེད་ཚོད་འདུག འདི་ཚོར་སྐད་ཆ་འདྲི་དགོས་པ་ཞིག་རེད། རྩོམ་པ་པོ་མཐུན་ཚོགས་བོད་སྤྱི་དང་ཚོགས་མི་ཚོར་ཐོབ་ཐང་ཡོད་པའི་ཚོགས་པ་ཞིག་ཡིན་ན། ངེས་པར་དུ་འདིར་ཞིབ་འཇུག་ཡག་པོ་གནང་དགོས་པ་ཞིག་རེད། ཡང་ལྷ་མོ་སྐྱབས་དང་ཀུན་ཐར་དོན་འགྲུབ་གཉིས་ཀྱི་སྒེར་གཉེར་ལྟ་བུ་ཡིན་ན། གནས་ཚུལ་གཞན་རེད། དེ་མིན་བོད་མི་རིགས་ལ་བརྙས་བཅོས་མ་གཏོང་བཞིན་པའི་བཟོ་འདྲ་བོ་ཞིག་མཐོང་སོང་བས། མཚམས་འཇོག་དང་གསལ་བཤད་ཡག་པོ་བྱས་ན་ཡག་པོ་རེད་འདོད།
གོང་གི་གནས་དོན་གལ་ཆེན་ཞིག་རེད་འདུག་པས། ཚང་མས་སེམས་ལ་བཟུང༌།