གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
གསར་འགོད་གསལ་བསྒྲགས། ཟླ་༨ ཚེས་༦ ཉིན།
དེ་རིང་ཞོགས་པའི་ཆུ་ཚོད་༧ ཡས་མས་སུ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ་རང་ལོ་༣༩ ལ་སོན་པའི་བོད་མི་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁོང་ནི་ཕ་ཡུལ་འདམ་གཞུང་ནས་ཡིན་པ་དང་ཕྱི་ལོ་༢༠༡༢་ལོའི་ཟླ་བ་༡་ཚེས་༣༠་ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་ཡོད་འདུག ད་ལམ་གྱི་གནས་ཚུལ་འདི་ནི་བལ་ཡུལ་ནང་བྱུང་བའི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐེངས་གཉིས་པ་དེ་ཆགས་ཡོད་ལ། དེ་སྔོན་བལ་ཡུལ་གཞུང་ངོས་ནས་བོད་རང་བཙན་ཉིན་མོ་སྟེ། ཕྱི་ལོ་༢༠༡༣ ལོའི་ཟླ་༢ པའི་ཚེས་༡༣ ཉིན་བལ་ཡུལ་རྒྱལ་སར་བོད་བསྟན་སྲིད་ཀྱི་ཆེད་དང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད། རང་ལུས་མེར་བསྲེགས་གཏོང་གནང་མཛད་མཁན་རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ཀྱི་སྐུ་ཕུང་ས་གནས་བོད་མི་ཚོར་རྩིས་སྤྲོད་མ་གནང་བར་གསང་བའི་སྒོ་ནས་ཞུགས་འབུལ་བྱས་ཏེ་བོད་མི་ཚོའི་སེམས་ལ་བློ་ཕམ་དང་སྐྱོ་གདུང་གི་རྨ་ཁ་བཟོས་ཡོད།
དེ་རིང་གི་གནས་ཚུལ་ལ་ཆ་མཚོན་ནའང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་མ་ཐག་ཏུ་བལ་ཡུལ་རྟ་མང་གི་གཞོན་སྐྱེས་ཁག་ཅིག་གིས་མི་མང་ཉེ་འཁྲིས་སུ་བཅར་མ་བཅུག་པར་བཀག་འགོག་བྱས་ཡོད་ལ།ཕྱིས་སུ་བལ་ཡུལ་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད།
“བལ་ཡུལ་གཞུང་གི་ཐབས་སྐྱོ་བའི་བྱེད་སྟངས་དེ་དག་གིས་རྒྱ་ནག་གཞུང་ཕྱོགས་ནས་བལ་ཡུལ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་དམར་རྗེན་དུ་བཏོན་ཡོད་ལ། ད་ཆ་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་བལ་ཡུལ་གྱི་རྒྱལ་མཚམས་ལས་བརྒལ་ཏེ་བོད་མི་ཚོའི་རང་དབང་གི་འཚོ་བར་བཙིར་གནོན་བྱེད་འགོ་ཚུགས་པའི་རྟགས་མཚན་གསལ་པོ་མངོན་ཡོད་སྟབས། བོད་ནས་བོད་ཡུལ་ནང་བཙན་བྱོལ་དུ་ཕེབས་བའི་བོད་མི་སྐྱབས་བཅོལ་བ་ཚོའི་ཐོབ་ཐང་སྲུང་སྐྱོབ་དང་། བལ་ཡུལ་ནང་གི་རྒྱ་ནག་གི་བཙན་འཛུལ་གྱི་ཤུགས་རྐྱེན་ཁག་སྟངས་འཛིན་བྱེད་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་སྔར་ལས་ལྷག་པའི་མཉམ་རུབ་ཀྱི་ནུས་ཤུགས་སྤུངས་པའི་འབོད་སྐུལ་བྱེད་ཀྱི་ཡོད།”ཅེས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་བརྗོད་སོང་།
རང་ལུས་མེར་བསྲེགས་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་ཚོས་འཛམ་གླིང་མི་མང་ལ་བོད་ནང་གི་གནས་སྟངས་གསལ་སྟོན་བྱེད་པ་དང་དུས་མཚུངས་སུ་བོད་མི་སྤྱི་བྱིངས་ལའང་སོ་སོའི་སྒེར་དོན་ཁོ་ན་མ་ཡིན་པར་བོད་མིའི་སྤྱིའི་བདེ་སྡུག་ལ་དོ་ཁུར་ཡོང་བའི་སྐུལ་མ་གཏོང་གི་ཡོད་པས། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ཀྱི་ངོས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རེ་བ་ཆུ་ལ་མ་བསྐྱུར་བར་རང་ནུས་ཅི་ལྕོགས་སྒོས་རྒྱ་ནག་གཞུང་ལ་རྒོལ་རྡུང་གི་ལས་འགུལ་ཅི་རིགས་རྩོམ་དགོས་ལ། སྐབས་བབས་སུ་རྒྱལ་གཅེས་དཔའ་བོ་རྒྱལ་གཅེས་དཔའ་བོ་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་བལ་ཡུལ་གཞུང་ནས་ཕྱིར་བོད་མི་ཚོར་རྩིས་སྤྲོད་ཡོང་བའི་ཤུགས་སྣོན་རྒྱག་དགོས།
“ཕྱི་ལོ་༢༠༠༩ ནས་ད་བར་རྒྱལ་གཅེས་བོད་མི་༡༢༡ ལྷག་གིས་བོད་ལ་རང་དབང་འཐོབ་ཆེད་དང་༧གོང་ས་ཡིད་བཞིན་ནོར་བུ་མཆོག་གང་མགྱོགས་བོད་ལ་གདན་འདྲེན་ཞུ་ཆེད། རང་ལུས་མེར་བསྲེགས་ཀྱི་ལམ་ནས་བོད་མིའི་སེམས་ནང་གི་མངོན་འདོད་གང་ཡིན་འཛམ་གླིང་ཧྲིལ་བོར་གསལ་སྟོན་བྱས་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ངོས་ནས་ཨ་རབ་རྒྱལ་ཁབ་ཁག་ནང་གི་རྩོད་རྙོག་ཐད་ལ་ཤུགས་ཆེར་གླེང་སློང་དང་རྒྱབ་སྐྱོར་བྱས་པ་ལས། བོད་མིའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱས་མེད་པས། དེ་རིང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་བརྒྱུད་ནས་ང་ཚོས་ཡང་བསྐྱར་འཛམ་གླིང་གི་དབུ་ཁྲིད་ཁག་དང་ཚོགས་སྡེ་ཁག་གིས་རྒྱལ་མང་རང་བཞིན་གྱི་རུ་ཁག་ཅིག་རྩ་འཛུགས་བྱས་ཏེ་བོད་དོན་ལ་སྔར་ལས་ལྷག་པའི་སེམས་ཁུར་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་ལྡི་ལི་ས་གནས་གཞོན་ནུའི་ཚོགས་གཙོ་ཆོས་དར་ལགས་ཀྱིས་བརྗོད་སོང་།”
དེ་རིང་གི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དེ་ནི་ལྡི་ལི་བསམ་ཡས་གླིང་བརྒྱ་འཐུས་ཡིག་ཚང་དང་། ལྡི་ལི་ས་གནས་གཞོན་ནུ། ལྡི་ལི་ས་གནས་བུད་མེད་ལྷན་ཚོགས། ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་མཉམ་རུབ་ཐོག་སྤེལ་བ་ཞིག་ཡིན་འདུག
རྒྱལ་གཅེས་དཔའ་བོ་ཁོ་རང་དང་ཁོང་གི་ནང་མི་གཞི་ལུས་སྤུན་ཟླར་གདུང་སེམས་མཉམ་བསྐྱེད་ཡོད།
གོང་གི་ཚེ་གྲངས་ནོར་འདུག་པས་ཁ་བརྡས་བཅོས་ན་ལེགས་སྙམ།དེ་རིང་༢༠༡༣/༨/༦རེད།ཡིན་ཡང་སློབ་ཕྲུག་ཚོགས་པས་༨/ཚེས༩ཅེས་བྲིས་འདུག
ཁ་བ་འཚོ་ལགས་ནས་དགོས་ངེས་ཀྱི་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
རྣམས་པ་ཚོར་གསལ་བཤད་ཞུ་རྒྱུར། དེ་རིང་གསལ་འགོད་གསལ་བསྒྲགས་ཀྱི་ལས་ཀ་གྲུབ་མཚམས། གསར་འགྱུར་ཁག་གཏོང་རྩིས་བྱེད་པའི་སྐབས་སུ། གློག་ཀླད་ས་ལ་ཟགས་ནས་འཕྲོ་བརླག་སོང་བས། བྲེལ་འཚུབ་ངང་གསར་འགོད་གསལ་བསྒྲགས་ཤིག་འབྲི་དུས་ཟླ་ཚེས་ནང་༦ འབྲི་རྒྱུའི་ཚབ་ཏུ་༩ ཤོར་འདུག་པས་ཚང་མར་དགོངས་སེལ་ཞུ་ཞེས་དང་རྩོམ སྒྲིག་པས་ནོར་བ་བཟོ་བཅོས་གནང་བར་སྙིང་ནས་བཀའ་དྲིན་ཞུ་ཞེས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་རིག་འཛིན་ཆོས་སྒྲོན་གྱིས།
གནས་ཚུལ་མཁོ་གཏོང་བ་བོད་རང་བཙན་སློབ་ཕྲུག་ཚོགས་པ། གསར་འགོད་གསལ་བསྒྲགས་ཟླ་༨་པའི་ཚེས་༩་ཉིན་ཞུས་འདུག་པའི་ཕྱི་ལོ་༢༠༡༣་ལོའི་ཟླ་༨་པ་ཚེས་༩་ཞུས་བ་ཡིན་ན་ཡོང་མེད་པའི། ལོ་སྔོན་མ་ཞུས་གི་ཡོད་ན་གནས་ཚུལ་དེ་འདྲ་བྱུང་མི་འདུག། བོད་ལོ་ཡིན་ས་མ་རེད། ངས་ཞུས་འདོད་པ་གང་ཡིན་ཟེར་ན་དུས་ཚིགས་འབྲི་སྐབས་ཡིད་གཟབ་བྱེད་རོག། གནས་ཚུལ་ཆེ་ཆུང་གང་ཡིན་རོང་ཡིད་གཟབ་བྱེད་རོག་ཞུ།
མི་རིགས་གི་རྩ་དོན་བཤད་ནས་མི་ཡོང་གི། ལགས་ལེན་དུ་ཁུལ་ཐུབ་པར་བྱས་ན་བཟང་།
“དེ་རིང་གི་གནས་ཚུལ་ལ་ཆ་མཚོན་ནའང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་མ་ཐག་ཏུ་བལ་ཡུལ་རྟ་མང་གི་གཞོན་སྐྱེས་ཁག་ཅིག་གིས་མི་མང་ཉེ་འཁྲིས་སུ་བཅར་མ་བཅུག་པར་བཀག་འགོག་བྱས་ཡོད་ལ།ཕྱིས་སུ་བལ་ཡུལ་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད།”
གནས་ཚ་འཁོ་གཏོང་བར་དྲི བ་ཞིག་ཡོད། མཆོད་རྟེན་ཁོར་ཡུག་དང་བཅས་པ་མཆོད་རྟེན་ལྟ་རྟོག་ཚོགས་པ་ཞིག་གི་སྟངས་འཛིན་འོག་ཡོད། ཚོགས་མི་ཕལ་ཆེ་བ་རྟ་མང་མི་རིགས་རེད། བལ་གཞུང་ཐད་ཀར་བྱུས་གཏོགས་མེད་པ་རེད། ད་འོ་ན་མཆོད་རྟེན་ནང་དུ་མི་ཞིག་གསོན་སྲེག་བྱས་པའི་ཕུང་པོ་ཡོད་པ་རེད། དེ་ལ་ཁོང་ཚོས་མི་སུ་རུང་འགྲམ་དུ་བཅར་མ་བཅུག་པར་གཞུང་གི་མི་སྣ་ལ་རྩིས་སྤྲད་པ་རེད། འདི་བྱེད་སྟངས་ནོར་བ་རེད་དམ། དཀོན་ཅོག ང་ཚོ་ཡ་ང་ཚོ། ང་ཚོ་ལྟར་ན་ཁོང་གི་ཕུང་པོ་ཡོད་སར་བདག་མེད་དུ་འཇོག་སྟེ་སུ་བྱུང་གང་བྱུང་གིས་འཆང་བ་དང་སུས་ཁྱེར་ནའང་ཁྱེར་བཅུག་ན་འགྲིག་གམ། དེ་འདྲ་བྱས་ན་ཡང་ང་ཚོས་བོད་པའི་རོ་ལའང་བདག་པོ་རྒྱག་གི་མིན་འདུག་ཟེར་ངུ་ཤར་ག་ཚོད་གློད་ཡོང་། དཀོན་ཅོག་མཁྱེན། རོག་བམ་བསམ་བློ་གཏོང་ནས་བྲིས་རོགས།
སྤྱིར་བཏང་གོང་གི་པར་ནང་སྐུ་ཕུང་ཡོད་སར་མི་མང་ཐག་ཆོད་འདུག ད་གང་ཤེས།
མི་འདིའི་རྒྱ་དམར་ལ་ངོ་རྒོལ་བྱེད་ཆེད་དུ་རང་ལུས་མེར་བསྲེགས་པ་ཡིན་པའི་རྒྱུ་མཚན་དཔང་རྟགས་འདྲ་ཡོད་དམ། ཚགས་པར་སྟེང་དུ་མི་སུ་ཡིན་གྱི་མིང་ཡང་མ་ཤེས་གོང་ནས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་རེད་ཟེར་ནས་བྲིས་འདུག
རོག་བམ་ཞེས་པ་ཏོག་ཙམ་ལ་བསྒྱུར།
བོད་རང་བཙན་སློབ་ཕྲུག་ཚོགས་པ་མཆོད་རྟེན་བདག་སྐྱོང་པ་ཡིན་ན། དེར་མི་ཞིག་མེར་སྲེག་གི་དོན་རྐྱེན་བྱུང་ན་ག་རེ་བྱེད་ས་རེད། རྟ་མང་དེ་ཚོ་འདྲ་པོ་བྱེད་ས་རེད་དམ། ཡང་ཧ་མ་གོ་མདོག་མདོག་འཇོག་ས་རེད། གཅིག་ཤོད་དང་།
རང་ས་ལ་མི་བཞག གཞན་ས་ལ་རང་སྡོད་ནས་སྐད་ཆ་བཤད་ན་ཡག་པོ་རེད།
བོད་མིའི་ཕུང་པོ་བོད་མིར་བདག་པོ་རྒྱག་མ་གཅུག་པ་མ་ཟད་འགྲམ་ལ་ཡང་འགྲོ་མ་གཅུག་པ་འདི་ནག་ཉེས་ནམ་མཁར་མི་ཤོང་བ་ཞིག་རེད། གལ་ཏེ་བོད་ལ་རང་དབང་ཞིག་ཡ
ཡོད་ན་དམག་རྒྱག་དགོས་པ་ཞིག་རེད།
ཡོད་ན་བྱུང་ན་ཐོབ་ན་གསུམ།།
སྐད་ཆའི་ནང་གི་ཐ་མ་རེད།།
རང་བཙན་ཚོགས་མི་ཞིག་གིས་ལན་སྟོན་རོགས།
བོད་མི་གསོན་པོ་བོད་པས་བདག་པོ་རྒྱབ་མ་ཐུབ་ལ་བོད་མིའི་ཕུང་པོ་བལ་གཞུང་གིས་བདག་པོ་རྒྱབ་པར་བཀའ་དྲིན་ཆེ། འགྲམ་ལ་སུ་འགྲོ་བཅུག་དང་སུ་འགྲོ་མ་བཅུག་ས་བདག་གི་དབང་ཆ་ཡིན་པས་ངུ་ཤར་གློད་ས་མེད།
ནག་ཉེས་ནམ་མཁའ་གང་བ་བསགས་མཁན་མཆོད་རྟེན་ཉེ་འགྲམ་གྱི་འཛམ་གླིང་ཐོག་ཡ་རབས་སྤྱོད་བཟང་དུ་གྲགས་པའི་བོད་མི་གསེར་ནག་ཚོང་པ། དུག་རྫས་ནག་ཚོང་པ། པགས་རིགས་ནག་ཚོང་པ་དག་རེད། ཉིན་བཅུའི་གོང་དུ་མཚོད་རྟེན་སྐོར་ལམ་དུ་རྡོ་ཁྲའི་རིགས་ཀྱི་ཚོང་ཁང་གཉེར་མཁན་ཨ་མདོ་ཨ་སྒོར་ནག་ཚོང་པ་འཇུས་སོང་ང་།
མེ་ཏོག་དཀར་པོ་ལ་ཅིག་ན་གི་ཡོད་ས་རེད། དགག་པ་རྐྱང་རྐྱང་མ་གཏོགས་ལས་ཀ་གཞན་ཡོད་ས་མ་རེད། རྟ་མང་ཁག་གི་ལས་ཀ་ཡོངས་གྲགས་རེད། རྒྱལ་སྤྱིའི་དང་བོད་པའི་གསར་འགྱུར་དྲ་ཚིགས་ཁག་ཚང་མར་གཅིག་གྱུར་རེད། མ་ཤེས་ཤེས་མདོག་བྱས་མེད། ང་ཚོ་ས་གནས་དེར་མེད་པ་བདེན་མོད། ང་ཚོས་གནས་ཚུལ་རྒྱུས་ལོན་བྱས་པ་དེ་འདྲ་རེད། ཁྱེད་ལ་དེའི་སྐོར་གྱི་གནས་ཚུལ་རྒྱས་པ་གསུངས་རྒྱུ་ཡོད་ཚེ།་་་གསར་འགྱུར་གསར་བ་ཞིག་སྤེལ་རོགས།
ང་ན་གི་འདུག ང་ཚོའི་མི་རིགས་འདིས་རང་འདོད་ཆེ་བ་ལ་ཚོད་མེད་སྟེང་། ཧམ་པ་རྐྱང་ཤོད་གི་འདུག་པར་ང་ན་གི་འདུག རྟ་མང་གི་སྐོར་ཡོངས་གྲགས་ཡོངས་མི་གྲགས་དས་མི་ཤེས། ཤེས་པ་འདི་ལན་ཞིག་ཁྱོད་ཀྱིས་འདེབས་དང་། “མཆོད་རྟེན་ཁོར་ཡུག་དང་བཅས་པ་མཆོད་རྟེན་ལྟ་རྟོག་ཚོགས་པ་ཞིག་གི་སྟངས་འཛིན་འོག་ཡོད། ཚོགས་མི་ཕལ་ཆེ་བ་རྟ་མང་མི་རིགས་རེད། བལ་གཞུང་ཐད་ཀར་བྱུས་གཏོགས་མེད་པ་རེད། ད་འོ་ན་མཆོད་རྟེན་ནང་དུ་མི་ཞིག་གསོན་སྲེག་བྱས་པའི་ཕུང་པོ་ཡོད་པ་རེད། དེ་ལ་ཁོང་ཚོས་མི་སུ་རུང་འགྲམ་དུ་བཅར་མ་བཅུག་པར་གཞུང་གི་མི་སྣ་ལ་རྩིས་སྤྲད་པ་རེད། འདི་བྱེད་སྟངས་ནོར་བ་རེད་དམ། དཀོན་ཅོག ང་ཚོ་ཡ་ང་ཚོ། ང་ཚོ་ལྟར་ན་ཁོང་གི་ཕུང་པོ་ཡོད་སར་བདག་མེད་དུ་འཇོག་སྟེ་སུ་བྱུང་གང་བྱུང་གིས་འཆང་བ་དང་སུས་ཁྱེར་ནའང་ཁྱེར་བཅུག་ན་འགྲིག་གམ།”
ཡ་མིག་ཆུ ཁྱོད་མཆོད་རྟེན་ལྟ་རྟོག་པ་ཡིན་ན་གང་བྱེད་ས་རེད། གཅིག་གསུངས་དང་།
ཐུབ་བསྟན་དངོས་གྲུབ་ལས་གཞན་པའི་རང་ལུས་མེར་བསྲེག་གཏོང་མཁན་ཚང་མ་བོད་ནང་གི་བོད་མིའམ། ཡང་ན་བོད་ནས་གསར་དུ་ཕེབས་ནས་ཆེར་མ་ལོང་རྐྱང་རྐྱང་ཡིན་པ་འདིས་ཅི་ཞིག་མཚོན། དེ་ཚོ་ཆབ་སྲིད་ཀྱི་ཚོར་ཤུགས་ཆེ་དྲགས་པས་རེད་དམ། ཡང་ན་གཞན་ཞིག་རེད། ལན་གང་ཞིག་རྒྱག་དགོས་པར་བསམ་བློ་མ་གཏོང་རོགས། དོན་གང་ཞིག་ཡིན་པར་བསམ་བློ་གཏོང་རོགས།
སྤྱིར་རྟ་མང་རྟ་མང་ཟེར་ནས་ཁ་གཏོང་རྐྱང་བྱས་ན་གང་ནས་འགྲིག ཁོང་ཚོ་ས་གནས་དེའི་བདག་པོ་རེད། གང་བྱེད་སོ་སོའི་རང་དབང་རེད། ལྷ་སའི་ཇོ་ཁང་མདུན་ནས་རྟ་མང་ཞིག་གིས་ལུས་གསོན་བསྲེག་བྱས་ན། བོད་མི་ཚོས་ཇི་ལྟར་ཟེར་རམ། ལྷ་ཀླུ་གནོད་སྦྱིན་བཙན་མ་མོ་བཅས་པ་ཐུགས་ཁྲོས་ནས་བོད་ཡུལ་མཐའ་དབུས་ཀུན་ཏུ་མི་བདེ་བ་འབྱུང་བའི་ཉེན་ཁ་ཡོད་སོགས་འདྲ་མིན་སྣ་ཚོགས་བཤད་ངེས་ཡིན།
ང་ཚོ་བོད་མི་ཚོ་ལས་ལྷག་པའི་རང་མཐོང་ཆེན་པོ་ཞིག་དང་། རང་འདོད་ཆེན་པོ་ཞིག་དཀོན་པོ་རེད། མ་འཇོན་པ་རེད་མ་གཏོགས་འཇོན་ན་འཛམ་གླིང་ཡོངས་རྫོགས་བཙན་གྱིས་ཟ་ངེས་ཡིན། མདོར་ན་མཐའ་གཅིག་ཏུ་བདག་ལས་གཞན་གཅེས་གནང་མཁན་གྱི་ཆབ་སྲིད་པ་ཞིག་ཡོད་མི་སྲིད་པ་རེད། བལ་ཡུལ་གཞུང་ཡང་རང་གི་ལུང་པ་དང་རྒྱལ་ཁབ། དེ་བཞིན་དུ་མི་རིགས་དང་གཉེན་ཉེ་ཚོའི་ཁེ་བཟངས་ཆེད་དུ་བྱ་བ་སྒྲུབ་རྒྱུ་ཉག་གཅིག་རེད། དེར་མ་དགའ་ཡང་སྡུག་གྱོང་རེད། ཝ་མོ་མགྱོགས་པ་ཁྱིས་མ་འདོད་ཙམ་རེད།
དེས་ན། རང་གིས་བཙོས་པའི་ཆང་རྒན་དེ། །ཞིམ་པོ་མེད་ཀྱང་འཐུང་རྒྱུ་རེད། །འཇོན་ཐང་ཡོད་ན་སྟོན་རོགས་གྱིས། ས་གནས་རྟ་མང་མི་རིགས་དང་བོད་མིའི་བར་དུ་མི་བདེ་བའི་འཁོན་འཛིང་མ་བསླང་ན་ཡག་པོ་འདུག རང་ཡུལ་ལུང་པ་མེད་པའི་ཁར་མི་ཡུལ་ས་མཐའི་བདག་པོ་ཚོའང་དགྲ་རུ་བཟུང་ནས་ད་ཇི་ལྟར་བྱ་འདོད་པ་ཡིན། ས་གནས་ཀྱི་མི་རིགས་འདི་ཚོའང་རྨད་ན་མི་དགའ་ཞིང་། བསྟོད་ན་དགའ་བའི་མི་ཞིག་རེད། རྒྱ་མི་རིགས་དང་མ་མཐུན་དང། རྒྱ་གར་མི་རིགས་མ་མཐུན། བལ་ཡུལ་མི་རིགས་དང་མ་མཐུན། འབྲུག་མི་རིགས་དང་མ་མཐུན། ད་དུང་ང་ཚོ་ལ་སྐྱོན་མེད་ཟེར་ན་སུས་ཡིད་ཆེས་ཐུབ་རྒྱུ་རེད། བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་ཁོད་དང་ཁ་ལྕེ་བདེ་བ་ཙམ་གྱིས་ཐམས་ཅད་ཟ་རྒྱུ་མི་འོངས་པ་འདྲ།
མཆན་བུ ༡༦ དབང་འདུས་ཀྱི་འདོད་ཚུལ་དེར་ད་ག་རང་རེད་ཅེས་བརྗོད་རྒྱུ་ཡིན།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་མིག་ཆུ་འམ་རིག་འཛི་་ཆོས་སྒྲོན་ལགས་སུ།
གོང་དུ་ངས་བཀོད་པའི་དྲི་བ་དེར་ལན་འདེབས་གནང་རོགས།
དེ་མིན་ཁྱེད་ཚོགས་པ་དེ་བོད་རིགས་སྤྱི་དང་བལ་སྡོད་བོད་མི་དང་ས་གནས་རྟ་མང་མི་རིགས་དབར་དབྱེན་སྦྱོར་དཀྲུག་ཤིང་ཚོད་མེད་བྱས་པ་ལ་ངོས་འཛིན་རྒྱུ་ཡིན།
སྐུ་ཕུང་བཙན་འཁྱེར་ལབ་འདུག བཙན་འཁྱེར་གྱི་ཚད་གང་འདྲ་ཞིག་ལ་འཇོག་དགོས་རེད། ཡང་ན་སུ་ལ་གནང་བ་ཞུས་ནས་འཁྱེར་དགོས་རེད། ཡང་ན་མ་འཁྱེར་བར་དེ་ག་རང་དུ་འཇོག་དགོས་སམ། ཁྱེད་རང་བཙན་སློབ་ཕྲུག་ཚོགས་པ་ལྟར་ན་གང་འདྲ་ཞིག་བྱེད་ན་འགྲིག་པ་རེད་དམ། དེའི་སྐོར་ལའང་ལན་ཞིག་གནང་སྐྱོང་ཞུ།
བལ་པོ་ཅི་ཞིག་སྡུག་ཀྱང་བོད་མི་བཙན་བྱོལ་བ་རྣམས་གཉེན་ཉེ་ངོ་ཐུག་བྱེད་ས་རྒྱལ་ཁབ་འདི་དང་ས་དང་ལམ་འདི་ཡི་བརྒྱུད་ནས་འགྲོ་མཁན་ཤ་སྟག་རེད་གལ་ཏེ་བལ་པོས་འགག་སྒོ་ཡོངས་སུ་རྫོགས་པར་བཀག་པའམ་ལྐོག་དངུལ་མ་ཟས་ན་བོད་མི་གཅིག་ཀྱང་བཏང་མེད་ན་གཞིས་བྱས་མཉམ་འཛོམས་ཡོང་བ་ཞིག་འདུག་གམ་གཉེན་འཕྲད་ལ་འགྲོ་ས་ཞིག་འདུག་གམ བྱས་དུས་ཆབ་སྲིད་པ་ཚོས་སྐད་ཆ་ཤོད་དུས་གཟབ་ནན་དགོས་པ་དང། ཆོས་ལུགས་པ་ཚོས་གཞན་གཅེས་རང་དོར་གཅིག་མ་བྱུང་ཀྱང་གཞན་ལ་ཕན་པ་ཞིག་མ་བསྒྲུབ་ཀྱང་གཞན་གྱི་ལུས་ངག་ཡིད་གསུམ་ལ་མི་གནོད་པའི་བསམ་བློ་ཞིག་གཏོང་དགོས་པ་འདྲ། དེས་ན་གནས་ཚུལ་གཉན་འཕྲང་འདི་འདྲའི་སྐབས་ལ་བཟོད་པ་སྒོམ་དགོས་པ་འདུག་གམ་གཡོལ་ཐབས་གནང་དགོས་པ་འདུག་གམ་ཤེས་ཀྱང་མ་ཤེས་ཁུལ་བྱེད་དགོས་པ་འདུག་ཏིག་ཏིག་ནན་ནན་བྱས་ཏེ་ཤོད་དགོས་པ་དང་བྱེད་དགོས་པར་སེམས། རང་མི་རིགས་དང་ཡུལ་ལུང་ལ་ལ་རྒྱ་མེད་པ་གང་ནས་ཡིན། འོན་ཀྱང་དུས་ཚོད་ཁ་ཆག་སྣ་རལ་གྱི་སྐབས་སུ་འདི་འདྲ་ཞིག་བསམ་བློ་མ་གཏོང་རང་གཏོང་རེད་སེམས། སྐྱེས་ཕོ་ཡི་ཁོག་རྒྱ་ཟེར་བ་དེ་་་་མདའ་ཤོང་མདུང་ཤོང་ཞིག་དགོས་པ་འདྲ།
མོ་ཡི་ཁོག་རྒྱ་དེ་་་་
ཆུ་ཡི་སྙིང་པོ་ལྦུ་བ།
ཨ་ལེ། ཕོ་མཆོག་མོ་དམན་གྱི་འདུ་ཤེས་་་་
སྐྱེ་དམན???
གཟབ་གཟབ་མ་བྱས་ན། བྱིས་པ་ཚོས་ཚང་མ་འཕྲོ་བརླག་ལ་གཏོང་གི་རེད། འདས་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྟགས་མཚན་ག་རེ་ཡོད། དེ་ལས་ཚོགས་པའི་དངུལ་བྱུང་སོང་གི་རྩིས་ཁྲ་དང། སྒེར་གཅོད་མགོ་ཁྲིད་པ་བརྗེ་བོ་རྒྱག་རྒྱུ་མེད་པ་དེ་ཚོ་མངཙོའི་ལམ་ལ་སྤྱི་མཚུངས་ཕྱིན་ན་དགའ།མཚུདེ་མིན་ཚོགསང
ཡོངས་སུ་མི་འཇོན་མཁན་དང་ནམ་ཡང་འཇོན་མི་སྲིད་པ་ཞིག་ཡོད་པ་་དེ་སྡ་སའི་ཆབ་སྲིད་དང་དེའི་འཁོར་དང་བཅས་པ་རེད། གནས་དེ་ལ་བརྟན་ན་ནམ་ཞིག་ལ་ང་ཚོའི་མི་རིགས་དང་མཐུན་བསྒྲིལ་ཡོངས་སུ་བརྩ་རླགས་འགྲོ་བ་ཉག་ཅིག་རེད། ཁོང་ཚོས་དུས་ནམ་ཡང་རང་ཉིད་ཆེ་འདོད་དང་གྲགས་འདོད་ལས་ནམ་ཡང་གཡོལ་མི་སྲིད། ཡིད་མ་ཆེས་ན་མགོ་ནས་འཇུག་བར་ལས་ཁང་ཁག་གི་ལས་བྱེད་དང་ཆབ་སྲིད་མི་སྣ་རེ་རེའི་བྱེད་གཏང་ལ་དཔྱོད་དང་ཤེས་ངེས་རེད།
ཨོ་ཡ་་་ངས་ཀྱང་ཏོག་ཙམ་བཤད་ན་འདོད། རྟ་མང་ཟེར་བ་མ་རེད་འདོད། རྟ་དམག་ཟེར་བ་རེད། རིགས་འདིའི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་བོད་བཙན་པོའི་སྐབས་སུ་བལ་པོ་ལ་དབང་བསྒྱུར་བྱས་སྐབས་ཀྱི་བོད་བཙན་པོའི་རྟ་དམག་རྣམས་བལ་ཡུལ་དུ་གཞི་ཆགས་སོང་བ་རེད། རྟ་དམག་གི་རིགས་རྒྱུད་འདི་དག་བོད་བཙན་པོའི་མི་རིགས་ཡིན་ངོ་མ་རེད། དེང་སང་བོད་བཙན་པོའི་མགོ་ལ་གླང་རྭ་བཙུགས་ནས་དམར་གསོད་བྱས་པས་རྒྱུ་འབྲས་འཁོར་ཡོང་གི་ཡོད་རེད། དགྲ་ཤ་ལེན་གྱི་ཡོད་རེད་འདོད།
བོད་བཙན་པོའི་རྒྱལ་པོ་ལྷ་སྲས་དར་མ་འུ་དུམ་བཙན་པོ་བལ་པོའི་མཆོད་རྟེན་བཞེངས་སྐབས་གླང་གི་སྐྱེ་བ་དང་ཕུང་འདྲེ་ལྷ་ལུང་དཔལ་རྡོར་མཆོད་རྟེན་བྱ་རོག་ཁ་ཤོར་བཞེངས་མཁན་གྱི་བུ་ཡི་སྐྱེ་བ་ཡིན་རབས་ཀྱི་རྫུན་གནམ་ས་ལ་མི་ཤོང་བ་བཤད་བསྡད་པ་རེད། བོད་བཙན་པོའི་རྒྱལ་ཁབ་ཀྱི་རྟ་དམག་གྱི་རིགས་རྒྱུད་ཚོ་ཡང་ལྷ་སྲས་འུ་དུམ་བཙན་པོ་ལ་དགའ་ཞེན་ལུས་ཡོད། རིགས་རྒྱུད་འདི་བོད་བཙན་པོའི་རྒྱལ་ཁབ་ཀྱི་རྟ་དམག་ཡིན་པའི་ཕྱིར།།།།
ལྷ་སྲས་འུ་དུམ་བཙན་པོའི་བུ་གཅིག་གི་ཕྱོགས་ཁ་འབྲུག་གི་ཡུལ་དུ་བྲོས་ཕྱིན་པ་རེད་ཅེས་ཟེར་གྱི་འདུག འབྲུག་པས་ཀྱང་བོད་བཙན་པོའི་རྒྱལ་རྒྱུད་ཀྱི་མགོ་ལ་རྭ་བཙུགས་མཁན་ཚོའི་རྐུབ་ལ་ཚ་ལྕགས་བརྒྱབ་པ་རེད། དངོས་གནས་དྲང་གནས་རྒྱུ་འབྲས་འཁོར་ཟེར་བ་འདི་འདྲ་ཞིག་ཡིན་གྱི་རེད་བ། ཧཧཧ
བལ་ཡུལ་མཆོད་རྟེན་གྱི་རྟ་དམག་ཚོས་ཏ་ལའི་བླ་མའི་སྐུ་དཔར་མཆོད་རྟེན་ཐོག་ཏུ་ཁུར་བཅུག་གི་མི་འདུག ཏ་ལའི་བླ་མའི་སྐུ་དཔར་ལ་རྡོག་འཇག་བརྒྱབ་ནས་འཁྲུངས་སྐར་དུས་ཆེན་སྐབས་སུ་བཅག་སོང་། བོད་བཙན་པོའི་རྒྱལ་ཁབ་ཀྱི་རྟ་དམག་བ་རྣམས་ག་རེ་བྱས་ནས་ཏ་ལའི་བླ་མའི་ཐོག་ཏུ་ཁོང་ཁྲོ་དེ་འདྲ་ཆེན་པོ་ལངས་ཀྱི་ཡོད་པ་རེད་དམ།་་་དྲི་བ་ཡིན། རྒྱ་གུན་ཁྲན་གྱིས་ཤུགས་རྐྱེན་རེད་ཟེར་ན་བདེན་ཁ་ཆེན་པོ་དེ་ཙམ་མེད།
བལ་ཡུལ་མཆོད་རྟེན་དོ་དམ་པ་ཁོ་རང་ཡང་དམར་ཕྱོགས་པ་ལ་དགའ་པོ་མེད། ཁོང་ཚོ་ལ་བལ་པོའི་མའོ་ཕྱོགས་ཁ་ཡིས་བཙན་དབང་ཐོག་ནས་ཕྲོགས་བཅོམ་བྱེད་བཞིན་ཡོད། མའོ་ཕྱོགས་ཁ་ཡིས་མེ་མདའ་ཁུ་ཡོང་ནས་མཆོད་རྟེན་དོ་དམ་པའི་ཁྱིམ་ཚང་ནང་དུ་འཛུལ་ནས་དངུལ་འཁྱེར་ཤོག་ཟེར་ཕྲོགས་བཅོམ་མྱངས་ཡོད་རེད།།
ཏ་ལའི་བླ་མའི་སྐུ་པར་ཁུར་ཆོག་དང་མ་ཆོག་ངེས་པ་མེད། རྟ་མང་ར་བཟི་ཞིག་གིས་ཆང་འཐུང་རྫས་དངུལ་ཆེད་སྐུ་པར་ཞིག་མཆོད་རྟེན་གྱི་རྒྱ་སྒོ་ཨ་མའི་ཐད་ཀར་དུ་ཁ་དར་ཁ་ཤས་ཀྱིས་དཀྲིས་ནས་འཇོག་གི་རེད། ཁོ་རང་ཕར་ཙམ་ནས་རྒྱང་ལྟ་བྱེད་སྡོད་གི་རེད། དེ་མིན་སྤྲང་པོ་གཞན་དག་གིས་འཁྱེར་འགྲོ་གི་ཡོད་པས་རེད།
རྟ་མང་ཞེས་བྲིས་པ་འདི་དག་ལ་ཁུངས་དང་ལུང་ག་རེ་ཡོད་དམ།།
མིག་ཆུ་ལགས། མེ་ཏོག་དཀར་པོ་ཞེས་པ་འདི་བལ་པོའི་མི་བོད་པར་རྫུ་མཁན་ཞིག་རེད། འདིས་སྐད་ཆ་ལ་གང་ཡང་ཉན་རྒྱུ་མེད། མི་འདིས་རང་འདོད་ཁོ་ན་ལས་དྲང་བདེན་ནམ་ཡང་བཤད་མྱོང་མེད། རྟ་དམར་བར་མཚོན་ན་བོད་རིགས་ཡིན་པ་མ་ཟད། ཆོས་དང་རིགས་གཞུང་ཚང་མ་བོད་པ་དང་གཅིག་པ་རེད། ཁོང་ཚོས་བོད་པ་ལ་ཕན་མ་ཐོག་ཀྱང་གནོད་བསྐྱལ་དོན་གཏན་ནས་མེད། འོན་ཀྱང་ད་བར་བོད་དོན་ལས་འགུལ་བ་མང་པོ་ལ་རྡུང་རྡེག་ཚད་མེད་བཏང་ཡོད། བལ་ཡུལ་ཉེན་རྟོག་པ་ལས་ཀྱང་སྡུག་པའི་ལས་ཀ་བྱས་ཡོད། ཁོང་ཚོས་དགེ་འདུན་པ་ཁོང་གི་སྐུ་ཕུང་བོད་པར་རྩིས་སྤྲོད་མ་ཐུབ་ཀྱང་། བོད་པ་ཚོར་པར་ལེན་གཅུག་དགོས་ངེས་རེད། འོན་ཀྱང་ཁོང་ཚོས་སྐུ་ཕུང་རྩ་ལ་འགྲོ་མ་གཅུག་པ་དང་སྐུ་ཕུང་ལ་པར་ལེན་རྒྱུར་ཡང་བཀག་འགོག་བྱས་འདུག འདི་ནི་འགྲོ་བ་མིའི་སྤྱོད་ཚུལ་ལས་འདས་པ་ཞིག་རེད།
Tamang འདི་རེད།
ལར་ནས་ང་ཚོའི་དྲ་འབུ་འདི་ཚོ་རྒྱ་ནག་གཞུང་གི་ཕོག་ཟན་ཡིན་མ་འདྲ། དོལ་རྒྱལ་ཚོགས་པའི་ཚོགས་མི་ཡིན་ན་འདྲ། གང་ལྟར་ག་དུས་ཡིན་རུང་དཀའ་ངལ་ནམ་འཕྲད་ལ་མདུང་རྩེ་ནང་ལ་སྐོར་ནས་བཙན་བྱོལ་སྒྲིག་འཛུགས་དང་གོང་ས་མཆོག་ལ་གཅིག་བཤད་སྡད་པ་ལས་ཕྱི་ལ་ཁ་སྐོར་ཐུབ་མཁན་ཞིག་མེད་པ་མངོན་གསལ་རེད།
ལུག་གོག་རང་རེད། བལ་ཡུལ་དུ་རང་ལུས་མེར་བསྲེགས་ཞེས་པའི་ནང་པར་འདུག་ག འོ་ཛི། ང་སུ་ཡིན་རུང་དྲིས་པའི་དྲི་བ་ལན་དགོས་སོ།།
པར་དེ་ཚོ་མི་མང་ཁྲོད་ནས་བཀག་འགོག་བྱེད་མ་ཐུབ་པར་རྒྱབ་སོང་བ་རེད་མ་གཏོགས་རྟ་དམར་བ་བཟང་དྲག་ནས་རྒྱག་གཅུག་པ་མ་རེད་ད། མེ་ནག
ང་དོལ་རྒྱལ་པ། ཉོན་ཨ་གསོལ་ཀ་ཞིག་འདོན། དགེ་ལྡན་བསྟན་ལ་སྲེ་སླད་བྱེད་པ་ཡི།།བདག་ཉིད་ཆེ་དང་ཕལ་དང་དཔོན་ཆེན་སོགས།།ཐལ་བའི་རྡུལ་དུ་རློག་པར་བྱེད་པ་ཡི།། དགེ་ལྡན་བསྟན་པའི་སྲུང་མ་ཁྱོད་ལ་བསྟོད།། འདི་ཉིན་རེ་ཚར་བཅུ་འདོན་གི་ཡོད།
དགེ་སྐོས་ལོང་རྟོགས་ལགས། ཤུགས་ལྡན་ཚོགས་པའི་ཐོག་ཏུ་དམའ་འབོད་བྱས་མ་བསྡད། ཆོས་ལུགས་ཀྱི་གནད་དོན་དང་ཐུག་དུས་མི་རིགས་ཀྱི་བརྩེ་སེམས་ཁྱིའི་གཡུགས་གཡུགས་བྱེད་མ་སྡོད་རོགས་བྱོས། བོད་མི་རིགས་ཀྱི་ཆིག་སྒྲིལ་ལ་གནོད་ཀྱི་འདུག ངར་ཡ་ཡོད་ན་རྒྱ་གུན་ཁྲན་ཐོག་ཏུ་ངར་རོགས་བྱོས།
ཅོ་རི་ལགས། མི་རིགས་ཀྱི་བརྩེ་སེམས་ཁྱིའི་གཡུག་གཡུག་བྱེད་མཁན་དོལ་ཚོགས་རེད། ཁོང་ཚོས་འདྲེ་ཞིག་གི་ཆེད་དུ་བླ་མ་གཡུག་པ་རེད་ལ། དམ་ཚིག་གཡུག་པ་རེད། ད་དུང་མི་གསོད་ཁྲག་སྦྱོར་བྱས་པ་རེད་ལ། རྒྱ་དམར་གྱི་རྒྱུག་ཁྱི་ཡང་བྱས་པ་རེད། དེ་ཚོ་ཤེས་པར་གྱིས་ཤིག
ད་དུང་བཤད་རྒྱུ་ཞིག་ལ་མི་རིགས་ཀྱི་ཆིག་སྒྲིལ་གནོད་ངོ་མ་མདུང་ཁ་ནང་ལ་སྐོར་ནས་རྟག་ཏུ་སོ་སོའི་དབུ་ཁྲིད་དང་གཞུང་ལ་ཁ་གཏོང་མཁན་དེ་ཚོས་གནོད་ཀྱི་འདུག འདི་ཡང་ཤེས་པར་གྱིས་ཤིག
ལུང་རྟོགས་ལགས། འདི་འདྲེ་རེད་དེ་ལྷ་རེད་ཟེར་བ་འདི་རྟོག་བཏགས་ཁོ་ན་རེད། ལྷ་འདྲེ་གང་ཡིན་ཀྱང་རང་སོ་སོས་དད་པ་བྱས་བསྡད་ཀྱི་ཡོད་རེད། ནང་པའི་ངོས་ནས་ཕྱི་རོལ་མུ་སྟེགས་པའི་སྐྱབས་གནས་ཚང་མར་འདྲེ་དང་མུ་སྟེགས་པའི་ངོས་ནས་ནང་པའི་སྐྱབས་གནས་འདྲེ་རེད་ཟེར་གྱི་རེད། ཁ་ཆེ་དང་ནང་པ་གཉིས་ཀྱི་བར་དུ་དཀའ་ངལ་ག་ཚོད་ཤིག་མེད་དམ། ཨ་གྷ་ནིས་སི་ཐན་ནང་དུ་ཤཀྱའི་ཐུབ་པའི་སྐུ་འདྲ་གཏོར་བ་ཡིན་པ། འདྲེ་ལ་སྐྱབས་སུ་འགྲོ་མཁན་ཡིན་ནའང་འགྲོ་བཅུག ཆོས་དད་རང་དབང་རེད། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཆོས་དད་རང་དབང་ཞིག་སྤྲད་པ་དེ་ལྷ་ལ་དད་ཆོག་པའི་རང་དབང་དང་འདྲེ་ལ་དད་མི་ཆོག་ཟེར་བའི་ཁྲིམས་མ་རེད། རང་ཉིད་སུ་ལ་དད་ན་དད་ཆོག་པའི་ཆོས་དད་རང་དབང་རེད།
གཉིས་པ། བླ་མ་གཡུགས་སོང་ཟེར། དགེ་བའི་བཤིས་གཉེན་ཁྲི་བྱང་བླ་མར་གཡུགས་མཁན་ཤུགས་ལྡན་ཚོགས་པ་མ་རེད་བ།
གསུམ་པ། དམ་ཚིག་གཡུགས་སོང་ཟེར། དམ་ཚིག་ལ་འགྱུར་བ་བཏང་མ་ཐུབ་མཁན་དང་གཡུགས་མ་ཐུབ་མཁན་ཤུགས་ལྡན་ཚོགས་པ་རེད་བ།
བཞི་པ། མི་བསད་སོང་ཟེར། མྱི་བསད་ཡོད་ན་ཁྲིམས་ལ་གཏུགས་མཁན་རྒྱུགས་དང་། ཤུགས་ལྡན་ཚོགས་པ་ཁྲིམས་མཐུན་གྱི་ཚོགས་པ་དང་། ཨ་རིའི་གཞུང་ལ་དེབ་སྐྱེལ་ཡོད་པའི་ཚོགས་པ་ཡིན་ཟེར་ནས་བསྒྲགས་ཀྱི་འདུག་ག མི་བསད་ཡོད་བདེན་པ་ཡིན་ན་ཨ་གཞུང་གི་ཁྲིམས་ཐོག་ནས་ཐག་ཆོད་ཡོང་གི་རེད།
ལྔ་པ། རྒྱ་མིའི་རྒྱུགས་ཁྱི་རེད་ཟེར། གནད་དོན་འདི་ནི་ངས་གསལ་པོ་མི་ཤེས། བཙན་བྱོལ་ནང་དུ་ཉམ་ཆུང་ཚོའི་ཐོག་ཏུ་རྒྱ་མི་སོ་བ་རེད་ཅེས་བཤད་བསྡད་པར་ཤེས་ཀྱི་ཡོད། ཤུགས་ལྡན་སྒྲིག་འཛུགས་ཀྱི་སྒྲིག་གཞིའི་ནང་དུ་གུན་ཁྲན་གྱི་ཁྲིམས་ལུགས་བརྩི་སྲུང་བྱེད་ཀྱི་ཡིན་ཟེར་ནས་བྲིས་འདུག་གམ། ཁོ་ཚོ་རྒྱ་ཁུངས་སྡོད་ཀྱི་ཡིན་ཟེར་ནས་ཆ་གཞི་འདུག་གམ། དེ་འདྲ་གསལ་པོ་ཡོད་ན་རྒྱ་དམར་གྱི་རྒྱུགས་ཁྱི་རེད་ཟེར་ན་དོན་དང་བདེན་པ་རེད།
ང་དོལ་རྒྱལ་པ་ཡིན། བླ་མ་དོར་མེད། ཁྲི་བྱང་ཟོང་བསྟེན་ཡོད། མི་རིགས་ལ་རྒྱ་གཡུག་མེད། རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། ཧ་ཧ་
རྒན་ལ་དྭགས་པ་ལགས། ཅུང་ལེགས།
འདྲེན་པ་ཅེས་པའི་དོན་དག་ནི་དེང་སང་གི་མིའི་གོ་སླ་བ་ལ་སྒྱུར་ན་མི་གཏོང་བ་ཅེས་པ་གོ་ན་འགྲིག་གི་རེད། དགེ་འདུན་པ་ཚོ་ནི་མྱི་གཏོང་མཁན་རེད། ཁོང་ཚོས་བདེ་ཆེན་དག་པའི་ཞིང་ཁམས་སུ་གཏོང་གི་རེད། དེ་ལ་བདེ་ཆེན་དག་པའི་ཞིང་ཁམས་སུ་ཡར་འདྲེན་བྱེད་པ་ཟེར་ནའང་འདྲ། ཞིང་ཁམས་སུ་གཏོང་བ་རེད་ཟེར་ནའང་འདྲ་་་་གཅིག་པ་རེད།
མྱི་གཏོང་མཁན་ལ་དབྱེ་བ་ཕྱེས་ན་གཉིས་ཡོད་རེད། གཅིག་ནི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ནང་དུ་མི་གཏོང་མཁན་ཚོ་རེད། གཅིག་ནི་བདེ་ཆེན་དག་པའི་ཞིང་ཁམས་སུ་མྱི་གཏོང་མཁན་ཚོ་རེད། ནུབ་ཕྱོགས་ཡུ་རོབ་དང་ཨ་རི་སོགས་ལ་མི་གཏོང་གླ་ཆེན་པོ་ཡིན་པར་འདྲ། ཡིན་ཀྱང་ཁོ་ཚོས་བྱ་བ་མཐར་ཐུག་སྒྲུབ་ཐུབ་ཀྱི་འདུག
བདེ་ཆེན་དག་པའི་ཞིང་ཁམས་སུ་གཏོང་མཁན་ཁོ་རང་ཚོས་ཡང་བདེ་ཆེན་དག་པའི་ཞིང་ཁམས་མཐོང་མྱངས་ཡོད་ས་མ་རེད་ལ་འགྲོ་མྱངས་ཡོད་ས་མ་རེད། དེ་འདྲ་ཡིན་དུས་མི་ཡར་འདྲེན་མཁན་ཚོ་ལ་ཡིད་ཆེས་དེ་ཙམ་བྱེད་དཀའ་བ་ཡིན་ས་རེད།།་་ཧཧཧཧ
པར་དེ་གཉིས་ནང་ལ་ཟུར་ཚང་མ་མིས་ཁེངས་ནས་ལྷོད་ཤིག་གེར་བལྟས་འདུག་པ་དང་གཅིག་གིས་ཉེ་ཁྲིས་པར་བླང་བཞིན་འདུག བཀག་འགོག་བྱེད་མཁན་རྡོག་པོ གཅིག་ཀྱང་མཐོང་རྒྱུ་མིན་འདུག ལུག་གོག་འདིས་བཀག་འགོག་བྱས་པ་ག་འདྲས་མཐོང་ཡིན་ནམ།
ཅོ་རི་ལགས། ནང་པའི་ངོས་ལ་འདྲེ་ཡིན་པ་དེ་ནམ་ཡང་འདྲེ་ཡིན་པ་ལས་ལྷ་ལ་འགྱུར་མི་སྲིད་པ་རེད་ལ། ཕྱི་རོལ་པ་ཡིན་ཡང་དེ་བཞིན་རེད། དེས་ན་བོད་མི་ཕལ་མོ་ཆེའི་ངོ་ལ་དོལ་རྒྱལ་ནི་ནམ་ཡང་འདྲེ་ཡིན་པས་དེའི་ངོ་བོ་ལ་ནམ་ཡང་འགྱུར་བ་འགྲོ་མི་སྲིད། དོལ་རྒྱལ་རྟེན་པ་ནི་ཆོས་བྱས་པ་ཞིག་གཏན་ནས་མིན་པས་དེ་ཆོས་དད་རང་དབང་དང་འབྲེལ་བ་མེད་པ་རེད། ལྷ་འདྲེ་རྟེན་ཚད་ཆོས་བྱས་པ་ཡིན་ན་དེ་ནི་ཧ་ཅང་ཐལ་སོང་བ་རེད། དགེ་བའི་བཤེས་གཉེན་ཁྲི་བྱང་བླ་མ་གཡུག་ཞེས་པ་འདི་གོང་ས་མཆོག་ལ་ཟུར་ཟ་ཡིན་ཁུལ་འདྲ་ཡང་། གོང་ས་མཆོག་གིས་དོལ་རྒྱལ་བཀག་པ་དེ་ཁྲི་བྱང་ལ་བཀའ་འདྲི་དགོངས་སྐོར་ཞུས་ནས་བཀའ་ཡོངས་སུ་ཐོབ་པ་ཡིན་ཞེས་ཡང་བས་བསྐྱར་དུ་གསུངས་འདུག་པས་ང་ཚོ་ནི་དེ་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། རེད་བླ་མའི་དམ་ཚིག་ལས་འདྲེ་ཞིག་གི་དམ་ཚིག་གཙོ་བོར་བཟུང་མཁན་ཤུགས་ལྡན་ཚོགས་པ་ཡིན་ངོ་མ་རེད། དོལ་ཚོགས་ཀྱིས་མི་བསད་ཡོད་མེད་ཐད་བོད་མི་ཚང་མའི་སེམས་ལ་གསལ་གསལ་ཐིང་ཐིང་ཡིན་པས་དེའི་ཐད་ལ་གསལ་བཤད་དགོས་དོན་མི་འདུག རྒྱ་མའི་རྒྱུག་ཁྱི་ཡིན་མིན་དོལ་ཚོགས་ཀྱི་བྱ་སྤྱོད་ལ་ལྟོས་དང་ཤེས་གསལ་རེད། དཔེར་མཚོན་གཅིག་བཤད་ན་ཁྲི་ཟུར་ལུང་རིག་རྣམ་རྒྱལ་གྱིས་རྒྱ་མའི་པཎ་ཆེན་དང་མཇལ་འཕྲད་བྱས་པ་དང་། གོང་ས་མཆོག་ལ་ངོ་རྒོལ་བྱས་པ། ཁོང་ཚོའི་དཔལ་འབྱོར་གྱི་ཡོང་ཁུང་རྒྱ་ནག་ཡིན་པ་སོགས་དཔེ་མཚོན་མང་པོ་རེད།
མེ་ཏོག་ནག་པོ་འུར་མ་རྒྱག ང་ས་གནས་འདི་རང་ལ་ཡོད་པས་གནས་ཚུལ་གསལ་པོ་ཤེས་ཡོད། ཁྱོད་ཚོའི་ཚོད་དཔག་ལྟ་བུ་མ་རེད། ད་དུང་ཡིད་མ་ཆེས་ན་དེ་རིང་གི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་གཏམ་གླེང་ཞལ་པར་ལས་ཚན་ལ་ཉོན་དང་། དོན་རྐྱེན་བྱུང་སར་དངོས་སུ་ཡོད་པའི་མིའི་སྐད་ཆ་བཤད་འདུག མངོན་སུམ་ལ་སྙོན་འདོད་ན་ནི་དེར་ཟད།
ཨོ་ཡ་་་དགེ་སྐོས་ལོང་རྟོགས་ལགས།
དང་པོར། ཆོས་དད་རང་དབང་ཅེས་ཆོས་དེའི་མཚན་ཉིད་ཤིག་བཞག་རོགས་བྱོས་དང་། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཡོད་པའི་ཆོས་དད་རང་དབང་ཡོད་ཅེས་ཆོས་ལུགས་ཤིག་ཡིན་ན་ག་འདྲ་ཞིག་ཡིན་དགོས་པ་རེད་དམ། དང་པོར། འདིར་ཐག་གཅོད་བྱོས། དེ་ནས་སྐད་ཆ་འོག་མ་རྣམས་ཀྱི་ཐོག་ཏུ་བཤད་ན་མ་རེད་པེ།། དྲང་བདེན་དང་རྒྱུ་འབྲས་ཡོད་པའི་སྐད་ཆ་བཤད་རོགས་བྱོས།
༤༥༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༧ གི་ཆུ་ཚོད་ ༡༡ སྐར་མ་ ༢༡
ཨོ་ཡ་་་དགེ་སྐོས་ལོང་རྟོགས་ལགས།
དང་པོར། ཆོས་དད་རང་དབང་ཅེས་པའི་ཆོས་དེའི་མཚན་ཉིད་ཤིག་བཞག་རོགས་བྱོས་དང་། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཡོད་པའི་ཆོས་དད་རང་དབང་ཡོད་ཅེས་པའི་ཆོས་ལུགས་ཤིག་ཡིན་ན་ག་འདྲ་ཞིག་ཡིན་དགོས་པ་རེད་དམ། དང་པོར། འདིར་ཐག་གཅོད་བྱོས། དེ་ནས་སྐད་ཆ་འོག་མ་རྣམས་ཀྱི་ཐོག་ཏུ་བཤད་ན་མ་རེད་པེ།། དྲང་བདེན་དང་རྒྱུ་འབྲས་ཡོད་པའི་སྐད་ཆ་བཤད་རོགས་བྱོས།
ཅོ་རི་ལགས། ཆོས་ཤིག་ཡིན་ལྟ་གྲུབ་ཞིག་དགོས་པ་རེད། ལྷ་མཆོད་འདྲེ་མཆོད་ལ་ལྟ་གྲུབ་ཅི་ཡང་མེད་པ་རེད། ཁྱེད་གདན་སའི་དགེ་བཤེས་ཤིག་ལ་འདི་འདྲ་བཤད་དགོས་དུས་ལེན་པོ་མི་འདུག་སྟེ། དྲི་བ་དེ་ལ་ལན་ཞིག་མ་རྒྱག་རང་རྒྱག་ཆགས་སོང་། ཧཧ
ཁ་ཆེ་བའི་ཨ་ལ་ཞེས་པའི་སྐྱབས་གནས་དེ་ནང་པའི་ངོས་ནས་བཤད་ན་ལྷ་རེ་དམ་འདྲེ་རེད། རྒྱ་གར་བའི་དམར་མཆོད་ཕུལ་སའི་སྐྱབས་གནས་དེ་ཚོ་ལྷ་རེད་དམ་འདྲེ་རེད། ཆོས་བྱེད་ན་ག་འདྲ་ཞིག་བྱེད་དགོས་པ་རེད་དམ། ་་་་ངོ་མ་ཁྱོད་ཀྱི་གོང་གི་སྐད་ཆ་དེ་དག་ལ་བལྟས་ན་ཕྲུ་གུ་ཆུང་ཆུང་འདྲ་པོ་རེད་འདུག
ཤཀྱ་ཐུབ་པ་མ་གཏོགས་ལྷ་མེད། ནང་བསྟན་མ་གཏོགས་ཆོས་མིན་ཟེར་ས་རེད་ད་་་་་་ཧཧཧཧཧ
ཨོ་ཡ་་་་ད་འགྲིག་སོང་འགྲིག་སོང་་་་རྗེས་སུ་ཤུགས་ལྡན་ཚོགས་པའི་ཐོག་ཏུ་དམའ་འབོད་བྱེད་སྡོད་རོགས་བྱོས་ཅེས་རེ་བ་ཡིན། ཁོ་རང་ཚོ་ཡང་ཤུགས་ལྡན་ལ་དད་པ་ཆེ་པོ་ཡོད་པར་འདྲ། བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད་ཀྱི་འདུག ད་དུང་བོད་པ་ཁ་ཆེ་བ་དང་བོན་པོ་སོགས་ཀྱང་ཡོད་རེད། དེ་ཙམ་ཡིན། མཚམས་བཞག་གི་ཡིན་་་་ཧཧཧཧ
ཨོ་ཡ་་་་ད་འགྲིག་སོང་འགྲིག་སོང་་་་རྗེས་སུ་ཤུགས་ལྡན་ཚོགས་པའི་ཐོག་ཏུ་དམའ་འབོད་བྱེད་མ་སྡོད་རོགས་བྱོས་ཅེས་རེ་བ་ཡིན།ཞེས་བཅོས་རོགས་བྱོས་་་་ཧཧཧ
ཁ་ཆེའི་ཨ་ལ་དང་རྒྱ་གར་གྱི་དམར་མཆོད་ཕུལ་ས་དེ་ཚོ་ནང་པའི་ངོས་ནས་ལྷ་འདྲེ་གང་ཡང་མ་རེད། དེ་ཚོ་ཡོད་མེད་ཀྱང་ཐེ་ཚོམས་རེད། ཆོས་བྱེད་དུས་དགེ་བ་སྒྲུབ་སྡིག་པ་སྤང་དགོས་པ་རེད། མ་གཞི་ནས་དགེ་བཤེས་ཤིག་གིས་དྲི་བ་ཅོལ་ཆུང་དེ་འདྲ་མ་དྲི་ན་མི་ལེགས་སམ།
ཤུགས་ལྡན་ཚོགས་པས་ཡིན་ལུགས་ཚུལ་ལྡན་བྱས་ན་དམའ་འབེབ་བྱེད་དོན་མེད་པ་རེད། བྱ་བ་ངན་པ་སྒྲུབ་ན་འབྲས་བུ་ངན་པ་ཡོང་རྒྱུ་ཆོས་ཉིད་རེད།
ད་ཡང་བསྐྱར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རིག་འཛིན་སྒྲོལ་དཀར་ལགས་སུ།
གོང་དུ་ངས་བཀོད་པའི་མཆན་བུ ༡༨་༡༩ གཉིས་ལ་ལན་ཞིག་ངེས་པར་བྲིས་རོགས།
སྒུགས་སྡོད་ཡོད། ད་དུང་མཆན་བུ ༡༦ པ་དབང་འདུས་ཀྱིས་བྲིས་པ་དེ་བཀླགས་ནས་བསམ་ཚུལ་བྲིས་རོགས།
སྒུགས་ཡོད།
མི་ལས་བལྟས་ན་འཁོར་བ་སྨྱོ།
འཁོར་བས་བལྟས་ན་མི་ལ་སྨྱོ།
ཞེས་དང་།
ཁྱོད་གཉའ་ལམ་གྱི་བུ་མོ་སྤུན་གསུམ་དང་།།
ང་གུང་ཐང་གི་མི་ལ་རས་པ་གཉིས།
སྙིང་ཡང་ཕར་རྗེ་ཚུར་རྗེ་ཡིན།
ཞེ་ཡང་ཕར་ཁྲེལ་ཚུར་ཁྲེལ་ཡིན།
ཞེས་པའི་གསུང་དེ་ཚོ་ལུག་གི་སྐེ་ལ་བཀོན་རྒྱུ་ཡིན།
ཁ་སེང་བལ་ཡུལ་མཆོད་རྟེན་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་དེའི་མཚན་ལ་ཀརྨ་ངེས་དོན་རྒྱ་མཚོ།
མཚན་གཞན་ བསྟན་པ་འབྲཡག་རྒྱལ།
སྐྱེས་ཡུལ་ འདན་གཞུང་རྫོང་ཡངས་པ་ཅན་གྲོང་བརྡལ།
དགུང་ལོ་ ༣༨
ཕ་མིང་ འཇམ་དབྱངས་བཀྲ་ཤིས།
མ་མིང་ དབུ་རྒྱན།
བོད་ནས་འཚོ་ཐབས་ ཡངས་པ་ཅན་དུ་ཡོད་པའི་ཞྭ་དམར་རིན་པོ་ཆེའི་དགོན་པའི་གྲྭ་བ།
འོ་ལྟོས་འ། ཞྭ་དམར་བོད་པའི་གྲལ་ནས་གནས་དབྱུང་བཏང་སོང་ང་། ད་ཁོའི་གྲྭ་པ་ཞིག་གིས་གཅེས་པའི་ལུས་སྲོག་བོད་དོན་ལ་བཏང་འདུག་ག
ཧ་ཧ་ཧ། ལུག་གོག་གིས་ངའི་ཾ་ལ་རྡོ་རྗེ་རྒྱ་གྲམ་རྒྱབ་ཡོད་ཟེར། རང་སེམས་གསོ་བའི་ཐབས་ཡིན་མ་དེར་ཟད། གཞན་སྙིང་རྗེ་ཡ་རང་རེད།
ཧཧཧ་་་ད་ཡིན་ན་མེ་དཀར་འུ་ཐུག་འདུག
ང་འུ་ཐུག་གི་འདུག ང་ཚོ་ལ་ཅིག་ཐོབ་མ་སོང་། ཉིག་འགྲིག་མ་སོང་། ཁོས་འདི་བྱས་སོང་། བལ་པོས་བལ་ཡུལ་བལ་ཁྲིམས་གཏོང་གོ་འདུག འབྲུག་ལ་འབྲུག་ཁྲིམས་གཏོང་གི་འདུག མཆོད་རྟེན་ནང་མེར་བསྲེགས་པའི་བེམ་པོ་གཞུང་གིས་འཁྱེར་སོང་ཟེར་བ་ལྟ་བུ་དང་། ཡང་འདི་ཚོ་ལ་ཡོ་སྲང་མེད་པ་དཔྱད་གཏམ་སྤེལ་བ་ན། དོལ་རྒྱལ་ལོ། རྒྱགས་ཁྱི་ལོ། སོ་པ་ལོ། དམར་སྲུང་ལོ། དངོས་གནས་འུ་ཐུག་གི་འདུག
ད་དུང་བོད་ལ་ཕན་པ་སྣ་གཅིག་མ་བྱས་ཀྱང་ཆོས་ཀྱི་ཉི་མ་ལ་ཀུན་གཟིགས་ཞེས་ཆེ་བསྟོད་དང་དེའི་ཆེད་ཟས་བཅད་སོགས་སྣ་དགུ་བྱེད། བོད་ལ་གནོད་པ་སྤུ་ཙམ་མ་སྐྱེལ་ཀྱང་རྒྱལ་མཚན་ནོར་བུ་ལ་རྫུན་མ་སོགས་ངན་སྨད་བྱས་དང་བྱེད་བྱ་བ་འདི་དག་ལ་འུ་ཐུག
འོ་རེད། ཁྱོད་རང་བོད་པ་རྫུན་མ་བལ་པོའི་མི་རྒྱ་དམར་གྱི་རྒྱུག་ཁྱི་ཡིན་པ་དེ་སུས་ཀྱང་བཤས་མི་དགོས་པར་རང་ཉིད་ཀྱིས་ཁས་ལེན་བྱས་སོང་། ད་ཁྱེད་རང་གིས་གང་བཤད་ཀྱང་ཡིད་ཆེས་བྱེད་མཁན་ཡོང་གི་མ་རེད་ལོ། དེ་ལས་ཁ་བརྡ་ནང་ལ་མ་ཡོང་ན་ཡག་གི་རེད།
ཁ་བརྡ་ནི་ང་ཚོ་བོད་པ་ཚོའི་བདེ་སྡུག་བཤད་ས་རེད་མ་གཏོགས་ཁྱོད་ཚོས་གོ་སྐབས་འཚོལ་ས་མ་རེད། གོ་ཨེ་སོང་བལ་ཕྲུག་མེ་དཀར་ལགས།
ཨ་དྭ། དོལ་རྒྱལ་ཚོགས་པའི་ཚོགས་མི་བོད་པ་ཡིན་ན་གོ་རང་ཚོ་ལ་ཐོབ་ཐང་དགོས་ཐམས་ཅད་རེད། དྭ་གོ་རང་་ཚོ་ལོགས་སུ་མཐོན་དགོས་པ་བྱུང་པ་རེད། བོད་དུ་དོལ་རྒྱལ་བསྟོན་མཁན་མང་པོ་ཡོད་ས་རེད། དྲང་པོ་བཤད་ན་ཕྱི་རྒྱལ་ཁག་ལ་མང་རུ་མང་རུ་འགྲོ་གཞིན་འདུག ད་གོ་རང་ཚོ་ལ་ཆོས་ཁག་གཅིག་དང་ཆོས་ལུགས་གཅིག་གི་ཐོབ་ཐང་སྤྲོད་དགོས་ས་རེད། མ་སྤྲོད་རང་སྤྲོད་རེད་འདུག བོད་མི་ཚང་མ་མཆིག་སྒྲིལ་དགོས་ན་དྲང་པོ་བྱེད་དགོས་རེད།
༼དགོས་ཐག་ཆོད་རེད༽བཅོས་རོགས་ཞུ།