འདྲེན་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
སྲིད་སྐྱོང་མཆོག་གིས་ལས་ཁུར་གནང་སྟེ་ལོ་གཉིས་འཁོར་བའི་དུས་ཚེས་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་རྒྱས་པའི་ཐོག་གསུང་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་དང་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་གནང་སྟེ་ལོ་གཉིས་ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་ གནས་ཚུལ་ཞིབ་འཕྲོས་འདིར་གཟིགས། http://bod.asia/2013/08/སྲིད་སྐྱོང་མཆོག་གིས་ལས-3/
སྲིད་སྐྱོང་ལགས་ཀྱིས་སྲིད་བསྐྱངས་ནས་ལོ་གཉིས་འཁོར་བའི་རྟེན་འབྲེལ་མཛད་སྒོ་གལ་ཆེན་ཡིན་ན་ཐང། ང་ལ་དེ་ལས་ལྷག་པའི་གལ་ཆེན་ཞིག་ཡོད་པ་ནི་སྲིད་སྐྱོང་གིས་སྲིད་མ་བསྐྱངས་སྔོན་དུ་ཁོ་་སྲིད་སྐྱོང་ལ་བདམས་པ་ཡིན་ན་ཁོས་རིགས་གཅིག་རྐང་འཛིན་ཁྲི་གཅིག་སྐྱེད་བསྲིང་བྱེད་རྒྱུ་ཟེར་བ་དེར་ངས་ད་དུང་ཉན་ནས་བསྡད་ཡོད་ད་ད་དུང་ཅང་མ་གོ་ཐལ། འདི་ནམ་ཞིག་ལ་གོ་ཐུབ་རྒྱུ་ན་་་་མི་ཁྲི་གཅིག་་་་་བསྐྱེད་བསྲིང་་་་་་རིགས་གཅིག་རྐང་འཛིན་་་་་་་ངོ་མ་ལས་སླ་བོ་མ་རེད་ཡ་་་་་ཡིན་ནའང་ད་འགོ་འཛུགས་རན་ཡོད་རྒྱུ་རེད་པ་་་་་་་
ཞེ་གཏིང་ལ་ཆོས་ཀྱིས་རླན་ཞིང་། ཆབ་སྲིད། དཔལ་འབྱོར་གཉིས་ཚེ་འདིའི་འཚོ་ཐབས་ཙམ་ལ་ལྟ་ཐུབ་པའི་སྲིད་འཛིན་ཞིག་བྱུང་ན་བོད་ཀྱི་དབུ་ཁྲིད་དུ་རུང་བ་རེད། དེ་ལྟར་བྱུང་ན་བཀྲ་ཤིས་བདེ་ལེགས།
དང་པོ།
སྲིད་སྐྱོང་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཡོད། ཡིན་ན་ཡང་། ང་ནོར་མེད་ན། འདས་བའི་ལོ་གཉིས་དེ། བློ་བཟང་སེང་གེ་ཁྱེད་རང་འཛམ་གླིང་གཡས་སྐོར་གཡོན་སྐོར་བྱས་ནས་རྫོགས་སོང་དྲན། ངས་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཀློགས་གི་ཡོད། འབྲི་གི་ཡང་ཡོད། ཡིན་ན་ཡང་། ཁྱེད་ཀྱི་བཀའ་ཤག་གིས་བཞག་པའི་བྱས་རྗེས་དང་གྲུབ་འབྲས་ངས་མཐོང་མ་སོང་། འཛམ་གླིང་གཡས་སྐོར་གཡོན་སྐོར་བྱས་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་བེད་སྤྱོད་གཏོང་བ་དེ་ངས་གྲུབ་འབྲས་ལ་མི་བརྩི། འགྲོ་སོང་དང་དུས་ཚོད་འཕྲོ་བརླག་ལ་བརྩི་གི་ཡོད།
གཉིས་པ།
ཁྱོད་ཀྱི་བཀའ་ཤག་ལ་གྲུབ་འབྲས་སྟོན་རྒྱུ་གཅིག་ཡོད་ན། དེ་སྲིད་ཇུས་ཉམས་ཞིབ་ཁང་ཟེར་བ་དེ་ཡིན་སྲིད། ཡིན་ན་ཡང་། དེ་ནི་གསར་གཏོད་བྱས་བ་ཅི་ཡང་མིན་པར་སྔར་ཡོད་པ་དེ་ཚོ་ཕྱོགས་གཅིག་ལ་སྡོམ་པ་ལྟ་བུ་ཞིག་རེད། མིང་སྙན་པོ་ཞིག་བཏགས་པ་ཙམ་རེད། ད་ཡོད་སྲིད་ཇུས་ཉམས་ཞིབ་ཁང་གི་ལས་བྱེད་ཚོའི་ཁོངས་ན། གཙུག་ལག་སློབ་ཁང་གི་ཞིབ་འཇུག་གྲུབ་འབྲས་ཡོད་མཁན་གཅིག་ཡོད་མེད་ཙམ་རེད། མི་འདི་འདྲ་ཏག་ཏག་གིས་སྲིད་ཇུས་ལ་ཉམས་ཞིབ་ག་འདྲ་སེ་བྱེད་ཐུབ་གི་རེད་དམ།
གསུམ་པ།
ཁྱོད་ཀྱིས་བོད་མི་མང་ལ་ད་དུང་ཡང་མགོ་སྐོར་གཏོང་ཐུབ་སྲིད། རྒྱུ་མཚན། བོད་མི་མང་གིས་དེབ་མི་ཀློག ཡིན་ན་ཡང་། ཤེས་ཡོན་པ་ཚོར་མགོ་སྐོར་གཏོང་མི་ཐུབ། དེ་མཁྱེན་པ་གནང་རོགས།
ཏག་ཏག་ལོ་གཉིས་པར་དུས་དྲན་བྱས་སོང་། ལོ་གཉིས་ཀྱི་ནང་གསར་བཏོད་དང་གྲུབ་འབྲས་གལ་ཆེན་གང་ཡང་བྱུང་མ་སོང་། ཕྱོགས་སྐྱོད་ཀྱི་མང་ཉུང་མ་གཏོགས། རྒྱལ་སྤྱིའི་ཁྱོན་གྱི་རྒྱབ་སྐྱོར་དེ་འདྲ་ནི་སྔོན་མ་ནས་ཡོད་བསྡད་པ་ཞིག་རེད། དེ་བཞིན་མཐུན་སྒྲིལ་དང་ལྷིང་འཇགས་ཀྱི་ཆ་ནས་ཀྱང་བཀའ་ཤག་སྔོན་མའི་སྐབས་དག་དང་གཅིག་མཚུངས་ཤིག་མ་གཏོགས། སྔར་ལྷག་གི་མཐུན་སྒྲིལ་ཟབ་པོ་དེ་འདྲ་ནི་གང་ཡང་མཐོང་མ་སོང་། བརྡ་ལན་གྱི་ཆ་ནས་ཀྱང་སྔོན་ཆད་དང་གཅིག་པ་རེད།
ཁས་ལེན་དང་གྲོས་ཚིག་སྐམ་པོ་ཙམ་ནི་སྲིད་སྐྱོང་གིས་ཀྱང་ག་ཚད་ཅིག་གནང་གྲུབ་པ་ཚང་མས་མཁྱེན་གསལ་རེད། གཅིག་ཁྲི་དང་འབུམ་གཅིག རྒྱལ་བ་བོད་དུ་གདན་འདྲེན་ཞུ་རྒྱུ་སོགས་ཧ་ཅང་མང་་་་་་
གཙོ་གནད་དེ་སྲིད་སྐྱོང་ཞིག་གིས་སྲིད་དོན་མི་སྒྲུབ་པར་ཆོས་དོན་འདྲ་བོ་རྐྱང་རྐྱང་སྒྲུབ་བསྡད་པ་དེ་གཏན་ནས་འགྲིག་མི་འདུག ད་དུང་བོད་རང་གི་སྐད་ཡིག་སོགས་ཐད་ནས་མང་ཡང་་་་་་་་
སྲིད་སྐྱོང་བློ་སེང་གི་བཀའ་ཤག་གིས་སྲིད་བསྐྱངས་ནས་ལོ་གཉིས་འཁོར་བའི་རིང་ཕྱག་རྗེས་ཅང་མེད་ཟེར་ནས་ཁོས་གསུངས་འདུག དེ་བདེན་པ་རེད།ཡིན་ན་ཡང་ནག་ཉེས་འགའ་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་༦/༨བར་གྱི་བོད་ཡིག་རྩ་མེད་བཟོ་འཆར་དེ་ནག་ཉེས་དང་པོ་རེད།
བཙན་བྱོལ་སྐྱབས་བཅོལ་གཞུང་དང་དམངས་གཙོ་གཉིས་འགལ་བར་ལྟ་བའི་བསམ་ཚུལ་དེ་ནག་ཉེས་གཉིས་པ་རེད། བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་ཟེར་བའི་ཚིག་དེ་ནག་ཉེས་༣རེད།
ཟམ་གདོང་རིན་པོ་ཆེའི་འཛིན་སྐྱོང་གི་སྐབས་སུ། གཞི་རིམ་འཛིན་གྲྭ་དྲུག་པའི་སྒང་ལ་ཡང་ཀློག་དེབ་ཁག་བོད་ཡིག་ཏུ་འཁྲིད་གཏན་འཁེལ་ནས་ཤེས་རིག་ལས་ཁུངས་ཀྱིས་སྤྱི་ཚོགས་ཚན་རིག་དང་ཨང་རྩིས་སོགས་བོད་ཡིག་ཏུ་བསྒྱུར་བཞིན་པའི་སྐབས་སུ། བློ་སེང་དང་ཁོང་གི་བཀའ་ཤག་གིས་ཧོབ་སྟེ་བཀའ་ཤོག་ཞིག་བཀྲམས་ནས། གཞི་རིམ་འཛིན་གྲྭ་དྲུག་པའི་ཡན་ཆད་ལ་དབྱིན་ཡིག་ཏུ་འཁྲིད་དགོས་ཞེས་བཀའ་བཏང་འདུག འདི་ལ་ངེས་པར་དུ་ཞིབ་འཇུག་བྱེད་རྒྱུ་འདུག
སེང་གེས་ལོ་གཉིས་རིང་བསགས་པའི་ནག་ཉེས་ཉུང་ཉུང་མ་རེད།
༡༽གཙོ་བོ་ནི་ཉེ་ཆར་ཨ་རིར་ཡོང་ནས་བོད་མིའི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཟེར་བ་དེ་ནག་ཉེས་དང་པོ་རེད། གལ་ཏེ་བོད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ན། རྒྱ་ནག་གིས་བོད་དང་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་ག་རེ་བྱས་ཀྱང་ཁྲིམས་མཐུན་ཆགས་པ་རེད།
༢༽བཙན་བྱོལ་སློབ་གྲྭ་འཛིན་གྲྭ་ ༦ ནས་ ༨ པ་བར་བོད་ཡིག་བསླབ་མི་ཆོག་པར་བྱས་པ་ནག་ཉེས་གཉིས་པ་རེད། བོད་ནང་ནས་སློབ་ཕྲུག་རྣམས་ཀྱིས་རང་སྲོག་བློས་བཏང་གིས་བོད་ཡིག་བསླབ་ཆོག་ཆེད་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
༣༽རང་བཙན་དང་དབུ་མའི་ལམ་གྱི་འཐབ་རྩོད་པ་ཞེས་ཕྱོགས་ཁག་གཉིས་སུ་བགོས་ཏེ། བོད་མི་ནང་ཁུལ་བར་འགལ་བ་ཚབ་ཆེན་བཟོས་པ་ནག་ཉེས་གསུམ་པ་རེད། སྔོན་ཆད་རང་བཙན་དང་དང་རང་དབང་གང་ཞིག་འཐབ་རྩོད་བྱས་ཀྱང་ཆོག་མོད། དེང་སྐབས་རང་བཙན་འཐད་རྩོད་བྱས་ན་བོད་མིའི་སྤྱི་ཚོགས་ཁྲོད་གནས་མི་ཐུབ་པ་ལྟ་བུ་ཞིག་བྱས་ཡོད།
༤༽དབུ་མའི་ལམ་གྱི་ལས་འགུལ་གང་སར་སྤེལ་ཏེ་བོད་མིའི་རང་དབང་འཐད་རྩོད་རྩིས་མེད་རྡོག་རོལ་བཏང་བ་ནག་ཉེས་བཞི་པ་རེད། ལས་འགུལ་འདི་དང་རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཟེར་བ་དེ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་མེད།
༥༽ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགོ་འཛིན་རྒྱ་རྒན་མོ་དང་གསང་འབྲེལ་བྱས་ཏེ། གསར་འགོད་རང་དབང་བཙན་འཕྲོག་བྱས་པ་ནག་ཉེས་ལྔ་བ་རེད། གསར་འགོད་རང་དབང་མེད་པའི་གསར་ཁང་ནི་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་ cctv དང་ཁྱད་པར་གང་ཡང་མེད།
བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཕྲུག་རྣམས་སྔོན་མ་ནས་བོད་ཡིག་དང་། བོད་སྐད་སྐྱོ་པོ་རེད། སྲིད་སྐྱོང་མཆོག་གིས་བོད་ཀྱི་སྐད་ཡིག་མེད་པ་བཟོ་མི་སྲིད། སློབ་མ་རྣམས་ཀྱི་མ་འོངས་པའི་ཕུགས་འདུན་ཏེ་ཐེག་པ་རིམ་འཛེགས་ཀྱིས་ཕལ་ཆེ་བ་དབྱིན་སྐད་ཐོག་འགྲོ་དགོས་པས་དེ་ལའང་དགོངས་པ་བཞེས་ཡོད་བསམ། གང་ལྟར་བསམ་བློ་བཏང་ནས་ཕྱག་ལས་གནང་ཡོག་རེད། བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། ལམ་དབུ་མ་ནི། ༧གོང་ས་མཆོག་གིས་ཐབས་ལམ་བཏོན་པ་ཡིན་སྟབས་མང་མོས་འོས་བསྡུའི་ཐོག་ནས་འདེམས་པ་རེད། དབུ་མའི་ལམ་གྱི་རང་སྐྱོང་གནས་བབ་ཀློག་ན་ཤེས་རྟོགས་ཐུབ། བདག་དབང་ཡིན་ཟེ་བརྗོད་པ་དེས་དབུ་མའི་ལམ་དུ་འགྲོ་བཞིན་པ་དེ་མཚོན་པ་རེད། ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་ནའང་དགོས་པའི་དབང་གིས་བདག་དབང་བརྗོད་པ་འདི་བོད་མཐུན་སྒྲིལ་དང་། རིག་གཞུང་སྲུང་སྐྱོབ། ཛ་དྲག་གནས་ལས་སྐྱོབ་ཡག་ཆེད་དུ་རེད། ཁ་སྟོང་པས་གཞན་ལ་སྐྱོན་བརྗོད་རྐྱང་བྱེད་ཀྱིན་བསྡད་ན་མ་འགྲིག་པ་རེད། སྲིད་སྐྱོང་ཐུག་ནས་གོང་གི་གནས་ཚུལ་དེ་ཞུས་ན་ཡག་པོ་ཡོད། དེ་མིན་སྟོང་སྐད་རྒྱག་གིན་བསྡད་ན་དོལ་ཚོགས་པ་དང་གཅིག་པ་རེད། གཞུང་གི་ལངས་ཕྱོགས་དབུ་མ་ཡིན་ཙང་དབུ་མའི་ལམ་གྱི་གནས་ལུགས་གསུངས་རྒྱུ་ནི་འོས་འགན་རེད། གཞོན་ནུའི་འགན་འཁྱེར་མཁན་ཁ་ཤས་བློ་བརྟན་འགྱུར་མེད་མེད་ཙང་གནས་ཚུལ་འདི་འདྲ་ཐོན་གྱི་ཡོད། གུང་ཁྲན་གྱི་རྒྱལ་གཅེས་ཆོས་གཅེས་ཟེར་བ་ནི་ཆབ་སྲིད་གཡོའི་ལས་འགུལ་ཞིག་རེད། དབུ་མའི་ལམ་གྱི་དགོངས་པ་ནི་ཁ་ཞེ་གཉིས་མེད་རེད། དེ་གཉིས་དཔེ་དོན་མི་འདྲ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་དང་གསང་འབྲེལ་བྱས་པ་ཁྱོད་ཀྱིས་མཐོང་སོང་ངམ༽ མཐོང་ན་དཔང་རྟགས་འདིར་སྟོན་རོགས། ང་ཚོ་ཡིད་ཆེས་ས་རེད། གལ་སྲིད་དཔང་རྟགས་མེད་ན་ཐལ་དྲགས་རྒྱུ་མེད། གསར་འགོད་རང་དབང་ག་འདྲ་ཟེ་འཕྲོག་པ་རེད་དམ༽ དེ་ལའང་གནས་ལུགས་རྒྱུ་མཚན་གཅིག་བཤད་ན་ཡག་པོ་འདུག
གཞུང་གི་ལང་ཕྱོགས་དབུ་མའི་ལམ་ཡིན་ཟེར་མཁན་བདག་པོ་འདིས་ཁྱིམ་ཚང་ངོ་ཤེས་ཀྱི་མེད་པར་འདྲ།། སེང་གེའི་བཀའ་ཤག་གི་རིང་ལ་བཙན་བྱོལ་བོད་གཞུང་ཟེར་བའི་མིང་ཞིག་བེད་སྤྱོད་གཏོང་གྱི་བསོད་བདེ་མེད་པ་རེད། སེང་གེའི་བཀའ་ཤག་ལ་ཡོད་པ་དེ་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་རེད། བོད་རྒྱལ་ཁབ་དང་བོད་གཞུང་གི་ངོ་བོ་མཚོན་པའི་ཚིག་དོན་གང་ཡོད་མ་རེད།་་་གཅིག་རེད།
གཉིས་པ། དབུ་མའི་ལམ་འདི་དམངས་གཙོའི་འོས་བསྡུ་བྱས་ནས་བྱུང་བའི་ལང་ཕྱོགས་ཡིན་པ་ལ་ངོས་ལེན་མེད། ཡེ་ཤེས་དབྱིག་དཔྱོད་ཀྱི་ཐོག་ནས་གྲོས་འཚོགས་ནང་དུ་གཏན་འབེབས་བྱས་པར་རེད་ཅེས་གོ་མྱངས་ཡོད།
གསུམ་པ། བོད་མི་རིགས་ཀྱི་བླ་སྲོག་བོད་ཡིག་རྩ་མེད་བཟོ་བའི་ཇུས་ངན་འདི་ནི་བོད་མི་རིགས་གསོད་བརྩིས་ཡིན་པ་ལ་ངོས་ལེན་བྱེད་བཞིན་ཡོད།།
བཞི་པ། དོན་དག་སྤུ་ཙམ་མེད་ཀྱང་ཤུགས་ལྡན་ཚོགས་པའི་སྟོང་སྐད་བརྒྱབ་སོང་ཟེར་ནས་མི་རིགས་ནང་ཁུལ་དུ་དཀྲུགས་ཤིང་མ་བརྒྱབ་རོགས་བྱོས།།
སྲིད་སྐྱོང་མཆོག་གིས་ལས་ཁུར་གནང་སྟེ་ལོ་གཉིས་འཁོར་བའི་དུས་ཚེས་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་རྒྱས་པའི་ཐོག་གསུང་བཤད་གནང་བ།
༢༠༡༣ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་ཁྲི་པའི་ལས་འཁུར་དམ་འབུལ་དང་སྲིད་སྐྱོང་གི་ཐུགས་འགན་བཞེས་ཏེ་གནང་སྟེ་ལོ་གཉིས་ཧྲིལ་པོ་འཁོར་བ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་ཐོག་སྲིད་སྐྱོང་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན། ཀརྨ་པ་རིན་པོ་ཆེ་མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་དང་མི་མང་རྣམ་པ། བརྩེ་བའི་སློབ་ཕྲུག་རྣམ་པ་ཚང་མས་མཁྱེན་གསལ་རེད།
དེ་རིང་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་བ་དང་། དེའི་ནང་ནས་དེའི་རིང་ལ་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད། ལྷག་པར་རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བརྟེན་ནས་ངོ་རྒོལ་བྱེད་མཁན་དང་། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ཉི་ཤུས་གཙོས་ཁོང་རྣམ་པའི་ནང་མི་སྤུན་མཆེད། ད་ལྟ་བར་བོད་བསྟན་པ་ཆབ་སྲིད་དོན་དུ་རང་སྲོག་བློས་བཏང་གནང་མཁན་ཚང་མའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད། བོད་ནང་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་བཀའ་ཤག་ནས་ཞུ་རྒྱུར། གཙོ་བོ་ཆེ་ཤོས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་མ་ཟད། ཆབ་སྲིད་ཀྱི་དམ་བསྒྲགས། ཁོར་ཡུག་གཏོར་བཤིག རིག་གཞུང་རྩ་མེད། དཔལ་འབྱོར་དབྱེ་འབྱེད། ཆོས་དད་རང་དབང་མེད་པ་བཅས་ལ་བརྟེན་ནས་བོད་ནང་བོད་མི་ཚོས་རྩ་ཆེན་ཚེ་སྲོག་ཀྱང་བློས་བཏང་གནང་གི་ཡོད། བཀའ་ཤག་ཕྱོགས་ནས་ང་ཚོའི་ལངས་ཕྱོགས་གསལ་པོ་ཞུ་བཞིན་ཡོད།
ང་ཚོས་བོད་མི་ཞིག་ཡིན་པའི་ཆ་ནས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་གནང་། ཞེས་དུས་རྟག་ཏུ་འབོད་སྐུལ་ཞུ་མུས་ལྟར་དེ་རིང་བསྐྱར་དུ་འབོད་སྐུལ་ཞུ་རྒྱུ་ཡིན། ནང་པ་ཞིག་ཡིན་པའི་ཆ་ནས་མཆོད་འབུལ་སྨོལ་ལམ་འཚོགས་རྒྱུ་དང་། བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནང་གི་བོད་མི་ཚོའི་མངོན་འདོད་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ། བོད་མིའི་རང་དབང་བསྐྱར་གསོ་བྱེད་རྒྱུའི་རྩ་ཆེ་ལས་འགན་ཞིག་ལ་ངོས་འཛིན་གྱིས་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། བོད་ནང་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་མཐུན་ལམ་བྱེད་དགོས་རྒྱུ་གལ་ཆེན་པོ་རྩིས་ཐོག་ནང་ཁུལ་རྒྱག་རེས་དང་མི་གསོད་ཁྲག་སྦྱོར་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པའི་ལས་འགུལ་རིམ་པ་སྤེལ་བཞིན་པ་རེད། དེ་དག་ལ་བསྔགས་བརྗོད་དང་སྦྲགས་མུ་མཐུད་ནས་བོད་མི་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་རེད།
དེ་བཞིན་འཛམ་གླིང་སྤྱི་ཡོངས་ལ་བོད་དོན་ལ་རྒྱབ་སྐྱོར་ཐོབ་པ་གཙོ་ཆེ་ཤོས་༸གོང་ས་མཆོག་གི་མཛད་འཕྲིན་དང་ཐུགས་རྗེས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང་། དེའི་ནང་ནས་བོད་མིར་ཡ་རབས་དང་བཟང་སྤྱོད་ལྡན་ཡོད་པ་འཛམ་གླིང་སྤྱི་ཡོངས་ནས་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དུས་རྟག་ཏུ་བོད་མིའི་བཟང་སྤྱོད་དང་ཡ་རབས་གནང་རྒྱུ་ཐུགས་ལ་བཞག་སྟེ་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན། དེ་བཞིན་ཆང་རག་དང་མཱ་ཅང་སོགས་ཚབས་ཆེ་རིགས་མ་བརྩེ་རོགས་ཞུ་རྒྱུ་ཡིན། དེ་ནས་བཀའ་ཤག་སྐབས་བཅུ་བཞི་པ་ལོ་གཉིས་འཁོར་བའི་ནང་བྱས་རྗེས་ཆེན་པོ་བཞག་པ་བྱུང་མེད་ཀྱང་། གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེས་བཀའ་དྲིན་དང་མ་ཚོགས་ཀྱི་ཕྱར་གྲུ་མཉམ་འདེགས་གནང་བའི་ཐོག་ནས་ལོ་གཉིས་འདིའི་ནང་ལྷིང་འཇགས་པོ་དང་།
བཀའ་ཤག་གིས་འཆར་གཞི་ལྟར་ནུས་ཤུགས་གཅིག་སྒྲིལ་དང་ལས་འགུལ་སྤེལ་ཏེ་འབྲེལ་མོལ་ལ་འབད་བརྩོན་བྱེད་དགོས་འདུག་གསུངས་པ་ལྟར། ནུས་ཤུགས་གཅིག་སྒྲིལ་གྱིས་རྒྱ་གར་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན། བོད་ནང་གི་ཛ་དྲག་ཆེད་དམིགས་བསལ་ཚོགས་ཆེན་བཅས་རྡ་སར་ཚོགས་ཏེ་༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་མཛད་རྗེས་བོད་མི་སྤྱི་ཡོངས་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད། ༸གོང་ས་མཆོག་གི་འཆར་སྣང་གཞིར་བཟུང་མི་མང་ནས་ཆབ་སྲིད་ཀྱི་འགན་འཁྱེར་དགོས་ཀྱི་ཡོད་ཀྱང་། འཁྱེར་ཐུབ་མིན་ཐད་སེམས་ཁྲལ་བྱུང་ཡོད། བོད་ནང་གི་བོད་མི་ཚོར་ཡང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གང་འདྲ་ཞིག་བྱས་ཡོང་ངམབསམས་པའི་སེམས་འཚབ་བྱུང་ཡོད།
རྒྱ་ནག་གཞུང་གིས་ལམ་ལྷོང་མ་བྱུང་ན་བསམ་པའི་རེ་བ་དང་འབད་བརྩོན་ཏན་ཏན་བྱས་ཡོད། རྒྱལ་སྤྱིར་བཙན་བྱོལ་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་སུ་འགྲོ་གི་ཡོད། ཅེས་དུས་རྟག་ཏུ་གསལ་བསྒྲགས་བྱས་པ་ལྟར་ཚོད་ལྟ་བྱེད་སྐབས་དངོས་ཡོད་གནས་སྟངས་ཡིན་མིན་དོ་སྣང་ཆེན་པོའི་ཐོག་ནས་གཟིགས་ཐུབ། དེ་བཞིན་རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཡིན། འོན་ཀྱང་མི་མང་རང་གི་ཆབ་སྲིད་འགན་འཁྱེར་ཐུབ་མིན་ལ་དོ་སྣང་ཆེན་པོ་གནང་ཡོད། ལོ་གཉིས་རིང་ལྷིང་འཇགས་ཡིན་དུས་བཀའ་བློན་རྣམ་པ་དང་སྲིད་སྐྱོང་། གཞིས་ཆགས་ཁག་དང་རྒྱལ་སྤྱིའི་ནང་བོད་པ་ཡོད་ས་གང་དུ་བཅར་ཡང་བོད་མི་ཕྱར་གྲུ་མཉམ་འདེགས་དང་རྡོག་རྩ་གཅིག་སྒྲིལ་ཡིན་པ།
དེ་བཞིན་རྡོག་རྩ་གཅིག་སྒྲིལ་གྱི་འགན་ཆ་ཚང་འཁུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་འདིས་དགའ་སྤོབས་བྱེད་དགོས་པ་དང་གཟི་བརྗིད་ཆགས་འདུག རྒྱ་གཞུང་ནས་ལྟ་བའི་སྐབས་ལ་བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱིས་འགན་འཁྱེར་ཏེ་རྩ་དོན་དེ་མུ་མཐུད་ནས་རྩོད་ས་རེད། དེ་བཞིན་བོད་ནང་གི་བོད་མི་ཚོ་ཡིན་ཡང་ང་ཚོར་རེ་བ་བྱས་པ་བཞིན་ཏན་ཏན་འགན་འཁྱེར་ནས་༸གོང་ས་མཆོག་གི་དགོངས་པ་གཞིར་བཟུང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འགན་འཁྱེར་གྱི་འདུག སྙིང་སྟོབས་དང་སེམས་ཤུགས་ཡོད་པ་རྣམས་སེམས་ཤུགས་སྔར་ལྷག་འཕར་གཞི་ཆགས་ཡོད།
རྒྱལ་སྤྱིའི་ནང་དུའང་མང་གཙོའི་ལམ་ལུགས་ཐོག་ནས་འགྱུར་བ་ཆེན་པོ་ཕྱིན་པ་དེ་མི་མང་གིས་བདམས་པའི་འགོ་ཁྲིད་ཚོར་མི་མང་གིས་ཆེ་མཐོང་དང་བརྩི་བཀུར། དེ་བཞིན་རྒྱབ་སྐྱོར་གནང་གི་ཡོད་པའི་རྣམ་འགྱུར་ཧ་ཅང་གསལ་པོ་ཐོན་ཡོད། དེ་དག་ཚང་མ་གཙོ་བོ་ཆེ་བ་༸གོང་ས་མཆོག་དང་སྲི་ཞུ་བ། མི་མང་སྤྱི་ཡོངས་ཐོག་ནས་ཕྱར་གྲུ་མཉམ་འདེགས་གནང་བའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། ནུས་ཤུགས་ཕྱོགས་སྒྲིལ་བྱེད་རྒྱུ་དེར་རྒྱ་ནག་གཞུང་ཕྱོགས་ནས་ལྟ་སྐབས། རྒྱ་གར་གྱི་རྒྱབ་སྐྱོར་ཚོགས་པའང་རྡ་སར་ཕེབས་ཏེ་སྔར་བཞིན་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་བཞག་སྟེ་གྲོས་བསྡུར་གནང་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་ཆེན་ཚོགས་སྐབས་རྒྱལ་སྤྱིའི་སྤྱི་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ཡང་རྡ་སར་ཕེབས་ཏེ།
བོད་མིའི་སྒྲིག་འཛུགས་ལ་སྔར་བཞིན་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཧ་ཅང་བསྟན་ཐུབ་ཡོད། རྡ་སར་ཆབ་སྲིད་ཐོག་འགྱུར་བ་ཆེན་པོ་ཕྱིན་ཡོད། འོན་ཀྱང་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་གཞིར་བཟུང་ཤར་བསྐྱོད་ཞུ་རྒྱུ་ཡིན་ཞེས་བརྡ་ལན་རྒྱ་ནག་དང་བོད། རྒྱལ་སྤྱི། རྒྱ་གར་བཅས་ལ་གསལ་པོ་གཏོང་ཐུབ་རྒྱུ་དེར་བསྔགས་བརྗོད་དང་འབྲེལ་གཟི་བརྗིད་ལྡན་པ་ཞིག་ཆགས་འདུག་ཅེས་བརྗོད་རྒྱུ་ཡིན། འཆར་གཞི་གཉིས་པ་ལས་འགུལ་སྤེལ་རྒྱུ་དེ་རེད། དེ་ཡང་ལས་འགུལ་སྤེལ་རྒྱུ་གཅིག་ཐང་སྟེང་དུ་ཐོན་ལས་འགུལ་སྤེལ་རྒྱུ་དེ་ཚང་མས་མཁྱེན་གསལ་རེད། བཀའ་སྤྱི་གཉིས་ཀྱིས་གོ་འཁྲིད་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་བཞིའི་རིང་ལས་འགུལ་སྤེལ་ཡོད།
དེ་བཞིན་ནིའུ་ཡོཀ་ཏུ་མི་སྟོང་ཕྲག་བཞི་ལྔ་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་ཡོད། ཡུ་རོབ་ཀྱི་རྒྱལ་ས་སྦར་སིར་ལ་ཡང་མི་མང་འདུ་འཛོམས་ཆེན་པོས་ལས་འགུལ་སྤེལ་ཡོད། ཉེ་ཆར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་དང་ཉི་ཧོང་ནང་མི་དམངས་སྟོང་ཕྲག་འདུ་འཛོམས་ཀྱིས་ཐང་སྟེང་དུ་ཐོན་ནས་ལས་འགུལ་སྤེལ་ཡོད།གྲོས་ཚོགས་ནང་གྲོས་ཆོད་བཞག་ཐུབ་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱུན་ཆད་མེད་པར་ད་ལྟ་བར་དུ་བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་སྟེ་གནས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་༸གོང་ས་མཆོག་གི་དགོངས་པ་གཞིར་བཞག་ཐོག་ནས་གྲོས་ཚོགས་ནས་སྤྱིས་མོས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་བརྒྱུད་ནས་འབྲེལ་མོལ་རེད། དེའི་ཐོག་འཛམ་གླིང་ནང་གི་གྲོས་ཚོགས་ཁག་ནང་གྲོས་ཆོད་བཞག་པ་ཡིན་ནའང་རེད། གསར་འགྱུར་བརྒྱུད་ལམ་ཁག་དང་གནད་ཡོད་མི་སྣ་ཁག་ཡིན་ནའང་དབུ་མའི་ལམ་གཞིར་བཞག་ཐོག་ནས་འབྲེལ་མོལ་ལ་རྒྱབ་སྐྱོད་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་ཐོན་ཐུབ་པ་བྱུང་ཡོད།
རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་ཆ་བཞག་ན། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་མཛད་གྲུབ་པའི་རྗེས་སུ་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ནང་། དབུ་མའི་ལམ་ངོས་འཛིན་བྱས་པ་དང་སྦྲགས་འབྲེལ་མོལ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་རེད། ཅེས་འཁོད་ཡོད། ཉེ་ཆར་ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་ནག་ལ་ཉིན་གྲངས་བཅུ་མིན་ཙམ་རིང་གཟིགས་སྐོར་དུ་ཕེབས་སྐབས། ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་གསལ་པོ་ག་རེ་གསུངས་འདུག་ཅེ་ན། བོད་རྒྱའི་དཀའ་རྙོག་འབྲེལ་མོལ་བརྒྱུད་ནས་སེལ་ཐབས་བྱེད་དགོས་པ་རེད། དེ་ནི་ཨོ་སི་ཊོ་ལི་ཡའི་གཞུང་གི་ལངས་ཕྱོགས་ཡིན། ཞེས་གསུངས་འདུག དེ་བཞིན་ཨ་རི་དང་རྒྱ་ནག་གཉིས་དབར་ལོ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་བགྲོ་གླེང་དང་བཀའ་བསྡུར་ཡོང་གི་ཡོད།
ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་ཁུན་མིང་ལ་ཨ་རི་དང་རྒྱ་ནག་གཉིས་ཉིན་གྲངས་འགའ་ལྷན་འཛོམས་ཐོག་བཀའ་བསྡུར་གནང་རྗེས་ཨ་རིའི་སྐུ་ཚབ་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་གི་འདུག དེར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཆེད་འབྲེལ་མོལ་བརྒྱུད་ནས་བཀའ་བསྡུར་གནང་དགོས་སྐོར་ཧ་ཅང་གསལ་པོ་གསུངས་འདུག དེ་འབྲེལ་རྒྱལ་སྤྱིའི་གྲོས་ཚོགས་ཁག་ནས་བོད་དོན་ཐོག་གྲོས་ཆོད་བཞག་པ་དེ་དག་ལ་བལྟས་ན། དབུ་མའི་ལམ་ལ་གཞིར་བཞག་ཐོག་ནས་འབྲེལ་མོལ་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་པ་ཧ་ཅང་གསལ་པོ་རེད།
རྒྱ་ནག་ལྟ་བུར་ཆ་མཚོན་ན། རྩོམ་པ་པོ་དང་མཁས་པ་མང་དག་ཅིག་གིས་བོད་ཀྱི་གནས་སྟངས་ཏེ་བོད་རྒྱའི་དཀའ་རྙོག་དེ་འབྲེལ་མོལ་བརྒྱུད་ནས་སེལ་དགོས་ཞེས་རྩོམ་ཡིག་མང་པོ་བཏོན་ཡོད་ཁོངས་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པའོས་གཙོས་སྙན་གྲགས་ཆེ་བའི་རྩོམ་པ་པོ་ཚོས་རྒྱ་ནག་གཞུང་ལ་ཐད་ཀར་སྙན་ཞུ་ཕུལ་བ་བྱུང་ཡོད། བོད་ནང་གི་གནད་ཡོད་མི་སྣ་དང་མཁས་པ་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་ལངས་ཕྱོགས་གསལ་པོ་བཟོས་ཡོད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་གར་གཞུང་ལ་ཡང་དཀའ་ངལ་མེད་པའི་ཐོག་བོད་ཀྱི་བདེན་མཐའ་གསལ་ཐབས་དེ་དབུ་མའི་ལམ་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་རེད། བཀའ་ཤག་སྐབས་བཅུ་བཞི་པས་འབྲེལ་མོལ་ཚོགས་ཆུང་ཐེངས་གསུམ་ཚོགས་ཟིན་པ་རེད།
ཐེངས་བཞི་པ་དེ་ཕྱི་ཟླ༌ ༩ པའི་ནང་འཚོགས་རྒྱུ་ཡིན། སྤྱི་ཡོངས་ནས་འབྲེལ་མོལ་ཚོགས་ཆུང་ཐེངས་ ༢༦ ཆགས་ཀྱི་ཡོད།སྐབས་དེ་དུས་འཐུས་མི་གསར་པ་བོད་པའི་སྤྱི་ཚོགས་ནང་གནད་ཡོད་མི་སྣ་ཡིན་པ། དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་དོ་སྣང་བྱེད་མཁན་འཐུས་མི་གསར་པ་ཁོང་རང་ཚོ་གདན་ཞུས་བྱས་ཡོད་ཅེས་ཞུ་རྒྱུ་ཡོད། བཀའ་ཤག་སྐབས་ ༡༤ པའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལངས་ཕྱོགས་བརྟན་པོ་ཡོད་པ་མ་ཟད་སྲིད་བྱུས་འདིར་སྔར་ལྷག་འབད་བརྩོན་ཞུ་རྒྱུ་ཡིན།
ཐེངས་འདིར་ལྷན་འཛོམས་བྱེད་དགོས་དོན་གཅིག་ནི་ཚང་མས་མཁྱེན་གསལ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་སྐུ་མཚམས་བཞུགས་ཡོད་པ་དང། དེ་བཞིན་ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་དང་གཞིས་ཆགས་ཁག་སྤྱི་ཡོངས་ལ་གསལ་བསྒྲགས་སྔོན་སོང་ལྟར། ༸གོང་ས་མཆོག་གི་བཀའ་སློབ་ཕེབས་ཐོན་ལྟར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་མ་ཎི་སྟོང་ཕྲག་རེ་དང་། ཤེས་རབ་སྙིང་པོ་ཐེངས་གཉིས། འཕགས་བསྟོད་ཐེངས་གཅིག་བསགས་རོགས་ཞེས་བཀའ་ཤག་ངོས་ནས་འབོད་སྐུལ་ཞུ་རྒྱུ་ཡིན།
སང་ཉིན་ཡང་སྔ་དྲོ་འདི་གར་འདུ་འཛོམས་གནང་སྟེ་མ་ཎི་དང་ཤེས་རབ་སྙིང་པོ། འཕགས་བསྟོད་གསོག་རྒྱུ་ཡིན། རྩ་བའི་དེ་རིང་སང་ཉིན་ཙམ་མ་ཟད་༸གོང་ས་མཆོག་སྐུ་མཚམས་བཞུགས་པའི་རིང་བོད་མི་སྤྱི་ཡོངས་ཀྱིས་སྒེར་ངོས་ནས་དུས་ཚོད་བཏོན་ཏེ་མ་ཎི་དང་ཤེས་རབ་སྙིང་པོ། འཕགས་བསྟོད་བཅས་གང་མང་གསོག་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དྲན་པའི་ཐོག་ནས་ང་ཚོས་རྒྱལ་བའི་ཞབས་བརྟན་གང་མང་འདོན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།
༩༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༡༧ སྐར་མ་ ༥༠
གཞུང་གི་ལང་ཕྱོགས་དབུ་མའི་ལམ་ཡིན་ཟེར་མཁན་བདག་པོ་འདིས་ཁྱིམ་ཚང་ངོ་ཤེས་ཀྱི་མེད་པར་འདྲ།། སེང་གེའི་བཀའ་ཤག་གི་རིང་ལ་བཙན་བྱོལ་བོད་གཞུང་ཟེར་བའི་མིང་ཞིག་བེད་སྤྱོད་གཏོང་གྱི་བསོད་བདེ་མེད་པ་རེད། སེང་གེའི་བཀའ་ཤག་ལ་ཡོད་པ་དེ་བཙན་བྱོལ་བའི་སྒྲིག་འཛུགས་ཤིག་རེད། བོད་རྒྱལ་ཁབ་དང་བོད་གཞུང་གི་ངོ་བོ་མཚོན་པའི་ཚིག་དོན་གང་ཡོད་མ་རེད།་་་གཅིག་རེད།
༡༽ བོད་རྒྱལ་ཁབ་དང་བོད་གཞུང་གི་ངོ་བོ་མཚོན་པའི་ཚིག་དོན་གང་ཡོད་མ་རེད། འདི་ཅི་རི་ནོར་འཁྲུལ་ཆེན་པོ་བཏང་བ་རེད།
གཉིས་པ། དབུ་མའི་ལམ་འདི་དམངས་གཙོའི་འོས་བསྡུ་བྱས་ནས་བྱུང་བའི་ལང་ཕྱོགས་ཡིན་པ་ལ་ངོས་ལེན་མེད། ཡེ་ཤེས་དབྱིག་དཔྱོད་ཀྱི་ཐོག་ནས་གྲོས་འཚོགས་ནང་དུ་གཏན་འབེབས་བྱས་པར་རེད་ཅེས་གོ་མྱངས་ཡོད།
༢༽ དབུ་མའི་ལམ་འདི་དམངས་གཙོའི་འོས་བསྡུ་བྱས་ནས་བྱུང་བའི་ལང་ཕྱོགས་ཡིན་པ་ལ་ངོས་ལེན་མེད། ཟེར་བ་ནོར་བ་མ་ཟད། ཡེ་ཤེས་དབྱིག་དཔྱོད་ཀྱི་ཐོག་ནས་གྲོས་འཚོགས་ནང་དུ་གཏན་འབེབས་བྱས་པར་རེད་ཅེས་པ་ལོ་བཅོ་ལྔ་ཉི་ཤུའི་སྔོན་གྱི་སྐད་ཆ་རེད་དོ། །ཅོ་ཅོ་རི་ལགས།
གསུམ་པ། བོད་མི་རིགས་ཀྱི་བླ་སྲོག་བོད་ཡིག་རྩ་མེད་བཟོ་བའི་ཇུས་ངན་འདི་ནི་བོད་མི་རིགས་གསོད་བརྩིས་ཡིན་པ་ལ་ངོས་ལེན་བྱེད་བཞིན་ཡོད།།
༣༽ གསུམ་པ། བོད་མི་རིགས་ཀྱི་བླ་སྲོག་བོད་ཡིག་རྩ་མེད་བཟོ་བའི་ཇུས་ངན་འདི་ནི་བོད་མི་རིགས་གསོད་བརྩིས་ཡིན་པ་ལ་ངོས་ལེན་བྱེད་བཞིན་ཡོད།། ་་འདིའི་སྐོར་ལ་ངས་མི་ཤེས།
བཞི་པ། དོན་དག་སྤུ་ཙམ་མེད་ཀྱང་ཤུགས་ལྡན་ཚོགས་པའི་སྟོང་སྐད་བརྒྱབ་སོང་ཟེར་ནས་མི་རིགས་ནང་ཁུལ་དུ་དཀྲུགས་ཤིང་མ་བརྒྱབ་རོགས་བྱོས།།
༤༽ དོན་དག་སྤུ་ཙམ་མེད་ཀྱང་ཤུགས་ལྡན་ཚོགས་པའི་སྟོང་སྐད་བརྒྱབ་སོང་ཟེར་ནས་མི་རིགས་ནང་ཁུལ་དུ་དཀྲུགས་ཤིང་མ་བརྒྱབ་རོགས་བྱོས།། འདི་སྐོར་ལ་ངས་ཅང་ཧ་གོ་མ་བྱུང་བས་་་་་
མྱི་ལ་མ་བལྟས་མྱིང་ལ་ལྟོས་ན་ཡོང་རྒྱུ་འདི་ལས་མེད་པ་རེད། ཁོ་གཅིག་པོ་མ་རེད། ཁྱེད་ཚོ་ཚང་མ་ནོར་རེད། སྔན་ཆད་ཅིག་ཅིག་འབུམ་རིམ་པ། མྱུག་མྱུག་མཐོ་རིམ་པ། ཡག་རབས་ཡག་ཚོད་གནམ་སས་མི་ཐེགས་པ་ཞིག་ལབ་ཡོད་པ་ཨ། ད་ངུ་འི་མ་འདུག། རྗེས་མ་ལ་ནོར་འཕྲུལ་འདི་འདྲ་མི་ཡོང་བར་ཕན་ངེས་རེད།
ཀརྡོ་ལགས། དབུ་མའི་ལམ་དམངས་མོས་འོས་བསྡུའི་ཐོག་ནས་ག་དུས་གདམ་པ་རེད་དམ། དྲང་པོ་གསུང་ཤོག་ཨ། རྫུན་བརྒྱ་བཤད་ན་གཅིག་བདེན་པ་ཆགས་འགྲོ་བའི་སྲིད་ཇུས་དོར་རོགས་བྱོས། འོས་བསྡུ་ཚད་ལྡན་ཞིག་བྱས་མྱངས་ཁོ་རང་ཡོད་མ་རེད། དགུ་བཅུ་གོ་གྲངས་དེ་པ་ཞིག་ལ་ཡིན་ལ་མིན་ལ་འདྲ་ཞིག་བྱས་པ་རེད། འགའ་རེས་འོས་ཁོ་རང་མ་བླུགས་པར་གོང་ས་མཆོག་གིས་ག་རེ་དེར་ཡིན། ང་ཚོས་ཅང་མི་ཤེས་ལབ་པ་རེད་ཟེར། རྡ་ལ་ཧོ་སི་གཞི་ཆགས་དེ་འདྲ་ལབ་མཁན་གཙོ་བོ་རེད་ཟེར་རོ།། དེ་མིན་པའི་དབུ་མའི་ལམ་འོས་བསྡུའི་རྒྱལ་ཁ་ཐོབ་སོང་སྟངས་དང་འོས་གྲངས་ག་ཚོད་ཡོད་མེད་བཤད་ཀྱི་ཡོད་དམ།།། སྟོན་ཡ་ཡོད་པེ། ཧམ་པ་དང་རྫུན་བཤད་བསྡད་ན་དམངས་གཙོ་མ་རེད།
ངས་གོང་གི་མཆན་དེ་རྣམས་ཀློག་དུས། དངོས་ཡོད་འདི་མཐོང་སོང་། བློ་སེང་ལ་སྐྱོན་བརྗོད་བྱེད་མཁན་མང་ཆེ་བ་ཨ་མདོ་བ་རེད་འདུག བློ་སེང་ལ་འོས་ལྡུག་མཁན་མང་ཆེ་བ་དབུས་གཙང་དང་ཁམས་པ་རེད། བློ་སེང་ལ་སྲིད་སྐྱོང་གི་དབང་ཆ་འབུལ་མཁན་གོང་ས་མཆོག་རེད།
མདོར་ན། ཨ་མདོ་དབུ་ཁྲིད་ཅིག་གིས་བློ་སེང་ལ་དབང་ཆ་གནང་། དབུས་གཙང་དང་ཁམས་པ་མང་ཆེ་བས་ཁོང་ལ་རྒྱབ་སྐྱོར་བྱས། ཨ་མདོ་མི་མང་ཚོས་བློ་སེང་ལ་སྐྱོན་བརྗོད་བྱེད་བཞིན་འདུག་པས། ཆབ་སྲིད་ཀྱི་དབྱེ་ཞིབ་ལྟར་ན། ཨ་མདོ་ཚོ་གོང་ས་མཆོག་ལ་གཏིང་ནས་མི་དགའ་བ་ལ། ཁོང་གིས་སྲིད་སྐྱོང་ལ་བཀོད་པའི་མི་ཞིག་ལ་ངོ་རྒོལ་བྱས་ནས་གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་ཡིན་ཨེ་སྲིད། འདི་རྣམ་རྟོག་ཡིན་པས་འབྲི་འདོད་བསླེབས།
བསམ་ཤེས་ཀྱི་སྐད་ཆ་འདི་ངོ་མ་བདེན། ཨ་མདོ་བ་ཚོས་སྲིད་སྐྱོང་ལ་འདི་ལྟར་སྡང་ཟུག་བྱེད་དགོས་དོན་ནི་ཤར་ཁུག་ལ་ཐུག་ཡོད།