ཨོ་རྒྱན་ཉི་མ།
བོད་གཞིས་བྱེས་གཉིས་ཀྱི་ད་ལྟའི་གནས་བབ་ལ་གཞིགས་ཏེ། མ་འོངས་འབྱུང་འགྱུར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱ་བའི་ཆེད་དུ་སླར་ཡང་ཅུང་ཞིག་འབྲི་ན་བསམ། འདི་ནི་མཉམ་པར་མ་བཞག་པའི་ཆེན་པོ་དག་དང་། རང་ཚུགས་མེད་པའི་མི་བུ་རྣམས་ལ་ཅུང་ཟད་ཕན་ན་སྙམ་ནས་བྲིས་པ་ཡིན། ཁོ་བོ་ནི་བོད་ཀྱི་རིག་གཞུང་ལ་དགའ་བ་དང་། བོད་ཀྱི་ཆོས་ལུགས་པ་ཞིག་ཡིན་པའི་ཆ་ནས། ཆོས་ཀྱི་དགེ་མཚན་དང་། འཕེལ་འགྲིབ་ཕྱོགས་ནས་བཤད་པ་ལས། ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་གི་ལྟ་བའི་སྐོར་གང་ཡང་ཤེས་ཀྱི་མེད་ལ། དམིགས་བསལ་ཤེས་ན་བསམ་པའི་རེ་བའང་མེད། དེ་ཕྱིར་མཐོང་ཆོས་མངོན་གྱུར་དུ་ཆབ་དཔལ་ཚན་གསུམ་གྱིས་འགྲོ་བ་མིའི་རིགས་ལ་བཞག་པའི་བྱས་རྗེས་ངན་པ་དག་ཤེས་མི་འདོད་ཀྱང་། མིག་སྔར་སྣང་བ་དང་ཡིད་ལ་འཛུལ་ཞིང་། མི་སྡུག་པའི་མཚན་མ་དག་གིས་ཡིད་སོས་དལ་དུ་གནས་སུ་མི་འཇུག་པའི་ཐོག དུས་ནམ་ཡང་སེམས་ཁྲལ་གྱིས་གནོན་པ་དང་། མྱ་ངན་གྱིས་གདུང་བ་ནི་ཚོད་མེད་ཅིག་རེད། རེད་དེ་འདི་དག་ཚང་མ་བརྗོད་དགོས་ན་ཚར་རྒྱུ་ཞིག་དང་། རྫོགས་རྒྱུ་ཞིག་ཁག་པོ་རེད། དེ་ཕྱིར་གནས་སྐབས་ཆབ་དཔལ་ཚན་གསུམ་གྱི་སྐྱོན་དག་རང་དགར་བསྐྱུར་ཏེ། ཆོས་ལུགས་པའི་འཐུས་ཤོར་བ་དག་ཅུང་ཟད་ཞུ་རྒྱུ་ཡིན།
དང་པོ་༧གོང་ས་མཆོག་གི་སྐོར་ལ་བསམ་འཆར་ཅུང་ཟད་བཤད་འདོད་ཡོད། འདས་པའི་ལོ་གཉིས་ཀྱི་ཡར་སྔོན་དུ་སྐྱབས་མགོན་རིན་པོ་ཆེས་དགའ་ལྡན་ཕོ་བྲང་སྒོ་རྒྱགས་ཏེ། ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་ཚོགས་ལ་གནང་བ་དང་། མང་ཚོགས་ཀྱིས་འདེམས་པའི་བཀའ་བློན་གྱིས་གཞུང་འཛིན་དགོས་པར་གསུངས་པ་ཐོས་འཕྲལ་ཤིན་ཏུ་དགའ། དོན་དངོས་ལ་བསམ་བློ་བཏང་ན་སྤྱི་དོན་འགྲུབ་བསྡད་ན་སྒེར་མིང་ཙམ་གྱིས་ཕན་གནོད་ཆེན་པོ་ཞིག་ཡོད་ཟོ་མི་འདུག་མོད། སོ་སོ་སྐྱེ་བོ་ཟེར་བ་དེ་ཕྱོགས་ལྷུང་ཅན་རེད། སྐད་ཆ་བཤད་ན་རེད། བྱ་བ་གང་སྒྲུབ་ན་ཡང་རང་ཕྱོགས་དང་། གཞན་ཕྱོགས་ཟེར་བ་ཞིག་བསླེབ་ཡོང་བ་དེ་ཆོས་ཉིད་རེད། དེ་ལ་བརྟེན་ནས་ཆོས་ལུགས་དང་། ཆབ་སྲིད། དཔལ་འབྱོར་གསུམ་གའི་ངོས་ནས་འདྲ་མཉམ་ཞིག་ཡོང་མི་ཐུབ་པ་དེ་ཡང་ལྡོག་མེད་ཀྱི་ལས་དབང་ཞིག་རེད། ན་ནིང་ལོར་ཁོ་བོ་ཡང་བསྐྱར་རྡ་རམ་ས་ལ་སོང་བ་ཡིན། སྦྱར་ཡིག་འགའ་ཞིག་ནང་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཟེར་བ་ཞིག་མཐོང་། དགེ་ལྡན་སྤྱི་ལས་ཁང་ཟེར་བ་སོགས་འགའ་ཞིག་རྡ་ས་ལ་ཡོད་པས་དེ་འདྲ་ཞིག་གིས་བཀྲམ་ཡིན་ན་བསམ། ཉིན་ཤས་རྗེས་སུ་ཡང་བསྐྱར་༧གོང་ས་མཆོག་གིས་བཀའ་ཁྲིད་ཡོད་སྐོར་བཀོད་དེ་ཡང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཟེར་བ་ཞིག་འདུག དེ་ནས་རོགས་པ་ཚོ་ལ་སྐད་ཆ་དྲིས་པ་ཡིན།
དགའ་ལྡན་ཕོ་བྲང་ཡིག་ཚང་ཟེར་བ་དེ་དགེ་ལྡན་སྤྱི་ལས་རེད་པས། ཞེས་དྲིས་དུས། གྲོགས་པོ་ཞིག་གིས་སྐུ་སྒེར་ཡིག་ཚང་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ལ་བསྒྱུར་བ་རེད་ཟེར། ང་ལ་དོགས་མི་བདེ་ཞིག་དང་བཅས་ཨ་ཁ་བསྙམ་པའི་བསམ་བློ་ཞིག་འཁོར་བྱུང་ཡང་། ངས་ལན་དམིགས་བསལ་གང་ཡང་བཏབ་མེད། དེའི་བརྒྱུད་རིམ་དག་མང་པོ་ཞིག་མང་ཚོགས་ནང་བཤད་རྒྱུ་འདུག ཟམ་གདོང་བླ་མ་དང་། གསུང་བསྒྱུར་ཐུབ་བསྟན་སྦྱིན་པ་གཉིས་ཀྱིས་༧གོང་ས་མཆོག་ལ་ཞུས་ཏེ་དགའ་ལྡན་ཕོ་བྲང་རྩ་མེད་དུ་གཏོང་མི་རུང་བར་བཤད་པ་རེད་ཟེར། གང་ལྟར་༧གོང་ས་མཆོག་གིས་སྐུ་ཚེ་གང་དཀའ་ངལ་ཁྱད་དུ་བསད་དེ་རིས་མེད་ཀྱི་སྒྲ་དབྱངས་སྒྲོག་པ་ཆ་ཚང་ལ་རྫོགས་ཚིག་བཞག་པ་རེད། ཁོང་གི་བཀའ་སློབ་དང་། གསུང་ཆོས་དག་ལ་རིན་ཐང་དམིགས་བསལ་ཞིག་དང་། འགྲོ་དོན་ཆེན་པོ་འདི་འདྲ་ཡོང་བ་དེ་རིས་མེད་གནང་བའི་དྲིན་ལ་བརྟེན་ནས་བྱུང་བ་རེད། ད་ལྟ་དགའ་ལྡན་ཕོ་བྲང་ཆེན་པོ་དོར་ཟིན་ཡང་ད་དུང་ཆུང་ཆུང་ཞིག་ཟིན་བསྡད་པ་འདིས་བསམ་བློ་བ་མི་ཉུང་བ་ཞིག་ལ་ཡིད་ཆེས་དེ་ཙམ་མེད་པ་བཟོས་ཡོད་ཚོད་རེད། ཁོ་བོར་མཚོན་ན་༧གོང་ས་མཆོག་ཉིད་ཀྱིས་དེ་ལྟར་གནང་མེད་པ་ལ་ཡིད་ཆེས་ཡོད་ཀྱང་། ཞབས་འདྲིང་པ་ཚོས་ལྷག་བསམ་བྱས་མ་ཤེས་པ་ལ་བརྟེན་ནས། བླ་བྲང་ཉི་ཚེ་བ་ཞིག་གི་ཆེད་དུ་བླ་མའི་འགྲོ་དོན་ལ་བར་ཆད་བྱས་བཞག་པ་རེད་ཀྱིན་ཡོད། གལ་སྲིད་གོང་ས་མཆོག་གིས་དགའ་ལྡན་ཕྲོ་བྲང་སྒོ་རྒྱབ་པ་དང་། སྐུ་སྒེར་ཡིག་ཚང་མིང་བསྒྱུར་བར་བཞུགས་ཡོད་ན་སྐུ་ཚེ་འདི་ཉིད་ལ་རིས་མེད་ཀྱི་ཆོས་བརྒྱུད་བྱེ་བྲག་པ་རྒྱ་ཆེན་པོ་ཞིག་འབྱུང་ངེས་ཀྱང་། ད་ཚེ་རབས་གཞན་དུ་ཁོང་གི་གསུང་ལ་བརྟེན་ནས་རིས་མེད་ཀྱི་བརྒྱུད་པ་འབྱུང་ན་མ་གཏོགས་སྐུ་ཚེ་འདི་ཉིད་ལ་དངོས་སུ་འབྱུང་བ་ཁག་པོ་རེད། ཡིན་ན་ཡང་ད་དུང་ཐབས་ཤེས་གཏན་ནས་མེད་པ་ཡང་མ་རེད་སྙམ། དེ་ཕྱིར་༧གོང་ས་མཆོག་གི་ཞབས་འདྲིང་པ་ཚོས་བླ་བྲང་དང་། ཡིག་ཚང་ཉི་ཚེ་བ་ཞིག་གི་ཆེད་དུ་རླབས་ཆེ་བའི་མཛད་འཕྲིན་ལ་གོད་ཆག་མ་གཏོང་རོགས་ཞེས་གསོལ་བ་འདེབས་པ་ལེགས།
གཉིས་པ་ཀརྨ་པའི་སློབ་སྦྱོང་གནང་སྟངས་དང་། དེང་སང་གནས་སྟངས་སྐོར་ཡིན། ༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཁོང་ནི་སྐུ་ན་ཆུང་ཡང་སྐུ་བསོད་ཆེ་བ་དང་། དབང་ཐང་ཆེ་བ། རྣམ་དཔྱོད་རྒྱས་པ། སྐྱེ་བོ་ཕལ་བ་ཞིག་གིས་འགྲན་དུ་མི་བཟོད་པའི་སྐྱེ་བུ་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ནི། ཁོང་གི་མཚན་ཙམ་ལ་མི་ལྟ་བར་ཐད་གར་མཇལ་ན་ཡང་ཚང་མས་མཁྱེན་ངེས་རེད། དེ་ཕྱིར་ཕུལ་དུ་བྱུང་བའི་བློ་གྲོས་མངའ་བའི་གང་ཟག་མཆོག་ལྡན་དེ་དག་བསྐྱེད་སྲིང་བྱ་བ་དང་། བདག་པོ་རྒྱག་པ་དེ་རྒྱལ་ཁབ་དང་། མི་རིགས། དགོན་སྡེ་སོགས་སྤྱི་ཚོགས་དང་། ནང་མི་ཡོངས་ཀྱི་འོས་འགན་རེད། དེ་ཕྱིར་ཀརྨ་ཁོང་ཡང་བོད་མི་དག་གིས་བདག་པོ་རྒྱག་དགོས་པ་རེད། ངས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ནས་གཟིགས་ཀྱི་མི་འདུག་ཟེར་བ་མིན་ཏེ། ད་དུང་མ་འདང་བའི་ཆ་ཞིག་ཡོད་པར་མཐོང་། སྤྱིར་བཏང་ཀརྨ་པ་ཁོང་བཀའ་བརྒྱུད་པའི་བླ་ཆེན་ཞིག་ཡིན་པའི་ཆ་ནས་བཀའ་བརྒྱུད་པ་ལ་ལྟོས་ལོས་དགོས། དེ་ནི་མི་ཆོས་གཉིས་ཀྱི་ལུགས་དང་མཐུན་པའི་འགྲོ་སྟངས་ཤིག་རེད། རེད་དེ་ཀརྨ་པ་སྐུ་འཕྲེང་རིམ་བྱོན་བོད་ལ་བཀའ་དྲིན་ཆེན་པོ་རེད། དེ་ཙམ་དུ་མ་ཟད་ད་ལྟ་༧གོང་ས་མཆོག་དགུང་ལོ་བསྒྲེས་པོ་རེད། མ་འོངས་པར་ཁོང་གི་ཚབ་ཅིག་ངེས་པར་དུ་ཆོས་བརྒྱུད་ཆེན་པོ་བཞི་པོ་གང་རུང་ལས་གཅིག་འདེམས་དགོས་པ་རེད། དེ་དུས་ཁྱོད་ལས་གཞན་ཞིག་ལ་འོས་བབ་གཏན་ནས་མེད་པ་ཕར་བལྟས་ཚུར་གཟིགས་རེད། གང་ཡིན་ཞེ་ན་ཐོབ་གོ་ས་ཡོད་པའི་ཐོག་ནས་རྣམ་དཔྱོད་ཕུན་སུམ་འཚོགས་པ་ཡོད་མཁན་ཞིག་དང་། ཆོས་བརྒྱུད་ཆོལ་ཁ་དང་བཅས་པས་ཁས་བླངས་པ་ཞིག་དགོས་པ་རེད་ལ། སྐད་ཡིག་དང་། བོད་ཀྱི་རིག་གཞུང་ཐད་ནས་རྒྱལ་སྤྱིའི་མཁས་པའི་འགྲམ་རྩ་་ནས་ཞུམ་པ་མེད་པའི་དཔུང་མཐོ་བ་ཞིག་དགོས་ངེས་རེད། ངས་གོ་ཐོས་འདི་དག་བདེན་མིན་མ་ངེས་ཀྱང་། ཁོང་གིས་སྐད་རིགས་དང་། ཐང་གའི་སྒྱུ་རྩལ་ཁོ་ན་གཙིགས་སུ་འཛིན་པ་ལས། བོད་ཀྱི་ཐུན་མོང་དང་། ཐུན་མིན་གྱི་རིག་གཞུང་ལ་དེ་ཙམ་ཐུགས་བརྩོན་ཆེན་པོ་དེ་ཙམ་གནང་གི་མི་འདུག་ཟེར། གལ་སྲིད་བདེན་པའི་དབང་དུ་བཏང་ན་ཁྱེད་ཀྱིས་མདོ་སྔགས་ཆ་ཚང་ནས་བླ་མའི་མཚན་ཉིད་གཟིགས་སོང་ངམ། དཔེར་ན་དམ་པའི་ཆོས་འདུལ་བ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། གསང་སྔགས་ཀྱི་རྒྱུད་དག་ལས་བླ་མའི་མཚན་ཉིད་ཇི་ལྟར་བཞག་འདུག སྐད་ཡིག་དང་། དཔེ་རིས་གཙོ་བོ་འཛིན་དགོས་ཞེས་གསུང་འདུག་གམ། ཡང་ན་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱིས་ཕྱུག་དགོས་ཟེར་འདུག ལུང་རྟོགས་གཉིས་ཀྱིས་ཐུགས་རྒྱུད་ཕྱུག་པའི་ཐོག་ནས་རིག་གནས་གཞན་པ་དག་གིས་ཟུར་བརྒྱན་དགོས་པ་རེད། ཁོ་བོར་མཚོན་ན་ཐད་ལ་བཞག་ན་གླེན་པ་མཁས། ལག་ལ་བཞག་དུས་གཅིག་མི་འཇོན་ཟེར་བ་བཞིན། བཤད་འདོད་ཀྱང་སྒྲུབ་མི་ཕོད་པའི་ལྡོམ་པོ་ཞིག་ཡིན་ན་ཡང་། དུས་རྣམ་ཀུན་ཏུ་བོད་ཀྱི་ཆོས་དང་རིག་གཞུང་ཉམ་སོང་ན་སེམས་སྡུག་འཁུར་བཞིན་པའི་སེམས་ཅན་ཞིག་ཡིན། དེ་ཕྱིར་བོད་ཀྱི་མ་འོངས་པའི་ཆེེད་དུ་དགོངས་ཏེ། གོང་ས་མཆོག་གི་རྗེས་སུ་སློབ་རོགས་ཞེས་སྙིང་ཁུང་གི་རེ་བ་ཉག་གཅིག་ཡིན།
གསུམ་པ་སྔ་འགྱུར་རྙིང་མ་པའི་དབུ་འཛིན་གྱི་ཐད་ལ་བསམ་བློ་ཅུང་ཟད་མ་བཏང་རང་གཏོང་རེད། ང་རང་ཉིད་རྙིང་མའི་གྲལ་མཐར་དུ་ལུས་པའི་སེམས་ཅན་ཞིག་ཡིན། དེ་ཕྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་དུ་རྙིང་བསྟན་འདི་ལ་གོད་ཆག་འབྱུང་ན་སེམས་པ་སྐྱིད་པོ་མི་འདུག འགའ་ཞིག་གིས་དྲན་ན་རྙིང་མ་ཚོར་དཔལ་འབྱོར་ནི་འདུག མི་ནི་མང་པོ་འདུག དགོན་པ་ནི་ཆེན་པོ་འདུག ད་རྙོག་དྲ་བཤད་བསྡད་པ་དེ་ཁོ་རང་གིས་མ་འཇོན་པ་དང་། མ་ཤེས་པ་ལ་བརྟེན་ནས་ཕྲག་དོག་དང་། འགྲན་སེམས་ཀྱིས་ལོས་ཡིན་དྲན་སྲིད་པ་རེད། ངོ་མ་རེད་དགོན་པ་དང་། མི་ཚོགས་མང་པོ་ཡོད་པ་དེ་ཡང་ངོས་ལེན་ཡོད། རེད་དེ་འདུ་ཁང་ཆེན་པོ་དང་། མི་མང་པོ་བསྟན་པ་མ་རེད། བསྟན་པ་ལུང་རྟོགས་གཉིས་རེད། དེ་ཙམ་དུ་མ་ཟད་སྔ་འགྱུར་བའི་བླ་བརྒྱུད་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ལ་བསམ་བློ་བཏང་བ་ཡིན་ན། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ་རྐྱང་རྐྱང་ཡིན། སྔ་འགྱུར་བའི་བསྟན་པ་འཛིན་མཁན་གྱི་དམ་པ་གོང་མ་དག་ནི་མི་གཞན་ཞིག་གིས་བསྐོས་པ་མ་ཡིན་པར། རང་འགུལ་གྱིས་མཁས་གྲུབ་གཉིས་ལྡན་གྱི་ཡོན་ཏན་ཚང་བའི་དགེ་བའི་བཤེས་གཉེན་ཤ་སྟག་ཡིན། བཙན་བྱོལ་ནང་དུ་ཆོས་སྡེ་སྤྱི་དང་། གོང་ས་མཆོག་གིས་ཆོས་བརྒྱུད་ཀྱི་དབུ་ཁྲིད་བསྐོས་པའི་སྲོལ་ཞིག་བྱུང་བ་རེད། ༧བདུད་འཇོམས་རིན་པོ་ཆེ་ནས། ད་ལྟའི་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བར་བླ་མ་ཚད་ལྡན་ཁོ་ན་ལས། འདི་དམན་པ་ཡིན་བསམ་པ་གཅིག་ཀྱང་མེད།
ད་འདི་ནས་མན་ལྟ་དུས་དབུ་ཁྲིད་དེ་སྐྱེས་བུ་ཚད་ལྡན་ཞིག་དང་། བསྟན་པ་ལ་ལྷག་བསམ་ཡོད་མཁན་ཞིག་གི་ཕྱག་ཏུ་མི་འགྲོ་བར་ཁྲམ་པ་ཕུང་གསུམ་པ་ཞིག་གི་ལག་ཏུ་འགྲོ་ཉེན་ཆེན་པོ་འདུག དེ་ཕྱིར་ངས་ཕུང་གསུམ་པའི་སྐོར་བཤད་ནས་ལོ་གཉིས་ལྷག་འགྲོ་སོང་། གྲུབ་འབྲས་རྒྱ་ཆེན་པོ་ཟེར་ན་དེ་རེད་དེ་མི་དམན་པ་ཐོབ་ཡོད། སྔ་འགྱུར་བའི་དབུ་འཛིན་དེ་བཙན་བྱོལ་ནང་རང་བསྐོས་དགོས་ན། རྗེས་མ་༧བྱ་བྲལ་རིན་པོ་ཆེ། ༧རྡོ་གྲུབ་རིན་པོ་ཆེ། མཁན་ཆེན་པདྨ་ཤེས་རབ། མཁན་ཆེན་རྣམ་གྲོལ། གཡང་ཐང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ། ནམ་མཁའ་སྙིང་པོ། མཁོ་ཁྱིམ་རིན་པོ་ཆེ། རི་འགོ་སྤྲུལ་སྐུ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ། དགོན་བྱང་རིན་པོ་ཆེ་སོགས་ངས་མ་ཤེས་པ་འགའ་ཞིག་ཡོད་སྲིད་པ་རེད། དེ་ལས་གཞན་ཞེ་ཆེན་རབ་འབྱམས་དང་། སྨིན་གླིང་མཁན་ཆེན། དཔལ་ཡུལ་གྱང་ཁང་གསུམ་ལ་ངོས་ལེན་གཏན་ནས་མེད། ཀ་ཐོག་དགེ་རྩེ་ལ་ངས་རེ་བ་གསེར་འདྲ་བོ་ཞིག་བཅས་ཏེ། བླ་རྒན་སྐུ་བསྒྲེས་རྣམ་པ་མ་བཞུགས་རུང་ཁོས་འཇོན་ས་རེད་དྲན་ནས་རེ་བ་ཆེན་པོ་རྒྱག་ཡོད། ན་ནིང་ངའི་༼ཆོག་ཤེས་༽ཀྱི་དེབ་ནང་དགེ་རྩེ་ལ་བསྟོད་པ་བྱས་པར་ངོ་བརྒོལ་བྱེད་མཁན་ཁ་པར་དང་། ཡི་གེ་གཉིས་ཀྱི་ལམ་ནས་མང་པོ་བསླེབ་སོང་མོད། ངས་ད་དུང་ཡིད་ཆེས་ཆ་ཚང་བྱས་མེད། ཁོ་རང་ལ་གཏུག་བཤེརབྱེད་དགོས་དྲན་ནས་བསྡད་ཡོད། གལ་སྲིད་ཁོ་ཚོས་བཤད་པ་ལྟར་བདེན་ན་ཁྱོད་ཀྱི་སྙིང་ཁྲག་མ་གཟའ་དམ་གསུམ་གྱིས་མཆོད་ཅིག དེ་དང་འདྲ་བ་ཚོ་དབུ་འཛིན་ལ་ངོས་ལེན་གཏན་ནས་མེད། ༧བདུད་འཇོམས་དང་། ༧མཁྱེན་བརྩེ་ཡང་སྲིད་གཉིས་ད་ལྟ་སྐུ་ན་ཕྲ་བས། སློབ་གཉེར་གནང་བའི་དུས་ཚོད་རེད། ངས་བདུད་འཇོམས་ཡང་སྲིད་བྱིས་པ་ཡིན་དུས་མ་གཏོགས་མཇལ་མ་མྱོང་མོད། མཁྱེན་བརྩེ་ཡང་སྲིད་ལ་དགེ་འདུན་སྡེ་གཉིས་གང་རུང་གནང་དགོས་པའི་འབོད་བསྐུལ་ཞུས་ཡོད།
ངས་ཕུང་གསུམ་པ་ཞེས་མང་པོ་བཤད་འདུག་པ་ལ་རྒྱུ་མཚན་མང་པོ་ཡོད། བོད་མི་རིགས་དང་། ཆོས་བརྒྱུད། འཛམ་གླིང་མི་རིགས་སྤྱི་ལ་ཕན་གནོད་ཆེན་པོ་འགྲོ་བཞིན་པ་ལ་བརྟེན་ནས་བཤད་བཞིན་ཡོད། ཕུང་གསུམ་པ་དེ་ཚོ་ཁོ་རང་ཕུང་གསུམ་པ་ཡིན་པར་མ་ཟད། ཞབས་འདྲིང་ཕུང་གསུམ་པ། གྲོགས་པོ་ཕུང་གསུམ་པ། འཁོར་ཕུང་གསུམ་པ། བསྟོད་ཡུལ་ཕུང་གསུམ་པ། ཚང་མ་ཕུང་གསུམ་པ་བསྒྱུར་བཞིན་པ་རེད། དེ་ཕྱིར་ཕུང་གསུམ་པ་གཏེ་བོ་ཚོ་རྩ་མེད་མ་གཏོང་ན་ཆོས་བརྒྱུད་ཅིག་རྩ་མེད་དུ་གཏོང་ངེས་རེད། ང་ལ་འགའ་ཞིག་གིས་ཁོ་ཚོར་སྡོམ་པ་མེད་ན་ཡང་ཆོས་གོས་གོན་བསྡད་ན་ཡག་པོ་རེད། ཆོས་བརྒྱུད་གཞན་པ་ཚོའི་ངོར་ཡག་པོ་ཡོད་རེད་ཟེར། ངོ་མ་གཟན་ཤམ་གོན་པ་ཙམ་ལས་ཆོས་ལ་ལྷག་བསམ་རྩ་བ་ནས་མེད་པའི་སྐད་ཆ་རེད། དེ་དག་རང་རང་གི་དགོན་པས་ངོས་ལེན་བྱེད་མིན་དང་། ཁྲི་ཐོག་ལ་བཞག་མིན་སོ་སོའི་འདོད་པ་རེད། དོན་ངོ་མ་བསམ་ན་རྡོར་གདན་སྨོན་ལམ་ཁྲི་རྩ་ནས་རྐང་པ་གཅོག་དགོས་ས་རེད་བསམ་པ་ཡང་ཐེངས་མང་དྲན་སོང་། གང་ཡིན་ཞེ་ན་སྔ་འགྱུར་རྙིང་མའི་ཁྲི་ལ་དགེ་འདུན་སྡེ་གཉིས་གང་རུང་ངེས་པ་ལས། ཕུང་གསུམ་པ་སྔར་འབྱུང་མ་མྱོང་བ་རེད། རྡ་ས་ནས་སྤྲུལ་སྐུ་ཞིག་གིས་ངས་བྲིས་པའི་དེབ་ལ་ཡི་རང་གིས་བསྔགས་བརྗོད་དང་འབྲེལ། ང་ཚོ་རྙིང་མ་པ་ལ་ཁྱད་ཆོས་མང་པོ་རེད། དེའི་ནང་ནས་གཅིག་དེ་རྙིང་མའི་གྲྭ་བླ་སྤྲུལ་སྐུ་རྣམས་ལ་ལོག་རྒྱུ་ཡོད་རེད། རེད་དེ་དེང་སང་རྙིང་མ་པ་ཡང་ལོག་རྒྱུ་མེད་པ་ཆགས་འདུག་ཟེར། བདེན་པ་མི་འདུག་པས། གང་ལྟར་ཡང་མི་འོས་པ་དེ་ཚོ་དབུ་འཛིན་གྲལ་དུ་འཚང་ཁ་རྒྱག་མ་ཡོང་མ་གཏོགས། ང་དང་། ངའི་གྲོགས་པོ་ཚོས་ལྷ་ལུང་དཔལ་རྡོར་གྱི་ཕྱག་བཞེས་ལག་ལ་ལེན་དུས་ཚང་མ་ལ་ཡག་པོ་ཞིག་མི་ཡོང་ཁོ་ཐག་ཡིན།
ང་རང་ཉིད་ལ་མཚོན་ན་བོད་ཀྱི་རིག་གཞུང་དང་། ཆོས་བརྒྱུད་ཆེན་པོ་བཞི། ཁྱད་པར་དུ་སྔ་འགྱུར་བའི་ཕ་ཆོས་དྲི་མ་མེད་པ་འདི་དག་ལས་གཅེས་ཤིག་ས་སྟེང་འདི་ལ་མེད། དེ་ཕྱིར་ཚང་མས་ཐུགས་ལ་ཞོགས། ངས་མི་རིགས་དང་། རང་བཙན་གྱི་ཆེད་དུ་གང་ཡང་སྒྲུབ་མི་ཕོད་ལ། སྒྲུབ་འདོད་ཀྱང་མེད། ཤཱཀྱའི་རྒྱལ་པོའི་གསུང་རབ་བཀའ་དང་། དེའི་རྗེས་སུ་འཇུག་པའི་མཁས་པའི་བསྟན་བཅོས་དང་། དེ་དག་ཉམས་བཞེས་ཚུལ་བཞིན་གནང་བའི་མཁས་གྲུབ་གཉིས་ལྡན་དག་ནི། ཁོ་བོའི་སྐྱབས་གནས་ཉག་གཅིག་ཡིན། དེ་དག་ཞབས་ཕྱི་སྒྲུབ་མ་ཐུབ་རུང་། ཞབས་འདྲེན་མི་ཞུས་ཁོ་ཐག་ཡིན་ནོ།། །།སྐད་ཆ་འདི་ད་ལྟ་ནས་མ་བཤད་ན་ཕུང་གསུམ་པ་ཚོ་ལ་ངོ་ཚ་མེད། མིང་ཞིག་དང་། སྒོར་མོ་ཞིག་རག་སོང་ན་ཆོས་བརྒྱུད་དང་། སྐྱེ་འགྲོའི་བདེ་སྡུག་ལ་མི་ལྟ་ཁོ་ཐག་ཡིན། ང་ལ་རྒྱུས་ཡོད། དེ་ཕྱིར་འདིར་བཀོད་པ་ཡིན་ནོ།།
སྐད་ཆ་ཕུང་གསུམ་པ་བཤད་འདུག གསལ་བོ་མི་འདུག་འཇིགས་སྐུལ་འདྲ་མོ། ཆོས་ཕྱོགས་རྐྱང་པ་འདྲ་མོ། འཆར་སྣང་ཙམ་འདྲ་མོ། གང་ལྟར་ཕུང་གསུམ་པའི་སྐད་ཆ་རང་རེད།
ཡ་ཡང་དམོ་ངན་དེ་བདོ་འདུག ༡༡ པ་རེད། ཁྱད་པར་ཀ་ར་མ་ལ་བསྟོད་པའི་ལམ་ནས་སྨད་པ་བྱས་འདུག ངས་ད་དུང་ཁྱོད་ལ་ཡིད་ཆེས་ཆ་ཚང་བྱས་མེད། སྔོན་ཆད་ཁྱོད་ལ་ཞུས་པ་དེ་ཡིན། ནང་འཁོར་གྱི་བཤད་པ་ལྟར་བདེན་ན་ཁྱོད་ཀྱིས་ཉི་མ་ཞིག་ལ་ཀ་ར་མ་སྙིང་ཁྲག་མ་གཟའ་དམ་གསུམ་གྱིས་མཆོད་ཅིག ཅེས་དམོ་ངན་དེ་ལྡོག་མེད་དུ་མགོ་ཐོག་ཏུ་འཁོར་ཡོང་བས་ལྟོས་ཨ། ལས་ངན་པོ།
ནང་ཆོས་ནི་འགྲོ་བའི་ཕན་བདེ་སྒྲུབ་པའི་ཐབས་ལམ་དང་བོད་མི་རིགས་ཀྱི་བླ་སྲོག་ཡིན་པས་ནང་ཆོས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་འགྲོ་བའི་ཐབས་ལམ་ལ་ངེས་པར་དུ་བརྩོན་དགོས། ཨོ་རྒྱན་ཉི་མའི་གསུང་བརྒྱ་ཆ་བདུན་བཅུ་ལ་ངོས་ལེན་ཡོད། ངོས་ལེན་གཏན་ནས་བྱེད་མི་ཐུབ་ས་ཞིག་པ་ཡོད་པ་སྔགས་པ་བྱེད་ཆོག་མིན་གྱི་མཚམས་ཅིག་མེད་པ་འདི་རེད། སྔགས་པ་ཞིག་ཡིན་ན་སྡོམ་པ་གསུམ་རྒྱུད་ལ་ལྡན་མཁན་ཞིག་ཡིན་དགོས། སོ་སྡོམ་གྱི་ཐོག་ནས་བཤད་ན་མ་མཐའ་ཡང་ཡོངས་རྫོགས་དགེ་བསྙེན་གཙང་མ་ཞིག་ཡིན་དགོས་རྒྱུ་རེད། དེང་སང་སྔགས་པ་ཡིན་ཟེར་མཁན་ཚོས་བུད་མེད་སྨད་ཚོང་མ་ཚུན་ཆད་བསྟེན་པ། འཆང་འཐུང་བ། ནག་ཚོང་རྒྱག་པ། ཕྱི་གླིང་གི་དད་ལྡན་ཚོར་མི་ཆོས་བླ་མའི་རྫུན་བཤད་པ་སོགས་མ་རབས་སྣ་དགུ་བྱེད་རྐྱང་རེད། དྲངས་པོ་བཤད་ན་ཕུང་གསུམ་པ་མང་པོ་ཞིག་ཐོན་ཡོང་བ་དང་དགེ་འདུན་པ་ཡིན་མིན་གྱི་དབྱེ་མཚམས་འབྱེད་མི་ཤེས་པ་འདི་སྔགས་པ་ཡིན་ཟེར་མཁན་ཚོའི་དྲིན་རེད། འདི་ཚོ་གཙོ་བོར་རྒྱ་ཡིག་དང་དབྱིན་ཡིག་གི་ཐོག་ནས་མི་རིགས་གཞན་གྱི་དད་ལྡན་ཚོར་འགྲེམས་སྤེལ་བྱེད་དགོས།
མི་ཁྱོད་བདེན་ཙམ་འདུག་། སྐད་ཆ་འདྲ་ཆག་པོ་བཤད་འདུག་ལ་ཁ་གསལ་པོ་འདུག་། རང་གི་རེ་འདུན་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད་།
དྲང་པོ་བཤད་ན་ཀརྨ་པ་གོ་གནས་དང་མིང་ཆེ་བའི་བླ་མ་ཞིག་ཡིན་པ་རྩོད་མེད་རེད་། ཡིན་ཡང་ཁོང་གི་གནང་སྟངས་ལ་བསམ་ན་མ་འོང་པར་ག་རེ་ཡོང་མིན་གསལ་པོ་རེད་། མ་གཞི་གོང་ས་མཆོག་ཡར་ཕུད་། དེ་ནས་མཁས་དབང་ཟམ་གདོངརེད་། གཞན་བླ་མ་ག་འདྲ་ཡིན་རུང་བོད་སྤྱི་པའི་ལས་ཁུར་ཟེར་དུས་ཐག་རིང་པོར་ལུས་རན་འདུག་། བླ་མ་སུ་ཡིན་རུང་བླ་བྲང་ཡར་རྒྱས་ཆེད་སྒོར་མོ་མང་པོ་བཟོ་བ་ནི་ལས་སླ་། དངུལ་དེ་དག་ནི་བླ་བྲང་ནང་གི་མི་དག་གི་ཟ་རྒྱུ་ལས་བླ་བྲང་དང་མ་འབྲེལ་བའི་བོད་མི་རྐང་གཅིག་ལ་སྒོར་གཅིག་རག་པ་གོ་རྒྱུ་མེད་།། བླ་བྲང་གི་མི་དག་ནི་བླ་མས་བཟོས་པའི་དངུལ་ཟ་ཆེ་དྲགས་ནས་ཕག་རྒོད་ནང་བཞིན་ཆགས་འདུག་ཧཧཧཧཧ། བླ་མ་འདི་དག་ལ་གཞུངས་ལུགས་ནས་བཤད་པའི་བླ་མའི་མཚན་ཉིད་སྣེ་གཅིག་ཡོད་པ་སུ་མཐོང་གི་རེད་།། ཕྱི་རྒྱལ་དངུལ་ཡོད་མཁན་ཡིན་ན་བོད་པའི་བླ་མ་ཐུག་རྒྱུ་ལས་སླ་ཞིང་རྔན་པ་རག་རྒྱུ་ཡང་དེ་བཞིན་རེད་། རྒྱུ་མེད་པ་དག་གིས་བོད་པའི་བླ་མ་མཐོང་ཀག་པོ་བཤད་བཞིན་པ་འདི་བདེན་པ་ཡིན་པའི་དབེན་དཔོན་བླ་མ་དག་གི་གནང་བར་ངས་ཐུགས་རྗེ་ཆེ་ཞེས་ལབ་འདོད་བྱུང་།།
སྔ་འགྱུར་བའི་བླ་བརྒྱུད་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་་་་་་ ཞེས་པའི་ཆོས་སྐུ་ཀུན་ཏུ་བཟང་པོ་ཟེར་ན་སུ་རེད། ཁོང་གི་ཡབ་ཡུམ་སུ་རེད། གདུ་དུས་བྱང་བ་རེད། ག་དུས་བྱུང་བ་རེད། ད་ལྟ་གང་དུ་ཡོད་པར་ཡིད་ཆེས་བྱེད་དམ། བླ་མ་ཨོ་ཉི་ལགས།
་་་་་་ ང་ལ་འགའ་ཞིག་གིས་ཁོ་ཚོར་སྡོམ་པ་མེད་ན་ཡང་ཆོས་གོས་གོན་བསྡད་ན་ཡག་པོ་རེད། ཆོས་བརྒྱུད་གཞན་པ་ཚོའི་ངོར་ཡག་པོ་ཡོད་རེད་ཟེར། ངོ་མ་གཟན་ཤམ་གོན་པ་ཙམ་ལས་ཆོས་ལ་ལྷག་བསམ་རྩ་བ་ནས་མེད་པའི་སྐད་ཆ་རེད། དེ་དག་རང་རང་གི་དགོན་པས་ངོས་ལེན་བྱེད་མིན་དང་། ཁྲི་ཐོག་ལ་བཞག་མིན་སོ་སོའི་འདོད་པ་རེད། དོན་ངོ་མ་བསམ་ན་རྡོར་གདན་སྨོན་ལམ་ཁྲི་རྩ་ནས་རྐང་པ་གཅོག་དགོས་ས་རེད་བསམ་པ་ཡང་ཐེངས་མང་དྲན་སོང་། གང་ཡིན་ཞེ་ན་སྔ་འགྱུར་རྙིང་མའི་ཁྲི་ལ་དགེ་འདུན་སྡེ་གཉིས་གང་རུང་ངེས་པ་ལས། ཕུང་གསུམ་པ་སྔར་འབྱུང་མ་མྱོང་བ་རེད། ་་་་་་ཟེར།
བསམ་ཚུལ་ཞིག་ཞིག་མ་རེད་ཟེར་རྒྱུ་མེད་གི བུ་ཁྱོད་ལ་རང་ཚུགས་ཡོད་གི རང་གི་ལངས་ཕྱོགས་ལ་བདག་པོ་བརྒྱབ་སྟེ་ཡུན་རིང་སོང་ན་ནམ་ཞིག་ཁྱོད་ལ་དེ་དང་འདྲ་བའི་མཇུག་འབྲས་ཤིག་ཡོང་ངེས་ཡིན། ཁོག་ལ་དྲན་ནས་འདུག་པ་ལས་འདི་ལྟར་ཁ་ལ་ཕུད་ན་ཡག་པོ་འདུག ཡིན་ནའང་ཉེན་ཁ་ཆེ་སེ་འདུག་ག ཁྱོད་བུ་་ངར་ཞིག་རེད།
ཀརྨ་པ་གོང་ས་མཆོག་གི་ཚབ། ་་ཧ་ཧ་ཧ་ཧ་ ་་་་་ ནམ་མཁའི་བླ་མ་དཀོན་མཆོག ཨོ་ཉི་གཉིད་མཐུག་པོ་འདི་ལས་མྱུར་དུ་སད་དུ་གསོལ།
ངའི་སྙིང་ན་ཡུན་རིང་ཉར་བ་དང་། རིན་ཐང་ཆེ་ཤོས་དེ་བསྟན་པ་ཡིན། དེ་ལས་གཞན་གང་ཡང་མེད། གང་ཡང་མི་དགོས། བསྟན་པ་ཉམས་པ་ངའི་སྲོག་ཤོར་བ་གཅིག་མཚུངས་ཡིན། སྲོག་ལས་ཀྱང་བསྟན་པ་ལ་གཅེས་འཛིན་ཆེ། ཕུང་གསུམ་པ་ཚོས་སྡིགས་ར་ཇི་ལྟར་བསྐུལ་རུང་ཕྱིར་ནུར་མེད།
གང་མས་བགྲོ་གླེང་བྱ་རྒྱུ་ཡོད་ན་གྱིས། དཀར་འདོན་ཐུབ་ན་ཕེབས་ཤོག ༧གོང་ས་མཆོག་གི་ཚབ་གཞན་པ་སུ་འོས་རེད། གསུངས་ཤིག
གོང་ས་མཆོག་ནི་ལོ་རྒྱུས་སྟེང་གི་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་ཅིག་རེད། ད་ལྟ་དེའི་དུས་རབས་ཡོལ་ཟིན་པ་རེད། དེ་ལ་ཚབ་བྱེད་མཁན་ཞིག་རྙེད་ཀྱང་མི་རྙེད་ལ་དགོས་ཀྱང་མི་དགོས། གོང་ས་མཆོག་གི་ཚབ་བཙལ་ན་ངོ་མ་རྒྱ་ནག་གིས་བཤད་པའི་དུས་རབས་རྙིང་པ་ལ་བསྐྱར་ལོག་རྒྱག་གི་ཡོད་པ་ཡིན་རྒྱུ་རེད། ཀརྨ་པ་གསུམ་ཡོད་པའི་ནང་ནས་གང་ཡིན་གསལ་པོར་ཤོད། ༥
ཨོ་རྒྱན་ཉི་མ་ཟེར་བ་འདི་ངོ་དེབ་སྟེང་གི་སྐྱེ་བ་སྨད་གཡོགས་དཀར་པོ་གྱོན་མཁན་དེ་ཡིན་པ་འདྲ། རེད་དམ།
འདིའི་འབྲི་སྟངས་ལ་བལྟས་ན་དགའ་ལྡན་ཁོ་བྲང་ལ་ཞེ་འཁོན་ཡོད་པ་འདྲ། དེ་མིན་ལ་བླ་མའི་གཟིམ་ཁང་ཙམ་ཡང་རྩ་མེད་དུ་གཏོང་འདོད་བྱེད་པ་ག་རེ་ཡིན་ནམ། དགའ་ལྡན་ཕོ་བྲང་ནི་འབྲས་སྤུངས་ན་ཡོད་པའི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཁང་རེད། རྒྱལ་དབང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐབས་རྡོ་ཁང་སྔོན་མོ་ཟེར་བ་དེ་སྣེ་གདོང་གོང་མས་ཕུལ་བ་དང་བླ་མའི་གཟིམ་ཁང་བརྩིགས་པ་རེད།
གཏམ་དཔེ་ལ་
ནང་གི་མི་ལ་སྡང་ན་སྒོ་ཁའི་ཁྱི་ལ་རྡོ་བཞུས་ཟེར་བ་ལྟར་ཨོ་ཉི་འདིས་༧གོང་ས་མཆོག་ལ་ཞེ་ནས་སྡང་ཟུང་ཡོད་པ་གསལ་བོ་རེད། ངོ་རྒོལ་མཚོན་ཆེད་བླ་བྲང་དགའ་ལྡན་ཕོ་བྲང་ཡང་རྩ་མེད་བཟོ་བར་ངན་སྐུལ་བྱེད་ཀྱི་ཡོད་རེད། ༧གོང་ས་མཆོག་དང་ཁོང་གི་ཕོ་བྲང་གི་མིང་རྣ་བས་གོ་འདོད་ཡོད་མ་རེད།
བོད་གཞུང་དགའ་ལྡན་ཕོ་བྲང་ནི་སྔར་ནས་བསྡུས་ཟིན་པ་རེད། ད་རྒྱལ་བའི་བླ་བྲང་ཡང་མིང་མེད་བཟོ་དགོས་པར་བཤད་ཀྱིན་ཡོད་རེད། སེམས་ནད་ག་རེ་ཡོད་པ་ཡིན་ནམ། གསལ་བོར་གསུང་ན་འགྲིག་གི་རེད་པ།
འདི་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བ་ཡིན་པས་ཨོ་ཉི་ནས་ཚད་མེད་ཀྱི་ལས་བསགས་ཚར་བ་རེད། བླ་མ་ལ་མངོན་ལྐོག་ཅི་རིགས་ཀྱིས་རྡོ་བ་ནི་རྩ་ལྟུང་རེད། དམྱལ་བ་མ་གཏོགས་ཡོད་མ་རེད། ཆོས་བརྒྱུད་ཞེན་ཁོག་ཆུང་ངུ་དེས་རང་ཉིད་ཀྱིས་ལས་ངན་པ་དེ་འདྲ་བསགས་དགོས་པ་ཅང་ཨེ་ཡོད།
སྤྲུལ་རྫུན་ཡིན་ཡང་སློབ་སྦྱོང་མེད་ན་དེ་འདྲ་རེད། ཕ་མ་དང་སྦྱིན་བདག་དེ་ཚོའི་གདོང་ལ་ཅི་ལྟར་ལྟ། ཨ་ཁ་ཁ་་
མི་འདི་ཚོར་ཆོས་དང་ཟང་ཟིང་གང་ཐད་ནས་འབྲེལ་བ་མ་བྱས་ན་ཡག་ས་རེད། གྲིབ་མ་ཙམ་ཡང་མ་ཕོག་ན་བཟང་། འཛེ་བོ་ནང་བཞིན་འཛེམས་ན་བཟང་།
ཆོས་བརྒྱུད་ཀྱི་ཞེན་ཁོག་དེ་ངོ་མ་དེ་འདྲའི་རྩ་ཆེན་པོ་རེད་པས།
ཕེ་ཕེ་
རང་ཉིད་མ་ཟད་ཀླུ་སྨྱོན་སོགས་པ་ངན་བསྐུལ་ག་ཚད་བྱས་སོང་། དེ་ན་སྐྱབས་མགོན་རིན་པོ་ཆེ་ནས་རིས་མེད་གནང་བ་དེ་ནོར་བ་རེད་པས།
ཞབས་འདྲེན་རེད། མི་འདི་ཚོ་ལ་ངོ་ཚ་ཁྱོན་ནས་མི་འདུག ་གདོང་པགས་མཐིག་པ་ལ་ཨང་། གདོང་བ་རྟ་ཀོ་བས་གདོང་པགས་རང་རེད།
གོང་ས་མཆོག་གི་ཚབ་ད་ལྟའི་གནས་སྟངས་ལ་གཞིགས་ན་༧གོང་མ་རིན་པོ་ཆེ་དང། ༧རྙིང་མའི་དབུ་འཛིན་བླ་མ་བཟང་ཡང་། བོད་ནང་ཁུལ་ཙམ་ལས། རྒྱལ་ཕྱིའི་མཁས་པའི་འགྲན་ཡ་ཡོང་གི་མ་རེད། ༧དགེ་ལྡན་ཁྲི་པ་གཞུང་ལུགས་མཁས་ཀྱང་ཆོས་བརྒྱུད་གཞན་ཚོས་ངོས་ལེན་བྱས་པ་ཁག་པོ་རེད། ད་འབྲི་གུང་༧སྐྱབས་མགོན་གྱི་སྐུ་ཡོན་ལ་རྒྱུས་ལོན་ཆེན་པོ་མེད། ཁོང་གི་སྐོར་གཅིག་གསུང་རོགས།
་་་་་་ དགའ་ལྡན་ཕོ་བྲང་ནི་འབྲས་སྤུངས་ན་ཡོད་པའི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་གཟིམ་ཁང་རེད། རྒྱལ་དབང་གཉིས་པ་དགེ་འདུན་རྒྱ་མཚོའི་སྐབས་རྡོ་ཁང་སྔོན་མོ་ཟེར་བ་དེ་སྣེ་གདོང་གོང་མས་ཕུལ་བ་དང་བླ་མའི་གཟིམ་ཁང་བརྩིགས་པ་རེད། ་་་་་ཟེར།
རྒྱལ་བ་རིན་པོ་ཆེའི་ཚབ་སུས་ཀྱང་བྱེད་མི་ཐུབ།
འཁྲུལ་སྣང་མ་སྐྱེ་རོགས། ཚབ་དགོས་ཡ་མེད། གལ་ཏེ་དགོས་ཟེར་ན་དམག་འཁྲིག་གི་མགོ་ལངས་ཟིན་པ་ཡིན། འདི་ཤེས་པར་བགྱིས་ཤིག ཁྱོད་རྙིང་མ་ཡིན་ན་འགྲིག་འདུག
ངས་བལྟས་ན་ཁྱོད་རྙིང་ནག་ཞིག་རེད།
ཆོས་བརྒྱུད་མ་དཀྲིགས་རོགས།
དམ་ཉམས་ཨོ་ཉི་ལགས།
༸གོང་ས་མཆོག་གི་ཚབ་དང་ཚུབ་ཞོག་ཤོག དེ་ལས་བཤད་ཚར་བའི་ཕུང་གསུམ་དེ་ཚོའི་ལོ་རྒྱུ་སམ། ཕུང་གསུམ་ཡིན་པའི་རྒྱུ་མཚན་དྲངས་ནས་མཚན་མང་ཙམ་སྨྲས་ན་ཉན་འདོད་ཡོད།
ངའི་ཀུན་ཏུ་བཟང་པོ་ལ་ཡ་བྱེད་མཁན་མི་འདུག ང་འདྲ་པོ་ཀུན་ཏུ་བཟང་པོ་ངོ་འཕྲོད་མཁན་རྐྱང་རྐྱང་ཡིན་ནམ། ཡང་ན། ང་གཅིག་པུས་མི་ཤེས་པ་ཡིན་ནམ།
ཨོ་རྒྱན་ཉི་མའི་སྐད་ཆ་དེ་ངས་གོ་མ་སོང་། ༧གོང་ས་མཆོག་གི་ཚབ་
ཟེར་ན་ག་རེ་རེད། ཆོས་བརྒྱུད་གཞན་གྱི་བླ་མ་ཞིག་༧རྒྱལ་བའི་བླ་བྲང་དུ་འཇོག་རྩིས་རེད་པས།
གཟིམ་ཆུང་ན་ཇ་མ་ཡོད་རེད། བརྗེ་དགོས་པ་ཅང་ཨེ་ཡོད། ཡོད་ཀྱང་ཁྱེད་ལ་འགན་ཡོད་མེད་མི་ཤེས། གཞན་དགོས་པ་ཅང་མེད་པ། ངས་ངོ་མ་ཤེས་མ་སོང་། ག་རེ་གསུང་གི་ཡོད་ལགས།
གསལ་བྱེད་ཅིག་གནང་རོགས་ཞུ།
༧གོང་སམཆོག་གི་ཚབ་ཟེར་ན་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་ལ་ཟེར་གི་ཡོད་རེད་པ། དེ་ཀརྨས་ཇི་ལྟར་ཡོངས། ཁོང་ནི་ཀརྨ་བཀའ་བརྒྱུད་ལ་ཁྱབ་མ་ཐུབ་པར་སྤྱི་པར་ཇི་ལྟར་ཁྱབ། ཁྱིམ་གྱི་སྒྲོན་མེ་མ་ནུས་པས་གྲོང་པའི་འོད་བསལ་མི་ནུས་སོ།།
འདིའི་སྐོར་མང་དུ་བཤད་ཟིན། དང་པོ་ཆོས་བརྒྱུད་ཀྱི་དབུ་ཁྲིད་དམ་༧སྐུ་ཚབ་མི་དགོས། དགོས་ན་དང་པོ་ཆོས་བརྒྱུད་སོ་སོས་འོས་གཞི་གཉིས་རེ་འདོན། དེ་ཚོར་བོད་མི་མངས་ཀྱིས་འོས་འཕེན་ནས་ཐག་གཅོད་དགོས། དེ་མིན་བཙན་བཀའ་དང་དབང་ཤུགས་ཀྱིས་ཐག་གཅོད་བྱ་ན་དབུ་ཁྲིད་གང་ཤེས་བསུབ་མི་ཐུབ་པའི་རྙོགས་དྲ་ལངས་རྒྱུ་རེད། དེ་ཡིན་མིན་ས་དགེ་བཀའ་རྙིང་ཚང་མས་སེམས་ནང་ཁྲིག་ཁྲིག་རེད། འོས་ཀྱི་ལམ་ནས་ཀརྨ་པ་ཐོན་ན་ངོས་ལེན་དང་གུས་ཞབས་བྱ་རྒྱུ་ཡིན། རྒྱལ་མཚན་ནོར་བུ་ཐོན་ནའང་གུས་ཞབས་ཡོད། གངས་ཅན་བླ མ་ཐོན་ནའང་བཀུར་གི་ཡིན། དེ་མི་་ཨོ་ཟོབ་ཁྲབ་ནས་ཡིན་ཤག་ཤག་དང་རེད་ཤག་ཤག་མ་ཟེར་རོགས།
གོང་ས་མཆོག་གི་ཚབ་དེ་གཟིམ་ཁང་བདག་པོ་མ་རེད། ས་སྒོ་རང་རེད། ས་འདྲ་བོ་འདུག་་་་་་ མི་སེར་ལ་ཆོས་ལུགས་དབུ་ཁྲིད་འདེམས་པའི་ཤེས་ཡོན་མེད། དགོན་སྡེ་ཁག་ནས་བསྟན་པ་སྤྱི་ལ་བསམ་བློ་བཏང་ནས་བསྐོས་ན་ལོས་འགྲིགས་ཏེ། དགོན་སྡེ་ཁག་གི་འཐུས་མི་བསྐོས་དུས་གང་འདྲ་བྱེད་ཀྱིན་ཡོད་མེད་ཚང་མས་ཤེས་གསལ་རེད། ཆོས་ལུགས་ཀྱི་དབུ་ཁྲིད་ནི་རྟེན་དགེ་འདུན་སྡེ་གཉིསགང་རུང་ངེས་ཤིང་། ལུང་རྟོགས་གཉིས་ཐུགས་ལ་མངའ་ཞིང་། སྐུ་བསོད་བསོད་ནམས་ཆེན་པོ་དང་། གསུང་རྗེས་སུ་བསྟན་པ། ཐུགས་རིག་པས་འདུལ་བ་གསུམ་དང་ལྡན་པ་ཞིག་ངེས་པར་དུ་དགོས།
དང་པོར་བཀའ་བརྒྱུད་ནང་ཁུལ་ནས་དབུ་ཁྲིད་ཞིག་བསྐོས་ན་གང་འདྲ་འདུག
འོས་ཀྱི་ལམ་ནས་ཀརྨ་པ་ཐོན་ན་ངོས་ལེན་དང་གུས་ཞབས་བྱ་རྒྱུ་ཡིན། རྒྱལ་མཚན་ནོར་བུ་ཐོན་ནའང་གུས་ཞབས་ཡོད། གངས་ཅན་བླ མ་ཐོན་ནའང་བཀུར་གི་ཡིན། ་་་་ཟེར་ན། ང་དང་། མེ་དཀར་དང་ཨོ་གཉིས་གསུམ་པོ་གང་རུང་ཅིག་བསྐོས་ན། ངས་ངོས་ལེན་མེད། གུས་ཞབས་མེད། བཀུར་བགྱི་མིན། འཛིན་གྲྭ་བཞི་པའི་སློབ་དེབ་ནང་ལ། མ་འོངས་སྔོན་བསུས་སྒྲུང་གི་རྒྱག་འདྲ་དེ་དྲན་བྱུང། སྒྲུང་དེའི་ནང་ལ། ང་གཉིས་ལ་གསེར་ཊམ་གསུམ་རྙེད་ན། བགོ་སྟངས་ལ། ང་ལ་གཅིག ཁྱོད་ལ་གཅིག ང་ལ་གཅིག གྲོགས་པོ་གཞན་པ་དེས་ཀྱང་། ང་ལ་གཅིག ཁྱོད་ལ་གཅིག ང་ལ་གཅིག
ང་ར་ཀ་རྡོ་ཨོ་ཉིས་སུས་འདེམས་གི་རེད། ལྐུགས་པ།
ཨོ་ཉིས་ཁ་སང་ཚན་རིག་ལ་དགག་པ་ཞིག་རྒྱབ་སོང་། དེ་རིང་ཚན་རིག་ཤེས་གི་མེད་ཟེར་སོང་། མ་ཤེས་བཞིན་དུ་དགག་པ་དེ་ཇི་འདྲ་ཡིན་ནམ།
ཨོ་རྒྱན་ཉི་མས་༧དགེ་ལྡན་ཁྲི་པ་གཞུང་ལུགས་མཁས་ཀྱང་ཆོས་བརྒྱུད་གཞན་ཚོས་ངོས་ལེན་བྱས་པ་ཁག་པོ་རེད། ཅེས་བཤད། ཆོས་རྒྱུད་གཞན་ཚོས་དགེ་ལྡན་ཁྲི་པ་ངོས་ལེན་མིབྱེད་པའི་རྒྱུ་མཚན་གང་ཡིན་ནམ། སྐད་ཆ་དེ་ཁྱེད་རང་དགའ་ལྡན་པ་ལ་མི་དགའ་བས་ཕྱོགས་ཞེན་ཙམ་གྱིས་གླེང་བརྗོད་མིན་ན་ཆོས་ལུགས་གཞན་གྱིས་དགའ་ཁྲི་ངོས་ལེན་མི་བྱེད་པའི་རྒྱུ་མཚན་གསལ་པོ་ཞིག་དྲ་ཐོག་འདིར་བཤད་དགོས་ཡོད། གལ་སྲིད་དེར་ཚད་ལྡན་གྱིས་རྒྱུ་མཚན་ཁ་གསལ་བཤད་རྒྱུ་མེད་ཚེ། ཁྱེད་ནི་དགའ་ལྡན་པར་གཙོ་བོ་སྡང་བའི་ཆོས་འབག་གྱོན་ནས་ཆོས་ལུགས་ཕྱོགས་ཞེན་གྱིས་དམ་ཚིག་རྡོ་རྗེ་སྤུན་གྲོགས་བར་དམ་ཉམས་ཀྱིས་དབྱེན་སྦྱོར་པའི་བྱེད་གཏེར་གྱི་མི་བུ་སྨྱོན་པ་ཞིག་ཏུ་ངེས་འཛིན་དང་གླེང་བརྗོད་བཟོ་རྒྱུ་ཡིན།
དགེ་ལྡན་ཁྲི་པ་ཡིན་ན་གཞུང་ལུགས་ལ་མཁས་པས་ཨེ་ཁྱབ།
ང་རང་ཉིད་དགའ་ལྡན་པ་ལ་དགའ་ཡང་། དགེ་ལྡན་པ་མཆོག་འཛིན་ཆེ་བ་དང་། རང་གི་ཆོས་བརྒྱུད་ལས་གཞན་པ་དག་སྣང་དེ་ཙམ་མེད་པ་དང་། གཞན་ཕན་ཆེན་པོ་ཆེན་པོ་མེད་པས་རེད། བོད་དོན་གཅིག་པུ་ལ་བསམ་བློ་བཏང་ན་དགེ་ལྡན་པ་ཡག་ཤོས་རེད། དགེ་ལྡན་ཁྲི་པ་མཁས་པ་ལོས་ཡིན། རེད་དེ་ཆོས་བརྒྱུད་གཞན་པ་ཚོས་མཐོང་སྣང་ལ་དེ་ཙམ་བདེ་པོ་ཞིག་མི་འདུག འདི་ནི་དགེ་ལྡན་པ་རང་ས་ན་མཆོག་གྱུར་གྱི་ལྟ་གྲུབ་ཡོད་པའི་རྒྱུ་མཚན་གྱིས་མཆོག་འཛིན་ལ་བརྟེན་ནས་བྱུང་ཡོད་པ་འདྲ། འདི་དག་ང་ཆོས་བརྒྱུད་ཆེན་པོ་བཞིའི་གྲལ་འགྲིམས་མྱོང་བའི་ཉམས་མྱོང་ཡིན།
བོད་བརྒྱུད་ནང་བསྟན་གྱི་ལུགས་ལ་འདུལ་འཛིན་གྱི་སྐྱེས་བུ་སླབ་པ་རྒན་པའི་གོང་དུ་སྔགས་པ་འདུག་པའི་ལུགས་སྲོལ་འདི་ལ་དགོངས་ཚུལ་ག་རེ་ཡོད།།
རྙིང་མ་པས་ཆོས་རྒྱུད་གཞན་ལ་དག་སྣང་ཆེ་བ་ཡིན་ནམ། ཡིན་ན་དག་སྣང་ཆེ་ཚུལ་གསུང་དང་། དགེ་ལྡན་པས་ཆོས་རྒྱུད་གཞན་ལ་དག་སྣང་མེད་སྟངས་ཅི་རེད། སྤྱིར་ནང་ཆོས་ལ་སློབ་པ་ཐོས་བསམ་དང་ལྷག་པར་དུ་གཞུང་ཆེན་ཁག་ཏུ་དགའ་ལྡན་པ་ལས་མཐོང་རྒྱ་དང་ཐོས་རྒྱ་ཆེ་བའི་གྲྭ་ཚོགས་ཞིག་བོད་གང་ཅན་ལྗོངས་ན་མེད་པས་དེར་མཆོག་འཛིན་འོས་པ་ཞིག་རེད་ལ། དོན་དང་ལྡན་པ་ཞིག་ཀྱང་རེད། དེར་མི་དགའ་དགོས་དོན་མི་འདུག། བོད་ནང་དུ་གཞུགས་པའི་རྙིང་མའི་མཁན་ཆེན་ཁ་ཤས་མ་གཏོགས་རྙིང་མ་པར་རང་སྟོད་ཆོག་པའི་དེ་ཙམ་ཨ་ཡོད་ན།
ངོ་མ་རེད། བོད་ཀྱི་རྒྱལ་མཚན་ལགས། ཆོས་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ལེན་དགོས་པ་རེད། འཆད་རྩོད་རྩོམ་གསུམ་དགེ་ལྡན་པ་མཁས་པ་ཁས་ལེན། བཤད་སྒྲུབ་ལས་གསུམ་ནང་ནས་གཅིག་ཆད་སོང་བ་འདྲ། རྙིང་མ་པ་ལ་ཆོས་པ་ཚད་ལྡན་སྔོན་ནས་ད་བར་མང་པོ་རེད། ད་ལྟ་ཅུང་ཟད་ལོད་འདུག
དགོན་བྱང་དང་། རྫོགས་ཆེན། མཁོ་ཁྱིམ་གསུམ་ལ། འོས་པའི་རྒྱུ་མཚན་གསལ་པོར་བཤད་རོགས། དེ་གསུམ་འདྲ་བོ་སྟོང་ལས་ཀྱང་དགེ་རྕེ་དགའ་ཡི་རེད། ཨོ་ཉི་ལགས
རེད། རྙིང་མ་པས་དགེ་ལྡན་པ་ལ་སྒོམས་པ་མེད་ཚུལ་དང་དགའ་ལྡན་པས་རྙིང་མ་པར་ཐོས་པ་མེད་པའི་ལྟ་ཚུལ་དེ་ངས་ཀྱང་ཤེས་རྟོགས་ཡོད། དང་པོ་ཐོས་པ་རེད། དེ་ནས་བསམ་པ་དང་སྒོམས་པའི་ཉམས་ལེན་རྒྱུད་ཐོག་ཏུ་སྤྱོད་མཁན་བོད་ཀྱི་ནང་ཆོས་པའི་ཕྲད་དུ་མཐོང་རྒྱུ་ཁག་པོ་རེད། ཁག་ཅིག་གིས་ཐོས་པ་མེད་ཀྱང་བསམ་པ་དང་སྒོམས་པའི་ཉམས་རྟོགས་ཆེ་ཚུལ་གསུང་མཁན་མང་ནི་རེད། དེ་དག་ནི་གཟུགས་མེད་ནང་གི་ཤེས་རྒྱུད་ཀྱི་ཉམ་རྟོགས་ཞིག་ཡིན་པས་ཇི་བཞིན་ཚད་ཐུབ་ཞིག་ངས་ཞུ་མི་ཐུབ་ཀྱང་། རེ་འགའ་ཙམ་ཡོད་སྲིད་ན་ཡང་ངས་དེར་བདེན་ཞེན་དེ་ཙམ་མེད། གཅིག་བྱས་ན་ང་རྟོག་གེ་བ་ལ་དགའ་དྲག་པས་ཡིན་ཡངསྲིད། དགའ་ལྡན་པར་ཐོས་པ་ཆེ་བ་ནི་མཐོང་ཆོས་སུ་རེད། ཆོས་ལུགས་ཕན་ཚུལ་བར་ཕྱོགས་ཞེན་ནི་ཆོས་རྒྱུད་ཚང་མར་ཡོད་པས་དེ་ལ་ཆེ་བ་དང་། འདི་ལ་ཆུང་བ་རེད་བཅས་ཁས་ཚན་མི་ཐུབ། མི་བྱེ་བྲག་པར་མཚོན་ན་ཁྱེད་ཉིད་དང་མཚུངས་བས་དེའི་ཀྱང་ཞུ་མི་ཐུབ་བོ།
ཨོ་ཉི་ལགས། དགེ་རྩེས་མི་འགྲིག་པ་ཅི་རེད་སོང་། ཁོང་བུད་མེད་བསྟེན་བཞིན་ཆོས་གོས་གྱོན་པ་ཨེ་རེད། ཡང་ན་བུད་མེད་བསྟེན་གི་ཡོད་ཅེས་ཁྱེད་ལ་སྙན་ཞུ་མ་ཕུལ་བ་ཨེ་རེད། དངོས་གནས་ཅི་ཡིན། གསུང་དུ་གསོལ།
འོ་གཅིག་བརྗོད་འདུག། ཆོས་པ་ཚད་ལྡན་དང་མི་ལྡན་གྱིས་ཚད་གཞི་དང་མཚོན་ཉིད་གཅིག་གསུངས་དང་། དེ་ནས་ཆོས་པ་ཚད་ལྡན་སུའི་ཕྱོགས་ལ་མང་བ་འདུག་བལྟ་ན་ཆོག།
བོད་ཀྱི་རྒྱལ་མཚན་བདེན།
ཆོས་ལུགས་ཀྱི་ཞེན་ཁོག་སུ་ལ་ཆེ་མིན་མི་ཤེས
དགེ་ལུགས་ཀྱི་དགོན་པར་སོང་ན་སློབ་དཔོན་པདྨའི་སྐུ་མཐོང་ཡ་ཡོད་ལ་བཛྲ་གུ་རུ་ཡང་འདོན་གི་རེད།
རྙིང་མ་པའི་དགོན་པ་ན་རྗེ་སྐུ་མཐོང་ཡ་མེད་ལ་དམིགས་བརྩེ་མ་ནི་འདོན་མི་སྲིད།
དེ་བཞིན་དུ་རྙིང་མས་གསར་མའི་ཆོས་དཔེ་ལ་ལྟ་གི་མ་རེད། ཡིན་ན་ཡང་གསར་མས་རྙིང་མའི་དཔེ་ཆ་ལ་ལྟ་གི་རེད། འདིས་ག་རེ་མཚོན་གྱིས་ཡོད་རེད། རྙིང་མ་བ་ཚོ་གུ་དོག་པོ་དང་མགོ་མཁྲེགས་པོ་ཡིན་པ་བསྟན་གི་ཡོད་རེད། འདི་དངོས་ཡོད་གནས་ཚུལ་རེད།
བདེན་མི་བདེན་དཔྱད་པར་འཚལ།
རྙིང་མ་མཁྲེགས་པོ་བཟོ་མཁན་སུ་རེད། ཧཧཧཧ། དགེ་ལུགས་པས་བེ་ཛ་གུ་རུ་འདོན་པ་དང་པདྨ་འབྱུང་གནས་ཀྱི་སྐུ་བཤམ་པ་ནི་fashion ཡང་ན་རིས་མེད་ཟེར་ནས་ཡོངས་རྫོགས་དགེ་ལུགས་པ་བཟོ་འདོད་པས་རེད། ཡག་དྲག་ནས་མ་རེད་ལོ། སྙིང་རྗེ་དགེ་རྒྱ།
༣༡༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༣ སྐར་མ་ ༥༦
ང་ནི་སེམས་གཏིང་ནས་དགེ་ལྡན་པ་ལ་དགའ་མཁན་ཞིག་ཡིན་རུང་། དགའ་ལྡན་ཕོ་བྲང་ལ་མི་དགའ། གང་ཡིན་ཞེ་ན་དགའ་ལྡན་ཕོ་བྲང་པས་བོད་ལ་བྱས་རྗེས་གཅིག་ཀྱང་བཞག་མེད།ཅེས་བཤད་ཡོད་རེད།
ཨོ་ཉི་ཁྱོད་རང་གིས་དགའ་ལྡན་པོ་བྲང་ལ་མི་དགའ་བའི་རྒྱུ་མཚན་དང་བྱས་རྗེས་གཅིག་ཀྱང་བཞག་མེད་པའི་རྒྱུ་མཚན་གསལ་པོ་བཤད་རོགས་བྱོས། ཁ་གསལ་ན་གོ་བདེ་བ་དང་ནམ་ལངས་ན་འགྲོ་བདེ་བ་འོང་གི་རེད། ཁྱོད་ཀྱི་སྐད་ཆ་ལ་ནང་འགལ་མང་པོ་འདུག ཏྭ་ལའི་བླ་མ་སྐུ་ཕྲེང་༡༤་པ་བཀའ་དྲིན་ཆེ་རབས་དང་བྱས་རྗེས་ཆེ་རབས་ཁྱོད་ཀྱིས་བཤད་ཀྱི་ཡོད། དེང་གི་དུས་སུ་དགའ་ལྡན་ཕོ་བྲང་གི་གཙོ་འཛིན་རེད། ཁོང་གིས་བཞག་པའི་བྱས་རྗེས་དེ་དགའ་ཕོ་བྲང་གི་བྱས་མ་རེད་པེ།
ཆོས་ལུགས་རུས་མེད་ཀྱི་དུས་འཁོར་དབང་ཆེན་སྐབས་སུ་དབུ་མཛད་ཀྱིས་གླུ་འདི་འདྲ་ལེན་གྱི་རེད།
སྤྱི་འདི་བསྟན་ཡུན་རིང་གནས་པ་དང་།
སྒེར་ཞྭ་སེར་ཆོས་ཀྱི་ཆར་པ་བབ།
དཔལ་ཉམས་མེད་རི་བོ་དགའ་ལྡན་པ།
ཕྱོགས་ཀུན་དུ་དར་ཞིང་རྒྱས་ཀྱི་ཅིག་་་་་་་་ཟེར་ནས་འུར་འདོན་བྱས་ཀྱི་རེད། ང་རང་རང་གིས་དུས་དབང་སྐབས་སུ་འདོན་མྱོང་ཡོད། རུས་མེད་སྐྱག་པའི་རུས་མེད།
ཆོས་ལུགས་གང་ཡིན་ཡང་དེ་ལ་གསར་རྙིང་ཡོད་པ་ནི་ཆོས་ཉིད་ཅིག་རེད།
ཡིན་ན་ཡང་གང་ལ་དད་པ་ཡོད་པ་དང་ག་རེ་འདོན་མིན་སོ་སོའི་ལག་པ་ན་ཡོད་རེད།
གཙོ་བོ་དེ་ནང་བ་ཞིག་ཡིན་པས་ཆ་ནས་བོས་ཆོས་འདོན་མི་ཉན། བོན་ཆོས་མིན་ན་ག་རེ་ཡིན་ན་ཡང་སྐྱོན་མེད།
ཆོས་སྲིད་གང་ལ་བསམ་བློ་བཏང་ཡང་བོན་པོ་ནི་ང་ཚོའི་དགྲ་རེད། དེང་སང་གི་བོན་པོ་ཚོས་ཧི་མ་ལ་ཡའི་ས་ཁུལ་ཁུག་ཁྱོག་གི་མི་ཚང་སྐྱོ་བོ་དེ་ཚོའི་ཕྲུ་གུ་མང་བོ་ལ་བོན་ཆོས་ཡིན་མདོག་མདོག་གིས་ངན་བསྐུལ་བྱེད་ཀྱིན་ཡོད་རེད། ཞང་ཞུང་རང་བཙན་བྱེད་དགོས་པའི་བསླབ་བྱ་བརྒྱག་གི་ཡོད་རེད།ཁོ་ཚོ་བོན་ནི་བོད་མིན་མདོག་ལབ་ཀྱི་ཡོད་རེད། ཞང་ཞུང་ནི་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་གནའ་སྒྲུང་ཞིག་རེད། དེ་ནི་འདས་ཚར་བས་ག་བ་ན་ཡོད་རེད། ཧི་མ་ལ་ཡའི་མི་རིགས་དེ་ཚོར་ཁག་ཡོད་མ་རེད། ཁོ་ཚོས་བོན་ཆོས་ཀྱང་ཤེས་ཀྱི་ཡོད་མ་རེད། ཡིན་ཡང་བོན་དགོན་ནས་བསྡད་པའི་ཟས་རིན་མཇལ་ཕྱིར་དགོན་པའི་ཞེན་ཁོག་ཙམ་ཡོད་རེད། མ་ཟད་སོ་སོ་ལ་དགེ་བཤེས་སོགས་ཀྱི་མིང་བཏགས་ཡོད་ཙང་གང་སར་བོན་པོ་ཡག་པོ་ཡོད་རབས་ལབ་ཀྱིན་ཡོད་རེད། ཡིན་ན་ཡང་ང་ཚོའི་ས་ཁུལ་འདིར་ད་དུང་སླེབས་མ་བྱུང་། སླེབ་པ་ཡིན་ན་ང་ཚོས་ལས་སླ་བོར་འཇོག་གི་མ་རེད།
བོད་ནས་ཡོང་བའི་བོན་ཕྲུག་འགའ་ཤཤ་ཡོད་རེད། ཁོ་ཚོས་ཡིག་ངོ་ཙམ་ཆོད་ཀྱི་ཡོད་རེད། བོད་ཡིག་འབྲི་ཀློག་ཙམ་ཤེས་ཀྱི་སཡོད་རེད། དེས་རྐྱེན་གྱིས་གང་སར་ཡིག་ཁྱོག་འདྲ་མིན་བྲིས་ནས་བོན་པོ་ཡག་རབ་དང་གཞོར་ལ་མི་གཞན་དང་བོད་གཞུང་ལ་དམའ་འབབ་བྱེད་ཨེ་ཐུབ་ལ་འབདཀྱིན་ཡོད་རེད། ངོ་མ་སྙིང་རྗེ་བ་རང་རེད་བྱ།
རྙིང་མ་བ་དང་དགེ་ལྡན་པ་གཉིས་ཀའི་ནང་ནས་གུ་དོག་དང་། འཁྲེགས་འཛིན། རྙིང་ཞེས་སུ་ཆེ་ཟེར་ནས་རྩོད་དགོས་པ་མི་འདུག དེ་མིང་འདོགས་སྟངས་ཁོ་ནས་ཤེས་པ་ཞིག་རེད། རྙིང་མ་བ་གུ་དོག་དང་། འཁྲེགས་འཛིན། རྙིང་ཞེན་ཆེ་བས་མིང་ལ་ཡང་རྙིང་མ་བ་ཞེས་བཏགས་འདུག་ག དགེ་ལྡན་པ་ལ་གསར་མ་པ་ཞེས་འབོད་སྲོལ་འདུག དེས་གང་ཞིག་སྟོན་གྱིན་འདུག་ཟེར་ན་གུ་ཡངས་དང་། མགོ་ཡངས་པོ། གསར་དད་ཆེ་བ་ཞིག་ཡིན་པ་མིང་འདོགས་སྟངས་ཁོ་ནས་ཤེས་ཀྱིན་འདུག རྙིང་མ་བ་དེ་འདྲའི་གུ་ཡངས་པོ་དང་འཁྲེགས་འཛིན་མེད་མཁན་ཡིན་ན་རང་གི་མིང་ཚུད་ཆད་ལ་རྙིང་མ་བ་ཟེར་ནས་འདོགས་དགོས་དོན་མི་འདུག་ག རྙིང་མ་བ་ཟེར་བའི་མིང་འདི་གཅིག་བྱས་ན་ཐོག་མར་གཞན་གྱིས་དམའ་འབེབས་ཀྱིས་བཏགས་པའི་མིང་འདྲ་ཡིན་ན་ཅི་ཤེས། དེང་སང་ང་ཚོས་ཀླད་རྙིང་ཟེར་དུས་རང་བཞན་གྱིས་ངན་པ་ཞིག་ལ་བརྩི་ཁུལ་བྱེད་ཀྱིན་ཡོད་པ་ལྟ་བུ་རེད། ངས་མིང་འདོགས་སྟངས་ལས་བཤད་ཀྱིན་ཡོད། དོན་ངོ་མ་སུ་བཟང་སུ་ངན་འདྲ་བཤད་ཀྱིན་མེད།
དྲང་མོར་བཤད་ན་རྙིང་མ་ཟེར་བ་ཞིག་ཡོད་མ་རེད།
བོན་པོ་ཚོས་བཀའ་དྲིན་གྱིས་ཆོས་བརྒྱུད་ཆད་ཚར་བ་རེད།
དེང་སང་གི་རྙིང་མ་ཟེར་བ་ནི་ལུགས་སྲོལ་ཙམ་རེད།
རྙིང་ཆོས་ནི་གླང་དར་གྱིས་སྐབས་སུ་ནུབ་ཚར་བ་རེད་ཟེར་ནས་ལོ་རྒྱུས་མང་བོ་ནས་མཐོང་སོང་།
དེས་ན་གླང་དར་གྱིས་མེད་པར་བཟོ་བ་མ་རེད་པས།
ལོ་རྒྱུས་མང་པོ་ནས་མཐོང་སོང་ཨེ། ཨ་་ལེ་ཕ་རྒོད་བླ་མའི་ཞལ་ལུང་ནས་ཡིན་འདྲོ། ཡག་པོ་རེད། ཤི་རན་ཁར་བསྙས་མགོར་བཞག་ནས་ཤི་དགོས། བྱིན་རླབས་ཆེན་པོ་རེད།
བོན་ཕྲུག་དེ་ཚོས་བོད་ཡིག་ཤེས་དང་ཤེས། བོད་ཡིག་བཟོ་མཁན་ཁོ་རང་བོན་གྱི་ཐོན་མི་སམ་བྷོ་ཊ་ཡིན་པ་རེད། བོན་པོ་དགྲ་བོ་ལ་བརྩི་མཁན་ཚོས་ཡང་བོན་མིའི་བཟོས་པའི་ཡེ་གེ་འདིར་ཤེས་ཀྱི་ཡོད་པ་རེད། ཇ་ལན་གཅན་གྱིས་འཇལ་བའི་སྲོལ་ལུགས་འདིས་དགྲ་ངོ་རང་ངོ་ཤེས་བཅུག་གི་མེད་པ་རེད།།
རྙིང་མ་གསར་མ་དང་། ས་སྐྱ་བཀའ་བརྒྱུད་ཅེས་ཆོས་བརྒྱུད་རིས་སུ་ཆད་པ་འདི་དགེ་ལྡན་པ་བྱུང་བ་ནས་བསླེབ་པ་ཞིག་རེད། དེའི་སྔོན་དུ་ཆོས་བརྒྱུད་ཕན་ཚུན་བར་མི་འདྲ་བ་དང་། ཧ་ཅང་གུ་དོགས་པའི་འཛིན་སྟངས་མེད་པར་སེམས། ང་དགེ་ལྡན་པའི་སློབ་སྦྱོང་ལ་ཡིད་སྨོན་ཤོར་ཡང་། བསམ་བློ་དང་། ཀུན་སྤྱོད་ལ་ཡི་རང་མེད།
རྙིང་མ་པ་དང་བཀའ་རྒྱུད་ཇོ་ནང་བཅས་གསར་མ་བའི་བྱ་སྤྱོད་ལ་མི་དགའ་བ་ཐུགས་ཁག་རྩ་བ་ནས་མེད། ང་དགེ་ལུགས་པ་ཞིག་གི་ངོས་ནས་ལོ་རྒྱུས་ལ་ཕྱིར་བལྟས་རེ་བྱེད་དུས་བྱ་སྤྱོད་སྡུག་སྐྱ་དེ་དག་ལ་སྐྱུག་མེར་ལངས་འོང་གི་འདུག
ཨོ་རྒྱན་ཉི་མས་དྲན་ངེས། སྒྲོག་དང་སྒྲོགས་ལ་ང་གཉིས་ཀྱི་བར་དུ་བགྲོ་གླེང་བྱུང་། ངས་རང་བཟོ་མ་་བྱས་པར་བོད་ཀྱི་སྔར་བྲིས་དཔེ་ཆ་རྣམས་ལ་བལྟས་ཏེ་བྲིས་ཤིང་། གཞན་ལ་ཡང་བོད་ཀྱི་དག་ཆ་རྣམས་དཔེ་རྙིང་བསྟུན་དགོས་པ་སྒྲོགས་ཤིང་། གཤམ་གསལ་རྣམས་བསྐུར་ཡོད་ཀྱང་། ཁྱོད་ཀྱིས་མཐོང་མེད་པ་ཡིན་ནམ། བདག་གི་འབད་པ་ལ་སྣང་ཆུང་བྱས་པ་ཡིན། བདག་གིས་དེ་ལྟར་བཀོད་པ་ལ་ལན་གསལ་གང་ཡང་ད་བར་དུ་མ་བྱུང་།
རྒྱ་ཆེར་རོལ་པ། ལ་དྭགས་ཏོག་མཁར་བྲིས་མ། མདོ་ཁ་པ། ཤོག་གྲངས་རེ་གཉིས། ཡིག་འཕྲེང་ལྔ་པ་ན།
དགའ་བའི་སྒྲ་སྒྲོགས་མགུ་བའི་ཡིད་དང་ལྡན། ཞེས་དང་།
སྡེ་དགེ་བཀའ་འགྱུར་གྱི། ཆོས་ཡང་དག་པར་སྡུད་པ་ན། ཞ་པའི་ཤོག་གྲངས། གསུམ་པའི་མདུན། ཡིག་འཕྲེང་གཉིས་པ་ན།
འཇམ་ཞིང་སྙན་ལ་ཕན་པར་སྨྲ་བས་ཚངས་པའི་སྒྲ་སྐད་སྒྲོགས་པའི་དབྱངས་ཐོབ་པར་འགྱུར་རོ།
རྟོགས་བརྗོད་བརྒྱ་པ་ལས། གཉིས་པ། གྲགས་ལྡན་མའི་རྟོགས་པ་བརྗོད་པ་ན། སྡེ་དགེ་ཤོག་གྲངས། ༡༠ རྒྱབ་ཤོག་ན། བདག་མེད་པའི་སྒྲ་སྒྲོགས་སོ། ཞེས་སོགས་བཀའ་འགྱུར་དང་། བསྟན་འགྱུར་ན། འཇམ་དབྱངས་གང་བློ་མར་གྲགས་པ་ན། འབྲུག་ལྟར་ཆེར་སྒྲོགས། ཞེས་པ་སྐུལ་ཚིག་ཡིན་སྨྲ་བ་ནི་བསྟན་བཅོས་ལ་གོ་བ་ལེན་པར་མ་མཛད་པའི་རྟགས་ཏེ། འདིར་འཇམ་དབྱངས་ཀྱི་མཛད་པ་ལ་བསྟོད་དེ། གསལ་དང་། འཛིན་དང་། བརྩེ་དང་། སྒྲོགས་དང་། སྒྲོལ། ཞེས་པ་དག་ད་ལྟ་བའི་བྱ་ཚིག་སྟེ། བྱ་ཚིག་འདི་དག་འཇམ་དབྱངས་ཀྱི་མཛད་ཚུལ་ལ་བསྔགས་པར་བཀོལ།
སྤྱིར་བདག་ལྟ་བུས་འབྲི་བ་ན། དག་ཆ་ནོར་ཡོད་པ་གདོན་མི་ཟ་ཡང་། བདག་གིས་བཀོལ་བའི་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་གཉིས་ནི། ཤིན་ཏུ་ནས་དག་པར་མཐོང་།
ཕྱོགས་སྔ་མས། ཆོས་སྒྲ་སྒྲོགས་ལ་བས་འཕུལ་མེད་པར་ཡང་འཇུག་ཡོད་ན་བསྐུལ་ཚིག་ལས་མ་འདས་སོ།། གོང་གསལ་བོད་ཀྱི་མཁས་པའི་སྐད་ལ་ཆ་འཇོག་བྱེད་པ་པོ་བདག་གིས་ལོག་རྟོག་ཏུ་འདོད།
གཞན་ཡང་སྨྲ་དགོས་པ་ཞིག་ལ། རྗེས་འཇུག་ས་དང་འི་ཞེས་པའི་སྒྲ་གཉིས་བོད་ལུང་པ་མང་པོའི་སྐད་དུ་འདྲ་བར་འབོད་པས། འབྲི་བ་ན་ཡང་། ནོར་བར་བྲིས་པ་མང་དུ་མཐོང་། འོག་ཏུ་བཀོད་པ་དེ། ཇི་ལྟར་ཡིན་མིན་ཐག་གཅོད་དཀའ་ཡང་། ཞར་དུ་གཞན་བརྗོད་པ་ཞིག་གི་ཆེད་དུ་བཀོད་ན།
“རྒྱང་ནས་བལྟས་ན་འཁོར་ལོའི་བསྒྱུར་ལྟར་མཚན་དང་སྙན་གྲགས་འབྲུག་ལྟར་ལྡིར།།” འདིར་འཁོར་ལོའི་ཡང་ན། འཁོར་ལོས། མི་ཤེས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ། ལྟ་བུ་ལ་ངེས་པར་དུ། འི་མ་ཡིན་པར་ས་འབྲི་དགོས་པར་སྣང་ངོ་།
གསང་བདེ་འཇིགས་གསུམ་ཁས་མ་ལེན་མཁན་དགེ་ལུགས་པ་ཞིག་ཁ་བརྡ་ནང་ཕག་ཕྲུག་དང་ཕག་ཕྲུག་ཟེར་མཁན་ཞིག་འདུག་ག
བོན་པོ་ཚོས་དམར་མཆོད་བྱེད་པ་དང་། སེམས་ཅན་བརྒྱ་སྟོང་ཁྲི་འབུམ་བྱས་ཏེ་དམར་མཆོད་བྱས་བོད་ཡུལ་དེ་ཡ་ང་བ་ཞིག་ཏུ་བསྒྱུར་བ་རེད་ཟེར་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དེབ་ན་འདུག བདེན་པ་ཨེ་ཡིན་ནམ། བདེན་ན་དེ་དུས་བོད་ཡུལ་དེ་དེ་སང་གི་ནེ་པ་ལའི་དམར་མཆོད་དང་འདྲ་བོ་ཡིན་ས་རེད། ཁོས་བཤད་པ་ལྟར་ན་བོན་པོ་ཚོ་ཞེད་སྣང་ཚ་བོ་ཞིག་ཡོད་ཚོད་འདུག
བདེན་པ་ཡིན་མིན་དྲྭ་གྲོགས་ཚོས་དཔྱད་ནས་ལན་ཅིག་གནང་རོགས།
འཇམ་ཞིང་སྙན་ལ་ཕན་པར་སྨྲ་བས་ཚངས་པའི་སྒྲ་སྐད་སྒྲོགས་པའི་དབྱངས་ཐོབ་པར་འགྱུར་རོ
སྒྲོགས་དེ་ཡིག་ནོར་ཡིན་པ་ལ་དོགས་པ་ཡོད་མ་རེད་ལོ་
ཐོབ་ཡང་ཡིག་ནོར་རེད།
འཐོབ་འབྲི་དགོས་པ་རེད་ལགས།
དགེ་ལུགས་པ་དེ་ལས་འཇིགས་སྐྲག་བྱེད་དགོས་ས་ཤིག་ཡིན་པ་རེད། སོག་དམག་དང་སེར་འབྲས་གཉིས་མཉམ་འབྲེལ་ཐོག་ཏུ་དམག་བརྒྱབ་ནས་ཇོ་ནང་དང་བཀའ་རྒྱུད་པའི་གྲྭ་བ་སྟོང་ཕྲག་པོ་དམར་གསོད་བྱས་པ་རེད། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་པ་དང་གྲྭ་པ་ཡིན་པ་རེད། དུད་འགྲོ་བསད་བསད་ཡིན་པ་རེད། ལོ་རྒྱུས་ཐོག་ཏུ་འདུག་་་བདེན་པ་ཨེ་ཡིན་ནམ།
ཅོ་རི་ལགས
རང་གིས་ང་དགེ་ལུགས་པ་ཞིག་རེད་བསམ་འདུག རང་ནོར་བ་རེད།
ངེད་ནས་རྒྱལ་བ་རིན་པོ་ཆེའི་མདུན་ནས་དུས་འཁོར་དབང་ཆེན་ཐེངས་གསུམ་ལ་ཞུས་མྱོང་། དེའི་ཆ་ནས་ང་དགེ་ལུགས་པར་འཇོག་ན་འགྲིག་གི་རེད། དེ་མིན་ང་དགེ་ལུགས་པ་དང་འབྲེལ་བ་ཅི་ཡང་མེད། ངའི་ཕ་ཡུལ་དང་དགོན་པ་ན་དགེ་ལུགས་པ་རྐང་གཅིག་ཀྱང་མེད་ལགས
་སྐྱོན་མེད་་་་ང་ཅོ་རི་ཆོས་ལུགས་རུས་མེད་ངོ་མ་ཞིག་ཡིན།
ཧཧཧཧཧཧ། ཨོ་ཉི་འདིར་གཟིགས་དང་༼ང་དགེ་ལྡན་པའི་སློབ་སྦྱོང་ལ་ཡིད་སྨོན་ཤོར་ཡང་། བསམ་བློ་དང་། ཀུན་སྤྱོད་ལ་ཡི་རང་མེད།༽ དགའ་ལྡན་པའི་ནང་གི་བསམ་བློ་མཐོང་མཁན་ཆོས་ལུགས་ལ་ཕྱོགས་ཞེན་ཅན་གྱི་མི་ཁྱེད་འདྲ་པོ་ཚོ་ཨེ། དགོད་གྲོ། ནང་གི་བསམ་བློ་ངས་མི་མཐོང་ཡང་། ཕྱིའི་ཀུན་སྤྱོད་ནི་བོད་ཀྱི་ཆོས་ལུགས་ཚང་མ་ནང་ནས་དགེ་ལྡན་པ་ལས་བཟང་བ་ཞིག་མེད། ཕྱི་གཙང་ནང་གཙང་གི་ཀུན་སྤྱོད་དང་སློབ་གཉེར་བ་སོགས་ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྐྱེན་ཡོད་ན་དགའ་ལྡན་པ་ལ་ཡོད་རྒྱུ་རེད། སྐྱ་མིན་སེར་མིན་དང་སྔགས་མིན་མདོ་མིན་སོགས་སྤྱོད་པ་ཡ་མར་ཟུར་གྱིས་ཀུན་སྤྱོད་དེ་རིགས་ལ་ཤིན་ཏུ་གོམས་སོང་ནས་ཁྱེད་དགེ་ལྡན་པའི་སྤྱོད་བཟང་ལ་མི་དགའ་སོང་བ་ཡིན་གྱིན་རེད། ང་ནི་སྐྱ་མིན་སེར་མིན་གྱིས་ཡ་མར་ཟུར་གྱི་ཀུན་སྤྱོད་དེར་དགའ་པོ་རྩ་བ་ནས་མེད་ལ་གུས་ཞབས་ཡང་མེད། རེ་འགས་ཡ་མར་ཟུར་གྱི་སྤྱོད་པ་དེས་དད་ལོག་ཡང་འགྱུར་གྱི་འདུག། དགེ་ལྡན་པས་རང་སྟོད་བྱེད་པར་རྙིང་རྒན་ཚོ་དགའ་ནི་མ་རེད། དེར་མ་དགའ་ཡང་སྦྱོང་པ་མེད་པས་འཇོན་རྒྱུ་ཅི་ཡང་ཡོད་ནི་མ་རེད།
ས་སྒོའམ་ཨ་ཕྱི་པདྨ་ཟེར་བར་མཆོད་པ་ཞིག་འབུལ་འདོད།
༼གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས༽
ཤོག་གྲངས་༥༤ལས།
༼ཞང་ཞུང་དུ་བོན་དར་བ་ལས། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་གི་ནང་དུ་བཅུགས་ནས་མེ་ལ་བསྲེགས།
བོན་དཔེ་ཐམས་ཅད་བསྡུས་ནས་ཆབ་ལ་རྫངས། ༽
བོན་པོ་དམར་གསོད་གསོན་བསྲེགས་བཏང་བའི་ཤ་ཁྲག་དྲི་བསུར་རྣམས་ཁྱོད་ཀྱི་ཞལ་དུ་སྟོབས།
བོན་པོས་སྒོ་ཕྱུགས་བསད་ནས་ཨའོ་ཙམ་རེད་་་་བན་དྷེ་བས་མི་དམར་བསད་དང་གསོན་བསྲེགས་བྱས་པ་འདི་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིག་བསྐུལ་རིང་ལུགས་པའི་ཟིན་ཐོར་འགོད་དགོས་པའི་སྙན་ཞུ་འབུལ་བའི་དུས་ལ་བབས་ཡོད།
འདི་ནི་ཚིག་ཉུང་ངུ་ཞིག་དང་མགོ་ཙམ་བཤད་པ་ལས་དེ་མིན་བན་དྷེའི་ཆོས་འབྱུང་ལྷ་བླ་མ་ཡེ་ཤེས་ཀྱི་བཀའ་ཡིག་དེ་ཚོས་མཚོན་པ་མང་དུ་ཡོད་ཁྱོད་ལ་དགོས་པ་ཡོད་ན་ངས་ལུང་འདྲེན་རིམ་གྱིས་བྱས་ཡོང་། ཁ་བཙུམས་ན་བསྟན་པ་ལ་ཕན་ཐོགས་ཟེར་བ་དེ་དྲན་པར་གྱིས། གསར་རྙིང་གི་རྩོད་པ་རྣོ་ངར་བྱེད་ལའི་སྐབས་སུ་མི་འགའ་ཞིག་གིས་འབྲེལ་མེད་དོན་གཞན་བོན་པོར་ཅིག་ཅིག་མིག་མིག་ཟེར་ནས་བཤད་ཡོང་དུས་གཅིག་མ་བཤད་རང་བཤད་རེད། ད་ལྟ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཡིག་དེ་ཚོར་བོད་རིག་པའི་མཁས་དབང་ཞིག་གིས་དཔྱད་པ་བྱེད་པའི་སྒང་ལ་རེད། དེ་མི་རིང་བར་ངས་ཁྱོད་ལ་སླར་ཡང་འཚེ་མེད་ཞི་བདེའི་གཟེང་རྟགས་ཞིག་འབུལ་ཆོག་དགོས་པ་ཡོད་ན། མང་པོ་བཤད་མ་དགོས་ན་བསམ་ནས་བསྡད་ཡོད། གོང་ས་མཆོག་གི་དགོངས་པ་དང་འགལ་མི་ཡོང་ངམ་སྙམས་པ་ཡིན། བོན་པོས་བཙན་བྱོལ་སྒྲིག་ཚུགས་དང་༧ གོང་ས་མཆོག་གི་དགོངས་གཞི་དང་འགལ་བ་ནམ་ཡང་བྱས་པ་མེད་པར་ཉམ་ཆུང་འདུག་ཤེས་བྱས་ནས་བསྡད་ཡོད།
ཐེ་ཝན་ཕོགས་ཟས་ནས་གོང་ས་མཆོག་གི་ཐུགས་ག་ཚོད་གཅིག་དཀྲུགས་མེད་དམ། རང་ཉིད་ཀྱི་བླ་ཆེན་ཤི་ལི་གྷུ་ལིར་བཙོན་དུ་བཅུགས་པ་དེ་ཚོར་ཤེས་ཀྱི་མེད་པ་འདྲ།
བོད་གཞུང་ནས་་་་རྒྱ་ནག་དང་ཐེ་ཝན་གཉིས་ནི་ཞི་མི་དཀར་ནག་དང་འདྲ་བས་དེ་གང་རུང་དང་འབྲེལ་བ་བྱེད་མཁན་རྣམས་ལ་སྐྱོན་བརྗོད་བྱེད་པའི་དུས་ཆོས་རྒྱུད་བཞི་ཡི་བླ་གྲ་རྣམས་ཐེ་ཝན་ལ་ཆུ་ལེན་ལེན་བྱས་མོད་བོན་པོས་ནམ་ཡང་དེ་ལྟར་བྱས་པ་མེད། རོགས་རམ་མི་བྱེད་པའི་དོན་མ་ཡིན་ཞིང་རོགས་རམ་ལེན་རོགས་ཟེར་ནས་སྒོ་ཁར་སླེབས་ཀྱང་ངོས་ལེན་མ་བྱས་ཕྱི་ལོག་བཏང་ཡོད།
ད་ལྟའང་བོད་ལ་བོད་རིགས་རྒྱ་ཁྱི་མི་རིགས་ཀྱི་གཉའ་གནོན་པ་མཐོ་རིམ་བླ་ཆེན་དཔོན་པོ་བརྒྱ་ཆ་དགུ་ཅུ་གོ་དགུ་བན་དྷེ་བ་ཡིན་པར་ཤེས་པར་མཛོད།
རེད་རེད།
ད་ང་ཚོས་འདས་པའི་ལོ་རྒྱུས་སྐྱུག་བྲོ་བོ་དེ་ཚོ་ལས་མཉམ་མྱོང་དང་བསླབ་བྱ་ལེན་པའི་དུས་ལ་བབས་ཡོད་རེད། བཤད་ཡ་ནི་ཚང་མ་ལ་ཡོད་རེད། ཕན་ཚུན་ལ་ཀ་རྩོད་བརྒྱབ་ནས་བསྡད་ན་རྫོགས་ཡ་ནི་ཡོད་་རེད། སྙིང་བོ་ཞིག་ཡོད་ན་འགྲིག་གི་རེ་དེ་དེ་ཡང་ཡོད་མ་རེད། ད་ཅི་དྲགས། འདས་པ་ནི་འདས་པ་རང་རེད། ཕྱིར་ཡོང་ཡ་ཡོད་མ་རེད། ང་ཚོ་ལ་དགོས་པ་ནི་ད་ལྟ་དང་མ་འོངས་པ་རེད། ད་ལྟ་གལ་ཆེ་བ་རེད་ལ་ད་ལྟ་ལས་མ་འོངས་པ་གལ་ཆེས་པས་དེའི་ཕྱོགས་ལ་བསམ་བློ་བཏང་ན་བཟང་ནི་རེད།
གཅིག་གིས་གཅིག་ལ་ཟུར་ཟ་བྱས། དེ་ནས་འཕྱ་སྨོད་བྱས། སྐྱོན་བརྗོད་བྱས་ཡོང་དུ་ཁོང་ཁྲོ་ལངས། ཁ་ནས་གང་བྱུང་བཤད། དྲྭ་ངོས་ཐམས་ཅད་སྐྱུག་པས་བཀང་། སྐབས་རེར་གཙང་མ་ཡང་བཟོ་ཁག་པོ་བྱས་ཡོང་གི་ཡོད་རེད།
ད་ནས་བཟུང་སྐྱོན་བརྗོད་ནི་ཉུང་རུ་བཏང་། དོགས་པ་ལ་བགྲོ་གླེང་བྱས། འཐད་མི་འཐད་ལ་རིགས་པའི་འགྲོས་ཡོད་ན་ཡག་པོ་འདུག་བསམ་སོང་། ག་དུས་ཡིན་ན་དགྲ་ཁ་གཏད་ལྟར་ལངས་ནས་བཤད་དགོས་དུས་ཅུང་སྐྱོ་བོ་རེད་བསམ་སོང་།
ང་ཚོ་ནི་མི་རིགས་ཅིག་ཡིན་པས་མི་རིགས་གཞན་པ་དང་འདྲ་བར་ཕན་ཚུན་ལ་གུས་བརྩིས་ཡོད་པའི་སྒོ་ནས་དཔྱད་གླེང་གནང་ཐུབ་ན་ཡག་པོ་རེད་སྙམ། དྲང་གཏམ་མདའ་ཡིན། བཤད་ཉེས་ཤོར་སོང་ན་དགོངས་དག་ཞུ
།
མི་ཁྱོད་ཀྱི་ཁ་ནས་དྲང་གཏམ་ཟེར་བ་རི་བོང་རྭ་རེད།
འདས་པའི་ལོ་རྒྱུས་སྐྱུག་བྲོ་བ་དེ་དང་པོར་སུས་གླེང་བསླངས་བ་རེད་དམ། འབྲེལ་མེད་གྱི་གཏམ་གྱིས་ལན་མེད་ལྐུགས་པའི་ངང་ཚུལ་ལས་མ་འདས། ཤོད་རྒྱུ་ཡོད་མདོག་བཤད་ན་འགྲིག་བཤད་པའི་དུས་རེད། ག་དུས་ཡིན་ནའང་ཆོས་ལུགས་གཞན་ལ་སྨ་འབེབས་དང་མཐོང་ཆུང་ཟུར་ཟ་བྱེད་མཁན་དེ་རིགས་རྒྱ་ཡན་དུ་གཏོང་མི་སྲིད། ཁྱོད་ལ་ཤོད་རྒྱུ་ཡོད་ན་སྐབས་སུ་བབས་པའི་གསར་རྙིང་གཉིས་ཀྱི་དབར་ལ་རྩོད་དང། དེ་མིན་འབྲེལ་མེད་དོན་གཞན་གྱི་གཏམ་གྱིས་ས་ཆོད་ཀྱི་མ་རེད། ཆོས་རྒྱུད་རྙིང་མ་བ་ཚོས་ཆོས་སྲིད་གཉིས་ཐད་ནས་དགོངས་པ་རྒྱ་ཆེར་བཞེས་མཁན་ཞིག་ཤིན་ཏུ་དཀོན་དེ་མིན་བོན་ལ་འདི་ལྟར་སྡང་དགོས་དོན་གཏན་ནས་མེད། བོན་རྙིང་གཉིས་ཀྱི་ལོ་རྒྱུས་དང་རྣམ་ཐར་དེ་ཚོར་ལྟོས། གཡག་ཞར་གྱིས་རྩ་ཟ་ཚུལ་དེ་ལ་འགྱུར་བ་ཞིག་བཏང་ན་གཞི་ནས་མི་རིགས་མཐུན་འབྲེལ་ཆོས་ལུགས་མཐུན་བསྒྲིལ་ཟེར་བ་ཞིག་ཡོང་སྲིད་དེ་མིན་ནམ་ཡང་མི་འབྱུང་བས་རྨི་ལམ་རང་རེད།
ཉིན་རེ་ནས་ཉིན་རེར་ཁ་ཇེ་བདེ་རེད་ལ།
ངས་བལྟས་ན་ལག་ཏོ་དེས་ཁྱོད་ཀྱི་ཁོག་པ་ནང་ལ་བླུག་ནོ་ཅིག་ཧྲ་ནི་མིན་ནམ།
ཨ་ནེ་དེར་ལབ་པ་ཡིིན།
ཁྲི་སྲོང་གོང་གི་བོན་རྣམས་ལྐུག་པ་ཡིན་ནས་རེད། དེའི་གཞུག་ནས་ཅུང་སྤྱང་པོ་ཆགས་པ་དེ་ནང་པའི་བཀའ་དྲིན་རེད། ངས་གསར་རྙིང་བར་མཐུན་སྒྲིལ་མ་ཐུབ་རུང་གཏོར་བཤིགས་གཏོང་མ་རེད་ལོ། གསར་རྙིང་གཉིས་ཀའི་བསྟན་པ་སྲུང་བ་ལ་འབད་བཞིན་པ་ཡིན།
ང་ཆོས་ལུགས་ལ་ཕྱོགས་ཞེན་དེ་ཙམ་འདུག་པས། ངས་ང་དྲང་མོ་ཞེ་བོ་ཞིག་ཡིན་དྲན་ནས་བསྡད་ཡོད། ཧཧཧཧཧ
ཕྱི་རུ་ཞབས་བྲོ་རྒྱབ་པ་ལ། ནང་དུ་དོག་གྲ་བསྒྲིག་རོགས།
བླ་ཆེན་སུ་བྱེད་མི་བྱེད་འོས་བླུག་ནས་ཐག་གཅོད་གྱིས
གཞི་ནས་སྤྱང་པོ་སུ་ཡིན་མིན་ཤེས་ངེས་རེད།
བླ་ཆེན་སུ་བྱས་ཚུལ་ཤིང་འགྲིམས་དགོས།
ལྷ་བླ་མས་པན་དི་ཏ་ཤམ་ཐབ་སྔོན་པོ་ཅན་སོགས་ཀྱིས་དམར་མཆོད་བྱས་པར་རྙོགས་དྲ་བཤད་ཡོད་པ་རེད། ད་ཁོང་གི་ལོ་རྒྱུས་ལས་བོན་པོ་ཡོད་ཚད་ཁང་པ་ཞིག་གི་ནང་དུ་བཅུག་ནས་བསྲེགས་ཡོད་ས་རེད། ད་སྐད་ཆ་དེ་གཉིས་ཐོད་པ་ཐུག་ཡོང་གིན་འདུག ད་ལྟའི་ང་ཚོའི་བོན་ཟེར་བ་དེའི་འབྱུང་ཁུངས་ཀྱང་དེ་ཡས་མས་ཤིག་ལས་འདེད་ཐུབ་གི་མི་འདུག ཤམ་ཐབ་སྔོན་པོ་ཅན་འདི་དང་སྟོད་འགག་སྔོན་པོ་ཅན་གྱི་བར་ན་འབྲེལ་བ་ཞིག་ཡོད་པ་འདྲ་བས་ཞིབ་འཇུག་ནུས་ན་བཟང་།
དྲ་གྲོགས་རྣམ་པ་ཚོ། དོན་མེད་ཕྱོགས་རིས་ང་བདེན་ངའི་ཆོས་ལུགས་ཡག་ཁྱོད་རྫུན་ཁྱོད་ཀྱི་ཆོས་སྡུག་རབས་རྐྱང་རྩོད་ནས་ཆོ་ཞིག་འདུག་གས། བོད་ལ་༥༩ སྔོན་ལ་ཕལ་ཆེར་ད་ལྟའི་ཨ་རབ་ཡུལ་གྲུ་ཁག་གི་ཆོས་ལུགས་ལྟར་ཕན་ཚུན་བསོད་རེ། ཕྲོག་རེ། སུ་ལ་དབང་ཆ་དང་སྟོབས་ཡོད་དུས་གཞན་དེ་སོ་སོའི་ཆོས་ལུགས་ལ་བཙན་པོས་གྱུར་རྐྱང་བྱས། སྟོན་པའི་གསུང་སྤྱོད་པ་འཚེ་མེད་དང་རྦད་དེ་རྒྱབ་འགལ་དངོས་ནས་ཧ་ལས་པོའི་སྐྱོ་བོ་རེད། ༥༩ རྗེས་ནས་མི་ཡི་ལུང་པར་སླེབས་ནས་ཅུང་ཟད་ལེགས་པའི་ཕྱོགས་སུ་སྣང་ཡང་ངེས་པར་དུ་གཟབ་དགོས་པའི་དུས་སུ་སྣང་། སྤྱིར་ཚང་མ་རྒྱལ་བའི་བཀའ་ནས་བརྒྱུད་སྡད་པ་རྐྱང་སོང་བཀའ་བརྒྱུད་པ་རེད་འདུག །བླ་མ་རྣམ་པ་ཚོ་ནི་རྒྱལ་བའི་ཕྲིན་ལས་པ་སོང་ཀརྨ་པ་རེད་འདུག །ད་དེ་ལ་ང་དང་ཁྱེད་ཟེར་རྩོད་རྒྱུ་ཅིག་འདུག་གམ། དེ་ལས། བཀའ་བརྒྱུད་རྙིང་མ། བཀའ་བརྒྱུད་ས་སྐྱ། བཀའ་བརྒྱུད་དགེ་ལུགས། བཀའ་བརྒྱུད་ཇོ་ནང་སོགས་དང་། བླ་མ་ཚོར། ཀརྨ་པ་བདུད་འཇོམས་རིན་པོ་ཆེ། ཀརྨ་པ་བདག་ཆེན་རིན་པོ་ཆེ། ཀརྨ་པ་དགའ་ལྡན་ཁྲི་པ། ཀརྨ་པ་རྒྱལ་བ་རིན་པོ་ཆེ། ཀརྨ་པ་འབྲི་གུང་ཆེ་ཚང་། ཀརྨ་པ་འབྲུག་པ་སྐྱབས་མགོན། ཀརྨ་པ་ Thich Nhat hanh ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་སོགས་ཞུ་ན་མི་འགྲིགས་པ་འདུག་གའི་གསུང་དང་?
བན་དྷེའི་འདུལ་བའི་ལས་ཆོག་ལས།
སྔོན་པོ་བཙག་དང་ངུར་སྨྲིག་རྩི།
འདི་དག་རུང་བའི་ཚོན་ཡིན་ཏེ།
ཞེས་འདུལ་བའི་གོས་ཀྱི་ཁ་དོག་ཏུ་སྔོན་པོ་རུང་པར་གསུངས་སྟངས་དེ་ལ་ལྟས་ན་ཤམ་ཐབས་སྔོན་པོ་ཅན་ཟེར་བ་བན་དྷེའི་གྲྭ་བ་ཞིག་ལ་ཟེར་བ་ཡིན་པ་འདྲ། ཡིན་ནའང་དེང་སང་བན་དྷེ་བ་ཚོས་བོན་པོས་སྟོད་འགག་སྔོན་པོར་གོན་པ་ལ་ཁྲེལ་ལད་བྱེད་ཀྱིན་འདུག རང་གི་འདུལ་གཞུང་དེ་རིགས་ལ་རྒྱུས་མངའ་ཅུང་ཙམ་ཀྱང་མ་བྱས་པའི་སྐྱོན་ཡིན་ས་རེད།
བན་དེ་ཚང་ལ་གྱོན་ཆས་སྔོན་པོ་གཅིག་རང་ཡོད་པ་དེ་སྟོད་འགག་གི་ནང་ཤན་དེ་རེད། དེ་ནི་རྒྱའི་བཙུན་པའི་དྲིན་དྲན་ཆེད་ཡིན་པའི་ལོ་རྒྱུས་འདུག དེ་མིན་སྔོན་པོ་གལ་ཆེན་དུ་བརྩི་སྲོལ་མི་འདུག་བསམ། དེ་ལས་ལྡོག་སྟེ་བོན་པོས་སྔོན་པོ་རྩ་བ་ཆེན་པོར་བརྩི་སྲོྲོྲོལ་འདུག སྐབས་དེར་བོན་པོ་ཁང་པ་གང་ལས་མེད་པར་གཞིགས་ན་བོན་མགོ་ཚུགས་ཙམ་ཡིན་པ་འདྲ།
བོད་ནས་ཡོང་བའི་བོན་གྱི་བླ་རྒན་མཁས་པ་ཞིག་གིས་ཀོང་པོ་བོན་རི་འདི་ལ་གནའ་སྔ་མོའི་དུས་སུ་མཇལ་སྐོར་འགྲོ་སྲོལ་ཞིག་ཡོད་པ་མ་རེད། བར་སྐབས་ཤིག་ལ་བླ་རྒན་ཞིག་གིས་གནས་སྒོ་ཕྱེས་པ་རེད། ཟེར། ཁྱེད་ཚོར་དེའི་སྐོར་འདྲ་ཅང་གསུང་རྒྱུ་ཨེ་ཡོད
སངས་རྒྱས་ཞལ་བཞུགས་དུས། རབ་འབྱུང་གི་ཆས་གོས་དམར་སེར་གཉིས་རྫོགས་ནས་སྔོན་པོ་ཡང་རྗེས་ུ་སྣང་བ་ཐོབ་པ་ཅིག་གོ་མྱོང་ཡང་། ང་འདུལ་ཀློག་ཡ་ལ་མི་དགའ་བས་ཁུངས་ངས་ཁུངས་འཁྱོལ་བ་མི་ཤེས།
དགའ་སྐུ་ལགས། བཀའ་བརྒྱུད་པའི་སྒྲ་དོན་དེ་འདྲ་མ་རེད། བཀའ་བབ་བཞིའི་གདམས་པས་བརྒྱུད་འཛིན་པས་ན་བཀའ་བརྒྱུད་པ་ཟེར། བཀའ་བབ་བཞི་དེ་དྲན་གྱི་མི་འདུག
ད་ནས་བཟུང་བོན་དང་བཅས་བོད་ཀྱི་ནང་ཆོས་ཀྱི་བླ་མ་ཆོས་བཤད་པ་མཁས་བཙུན་བཟང་གསུམ་སུ་ལ་ཚང་ཡོད་མེད་དང་། སུས་བོད་སྤྱི་ཡི་བསྟན་པ་ཆབ་སྲིད་ཕན་ཐོགས་མ་ཐོགས་ལ་རྩི་བཀུར་ཆེ་ཆུང་ཞུས་ན། ཕན་ཐོགས་ཆེ་བ་ཡོད་རེད།
དེ་བཞིན་བོད་ལ་གནོད་མཁན་གྱི་མཁས་པ་དང་། བོད་པར་ཕན་མ་ཐོགས་པའི་མཁས་པ་དང་། ཞབས་འདྲེན་ཞུ་མཁན་གྱི་་མཁས་པ་སོགས་ཀྱང་གོ་རིམ་མ་འཆོལ་བར་རྩི་མཐོང་ཐུབ་ན་འགྲོ་བ་སྤྱི་ལ་ཤུགས་ཀྱིས་ཕན་ཐོགས་ཡོད་རེད་དོ།།
སྤོབས་མཐའི་རང་མདོག་གསལ་དུ་གསལ་དུ་སྟོན་ཡོང་གི་འདུག
ཡང་སྔར་གྱི་བག་ཆགས་དེ་སད་ཡོང་གི་ཡོད་པ་འདྲ། ཅི་ཁག་མི་ཟེར་མཁན་དེ་འདྲ་ཡོད་ཡོད་པ་རེད།
རྒྱ་ནག་གིས་བོད་མི་བཙོན་ལ་བཅུག་རེད་ཟེར་དུས་བོད་མི་བཙོན་ཁང་གང་མ་གཏོགས་མེད་པར་གོ་གི་ཡོད་པ་འདྲ།
གང་ལྟར་བན་དྷེ་བས་བོན་པོར་བྱེད་སྟངས་དང་རྒྱ་ཡིས་བོད་པར་བྱེད་སྟངས་གཉིས་བསྡུར་ས་འདུག་གམ ཡང་ན་བོན་པོ་རྣམས་མི་གྲལ་དུ་མི་བརྩི་ན་སྐད་ཆ་ཁ་ཁ་རེད། བོན་པོ་ཁང་པ་གང་དམར་བསྲེགས་བཏང་བ་དེ་ཡིས་ད་དུང་འདོད་པ་མ་ཁེངས་པ་འདྲ། ད་དེ་ཚོར་དྲང་ངེས་འགྲེལ་རྒྱབ་རྒྱུ་ཅང་ལྷག་མེད་རེད། བན་དྷེ་འཚེ་མེད་ཞི་བས་བྱེད་སྟངས་ཞིག་རེད། འདི་ཚོ་ངོ་མ་འཛམ་གླིང་མི་མང་གིས་གོ་དགོས་པའི་སྐད་ཆ་རེད། ཡིན་རྒྱུ་བན་དྷེ་བ་ཚོས་བྱས་རྗེས་ཡིན་པའི་ཁུལ་རེད། ད་དུང་དེ་ཡིས་ག་ལ་ཚད་མང་པོ་འདུག་ད་གྲོགས་པོ་ཚོ། བན་དྷེ་བས་རྒྱ་དཀར་ནག་སོག་པོ་བལ་པོ་སོགས་ཀྱི་དམག་ནང་དུ་གདན་དྲངས་ནས་རང་མི་རིགས་ཀྱི་ཕ་མྱེས་ཀྱི་ཆོས་དང་རིག་གཞུང་མི་རབས་དང་བཅས་པ་རྩ་མེད་དུ་བཏང་བ་འདི་ལ་སོམ་དང་།
བོད་ཀྱི་གཏམ་དཔེར། སྡོད་ས་པྲལ་བར་བསྡད་ནས། མིག་ལ་ཐལ་བ་འདེབས། ཟེར་བ་རེད། བསྡད་ས་བོན་ཡུལ་དུ་སྡད་བོན་གྱི་མི་རྣམས་མེར་བསྲེགས་ཀྱིས་དམར་གསོད་དུ་བཏང་བ་རེད།
ད་དེ་ཚོས་ངོམ་རིམ་ཆོག་པ་དང་དཔའ་རྟགས་བཤད་རྒྱུ་ཡིན་ན་ང་ལ་སྐད་ཆ་ཤོད་རྒྱུ་ཅང་མེད།
བོན་ཡུལ། ཧ་ཧ་ཧ་ཧ རྐུབ་ནས་གད་མོ་ཤོར་རྒྱུ།
བོན་སྟག་གཟིག་ཟེར་བའི་ཡུལ་ནས་དར་ཚུུལ་བོན་ཀྱི་ཡི་གེ་རྙིང་གྲས་ཚོར་འདུག དེའི་རྗེས་སུ་ཞང་སྒྲུང་བཟོ་མགོ་ཚུགས་པ་རེད། བོད་ཀྱི་རིག་གཞུང་ཟེར་རུང་དེ་ཙམ་རེད། ཅིག་བཤད་རྒྱུ་ཡོད་ན་ཀོང་པོ་བོན་རིའི་སྐོར་ཅུང་ཙམ་གསུངས་རོགས
སྤྲུལ་སྐུ་འོ་ཉིས་རྙོག་དྲའི་སྒམ་ཆུང་གི་ཁ་ཕྱེ་བ་དང་དེའི་དྲི་མ་བཙན་པས་ཚོར་བ་རྣོ་བའི་དྲ་འབུ་དག་འཚང་ཁ་རྒྱག་ཚུལ་ལ་ལྟོས་དང་།
བོནད་ཡུལ་བོད་ཡུལ་དུ་འགྱུར་བ་འཛམ་གླིང་གི་མཁས་ཆེན་ཡང་རྩེར་སོན་པ་ལོ་རྒྱུས་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་རེད། དགེ་འདུན་ཆོས་འཕེལ་གྱི་སྐྱག་པའི་ས་རུ་མེད་པ་ཞིག་གིས་རྐུབ་གད་མོ་ཤོར་ཟེར། རྐུབ་ནས་གད་མོ་ཤོར་ས་རང་རེད། ནམ་ཡིན་ནའང་ཚིག་གཅིག་ཐོན་ཀྱང་ཟུར་ས་མ་གཏོགས་མེད་མཁན། ག་དུས་ཡིན་ནའང་བོད་དོན་བཤད་དུས་ཁོས་བལ་ཡུལ་འབྲུག་ཅེས་བཤད་ཀྱི་རེད། འདིར་ཇུས་གཏོགས་མེད་ན་བཟང།
ཀོང་པོ་བོན་རིའི་སྐོར་ཁྱེད་ཀྱིས་སྔོན་མ་ཡིག་རྒྱུགས་ཨང་དང་པོ་ལེན་སའི་སློབ་དེབ་ཏུ་གཟིགས་
ད་མང་པོ་བཤད་ནས་ཕན་པ་མེད། ཐམས་ཅད་ཧིན་དྷུའི་ཡིན་པར་གྲུབ་ཟིན་སོང་ང་ད་ལྷག་མེད། དྲིན་ཆེན་རྒྱ་དཀར་ནག་གཉིས་ལ་སྐད་ཆ་དྲིས། སྤྲེལ་ཕྲུག་ནི་སྤྲེལ་ཕྲུག་རང་རེད་འདྲིས་ཀྱིན་འདྲིས་ཀྱིན་ཇེ་ངན་ཇེ་སྡུག་རེད། གཞུག་གུ་ངན་པ་སྤྲེལ་བཞིན་ཟེར་བ་རེད།
བོད་ཤོད་དུས་འབྲུག་དང་བལ་པོ་བཤད་པས་མ་འགྲིག་ན་ཞང་ཞང་བཤད་ན་དེས་བས་འགྲིག་ཐབས་ག་ལ་ཡོད།
བོན་པོ་ཚོའི་ལྷ་ནི་ནང་བའི་སྟོན་པ་དང་རྙིང་མའི་སློབ་དཔོན་པདྨའི་སྟེང་ན་བཞེངས་ཡོད་རེད་ཟེར། དེ་འདྲ་ཞིག་གོ་མྱོང་། ཚིག་ནི་འདི་རེད།
ཤཀ་ཐུབ་པད་འབྱུང་བསྣོལ་བའི་གདན་སྟེང་ན།། ཟེར།
འདི་བོན་པོ་ཚོའི་ཞལ་འདོན་རེད་འདུག ཚིག་འདིར་བརྟག་ན་དེང་སང་གི་བོན་པོའི་འབྱུང་ཁུངས་ནི་ཐག་རིང་བོ་ཞིག་རེད་བསམ་མ་སོང་། གང་ཡིན་ཟེར་ན། པད་འབྱུང་ནི་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་ལ་ཡོང་བ་ཡིན་པ་ཡོད།
ངས་བསམ་ན་བསམ་ཡས་ལ་རྐུ་མ་ཤོར་བའི་ལོ་རྒྱུས་དེ་ནས་བྱུང་བ་རེད་་ཟེར་བ་དེར་བདེན་ཤས་ཆེ་བ་འདུག
ཤམ་ཐབས་སྔོན་པོ་ཅན་བོད་ལ་ཡོང་བ་ནི་བསྟན་པ་ཕྱི་དར་གྱི་མགོ་ཙམ་རེད། དེ་ཏག་ཏག་འགྲིག་ཡ་འདྲ་བོ་འདུག ཁོས་སྦྱོར་བསྒྲོལ་བཤད་པ་ཡོངས་གྲགས་རེད།
སྟོན་པ་བཅོམ་ལྡན་འདས་བྱོན་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཅིག་རེད། སྟོན་པའི་སྟེང་དུ་ཡོད་ན་དེ་ཡང་ལོ་མང་བོ་མ་རེད་སྙམ།
ཁོ་ཚོས་ལོ་རྒྱད་ཁྲིའི་སྔོན་ལ་བྱུང་བ་ཡིན་པར་བཤད། དེ་ནི་རྫུན་བཤད་ཀྱི་ཡོད་པ་གསལ་བོ་རེད། བོན་གྱི་ཆེས་པ་འདོན་ཐབས་རེད་དེ་ཕན་གྱི་མ་རེད། ཚན་རིག་པ་ཚོས་ཏག་ཏག་བཟི་ངེས་རེད། དེ་དུས་བོད་ཀྱི་ཡུལ་འདི་ག་འདྲ་ཡོད་པ་ཡིན་ནམ། དེ་ན་ཕ་མ་སྐྱེས་པའི་སྔོན་དུ་བུ་སྐྱེ་བ་ཡིན་འདུག དེ་རིག་པ་དང་མཐུན་གྱི་མི་འདུག ཡང་ན་ཕ་མེད་པའི་བུ་དེ་ཕལ་ཆེར་མོ་ཤམ་གྱི་བུ་ཡིན་རྒྱུ་རེད།
ས་སྒོ་དང་མེ་དཀར་ཨོ་ཉི་སོགས་དང་ལྷན་བགྲོ་གླེང་བྱེད་འདོད་མེད།
མི་གཤིས་ཅི་ཡིན་ཤེས་ཟིན། སྐྱག་པ་སྐམ་པོ་ལ་ཐོགས་བཏང་ན་དྲི་ངན་ཇེ་ཆེ་ནས་ཇེ་ཆེ་རེད།
སྐྱག་ཁ་བཙུམ་ལ་སྡོད། ་ད་ནས་མི་ཁྱེད་ཚོར་ལན་འབྲི་རྒྱུ་མིན། དུས་ཚོད་ཁྲོག་རླགས་རང་རེད། རྙིང་མའི་ནང་གི་སྙོག་ཁྲ་དེ་ཚོ་དང་པོ་སེལ་བར་གྱིས། ཨོ་ཉིས་ཅི་བཤད་འདུག ནང་རུལ་པ་ཡིན་པར་ཤེས་པར་གྱིས+++++++++++++
བན་ལོག་ཁྱོད་འདྲ་བསླེབ་དང་མ་བསླེབ་མེད།། ཧཧཧ་་་་་རྩེད་མོ་ཡིན
རྩོམ་ཡིག་འདི་ཡི་འབྲི་བ་པོ། ཨོ་རྒྱན་ཉི་མ། ཁྱོད་ལ་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་པར་འཛིན་པའི་སྐྱེས་བུ་ཡ་རབས་ཀྱི་བློ་གྲོས་ཡོད་ན། མཆན་ཡིག་༤༩ དེའི་སྐོར་ལ་ཡིན་མིན་ལ་ལན་རྒྱབ་དགོས་ཀྱང་། དེ་ལྟར་མི་བྱེད་པར་བདག་རང་མཆོག་ཏུ་གྱུར་པ་ཞིག་སྙམ་པའི་བསམ་བློ་ཡོད་ན། བདག་གི་འབད་པ་དེ་དག་ཁྱོད་ལ་ཕན་ཐོགས་མེད་ཀྱང་། བོད་མི་ཡ་རབས་རྣམ་དཔྱོད་ཅན་གཞན་ཀུན་ལ་ཕན་ཐོགས་པར་འགྱུར་རོ།
བན་དེ་བ་ཟེར་བའི་བན་ལོག་ཆོས་འཁོར་ཉི་མ་འོད་ཟེར་དང་། དགེ་ལུགས་པ་ཡིན་ཟེར་ནས་ཞབས་འདྲེན་ཅི་རི་ཉི་མ་ཟེར་བ་དང་། རྙིང་མ་པ་ཡིན་ཟེར་ནས་བླ་བཙོང་པ་ཨོ་རྒྱན་ཉི་མ། ཀཾ་ཚང་ཡིན་ཟེར་ནས་མེ་ཏོག་དཀར་པོ་སོགས་སོ་སོར་ལས་བྱས་སྣ་གཅིག་སྟོན་རྒྱུ་མེད་ཀྱང་གཞན་སྐྱོན་དང་སྤྱི་ཚོགས་ལ་སྐྱོན་བརྗོད་པ་ཁྱི་ལྟོག་སྐར་མ་ལ་ཟུག་པ་ནང་བཞིན་རེད། ཁྱེད་ཚོས་རྒྱལ་བསྟན་ལ་དག་ཐེར་དང་གཅེས་སྲུང་བསམ་ན་སོ་སོའི་སྡོམ་དང་དམ་ཚིག་སྲུང་ན་ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཞེས་པ་དེ་རེད། དེ་མིན་རྒྱལ་པོའི་དགོངས་པ་ཐེའུ་རིང་གི་སྦར་ཚད་ལས་མི་འདུག་པས་དེ་ལུགས་ཀྱིས། གལ་ཏེ་ཁྱེད་ཚོས་དམིགས་དཔེ་ཞིག་དགོས་ན་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ལྟ་བུ་དམའ་མོས་ས་བཟུང་། ཕན་པའི་ཆོས་བཤད། བདེ་བའི་ལམ་སྟོན། སེམས་རྒྱུད་ཆོས་དང་མཐུན་པའི་བླ་མ། གནའ་དེང་གི་ཆོས་ཚན་རིག་པས་གངས་ཅན་ཕན་བདེའི་གནས་ལ་འགོད་མཁན་ཁོང་འདྲ་དགོས་པ་རེད། བོན་གཤིན་མཆོད་པ་ཚོ་སྔོན་ནས་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་མགོ་ལ་སྤྱང་ཞྭ་ལག་ཏུ་ལན་ཆགས་བཞག་ནས་སོག་རྟ་ཁྲའི་ཕྱོགས་སུ་གླུད་བཞིན་བརྫངས་ཟིན་པ་རེད། དེ་ཡང་ཁྲིམས་མཐུན་གྱིས་སྤྱུགས་པ་རེད། ད་ལྟ་རྩ་ཆེན་ཡོད་འདོགས་བསྟན་ཀྱང་། རོ་ལོང་ཚོ་བྱི་སྐྱག་གསེར་དུ་རློམས་པ་ལས་ཅི་མི་འདུག རྐུ་རྫུན་ལ་བདེན་ཁ་སུ་ཞིག་གིས་སྟེར་རུང་ནག་པོ་ལས་དཀར་པོ་མི་འགྱུར་བར་སོལ་བ་དཀྲུས་ནས་མི་དཀར་བཞིན་ཡིན་པས་ཤེས་པར་གྱིས་ཞིག དེ་མིན་ལྷ་མིན་གདོན་གཟུགས་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་ཀྱི་སྐྱག་རྫུན་ནང་བཞིན་འཆལ་གཏམ་དང་བསྟན་དཀྲུགས་དེ་ཚོ་ལ་ཡིད་ཆེས་ལྟ་ཅི་ཁྱི་རྔ་རུ་བཏགས་ནས་མེ་རུ་སྦར་ན་ལེགས་ཤོས་རེད། ཡུལ་གངས་ཅན་པའི་ཆོས་ལྗོངས་ཞོ་བཞིན་ཆགས་པ་ལ་ཁྲག་བཞིན་དཀྲུགས་མཁན་དེ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས་རྫུན་བསྒྲིགས་དེས་ལན་པ་རེད། ད་མང་པོ་མི་བཤད། གཏམ་གོ་བ་མེད་གླང་རྒན་ཚོ་ལ་་་་་་དབྱུག་པ་བཙན་ཟེར་རྒྱུ་བོ་རེད།
པདྨས་གསུངས་པ་དེར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམས་པ་ཡོད།
པད་མའི་མིང་ཅན་ཁྱོད་ཀྱིས་བྱས་བཞག་པ་ཅི་སྟོན་རྒྱུ་ཡོད། ཁ་ནག་མ། དང་པོ་རང་མ་མཛུབ་མོ་བཙུག རྟིང་ནས་གཞན་ལ་འབྲེལ་བཤད་རྒྱབ་ན་ཡག་པོ་རེད།
བན་དེ་བའི་མདུན་ལ་བོན་པོའི་གང་བཤད་ལ་ལགས་སོ་མ་ལབ་ན་སྡུག་ཅག་རེད། དེ་ལྟ་བུ་ནི་ཡོངས་ཐབས་མེད། གཉིད་ལམ་རེད། དཀའ་ལས་ཁག་རོགས་རེད།
ས་སྒོ་ཨོ་ཉི་མེ་དཀར་ཆོས་ཅན། མི་གཤིས་ངན་ཏེ། བོན་པོས་གང་བཤད་མ་ཉན་པའི་ཕྱིར།
ཅོ་རི་ཆོས་ཅན། མི་གཤིས་ལེགས་ཏེ། བོན་པོའི་ཕྱོགས་བཟུང་བའི་ཕྱིར། ཁྱབ་སྟེ། བོན་པོ་ཡིན་ན་བཟང་པོ་ཡིན་པའི་ཁྱབ་པའི་ཕྱིར། འདི་བན་དེའི་ཞེ་འདོད་རེད། དོན་ལ་ཞང་ཞུང་། གཤེན་རབས། འོལ་མོ་ལུང་སོགས་འཁྲུལ་སྣང་ནས་མ་གཏོགས་འཛམ་བུའི་གླིང་ནང་ཡོད་མ་རེད།
ང་ཚོ་ལ་མཁན་པོ་ཚུལ་བློ་ནང་བཞིན་ཤེས་ཡོན་དང་། འཇོན་ཐང་མེད་ཀྱང་བསྟན་པ་ལ་ལྷག་བསམ་ཡོད། བསྟན་པའི་ཆེད་དུ་འབད་ངེས་ཡིན། སྡོམ་དང་དམ་ཚིག་ཀྱང་ཡོད།
ཨོ་ཉིས་རྙོག་འདྲའི་སྒམ་ཆུང་ཁ་ཕྱེས་སོང་། ཕྱོགས་ཞེས་ཅན་གྱི་དྲ་འབུ་ཚོས་སྒམ་ཆུང་ནང་ལ་ཚང་ཁ་ཤིག་ཤིག་རེད། གཟུར་གནས་སྐྱེ་བོ་ཚོས་ཟུར་ནས་གད་མོ་རྒོད་བཞིན་ལྟས་འདུག ཧཧ
བོན་ཉི་ཅོ་ཉི་སྐྱག་པའི་ཕུང་པོ་ལ། །
ཨོ་ཉི་པད་དཀར་ལག་པ་འཆང་མཁན་རེད། །
མི་གཙང་འདམ་དུ་བྱིང་བའི་ཁ་བརྡ་ཚང་། །
ཡིད་འོང་བསམ་གཏན་སྒྲོལ་མའི་ཞིང་དུ་སྨོན། །
པད་མ་ཟེར་བ་སྟུ་ཡི་མིང་ཅན་ཁྱོད།།
ང་ཚོའི་ཀྱག་པའི་ཀྱག་ཁུ་འཐུང་མཁན་ཁྱོད།།
རང་གིས་མ་བྱས་གཞན་ལ་མཛུབ་ཀེར་ཁྱོད།།
ཁ་བརྡའི་ཁྲོད་ཀྱི་སྐྱག་འབུ་བ་སོ་མ་ཁྱོད།།
པདྨ་མེད་ན་འགྲོ་བ་མི་ཡང་མེད། །
པདྨ་མེད་ན་བོད་ལ་དམ་ཆོས་མེད། །
པདྨ་མེད་ན་མ་ཎི་འབྲུ་དྲུག་མེད། །
པདྨ་དབང་གི་ལྷ་མོས་དེ་འདྲ་ཡིན། །
ཨོ་ཉིས་བསྟན་པ་ལ་ལྷག་བསམ་བྱས་ནས་ནང་བསྟན་གྱི་ཆོས་རྒྱུད་ཁག་གི་
བར་ན་དཀྲུག་ཤིང་འཕེན་གྱི་འདུག ཁོ་ལ་དམ་སྡོམ་ཡོད་མདོག
མི་ལ་ངོ་ཚ་མེད་ན་ག་རེ་ལབ་ལབ་རེད་འདུག
ཕྲག་དོག་གིས་བཀད་ལ་ཁད་ད་དུང་བསྟན་པ་ལ་ཤ་ཚ་མདོག
འདིར་མི་སྐད་དང་རྒྱུ་མཚན་འགྲོ་ས་མིན་འདུག ད་ངས་འདྲེ་སྐད་བཤད་ཀྱི་ཡིན།
བདུད་གཅིག་གི་བལྟས་ན། སངས་རྒྱས་ཀྱི་བསྟན་པ་དང་དེའི་ཚད་ལྡན་བསྟན་འཛིན་ཕལ་མོ་ཆེ་ནུབ་རིར་བྱོན་ཟིན།
ད་ཤུལ་ཏོག་ཙམ་ཡོད་པ་དེ་གདན་ས་ཁག་ནང་བཙན་དབང་སྣ་ཚོགས་འོག་སློབ་གཉེར་མཁན་གྲྭ་པ་མགོ་མཁྲེགས་པོ་ཚོ་དང་དེ་ཚོའི་རྒྱབ་རྟགས་དེ་ཚོ་རེད། དེ་དག་གཏོར་བར་བུད་མེད་དང་དངུལ། དབང་ཐང་སོགས་དགོས་པས། གྲོང་གི་ནང་མྱུལ་བའི་བླ་རྫུན་དང་སྤྲུལ་སྐུ་དེ་ཚོ་དང་། དེ་བཞིན་ཁ་བརྡའི་ལས་མེད་མགོ་མེད་གཟུངས་ཟད་མཆན་པོ་རྣམས་ཤིན་དུ་མཐུ་ཆེ་བས། བདུད་ངས་ཁོང་ཚོར་སྲུང་བ་བྱེད་དོ། ཁྱེད་ཚོས་ཡང་འདིར་ཤུགས་རྒྱོབ་ཤོག་ཨང་། ཁྱེད་ཚོ་ད་ནས་བཟུང་ངའི་རྡོ་རྗེ་སྤུན་གྲོགས་ཡིན་ད། བསྟན་པ་འདི་ས་མེད་རྡོ་མེད་བཟོ་རྒྱུར་ཁས་བླངས་ཟིན་པས་དམ་ཚིགས་མ་ཤོར་ཨ། བདུད་གོང་ཀླུད་གཙུག་ནས།
བསྟན་པ་ལ་ལྷག་བསམ་ཟེར་བ་དེ་ཕུང་གསུམ་གོང་དུ་བཀུར་བ་དེ་མ་རེད།
ད་ལྟད་མོ་འདུག
ལྟད་མོ་ཆེ་ཤོས་བོན་པོའི་ནང་རེད། དེ་ནས་བན་དེའི་ཕུང་གསུམ་པ་དེ་ཚོ་རེད། ཧཧཧཧཧ
ཨོ་རྒྱན་ཉི་མ་ཟེར་བ་འདི་་སྔོན་མ་བོད་ལ་ཡོད་དུས་དང་རྣམ་གྲོལ་གླིང་དུ་ཁོ་ཡོད་དུས་འདོད་ཆུང་ཆོག་ཤེས་ཀྱི་གྲྭ་བ་ཡག་པོ་ཞིག་ཡོད། ལོ་གཉིས་གསུམ་གོང་ནས་ཁོ་ལ་ཀཾ་ཚང་དུམ་བུ་གཏོར་པའི་ཏེ་བོ། དམ་ཉམས་ཨ་ཀོང་དང་། དེ་སོང་གི་འདྲེ་མོ་གྲོ་ག་དང་འབྲེལ་ནས་བཟུང་སྟེ་གདོན་འདྲེ་བོན་ནམ་དོལ་འདྲེ་རུ་དངོས་སུ་ལོག་སོང་། བཀའ་གདམས་གོང་མ་རྣམ་པས་་་་གྲོགས་བཟང་པོ་དང་འགྲོགས། གྲོགས་ངན་པ་དང་མ་འགྲོགས་ཞེས་པ་ཅི་མ་བདེན། དམིགས་དཔེ་ནི་ཡར་ཆོས་གྲལ་མ་ཐོན། མར་འཇིག་རྟེན་མ་འགྲུབ། གྲྭ་ལོག་ཕུང་གསུམ་པ་ཨོ་ཉི་ཁྱོད་རེད་དོ། །
ཁྱོད་རང་ཚོས་ཆོས་ལུགས་པ་ཉམ་ཆུང་རྣམས་ལ་བརྙས་བཅོས་བྱེད་ཀྱི་མཚམས་ཞོག བོད་མི་རིགས་ཆོས་ལུགས་པའི་བྲན་གཡོག་བྱེད་ཀྱི་མཚམས་ཞོག ཆོས་ལུགས་ནང་འཐབ་བྱེད་ཀྱི་མཚམས་ཞོག མི་ཉེས་ལ་ཉེས་ཞྭ་ཀོན་གྱི་མཚམས་ཞོག བོད་མི་ཤེས་ཡོན་གྱི་ཚོ་ལ་སྐད་ཆ་བཤད་ཀྱི་ཐོབ་ཐང་སྤྲོད་རོགས་བྱོས།།
ཤེས་ཡོན་པའི་མཆུ་བཅང་མེད་ལ། འཇོན་པོའི་གཉའ་ནས་གནོན་མེད། འདི་ནས་ཉམ་ཆུང་ཚོས་རྡུགས་སྐད་འདོན་བཞིན་ཡོད།
ཆོས་རྒྱུད་ཀྱི་གནད་དོན་དང་ཐུག་དུས་མི་རིགས་ཀྱི་ལ་རྒྱ་ནི་ཁྱིའི་སྐྱུག་གཡུགས་གཡུགས་ཡིན།།
ཆོས་རྒྱུད་་ཀྱི་གནད་དོན་དང་ཐུག་དུས་ནང་གསོད་ཀྱི་འཐབ་འཛིང་ནི་འཁོར་ལོ་སྐོར་སྐོར་ཡིན།།
ཆོས་རྒྱུད་ཀྱི་གནད་དོན་དང་ཐུག་དུས་ཆོས་གྲོགས་ཀྱི་འདུ་ཤེས་་ནི་དགྲ་བོ་ལངས་ལངས་ཡིན།
ཆོས་རྒྱུད་ཀྱི་གནད་དོན་དང་ཐུག་དུས་ཕ་མེས་ཀྱི་རྒྱལ་ཁབ་ནི་རྩམ་སྐྱ་གཏོར་གཏོར་ཡིན།
ཆོས་རྒྱུད་ཀྱི་གནད་དོན་དང་ཐུག་དུས་ཕུ་ནུ་དང་སྤུན་ཟླ་ནི་གཡག་བཤས་བཤའ་བཤའ་ཡིན།།
འདི་དག་ཚང་མ་གོ་གནས་དང་དཀོར་ཕོར་ལ་འབྲེལ་བ་ཡོད། སོ་སོའི་དགོན་པ་དང་སོ་སོའི་དཀོར་ཕོར་གྱི་ཆེད་དུ་ཡོད་ཚད་བློས་གཏོང་གི་རེད་ཡ་་་་་་་་་་་་་་་་་་་་་་་་་་་་་།
ཪོ་རྒན་ཁྱོད་ཀྱིས་ཤེས་ཡོན་པའི་མཆུ་བཅང་ཐོབ་ལེ་མ་རེད། ཁྱོད་རང་ཉམ་ཆུང་ཕུང་གསུམ་པ་ཚོའི་དགྲ་བོ་རེད། ཉམ་ཆུང་ལ་བརྙས་བཅོས་བྱོས་དང་། ཆོས་དང་རྟེན་གཉིས་ཀ་ཕྱོགས་ནས་བཀའ་ཆོད་ཕབ་ཡོང་བ།
ངས་འདིར་ཅོ་རི་དང་སྲཔུན་སྐུ་ཨོ་ཉིའི་ནང་རྩོད་སྐོར་ལས་འཕྲོས་ནས་ཀུ་རེ་ཞིག་བཤད་པར་འདོད། འདས་པའི་ལོ་རྒྱུས་ཀྱི་སྟེང་དུ་བལྟས་ན་ཏྲེ་ཧོར་ཁམས་པས་བོད་ལ་རྒྱ་དམག་ཁྲིད་པ་སོགས་ལས་ངན་མང་པོ་བསགས་ཡོད། བར་སྐབས་ཤག་ལ་ཁམས་སུ་ཉག་རྐེད་མགོན་པོ་རྣམ་རྒྱལ་ཟེར་བའི་དཔའ་བོ་ཞིག་བྱུང་ནས་ཁམས་ཀྱི་ཡུལ་ཕལ་ཆེར་གཅིག་གྱུར་བྱས་པ་དང་། སྐབས་དེར་ལྕགས་ལ་ཚང་གི་མག་པ་རྙིང་མའི་གྲུབ་ཐོབ་ཏུ་གྲགས་པ་མདོ་སྐྱབས་མགོན་ཡེ་ཤེས་རྡོ་རྗེ་དང་ཏྲེ་ཧོར་གྱི་མི་ཚོས་སི་ཁྲོན་གྱི་རྒྱ་དམག་ལྔ་སྟོང་ཁྲིད་ཡོང་ནས་ཉག་རྐེད་ལ་དམག་བརྒྱབ་པ་རེད། ཡིན་ན་ཡང་ཉག་རྐེད་ཀྱི་དཔའ་བོ་ཚོས་རྒྱ་དམག་དང་ཏྲེ་ཧོར་བ་ཚོ་སྤྱང་ཀིས་ལུག་ཁྱུ་བཅོམ་བཅོམ་བྱས་པ་རེད། རིམ་བཞིན་བོད་དབུས་ཕྱོགས་སུ་དམག་འདྲེན་པའི་འཆར་གཞི་བཏིང་། ལྷ་ས་ཇོ་བོ་ཁམས་སུ་གདན་དྲངས་བས་བོད་ཀྱི་རྒྱལ་ས་ལྟེ་བ་ཉག་རོང་དུ་བཙུགས་ནས་རྒྱལ་ཁབ་ཆེན་པོ་ཞིག་འཛུགས་པའི་འཆར་གཞི་ཡོད་པ་རེད། རྒྱ་ནག་གི་ཆིང་གོང་མས་ཐོག་མར་དམག་འཐབ་ནས་མ་ཐུབ། དེ་ནས་ཐོབ་གོ་ས་སྤྲོད་པར་རྒྱ་མི་ཁ་ཤས་བཏང་བ་ལ་ཉག་རྐེད་ཀྱིས། ང་ཡང་རྒྱལ་པོ་གོང་མ་ཡིན། ཁྱོད་ཚོའི་གོང་མ་ཡང་ང་ལས་ལྷག་ཅིག་མ་རེད། ཁྱེད་ཀྱིས་ང་ལ་ཐོབ་གོ་ས་སྤྲོད་ཟེར་བ་བརྙས་བཅོས་རེད་ཟེར་ནས་རྒྱ་མི་རྔན་པ་ཁྱེར་ནས་ཡོང་མཁན་དེ་ཚོ་ཉག་ཆུའི་ནང་དུ་འཕངས་བཞག་པ་རེད། སྐབས་དེར་བོད་སྡེ་བ་གཞུང་གིས་དམག་དྲངས་ནས་ཉག་རྐེད་བཅོམ་སྐབས་བྲག་འགོ་བ་ཞིག་གིས་ས་སྣེ་ལམ་རྒྱུས་བྱས་ནས་ཉག་རྐེད་དུ་བཅར་ཐུབ་ནས་ཉག་མགོན་གྱི་མཁར་མེར་བསྲེགས་པ་རེད།
སྤོབས་པ་ལགས། ཏྲེ་ཧོར་ཁམས་པས་རྒྱ་དམག་བོད་ལ་ཁྲིད་པ་རེད་ཟེར་བ་ཁས་ལེན་གྱི་མིན། ཏྲེ་ཧོར་ཁམས་པས་རྒྱ་དམར་ནག་གཉིས་ཀ་དང་ཤི་གསོན་དམར་འཐབ་བྱས་པ་རེད། གཞན་པ་ཁྱོད་རང་གིས་ག་རེ་བཤད་ན་བཤད་་་་ཧཧཧ
སྤོབས་པའི་བཤད་པ་དེ་ངས་ཀྱང་གོ་མྱོང་། གསལ་བོ་ཞིག་ཡིད་ན་མེད། དེ་ནི་ལོ་རྒྱུས་རིང་ལ་སྙན་པ་ཞིག་ཡོད། ངས་གོ་མྱོང་བ་ཙམ་ལས་རྒྱུས་ལོན་བྱེད་མ་ཐུལ། ང་ལ་ཕངས་པོ་བྱུང་། ལོ་རྒྱུས་དེར་དེང་སང་ངེད་ནས་རྩད་གཅོད་བྱེད་བཞིན་ཡོད་ཀྱང་ཁུངས་གསལ་བོ་ཞིག་ད་དུང་རྙེད་མ་སོང་། ངའི་སེམས་ལ་ལོ་རྒྱུས་དེ་ལོ་རྒྱུས་གལ་ཆེན་ཞིག་རེད་བསམ་སོང་།
རྒྱུས་ཡོད་ཅིག་གི་རྒྱས་ཙམ་གསུངས་ཐུབ་ན་ཡག་པོ་རེད། ངའི་རེ་བ་ཡིན།
དགེ་འདུན་རྒྱ་མཚོ་ལགས། ཁྱེད་ལ་ལོ་རྒྱུས་གང་དགོས། གསལ་པོར་གསུངས་དང་ངས་ཤེས་ན་ཁྱེད་ལ་ཞུ་ཆོག ཏྲེ་ཧོར་བས་རྒྱ་དམག་ཁྲིད་ནས་རྒྱ་དམག་དང་སྡེ་པ་གཞུང་གི་དམག་ཁྲིད་ནས་ཉག་རྐེད་དཔོན་བཅོམ་ཚུལ་སོགས་གསུང་གིན་ཡོད་དམ། མ་གཞི་ཁག་ཀྱང་མི་འདུག དང་པོར་ཉག་དམག་གིས་ཏྲེ་ཧོར་བ་ཚོ་སྐྱག་པ་ཤོར་ཤོར་བཟོས་པ་རེད། དེ་ནས་ཏྲེ་ཧོར་བ་ཚོས་ཡར་སྡེ་པ་གཞུང་གི་ཁོངས་སུ་སྐྱབས་བཅོལ་ལ་འགྲོ་ཁུལ་བྱས། མར་སི་ཁྲོན་རྒྱ་དམག་ལ་སྐྱབས་འཇུག་ཞུས་ནས་རྒྱ་དམག་ལྔ་སྟོང་ཁྲིད་ཡོང་བ་རེད། སི་ཁྲོན་གྱི་དམག་དཔོན་དེ་ཚོ་ཏྲེ་ཧོར་བས་གཉའ་བར་ཁུར་ནས་ཡོང་བ་རེད། རྒྱ་དམག་གི་མཚན་མོའི་ཉལ་རོགས་ཀྱང་ཏྲེ་ཧོར་གྱི་བུ་མོ་ཚོ་བཏང་བ་རེད། ཡིན་ན་ཡང་ཉག་རྐེད་མ་ཐུབ་པ་རེད།
སྔབས་དེར་བྲག་མགོ་དགོན་པའི་གྲྭ་རྒྱགས་ཚོས་རྙིང་མའི་ཇ་མཆོད་ཅིག་ལ་ལད་མོ་བྱས་ནས་ཚིགས་བཅད་འདི་བརྩམས་པ་རེད།
རྒྱ་ནག་ཀྲུང་ཐང་བོད་ལ་བཀའ་དྲིན་ཆེ།།
མགོན་པོ་རྣམ་རྒྱལ་སྐུ་ལ་འདས་གྲོངས་མེད།།
ད་ལྟ་ཧོར་སེར་ཁག་ལྔའི་ཁ་གནོན་མཛད།།
མགོན་པོ་རྣམ་རྒྱལ་ཞལ་ལ་མཆོད་པ་འབུལ།།
ཟེར་བའི་ཇ་མཆོད་བརྩམས་པ་རེད།
དེང་སང་ཡང་ཏྲེ་ཧོར་བ་ཅོ་རི་ཉི་མ་དང་ཨོ་རྒྱན་ཉི་མ་ནང་འཁྲུགས་རྒྱག་དུས་ངས་དེ་ཚོ་དྲན་ཡོང་གིན་འདུག
སྐབས་དེར་ཏྲེ་ཧོར་བས་གཉའ་བའི་སྟེང་དུ་ཁུར་དགོས་མཚན་གྱི་རྒྱ་དཔོན་ལྔ་ཡོད་འདུག དར་མདོའི་ལྕགས་ལ་རྒྱལ་པོའི་ཁོངས་ཀྱི་དམག་མི་ཚོའི་དམག་དཔོན་དེ་རྙིང་མ་བའི་གྲུབ་ཐོབ་ཡིན་པར་བསྙད་པའི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རེད། ཁོ་ལ་གྲུབ་རྟགས་ཡོད་པའི་ཡིད་ཆེས་བྱེད་མཁན་ཡོད་པས་དམག་འཐབ་རན་དུས་ཁོའི་གྱོན་གོས་ཤིག་དུམ་བུར་གཏུབ་ནས་ཏྲེ་ཧོར་དང་ལྕགས་ལའི་དམག་མི་ཚོར་སྤྲོད་ཁུལ་བྱས་འདུག ཡིན་ན་ཡང་ཅི་ཕན། ཉག་དམག་གིས་སྤྱང་ཀིས་ལུག་ཁྱུ་བཅོམ་བཅོམ་བྱས་པ་རེད། ཏྲེ་ཧོར་བ་འདི་ཚོས་རྒྱ་དམག་དང་སྡེ་པ་གཞུང་གཉིསཀའི་དམག་ཁྲིད་མ་ཡོང་ན་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱིས་ཁམས་ནས་མགོ་བཙུགས་ཏེ་བོད་སྤྱི་ལ་དབང་བསྒྱུར་བའི་སྲིད་གཞུང་འཛུགས་ཐུབ་པའི་རེ་བ་ཆེན་པོ་ཡོད་འདུག
ང་ཏྲེ་ཧོར་རྒྱལ་བོདང་། ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་ཚ་བོ་ཡིན། ལྕགས་ལ་རྒྱལ་པོའི་སྲས་མོ་ཏྲེ་ཧོར་རྒྱལ་པོའི་བཙུན་མོ་རེད།
ཉག་ཁེད་མགོན་པོ་རྣམ་རྒྱལ་གྱིས་ཁམས་ཡོངས་རྫོགས་ལ་དབང་སྒྱུར་བྱས་པ་ཕར་ཞོག ཏྲེ་ཧོར་ཁམས་ལ་ཡང་དབང་སྒྱུར་བྱས་ཐུབ་མེད། སྤོབས་པ་ཁྱོད་རང་གིས་རྫུན་བཤད་མ་བསྡད་པ་མ་གཏོགས་མི་གཞན་དག་ཚོས་དངོས་གནས་རེད་བསམས་འགྲོ་གི་རེད། ཉག་ཁེད་དཔོན་གྱིས་བོད་གཞུང་ལ་གྱེན་ལངས་བྱས་པ་བདེན་པ་རེད། བོད་ཡོངས་རྫོགས་ཟེར་བ་དང་རྨི་ལམ་རེད།
ཏྲེ་ཉི་མ་དཀར་པོ་ནས་ཏྲེ་དགུ་མདའ་ཚང་གི་བར་དུ་ཏྲེ་དཔོན་རང་གིས་རང་གི་ཡུལ་ལུང་སྐྱོང་ནས་བསླེབས་ཡོད། ཧཧཧ
ཉག་རོང་མགོན་པོ་རྣམ་རྒྱར་ཟེར་བ་དེ་དཔའ་བོ་ཡ་མེད་ཅིག་རེད་བསམ་སོང་།
ངས་གོ་བ་ལ་ཁོང་མྱུར་མཛད་པ་འབུམ་ཕྲག་བཟློས་པ་པོ་ཞིག་གི་རྣམ་ཤེས་ཡིན་པ་དང་མིག་ཡ་གཅིག་ཅན་ཞིག་ཡིན་ཟེར། བོད་སྡེ་བ་གཞུང་གི་གཡོ་ཇུས་འཐེན་ནས་གྲོངས་པ་རེད་ཟེར། དགོན་སྡེ་འགའ་ཤས་ནས་ཀྱང་ཁོ་ལ་གཏོར་མ་བརྡབས་པ་རེད་ཟེར། བདེན་པ་ཡིན་མིན་མ་ཤེས།
ད་འདི་རེད། ཉག་རྐེད་མགོན་པོ་རྣམ་རྒྱལ་ཟེར་ཡོང་དུས་ཏྲེ་ཧོར་བ་ཚོས་སྐྱག་པ་ལང་ནས་ཤོར་གི་རེད། ད་དུང་ཡང་དགའ་གི་མི་འདུག་ག ངས་ཉག་རྐེད་དཔོན་གྱི་ལོ་རྒྱུས་གཞིར་བཞག་ནས་ཤོད་ཀྱིན་ཡོད། ངས་ལ་གསལ་གསལ་ཐིང་ཐིང་བཤད་རྒྱུ་ཡོད།
སྡེ་བ་གཞུང་གིས་ལོ་གཉིས་ལ་དམག་འཐབ་པ་རེད། མ་ཐུབ་པ་རེད། བྲག་མགོ་བ་ཞིག་གིས་སྡེ་པ་གཞུང་གི་དམག་ལ་ལམ་ཁྲིད་ཉག་ཁོག་ལ་འཛུལ་ཐུབ་པ་རེད། མཐའ་མ་སུ་གཅིག་གིས་ཕར་དགྲ་ཚུར་འཁོན་མེད་པའི་མནའ་བསྐྱལ་བ་རེད། དེ་ནས་ཉག་རྐེད་ཀྱིས་ཡིད་ཆེས་བྱས་ནས་ལྷོད་པོར་ཡོད་པའི་གོ་སྐབས་བཟུང་ནས་ཁྲི་སྨོན་སྲས་ཀྱིས་དམག་གིས་ཉག་རྐེད་ཀྱི་མཁར་མེར་བསྲེགས་པ་རེད། དེ་ནས་ཉག་རྐེད་མགོན་པོ་རྣམ་རྒྱལ་ཕམ་པ་རེད། ཉག་རྐེད་ཀྱི་ནང་མི་ཁ་ཤས་ཤིག་གི་རོ་རྙེད་པ་རེད། ཉག་རྐེད་ཀྱི་བུ་གཅིག་དང་ཁོ་རང་གི་རོ་མ་རྙེད་པ་རེད། ལ་ལས་བཤད་ན་བྲོས་སོང་བ་རེད་ཟེར་སྲོལ་ཡོད་པ་རེད། རྨོངས་དད་ཀྱི་བཤད་རྒྱུན་ཞིག་ལ་ཉག་རྐེད་དོན་གྱིས་སྤྲུལ་བ་བྱས་ནས་འཕུར་སོང་བ་རེད་ཀྱང་ཟེར་སྲོལ་ཡོད་པ་རེད།
ཉག་དཔོན་གྱི་ཁང་བ་དེ་གཙང་བོ་ཞིག་གི་ཁ་ན་ཡོད་པ་འདྲ། བོད་དམག་གི་མཐའ་ལ་མེ་ཤིང་བརྩིགས་པ་དང་མེ་བརྒྱབ་ནས་བསྲེགས་པ་རེད་ཟེར། འགའ་ཤས་ཀྱིས་ཁོ་རང་གཙང་བོའི་ནང་དུ་མཆོངས་ནས་བྲོས་ཕྱིན་པ་རེད་ཟེར། སྔོན་ཆད་ངའི་འཛིན་གྲོགས་ཞིག་གིས་ང་ལ་ལོ་རྒྱུས་དེ་ཆ་ཚང་བཤད་སོང་བས་ངའི་མིག་ཆུ་དབང་མེད་དུ་ཤོར། རྒྱུ་མཚན་ཅི་ཡིན་ངས་ད་དུང་ཡང་བཤད་མི་ཤེས། དགོང་མོ་དེར་ཕྱིར་ཡོང་ནས་ང་གཅིག་པུ་ཡང་ངུས་པ་དྲན།
སྤོབས་མཐའ་ལགས།
ཁོམ་པོ་ཡོད་དུས་ཞིག་ལ་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱི་ལོ་རྒྱུས་སྲོག་ཤིང་དུ་བཞག་ནས་ཞིབ་ཚགས་པ་དང་མགོ་མཇུག་ཚང་བའི་ལོ་རྒྱུས་དེ་འབྲི་རོགས་ཞུ་བ་ཡིན།
བཀའ་དྲིན་ཆེ།
ཡང་བཤད་སྲོལ་ཞིག་ལ་གོ་འཇོ་ཨ་དཀར་དཔོན་དང་། ཨ་ནག ཁང་སར་མགོན་རྡོར་ཟེར་བ་ཚོས་སྡེ་བ་གཞུང་དང་འབྲེལ་འདྲིས་བྱས་ཏེ། དང་པོ་མགོན་པོ་རྣམ་རྒྱལ་དང་གྲོགས་བསྒྲིགས་ཏེ། མནའ་བཞག དེ་ནས་བོད་དམག་ཁྲིདཡོང་ནས་མགོ་བསྐོར་བཏང་སྟེ། ཁྲི་ཐུབ་མགོན་པོ་དང་། སྟོང་ཐུབ་མགོན་པོ་དེ་ཚོ་བཟུང་སྟེ་བསད་བཞག་པ་རེད་ཟེར། མགོན་པོ་རྣམ་རྒྱལ་ཁོ་རང་ཕོ་བྲང་འོག་ནས་ཉག་ཆུ་འགྲམ་དུ་བྲག་ཁུང་བརྒྱུད་ནས་སྤོ་རུས་ཟེར་ས་དེ་ནས་ཐོན་ཏེ། ས་མཐའ་འཁྱམས་ཏེ་གྲོངས་སོང་བ་རེད་ཟེར། མགོན་པོ་རྣམ་རྒྱལ་མཁར་དང་། ངའི་ཨ་མའི་གྲོང་བ་་ཐག་ཉེ་མོ་རེད།
སྤོབས་པའི་སྤོབས་བཤད་འདི་ལ་ལྟོས་དང་། ཉག་ཁེད་དཔོན་གྱི་ལོ་རྒྱུས་གཞིར་བཞག་གིས་ཐོག་ནས་བཤད་ཀྱི་ཡོད་ཟེར། ངས་བྱས་ན་ཁྱོད་ཚང་གསུམ་ཀས་གཞན་གྱི་བཤད་སྲོལ་ཙམ་ལས་ཡིག་ཐོག་ཏུ་ལོ་རྒྱུས་མཐོང་ཡོད་ཟོལ་མི་འདུག གསལ་པོ་དག་པོ་བཤད་ཀྱི་མེད་ན་ཅིག་བཤད་མ་བསྡད་ན་དགའ་གི་རེད་འདོད། ལོ་རྒྱུས་དཀྱོག་དཀྱོག་བཟོ་གི་རེད།
ཨོ་ཉི་་་་ཏྲེ་ཧོར་དགུ་མདའ་ཚང་གི་ཚ་བོ་ཡིན་མདོག་མདོག་བཤད་མ་འོང་ཨ།་་་་ཧཧ
དགུ་མདའ་ཚང་དང་ཉེ་བ་ཡིན་མིན་མི་ཤེས།
ཞེ་ཆེན་རབ་འབྱམས་སྨན་གླིང་མཁན་ཆེན་གྱང་ཁང་སྤྲུལ་སྐུ་གསུམ་ཕུང་གསུམ་ཡིན་པའི་དཔང་རྟགས་བསྟན་ཤོག
གོ་ན་དགའ་འམ་རྡུགས།
གོང་གི། གོང་ས་མཆོག་གི་སྐོར་དགའ་ལྡན་ཕོ་བྲང་༼མིང་མ་བསྒྱུར་བར་བཞུགས་འདུག་ན་༽ཞེས་པའི་༼མ༽་ཆད་འདུག་་་་་་
གོང་གི་ཕུང་གསུམ་པའི་སྐོར་དང་། རྙིང་མའི་དབུ་འཛིན་མི་འོས་ཚུལ་བཤད་པའི་མི་སྣ་དག་གི་གནས་ཚུལ་ངས་བཤད་པ་གཅིག་པུ་མ་ཡིན་པར། གོང་ས་མཆོག་དང་། ཆོས་རིག་བཀའ་བློན་སོགས་ལས་ཁུངས་ཆེ་ཕྲ་ཀུན་ཏུ་ཁྱབ་ཟིན་པའི་གནས་ཚུལ་ཞིག་ཡིན་པས་ཚང་མས་ཐུགས་ལ་ཟུངས།