ཀླུ་སྨྱོན།
ཉི་འོད་སེར་པོ་སྒེའུ་ཁུང་བརྒྱུད་དེ་གནའ་བོའི་ཆོས་དཔེའི་སྟེང་དུ་འཕྲོས།།
དབྱངས་གསལ་བར་ན་བྱམས་དང་སྙིང་རྗེའི་བྱིན་རླབས་འབུམ་ཕྲག་དྲོད་དུ་འཁྱིལ།།
ཞོགས་རླུང་ཁྲོད་དུ་བྱེའུ་སྐད་སྙན་ཞིང་འོ་ཇ་འཐུང་བའི་དུས་ཚོད་དེར།།
ཏག་ཏག་བར་སྣང་ཧྲིལ་བོ་ཞིག་གིས་དུས་ཚོད་ཡོངས་སུ་གཙབ་ཧྲལ་བཏང་།།
སྐྱིད་མདོག་ལ
སྐད་ཅིག་བདེ་བ་ལུས་ལ་ཐིམ་ཕྱིར་ལྗོངས་རྒྱུའི་ལྟད་མོ་མང་ན་ཡང་།།
མི་རྣམས་ཕལ་ཆེར་འཚོ་རྟེན་ཆེད་དུ་ཉིན་མཚན་བྲེལ་བས་སྨྱོ་ལ་ཁད།།
མདོར་ན་སོས་དལ་ལྷོད་ལྷོད་བྲལ་བའི་ཉི་ནུབ་ཡུལ་གྱི་གྲོང་ཁྱེར་དེར།།
ཚངས་པའི་ལྷ་མོའི་དྲོད་ཀྱིས་བཟི་བའི་ཨ་ཁུ་ཁྱོད་ལ་ཡིད་སྨོན་འཆོར།།
མཚན་མོའི་ཉལ་ཐུལ་སྟུག་པོའི་སྦུབས་སུ་ཡིད་ཀྱི་མེ་ལོང་ཀུན་ནས་གསལ། །
ཕ་མཐའ་མི་མངོན་རྟོག་འགྱུའི་འཕྲེང་བ་མུ་ཏིག་སྟར་ལ་རྒྱུས་པ་འདྲ། །
ཕྲ་རག་སེམས་ཀྱི་འཆར་སྣང་མཐའ་དག་ཝ་ལེར་ཡིད་སྒོར་སིམ་པའི་ཚེ། །
ལུས་པོ་ཕན་ཚུན་འདྲེ་ལྡོག་རྒྱག་བཞིན་མིག་གཉིས་གཏན་དུ་ཕྱེ་མ་ལགས། །
ལུས་ནི་བོད་དུ་ལྷག ངག་ནི་བྱང་ལ་ཤོར།
སེམས་པ་ལ་དྭགས་སུ། ཕམ་ཁ་ནི་ཁ་བརྡས་འཁུར།
གུང་ཡོལ་དང་མཚོ་འགྲམ་གྱི་སྙན་ངག
བསིལ་ལྡན་རླུང་བུའི་རྒྱུ་བ་རེ་རེས་ཆུ་ཐིགས་ཟེགས་མ་འགྲམ་པར་བརླན།།
གཅེར་བུར་བུད་པའི་ངང་པའི་ཚོགས་རྣམས་འདྲེན་བྱེད་རྒྱལ་མོའི་གདོང་ལ་འཕྱོ།།
ཚ་དྲོད་འཇམ་པའི་ཉི་ཟེར་འོག་ཏུ་རྒྱབ་རུས་བྱེ་མའི་ཐང་དུ་བརྔས།།
དྲན་རྟོག་འགྱུ་བ་གནམ་དུ་འཁྲིགས་པའི་སྤྲིན་པ་དཀར་ནག་ཟོལ་དུ་ཆས།།
སྔར་གྱི་མིང་ཚིག་མང་པོ་མེད་པར་བཟོས་ཏེ། སོ་སོའི་ཁ་རྒྱུན་གཙོ་བོར་བྱས་ཏེ། ལུང་པ་སོ་སོའི་མིང་ཚིག་གིས་ཛམ་གླིང་ལ་ཁྱབ་པའི་བོད་དཔེ་རིག་གཞུང་གི་མིང་ཚིག་རྣམས་མི་གོ་བའི་དུས་ཤིག་ཤར་སྟེ། ལྷག་བསམ་བཟང་པོས་བཙུགས་པའི་ཁ་བརྡ་ལ་གྱོང་སྟེར་ན། ལས་གཡོག་དེ་ཉིད་ཁ་སྐད་གང་འབྱུང་མང་འབྱུང་མིང་ཚིག་འབྲི་བ་པོ་རྣམས་ལ་འཁོར་བ་གདོན་མི་ཟའོ།
ཛམ་གླིང་ཧྲིལ་པོ་མ་གཏོགས། བར་སྣང་ཧྲིལ་པོ་ཞེས་པ་དེ་རིང་མ་གཏོགས་གོ་མ་བྱུང་།
རྩོམ་ཧ་ལས་པའི་སྙན་པོ་འདུག།
བདག་ནི་གྲོང་བརྡལ་འདི་གར་གནས་སྤོ་བྱས་ནས་ལོ་ལྔ་སོང་།།
འོན་ཀྱང་སེམས་ཀྱི་ཚོར་བར་འདི་ནས་འཚར་ལོངས་བྱུང་སྣང་ཤར།།
འདི་གར་སླེབས་རྗེས་སུ།།
ང་ལ་བརྩེ་བའི་ལྷ་ས་ཨབ་སོག་ཞིག་ཡོད་པ་ཤི་ཞིང་།།
ད་ལྟའི་ཞི་མི་དཀར་པོ་རྙེད་ནས་ཟླ་གསུམ་ཟིན།།
སྲང་མདོའི་ཆང་ཁང་དེ།།
འདི་སྐོར་ལ་སྙན་གྲགས་ཆེ།།
ངག་འཁྱལ་ཉན་འདོད་ཚེ་དེ་རུ་འགྲོ།
དགའ་རོགས་བཙན་མཁན་ཚོ་དེ་ན་ཕེབས།།
གནས་ཚུལ་གསར་བ་མང་བོ་དེ་ནས་ཐོས།།
ནུ་ཟུང་འབུར་བའི་བུད་མེད་ཆང་མ་དེ།།
གློག་བརྙན་འཁྲབ་མཁན་བཞིན་དུ་སྙན་གྲགས་ཆེ།།
ཆང་ཁང་དེ་ལན་མང་ཕྱིན་པ་མ་ཟད་པར།།
ཆང་གིས་བཟི་ནས་གང་བྱུང་སྨྲས་མྱོང་ཀྱང་།།
ལན་ཐེངས་གཅིག་ལའང་།།
ཁོ་མོར།།
ཁྱེད་རང་དགའ་རོགས་ཨེ་ཡོད་ཅེས་འདྲི་མ་ཕོད།།
དེ་ག་རེ་རེད་དམ།།
བདག་ལ་སྙིང་སྟོབས་མེད་པས་ལན་ནམ་ཡ་རབས་ཡིན་པས་ལན།།
སུས་ཤེས།།
སྐད་ཆ་འདྲི་མི་ཕོད་པ་དེ་ནི་མོའི་ནུ་མ་འབུར་ཡོད་ཙང་ཡིན་རྒྱུ་རེད། ད་ནུ་མ་འབུར་མེད་ནི་ཞིག་ལ་སྐད་ཆ་རེ་ཨེ་ཤོད་ལྟོས། དེར་ཡང་མི་ཡོང་ན། ད་ཁྱོད་ལ་ཡ་རབ་མ་རབ་གང་ཡང་མ་ཡིན་པའི་ངོ་ཚ་སྨིན་པོ་ཞིག་ཡོད་མདོག་རེད། དེ་ཡང་དད་ནས་སོང་ན་ལྐུག་རྟགས་དང་འབྲེལ་བ་ཡོད་པ་རེད། ལྐུག་ཕྲུག་ཚོས་ནམ་ཡང་གོ་སྐབས་དམ་དུ་འཛིན་མི་ཐུབ། ཕྱིས་སུ་འབྱོད་པ་ཆེ་པོ་ཤོར་ཉན་ཡོད། དེའི་དུས་ཚར་རེད།
དེ་ནས་ངས་ཁྱོད་ལ་ང་རང་སྟེང་ལ་བྱུང་བའི་སྐད་ཆ་ཞིག་བཤག་དགོས།
དུད་ཆང་དད་ཞེན་ཆེ་བས།།
སེམས་སོང་བྱམས་པ་ཤོར་སོང་།།
རྒྱོ་ས་བརྒྱ་ལས་མང་ཡང་།།
རྒྱུ་དག་གཅིག་ལ་མི་འདུག།
ཆུང་འདྲེས་དྲེན་པའི་དུས་ལ།།
དུད་ཆང་གཡུག་འདོད་ཤར་ཡང་།།
བྱམས་པས་བྱམས་གསར་རུམ་ནས།།
ལོ་དང་ཟླ་བ་འགོར་འདུག།
ཧ་ཧ་ཧ། ད་སྨྱོ་ཆང་འཐུང་ཨེ་ཉན་གི། སྤྲོས་བྲལ་ཁོ།
བཤག་དེ་བཤད་དགོས་ལ་བཅོས་རོགས་ཨ་ཕོ་ཚོ།
ང་ནི་ཕྱི་ནང་གཉིས་ཀ་གཙང་བའི་ཆོས་ལུགས་པ་ཞིག །
ཉིན་རེ་ལ་ཞལ་འདོན་ལན་གསུམ།།
རྐུས་མ་བྱས། །
རྫུན་ལབ་མ་མྱོང་།།
ང་ནི་རྗེ་བཙུན་སྒྲོལ་མའི་རྗེས་འཇུག།
ཐང་ཁ་དེའི་མདུན་དུ།།
དམའ་བའི་སར་འདུག་ནས།།
གྲང་ངར་ཆེ་བའི་དགུན་གྱི་ཉི་མ་དང་།།
ཚ་ངར་ཆེ་བའི་དབྱར་གྱི་ཉི་མ་མང་བོར།།
གྲངས་ལས་འདས་པའི་བརྐྱངས་ཕྱག་ཕུལ་ཡོད།།
མདང་དགོང་གི་མཚན་མོར།།
རྨི་ལམ་ཞིག་གི་ནང་དུ།།
རྗེ་བཙུན་མ་དང་དངོས་དུ་མཇལ།།
གྲོགས་པོ་ལགས།།
དགོངས་དག །
རྨི་ལམ་དེ་ལབ་ཕོད་ཀྱི་མི་འདུག།
གསང་འོས་པ་ཞིག།
ཤིན་ཏུ་ནས་ཀྱང་གསང་འོས་པ་ཞིག །
དེ་ཙམ་ཡང་སྨྲ་མི་ཕོད་པ་ག་རེ་ཡིན་ནམ།
ཡ་རྗེ་བཙུན་མ་རྨི་ལམ་ལས་མཇལ་སྟངས་ཤོད་མི་ཉན་རྒྱུ་ཅི་ཡོད།
འདི་གསང་དགོས་པ་ཅི་རེད་་་བརྐུས་པ་ནི་མ་རེད་་་་སྐྱག་བརྫུན་ལབ་ནས་འཕྲོག་ཤག་པ་ནི་མ་རེད་པ།
ཁྱེད་གཉིས་གཡབ་རེས་བྱས་པ་རྨིས་པ་ཡིན་ནའང་གསང་དགོས་དོན་ཅང་མེད་ཀ འདི་སོ་སོའི་འཇོན་ཐང་རེད་་་་རིན་ནི་མི་དགོས་་་ངོ་བསྟོད་ནི་བྱེད་མི་དགོས་པར་གཡབ་ཐུབ་ན་གཟི་བརྗིད་རེད་པ།
མཚན་མོའི་སྙན་ངག།
རྟ་བདུན་དབང་པོ་དལ་གྱི་བཞུད་ནས་དབང་ཕྱོགས་ས་འཛིན་ཕག་དུ་ཡིབས།
བསིལ་བའི་ཟེར་བཅས་རི་བོང་འཛིན་མས་འོད་དཀར་དགྱེས་པའི་འཛུམ་མདངས་རྒོད།
ནོར་འཛིན་སྒེག་མོ་དལ་ལ་བབས་དེ་ཁ་ཁུ་སིམ་པའི་བསམས་གཏན་སྒོམས།
སྒྲ་མེད་ཞི་བའི་ལྷང་འཇག་ཁྲོད་ན་མལ་ས་སྐྱིད་པོ་དྲོད་ཅིག་འཁྱིལ།