རྒྱང་བཀྱེད་ལས་རྒྱ་ཁོག་རིག་གི་ར།། གོས་འབྲུག་ཚང་རི་མོ་མི་རིག་གི། གོས་འབྲུག་ཚང་རི་མོ་མ་རིག་ན།། རྒྱང་བཀྱེད་ལས་རྒྱ་ཁོག་རིག་གས་ཆེད།།
ཁྱ་ཁྱུག་གེ་སྡེ་ཟིག་རིག་གི་ར།། ངའི་ཆུང་དུས་རོགས་ལོ་མི་རིག་གི། ངའི་ཆུང་དུས་རོགས་ལོ་མ་རིག་ན།། ཁྱ་ཁྱུག་གེ་སྡེ་ཟིག་རིག་གས་ཆེད།།
འདི་ཨ་མདོའི་ལ་གཞས་ཞིག་རེད། ཡིག་སྐད་ལྟར་བྲིས་ན་བྲོ་བ་མི་འདུག་པ་མ་ཟད་སྐད་གཞན་པ་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་སྟེར། གཞན་ཨམ་སྐད་ལ་རྒྱུས་ལོན་ཆེད་འདི་ལྟར་བྲིས།
རྒྱ་ཁོག རྒྱ་ནང་ངམ་རྒྱ་གྲོང་།
རིག་གི་ར མཐོང་ནའང་།
རིག་གས་ཆེད རིག་ནས་ཆི་བྱེད། ཅི་བྱེད།
ཟིག ཞིག
ཁྱ་ཁྱུག་གེ ཁྲ་ཁྱུག་གེ
ནངས་ཇ་ར་མ་འཐུང་ནས་ ལ་ཡས་ཀློག་དགོས་ནོ་འདི་ཆི་གཟིག་རེད། རོང་ངོ་དགོན་པ། འདི་ཅིག་མི་བཙོག་གི་ན།
བཀའ་དྲིན་ཆེ།
རྒན་མདའ་ཚན་པ་འདིས་ནམ་ཡིན་ད་ འདི་མོ་ སྐྱིད་པོ་ཏག་ཏག་འཕུད་ཀི། ས་ཁ་ས་ཐོག་གི་ཆོས། ད་ཡིན་ན་རྒས་འགྲོ་གི་ཡོད་ས་རེད། ལ་གཞས་དང་ཁ་ཤགས་དྲན་གི། མདོ་གདུགས་སྒྲོལ་གསུམ་འདོན་རྒྱུ་ཡོང་གི། ནམ་རྒྱུན་འདི་མོ་འདི་མི་ཤེས་མི་དགའ་ཟེར་གི་ཡོད་དྲ ངོ་མ་བཤད་ན་འདི་མོ་འདིར་དགའ་ནི་གཟིག་རེད།
ཨ་ལག་བཟོད་པ་ཚང་གིས་ཁ་ལི་ཧྥོར་ཉི་ཡ་ན་ Borobudur ལ་དཔེ་བལྟས་་ནས་མཆོད་རྟེན་འཇིགས་སུ་རུང་བ་ཞིག་རྒྱག་གོ་གི་ཟེར་ཀི། དེ་འགྲུབ་སོང་ན། ཡུམ གནས་མཇལ་འགྲོ་གི་ཡིན
འོ་་་ད་སེམས་ཚེགས་ཡོང་ནི་གཟིག་འ རྗེས་མ་རྒས་འཁོག་མི་ཚེ་རྒན་གསོ་ཁང་ཞིག་ནས་སྐྱེལ་དགོས་ཚེ། འདྲེ་མོ་ནད་གཡོག་མ་འདི་ཚོས་ཅིག་མནར་ས་རེད་ཀོ།།
ཨ་ལ་རྩེད་མོ་ཡིན། མྱི་སྐྱིད་ཚོའི་ལགས་ཐོགས་ན་ལ་གཞས་དང་གླུ་ཤགས་ཀྱི་དེབ་འདྲ་ཡོད་ན་scan ་ནས་གཅིག་མི་འཕུད་ལ།།
ང་ལོ་བཅུ་གཉིས་བཅུ་གསུམ་ཡིན་དུས་ཤིག་ལ་ཕ་རྒན་གྱིས་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཅིག་དང་ལ་གཞས་གཞོན་ནུ་འགུག་པའི་ལྕགས་ཀྱུ་གཉིས་ཉོས་ཡོང་ནས་གང་དགོས་འདེམ་དུ་བཅུག་པ་དང་། ངས་ལ་གཞས་དེབ་དེ་བདམས་པ་བརྗེད་ཀྱི་ཞིག་མི་འདུག དེ་དུས་གཞོན་ནུ་ཟླ་མེད་ཀྱི་ཡིག་གི་ཕྲེང་གཅིག་གི་དོན་གོ་བར་ཡང་དཀའ་ཚེགས་ཆེན་པོ་ཞིག་བྱུང་ལ། ལྷག་པར་དུ་ཆོས་ཚིག་དེ་ཚོ་རིག་ན་མགོ་ན་གིན་ཡོད། ལོ་མང་རྗེས་སུ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དེ་ནི་ཤེས་ཡོན་ཅན་ཚོའི་ལ་གཞས་ཡོད་ན་མེད་ན་ཞིག་ཡིན་པ་གཞི་ནས་རྟོགས་སོང་། ད་ལྟ། འདི་རུ་ང་ལ་རོགས་རྩོད་ཀྱི་སྒྲ་ཐག་ཅིག་ཡོད་ཅིང་། དབྱར་ཁ་རེར་མཚོ་འགྲམ་གྱི་སྤང་ལྗོངས་རེར་སོང་ནས་གན་རྐྱལ་དུ་ཉལ་ཏེ་སྒྲ་ཉན་སྐུད་པ་རྣ་ནང་ལ་བཙུགས་ནས་ཉན་བསྡད་ན་ངོ་མ་ཕ་ཡུལ་གྱི་རྫ་སྒང་སྨུག་ཞགས་ཀྱིས་དཀྲིས་པ་ཞིག་གི་ཐོད་དུ་ཉལ་བསྡད་ཡོད་པའི་སྣང་བ་རེ་ཡང་འཆར་གི་ཨ་ཡ་ལས་ངན་ཚོ།
མདའ་ཚན་པས་ཡང་སྙན་ངག་གི་རིགས་ཞིག་སྟེ། རིགས་ཀྱི་ནང་ནས་མེས་པོའི་རིགས་ཞིག་ངོ་སྤྲོད་བྱས་པ་མ་ཚད། དེ་བོད་མི་ཕལ་མོ་ཆེས་གོ་སླ་བར་ཡི་གེར་ཕབས་སྟངས་ཀྱང་བཤད་འདུག འདི་འདྲ་བྲིས་ཡོང་དུས་སྙན་ངག་ལ་སྣང་ཆུང་བྱེད་མཁན་དང་། སྙན་ངག་ལ་འགྲེལ་ཆུང་རྒྱག་མཁན་ཚོ་གོ་རྒྱུ་ཞིག་ལུས་ཡོད།
ཕྱི་ནང་གི་སྙན་རྩོམ་རིགས་ལ་དུངས་མཁན་ཞིག་ཡིན་པའི་ངོས་ནས་བཤད་ན། ལ་གཞས། བསྟོད་སྒྲ། བསང་འབོད། རོགས་འཐེན་སོགས་ངག་རྩོམ་འདི་དག་ཁོ་བོར་བྲོ་བ་ཧ་ཅང་ཆེ། མཚམས་མཚམས་ལ་ནུབ་ཕྱོགས་རྩོམ་རིག་གི་དཔེ་ཆ་ཚོ་བོད་ཀྱི་ངག་རྩོམ་སོགས་ཀྱི་དཔེ་དེབ་དག་དང་ལྷན་འགྲམ་པས་འགྲམ་པ་རླན་བཞིན་ངའི་དཔེ་ཁྲིའི་ཐོག་འཚང་ཀ་ཤིག་ཤིག་བྱེད་པ་མཐོང་ན་། ངས་སྒྱུ་རྩལ་ཟེར་བའི་ཆ་ཤས་ཆེན་པོ་ཞིག་འདི་ནས་འཚོལ་གྱིན་ཡོད་ས་རེད་བསམ་གི
སྦྲ་ནག་གཡག་སྙིང་ཡིན་ན་འདི་ད་ངས་ཤེས་ཁ་ཟིག་ད་རེད་ར་། ང་འདྲི་རྒྱུ་ཟིག་ཡོད་ར་་་ད་མིན་དང་ན་ངོ་རེ་ཚ་། གྲྦ་ཚང་འདི་ད་ཆི་ཟིག་ཡེད་དྲེ་།
ཨ་རོ་གཡའ་ཟིག་ཡེད་རྒྱུ་ཆོ། མནའ་སྐྱེལ་སྟངས་ཟོ་བལྟས་ན་གྲྭ་པ་མ་ཡས་ནི་ཟིག་མེད་ནི་ཟིག་ག་རིག་གི བྱ་འདི་བྱ་འདི།
ཨ་རོ། དེ་མོ་འདི་འདོན་དུས་ཕ་ཡོས་ངོས་ནས་དྲན་གི། མྱི་རྒས་ན་ཡོས་དྲན། བྱ་རྒས་ན་ཚང་དྲན་ཟེར་བའི་གནའ་མྱི་དེ་བདེན་གི་ཡ།
གླུ་ཤགས། རི་སྤྱང་ཁེར་འགྲོ་ལ་ཕ་ཡུལ་དྲན་པའི་སེམས་གསོར་ཕུལ།
གླུ་ཤགས་ནི་ཨ་མདོར་དམངས་ཁྲོད་རྩོམ་རིག་རྣམ་པ་མི་འདྲ་བ་མདའ་བཤད། ཇ་བཤད། ཆང་བཤད། སྟོན་བཤད། རོགས་མཐུན། གླུ། གླུ་ཤགས། བཤིག་གླུ ལ་གཞས། ལ་ཤགས། གཉེན་བཤད། སྟོན་བཤད། བསང་འབོད། རྟ་བཤད། བག་བཤད་ འདི་ལ་ནང་གསེས་མང་། འབྲས་དཀར། སྲིད་པ་ཆགས་གླུ། སྲིད་པའི་རང་འཐག་ཆ་བརྒྱད། ཁྱུང་དང་རུས་སྦལ་གྱི་བྱུང་བ་སོགས་མང་པོ་ཞིག་ཡོད་པའི་ནང་གི་གཅིག་ཡིན་པ་དང་། དེ་ནི་གླུའི་རྣམ་པའི་ཐོག་ཕན་ཚུན་ལ་ཚིག་རྒྱག་བཤད་རེས་བྱེད་པ་ཞིག་ཡིན།
༡
ས་མ་རི་མར་སྟོད་རྒྱ་ཡི་ས།། རྒྱ་མི་རེའི་ལག་ན་ཕྲུག་ཞེང་རེ།། ཚོང་རྒྱག་འདོད་ཡོད་ན་ཁྲོམ་མ་ཤོག།
ས་བ་རི་བར་སྟོད་ཧོར་གི་ས།། ཧོར་མི་རེའི་ལག་ན་མདའ་གཞུ་རེ།། མདའ་འཕེན་འདོད་ཡོད་ན་གཡུལ་ལཤོག།
ས་ཡ་རི་ཡར་སྟོད་བོད་ཀྱི་ས།།བོད་མི་རེའི་ཁ་ན་ཁ་ཤགས་རེ།། ཤགས་ལེན་འདོད་ཡོད་ན་གྲལ་ལ་ཤོག།
༢
བྱ་གཤོག་རྩལ་ཅན་པོ་དགུང་ལ་བདེ།། རླུང་བསེར་རུ་གཡུག་ན་ལྷག་པར་བདེ།།
རྟ་གོམ་ལག་ཅན་པོ་ཐང་ལ་བདེ།། ན་འབའ་འབུར་ཡོད་ན་ལྷག་པར་བདེ།།
ང་གླུ་བ་ཞི་ལི་གླུ་ལ་བདེ།། གླུ་ཤགས་ལ་སོང་ན་ལྷག་པར་བདེ།།
༣
ངའི་མགོ་བོ་ནག་ཆུང་རྨོག་ག་དགའ།། རྨོག་གོན་གི་གོན་གི་གྱོད་ལ་དགའ།། མགོ་བོ་ནག་ཆུང་དགའ་ཕྱོགས་རེད།
ཁའི་དུང་སོ་སུམ་ཅུ་ཤ་འ་དགའ།། ཤ་ཟོས་གི་ཟོས་གི་རྐང་ང་དགའ།། ཁའི་དུང་སོ་སུམ་ཅུའི་དགའ་ཕྱོགས་རེད།
ངའི་མྱིད་ཐག་ཕྲ་མོ་གླུ་འ་དགའ།། གླུ་ལེན་གི་ལེན་གི་ཤགས་ག་དགའ།། དེ་མིད་ཐག་ཕྲ་མོའི་དགའ་ཕྱོགས་རེད།།
༤
རྟ་སྔོན་ལ་རྒྱུག་ནོ་ཐོ་རུ་ཡིན།། རྟ་མཆོག་ཅང་ཤེས་གཞུག་ན་ཡོད།།
མདའ་སྔོན་ལ་འཕངས་ནོ་སྒྲོ་མེད་ཡིན།། མདའ་ཐོག་ལྕེ་འདྲ་བོ་གཞུག་ན་ཡོད།།
གླུ་སྔོན་ན་བླངས་ནོ་རྩེད་མཚར་ཡིན།། གླུ་ཤགས་གི་བང་མཛོད་གཞུག་ན་ཡོད།།
གླུ་ལ་གཞས་བླངས་དེ་འདུག་ཁོམ་མེད།།
རང་ལྷ་སྡེ་གཉིས་ཀ་ཁོམ་གི་མེད།།
དེ་ཆེ་ཁོམ་རྒྱ་ནག་གན་ཚང་གིས།།
ཆིག་ཐུབ་ནོ་ཚང་མ་གསད་བཏང་ཐལ།།
ལག་ནང་དུ་ཟིན་ཚད་བཙོན་ལ་བཅུགས།།
ང་འདྲ་འདྲའི་སྡར་མ་ཁ་ཤས་ཤིག།
རང་ཕ་ཡུལ་སྐྱུར་ནས་བྲོས་ནི་རེད།།
བྲོས་ཡོད་ཀྱང་ཕ་ས་གོར་མོ་དེ།།
ནམ་ཡིན་རང་བརྗེད་ཐབས་མི་འདུག་གོ།
རྒན་མདའ་ཚན་པས་གླུ་ཤགས་ཚན་པ་བཞིས་སེམས་གསོ་གནང་བ་དགའ་བའི་གཞི།
རྗེས་མ་མཇལ་དུས་ཆང་རྒྱ་ལི་གང་གི་དྲིན་ལན་འཇལ་ངེས་ཡིན།
ལ་གཞས་དང་གླུ་ཤགས་གཉིས་ག་པར་བཤུས་བརྒྱབ་ནས་རུམ་ན་བཟུང་ཡོད།
ད་གནས་སྐབས་བདེ་མོ། རྗེས་མ་ཞིག་འ་ཡང་ཐུག་ཡ།།
གྲོགས་པོ་ཚོ། དེ་རིང་ཡང་བསྐྱར་ཁྱེད་ཚོ་འདིར་མཇལ་བས་དགའ་པོ་བྱུང་།
ངའི་གློག་ཀླད་ཀྱི་བོད་ཡིག་བརླགས་སྐྱོན་ཤོར་ནས་ད་དུང་ཡང་སྒྲིག་འཇུག་ཡག་པོ་ཞིག་བྱེད་མ་པར་ལྷག་བསྡད་ཡོད།
ཨ་ལ་དྲ་དཔོན་རབ་གསལ་ལ་ཆི་ཁག་རྒྱུ། ཡུམ་མྱི་ལོ་ལོན་ཟིག་ག ནམ་ལངས་ནས་མགོ་ཡར་བཀྱགས་མ་ཐག་རྣ་ལམ་མ་ལ་ཡས་འདྲ་ཞིག་གྱགས་ཡོང་། ཡུམ་རྒན་མོ་རང་གི་རྒན་མོ་ཡིན་རུང་། ངོ་ཚ་ནི་ཟིག་ཙོ་ཡིན་རྒྱུ་རེད། དེང་སང་གི་ཞ་ཡེ་འདི་ཆོ་ད།
ཡ་ད་ངས་ར་གླུ་ཞིག་མ་བླངས་ང་ཁྱེད་ཆས་ང་འདུག་གི་འཇུག་རྒྱུ་ནི་མ་རེད།
ཡེད་་་་་་་་་་་་ད་ཡ་རེ་ཙོ་ཨ་གསུམ་་ཁོ་་་ངས་ཡ་རེ་ཡང་ང་ལོད་་་་་་ད་ལེན་དགོ
སྟོད་གན་ན་ཡང་ང་ཡེད་་་་རི་གསུམ་ཙོ། ཨ་གསུམ་ཁོ་་ད་རིག་ནོ་ཡང་ང་ཡེད་་་་་གན་དགོ བཟེ།
ཡེད་འདི་་་་་བྲག་དཀར་ཡང་ང་ཡེད་་་་་་་ད་སྲིན་པོ་ཙོ། ཨ་གསུམ་་་ཁོ་ད་རྫ་རྒན་ཡང་ང་ཡེད་་་་་་གསུམ་ཡ། བཟེ
ཨོ་ད་ང་འགག་ཐ་ཨ་རོགས་ཆོ། ཧཧཧཧཧཧ
ཡུམ་དུས་འདྲ་ཞིག་ཡིན་རྒྱུ་ན་རེ། ཤུ་རེ་ཁོ།
ཡ་ད་ངས་དེང་སང་གི་ཞ་ཡེ་ཆ་ག་འི་གླུ་དབྱངས་ཡིན་ན་དེ་གཅིག་ལེན་དགོ ཉོན་དགོ
མར་མེ་སེར་པོའི་འོད་སྣང་དྲན་་་་་
མ་ལོའི་བཞིན་རས་ག་ལེར་དྲན་་་་་་
ལྷད་མེད་སྐྱབས་འཇུག་རེ་བས་འབུལ་་་་་
ཡིག་དྲུག་བགྲང་བ་སེམས་ཀྱིས་བཀུར་་་་་
ཨོ་་་་་་་་དྲིན་ཆེན་་་་མ་་་་ལོ་་་་་་་
ཨ་་་་་་དྲིན་ཆེན་་་་མ་་་་་ལོ་་་་་
མར་མེ་སེར་པོའི་འོད་སྣད་དྲན་་་་་
མ་ལོའི་སྐུ་དྲིན་ག་ལེར་དྲན་་་་་་
དྲི་མེད་གསོལ་བ་སྙིང་ནས་འདེབས་་་་་་་
ཡིག་དྲུག་བགྲང་བ་སེམས་ཀྱིས་བཀུར་་་་་
ཨོ་་་་་་་་དྲིན་ཆེན་་་་མ་་་་ལོ་་་་་་་
ཨ་་་་་་དྲིན་ཆེན་་་་མ་་་་་ལོ་་་་་
ཁྱི་ཆས་ངས་གཞས་འདི་ལེན་གོ་ནོ་གཅིག་གོ་རྒྱུ་ན། ཡུམ་གཅིན་ཙོ་ཤོར་འགྲོ་ན་ཐང་ཡ།
དངོས་ནས་ཁྱི་ཚོགས་ཤིག་གིས་འདི་གོ་ན་གཅིན་ཤོར་ན་ཐང་། དེ་མིན་སྤུན་ཟླ་ཚོས་འདི་གོ་ན་གཅིན་ཤོར་རྒྱུ་ཟེར་ན་མི་ཤེས། ཧཧཧཧཧཧཧཧཧཧ
བོད་ཤ་ཁྲག་རུས་གསུམ་ལགས། གཞས་འདི་འདྲ་བཏང་ན་”ཁྱི་ཚོགས་ཀྱིས་གི་ན་གཅིན་ཤོར་འགྲོ་ན་ཐང་”ཟེར་ན་ཅི་རེད། སྐད་ཆ་འདི་བཤད་ནོར་ཐེབས་མེད་ན། ཅིག་ཅིག་བཙན་སོང་ནི་མིན་ནམ། ཁ་ཡག་མིན་པའི་གསལ་བཤད་ཅིག་ངེས་པར་དུ་གནང་རོགས་ཞུ།
ཁྱི་ཆས་ཟེར་བ་ཅི་ཡིན་མ་ཤེས་ན་ཁྱོད་ལ་ཁག་མེད་ཀི ངས་འདི་ན་ཕ་སྐད་ངོ་མ་བོ་དེ་ཡི་གེར་བཀོད་པས་ཁྱོས་མི་ཤེས་ན་ཐང་། ཁྱི་ཆས་ཞེས་པ་ཁྱོད་ཚོ་དང་ཁྱི་ཆ་ག་ཟེར་བ་དེ་རེད།
རྩོམ་ཡིག་བཀླགས་རྗེས་མཆན་ཟེར་བ་དེ་ངེས་པར་དུ་འདེབས་དགོས་པ་ཞིག་ཡིན་ནི་མ་རེད། ཞོར་ནས་འདི་ཡང་ཐུགས་ལ་འཇགས་པར་ཞུ།
མཆན་༣པར་ཀླུ་སྨོན་གྱིས་ང་ལ་དྲན་གསོ་ཞིག་བྱས་སོང་། ང་ཡང་ཆུང་དུས་ནས་གླུ་ལ་གཞས་ལ་དགའ་མཁན་ཞིག་ཡིན། ད་ལྟ་འདང་རྒྱབ་ན་སྒྱུ་རྩལ་ལ་དུངས་བའི་ས་བོན་དེ་དུས་བཏབས་འདུག དེ་ནས་ལོ་བཅུ་དྲུག་ཙམ་ཡིན་དུས་དགེ་རྒན་དྲིན་ཆེན་ཞིག་གི་མདུན་ནས་གཞོན་ནུ་ཟླ་མེད་བསླབ་པ་ཡིན། དེབ་འདིས་ཁོ་བོར་ཡིད་ཚོར་མང་པོ་ཞིག་བསྩལ་མོད། ད་ལྟ་འང་ཝ་ལེར་དྲན་པ་ནི་ཡིག་ཐོག་ནས་ཆགས་སྲེད་སློངས་མཁན་དང་པོ་དེ་ཡིན་པ་དྲན་གྱི་འདུག དེ་དུས་འདོད་པའི་བསྟན་བཅོས་ལ་ད་རུང་མཇལ་མེད།
མེ་ཆ་ལ་ཞུ་རྒྱུར།
ཁོ་བོ་ནི་སེམས་དགའ་ཞོར། སྐྱོ་ཞོར། བཏངས་སྙོམས་སུ་གནས་ཞོར། དངུལ་ལོ་བསོག་ཞོར། སྤྱི་སྒེར་ལ་འདང་རྒྱག་ཞོར། ལར་མི་ཚེ་སྐྱེལ་ཞོར། གླུ་ལེན་མ་ཐུབ་ན་འང་ཉན། སྙན་ངག་འབྲི་མ་ཐུབ་ན་འང་མྱང་། ལར་སྒྱུ་རྩལ་གང་ཞིག་སྐྲུན་མ་ཐུབ་ན་འང་རོལ་ཨེ་ཐུབ་ལྟ་ནི་ཞིག་ཡིན། དེ་ནས་་་་
གླུ་ཨ་ལ་ཐ་ལ་ཐ་ལ་ལེན
ཐ་ལ་མོ་གླུ་ཡི་ལེན་ལུགས་རེད།
ང་དང་ང་ངོ་མ་ཤེས་ན།
སྔོན་མ་སྐྱེས་པ་ཤར་ནས་སྐྱེས།
སྒང་པ་བོད་ཀྱི་ཤར་ནས་སྐྱེས།
མདའ་ལི་མི་ཞིག་གི་བསུ་བ་བྱས།
རི་འབྲོང་གཡག་གཉིས་ཀྱི་བར་ནས་སྐྱེས།
གཡག་སྙིང་ཐོག་དོན་དེ་གི་ཡིན།
འབྲོང་སྙིང་ཅན་ཚོ་ཡུལ་ན་ཡོད།
ད་ལྟ་ཡོད་པ་ནུབ་ན་ཡོད།
ཡོ་རོབ་གླིང་གི་ནུབ་ན་ཡོད།
མ་མཛངས་མ་ཞིག་གིས་བསུ་བ་བྱས།
རིག་རྩལ་གནས་ལ་དཔྱད་བཞིན་ཡོད།
དངུལ་ལོ་ཆ་རེ་བསོག་བཞིན་ཡོད།
ཁ་བ་ཅན་དེ་དྲན་བཞིན་ཡོད།
ངོ་ཤེས་གི་ཡོད་ན་དགའ་ནི་ཡིན། ཞེས་རྩེད་མཚར་ངང་ཕུལ།
མཆན་༣པར་ཀླུ་སྨོན་གྱིས་ང་ལ་དྲན་གསོ་ཞིག་བྱས་སོང་། ང་ཡང་ཆུང་དུས་ནས་གླུ་ལ་གཞས་ལ་དགའ་མཁན་ཞིག་ཡིན། ད་ལྟ་འདང་རྒྱབ་ན་སྒྱུ་རྩལ་ལ་དུངས་བའི་ས་བོན་དེ་དུས་བཏབས་འདུག དེ་ནས་ལོ་བཅུ་དྲུག་ཙམ་ཡིན་དུས་དགེ་རྒན་དྲིན་ཆེན་ཞིག་གི་མདུན་ནས་གཞོན་ནུ་ཟླ་མེད་བསླབ་པ་ཡིན། དེབ་འདིས་ཁོ་བོར་ཡིད་ཚོར་མང་པོ་ཞིག་བསྩལ་མོད། ད་ལྟ་འང་ཝ་ལེར་དྲན་པ་ནི་ཡིག་ཐོག་ནས་ཆགས་སྲེད་སློངས་མཁན་དང་པོ་དེ་ཡིན་པ་དྲན་གྱི་འདུག དེ་དུས་འདོད་པའི་བསྟན་བཅོས་ལ་ད་རུང་མཇལ་མེད།
མེ་ཆ་ལ་ཞུ་རྒྱུར།
ཁོ་བོ་ནི་སེམས་དགའ་ཞོར། སྐྱོ་ཞོར། བཏངས་སྙོམས་སུ་གནས་ཞོར། ཡར་མར་རྒྱུག་ཞོར། སྤྱི་སྒེར་ལ་འདང་རྒྱག་ཞོར། ལར་མི་ཚེ་སྐྱེལ་ཞོར། གླུ་ལེན་མ་ཐུབ་ན་འང་ཉན། སྙན་ངག་འབྲི་མ་ཐུབ་ན་འང་མྱང་། ལར་སྒྱུ་རྩལ་གང་ཞིག་སྐྲུན་མ་ཐུབ་ན་འང་རོལ་ཨེ་ཐུབ་ལྟ་ནི་ཞིག་ཡིན། དེ་ནས་་་་
གླུ་ཨ་ལ་ཐ་ལ་ཐ་ལ་ལེན
ཐ་ལ་མོ་གླུ་ཡི་ལེན་ལུགས་རེད།
ང་དང་ང་ངོ་མ་ཤེས་ན།
སྔོན་མ་སྐྱེས་པ་ཤར་ནས་སྐྱེས།
སྒང་པ་བོད་ཀྱི་ཤར་ནས་སྐྱེས།
མདའ་ལི་མ་ཞིག་གིས་བསུ་བ་བྱས།
རི་འབྲོང་གཡག་གཉིས་ཀྱི་བར་ནས་སྐྱེས།
མིང་གཡག་སྙིང་ཐོག་དོན་དེ་གི་ཡིན།
མི་འབྲོང་སྙིང་ཅན་ཚོ་ཡུལ་ན་ཡོད།
ད་ལྟ་ཡོད་པ་ནུབ་ན་ཡོད།
ཡོ་རོབ་གླིང་གི་ནུབ་ན་ཡོད།
མ་མཛངས་མ་ཞིག་གིས་བསུ་བ་བྱས།
རིགས་སྒྱུ་རྩལ་གནས་ལ་དཔྱད་བཞིན་ཡོད།
དངུལ་ལོ་ཡང་ཆ་རེ་བསོག་བཞིན་ཡོད།
ཡུལ་ཁ་བ་ཅན་དེ་དྲན་བཞིན་ཡོད།
ངོ་ཤེས་གི་ཡོད་ན་དགའ་ནི་ཡིན། ཞེས་རྩེད་མཚར་ངང་ཕུལ།
མཆན་༡༤པ་དེ་བཏགས་ནོར་ཐེབས་འདུག མདའ་ཚན་པས་གཙོའི་དྲ་གྲོགས་ཚོ་དགོངས་འགལ་མེད་པ་ཞུ།
ཡ་ རོགས་ལོ་ཆོ་། དེ་རང་ནས་བཟུང་། ཁ་བརྡ་དྲ་བའི་ཐོག་ཁ་སྐད་ལ་རང་དབང་ཐོབ་སོང་ནི་མ་རེད་པ་།
ངས་ནི་འདི་ནས་། བསམ་ཚུལ་རེ་བྲིས་ན་འདྲ་། མཆན་རེ་རྒྱབ་ན་འདྲ་། ཡིི་གེ་མི་ཤེས་པའི་སྟབས་ཀྱིས། ཁ་སྐད་དང་ཡིག་ནོར་ཐེབ་གི་རེད་བསམ་ནས། ཞེ་རྒྱུམ་ནས་རྒྱུད་པ་འདར་གི་ཡོད་། དེ་རང་ཨ་ཁུ་སྡེ་དཔོན་མགོར་བཞུག་། ཁ་སྐད་ལ་བཅུག་ནས་ཁ་གཙོག་བཤད་ནོ་ཆི་རེད་།
ལ་གཞས་ཡོད་ད་། ད་མི་ལེན་ནི་བྱོས་་་
ཡ་ད་དེ་རིང་ཚང་མས་འདི་ན་གླུ་ལ་ཡེ་བླང་ནས་མ་ཁོམས་མ་བསྡད་ཡོད་ཀི ངས་གླུ་ལ་ཡེ་ལེན་མི་ཤེས་ན་ལ། སྟོན་བཤད་བདུད་རྩེ་ཁ་རྒྱན་ཞིག་བཤད་ཀྱི་ཡིན།
འོ་ཡའའའའའའའའའའ ད་དེ་རིང་ཟོ་ཉི་མ་བཟང་པོ་སྐར་མ་བཟང་པོ། ཕུན་སུམ་ཚོགས་པའི་ཉི་མ། བཀྲ་ཤིས་པའི་ཉི་མ་དོན་འགྲུབ་པའི་ཉི་མ་འདི་ལ། ངའི་ལག་པ་གཡས་མའི་ནང་ཤེད་ན་གསེར་གི་དཀར་ཙེ་འབྲུག་མ་ཡོད་ཡ། དེའི་ཁ་ན་འཁོར་ལོ་རྩིབས་བརྒྱད་ཡོད་ཡ། རྐད་ན་བཀྲ་བཀྲ་ཤིས་རྟགས་བརྒྱད་ཡོད་ཡ། ཞབས་ན་པད་མ་འདབ་བརྒྱད་ཡོད་ཡ། འདིའི་ཁ་ནས་བལྟས་ན་འཁོར་ལོ་འདྲ་མ། འཁོར་ལོ་རླུང་གིས་བསྐྱོད་ནི་འདྲ་མ། རྐེད་ནས་བལྟས་ན་རྟ་གཡང་འདྲ་མ། རྟ་འདོ་བ་བང་རྩལ་རྒྱུགས་ནི་འདྲ་མ། ཞབས་ནས་བལྟས་ན་ཉ་གཡང་འདྲ་མ་ཉ་གསེར་མིག་ཆུ་ལ་བསྐྱལ་ནི་འདྲ་མ།
འདིའི་ནང་ན་ན་ནིང་གི་ལོ་ཆང་ཁམ་པ་ཡོད་གི དོ་ཚིག་གི་རྫ་ཆང་བསིལ་མ་ཡོད་གི གཡུལ་ཀ་གསུམ་གྱི་གཡུལ་ཕུད་ཡོད་གི མ་ཧྲི་མོ་གསུམ་གྱི་ལག་ཆང་ཡོད་གི ལག་ལ་བླངས་ན་ཉམས་རེ་དགའ་གི ཧུབ་གང་འཐུང་ན་བསོ་རེ་སངས་གི བསོ་འེ་སངས་ལ་མི་སངས་གི་སྒོ་ནས་ཁྱོད་ཤ་ཉེ་བརྒྱ་ཐམ་པས་སྐུ་དལ་དལ་བྱས། ཐུགས་ལྷོད་པོ་བྱས། གསུང་ཡ་ཡུན་གྱི་སྒོ་ནས་ཡ་མེད་ཟིག་བཞེས་ཟེར་རྒྱུ་རེདདདདདདདདདད།
ལགས་སོ། ལགས་སོསསསསསསསསསསསསས
ཨ་མདོའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ལ་གཞས་ཀྱི་ཡབ་ནི་གནའ་བོའི་མགུར་གླུ་རེད། དེང་སང་གི་གཞས་པ་གཞས་མ་ཚོས་ལེན་བཞིན་པའི་ལ་གཞས་ཀྱི་ཚིག་ལ་བརྟགས་སྐབས། བརྡ་ཆད་མང་པོ་ཞིག་ཆོས་ཚིག་རེད། ལ་གཞས་ཁ་ཤས་ཤིག་ནི་ལ་གཞས་ཤིག་ཨེ་ཡིན་སྙམ་པའི་ཚོར་སྣང་བྱུང་། སྤྱིར་བཏང་གི་ཚིགས་བཅད་འདྲ་བོ་རེད། ཕལ་ཆེར་འདི་ཡང་འགྱུར་བ་ཞིག་རེད་དྲན། ལྷ་ས་བ་ཚོ་ལའང་ཨ་མདོའི་ལ་གཞས་འདྲ་སེ་བ་ཞིག་འདུག གསལ་བོ་ཞིག་མི་ཤེས་ཏེ། ཁོང་ཚོས་དེའི་མིང་ལ་མཛུབ་དཀྲུས་གཞས་ཟེར་གྱི་ཡོད་པ་རེད། སྔོན་ཆད་ལྷ་སའི་བུ་མོ་ཞིག་གིས་མཛུབ་དཀྲུས་གཞས་ཟེར་བ་དེ་དབྱངས་ལ་བཀུགས་ཏེ་ལེན་གྱི་ཡོད། སྙན་མོ་ཡོད་པ་འདྲ་ཞིག་ཚོར། ཡིན་ནའང་ད་ལྟ་སེམས་ངོགས་ཀྱི་ཚིག་འབྲུ་རྣམས་ཡལ་ནས་འདུག ཁྱེད་ཅག་གི་ནང་དུ་ཚིགས་བཅད་འགའ་རེ་མཁྱེན་མཁན་ཡོད་དམ།
ལ་གཞས།
ལ་ཡེས།
ལབ་ཡེས།
ཐ་སྙད་མི་འདྲ་བ་གསུམ་པོ་འདིར་ཕ་ཡུལ་གྱི་དཔེ་མཚོན་ཞིག་བཀོད་ན།
ད་རྒྱལ་ཀླད་ཀི་མེ་ཏོག །
མ་གད་དྲི་མ་ཞིམ་གི །
གད་ན་མིག་ལ་ཡག་གི །
འགྱེ་ན་དྲན་རྒྱུ་ལོས་ཡིན། །
ཡང་ལྷ་སའི་ཕྱོགས་ལ་དར་ཆེ་བ་ནི་ཐ་སྙད་འདི་གསུམ་པོར་གཏོགས་མིན་མི་ཤེས་མོད། དཔེར་ན།
བྱ་དེ་ཁྲུང་ཁྲུང་དཀར་མོ། །
གཤོག་རྩལ་ང་ལ་གཡོར་དང་། །
ཐག་རིང་རྒྱང་ལ་མི་འཕུར། །
ལི་ཐང་བསྐོར་ནས་བསླེབ་ཡོང་། །
དྲ་གྲོགས་ཚོ་དངོས་གནས་བོད་ཡིག་གསར་བཟོ་གནང་གི་འདུག་འདི་འདྲ་རང་མ་བྲིས་ན་ཡག་པོ་ཡོད་ས་རེད། བོད་ཀྱི་སྐད་ཡིག་ལ་ལྷད་རྒྱབ་པ་ཡིན་ན། ཐབ་སྐྱོ་བ་ལགས།