བོད། ལྷ་ྐླུ་གཉན་གསུམ།
ང་ཚོ་བོད་པ་དག་གིས་ཕྱི་རྒྱལ་གྱི་མི་ཞིག་དང་ངོ་ཤེས་ཆགས་པ་ནས་བཟུང་དེ། དམིགས་ཡུལ་ཡང་དེ་མཚུངས་ཀྱི་བཟང་བོ་ཞིག་མེད་པར་འདུག་པའི་ཚོར་བ་དེ་ནི་ང་རང་ལ་སྔ་ས་ནས་སྐྱེ་མྱོང་ཡོད་ཀྱང་། དེའི་བསྐོར་ལ་གང་ཡང་བཤད་འདོད་མེད་པར་བཞག་པ་ཡིན། འོན་ཀྱང་། དེ་རིང་འདི་ནས་མ་གླེང་ཐབས་མེད་ཀྱི་གནས་ཚུལ་ཞིག་ནི་འདི་འདྲ་རེད། འོག་གི་སྐད་ཆ་འདི་དག་ནི་ང་རང་གི་ངོ་ཤེས་པའི་ཕྱི་རྒྱལ་བ་གྲོགས་མོ་ཞིག་གི་སྐད་ཆ་དངོས་ཡིན།
ངས་ཁོ་མོ་འདི་ལྟར་དྲིས་པ་ཡིན། ཁྱེད་རང་གི་གྲྭ་བ་དེ་ཇི་ལྟར་ངོ་ཤེས་པ་ཡིན།
ཁོ་མོས་ང་རང་ལ་བཤད་རྒྱུར། ང་རང་རྒྱ་གར་ལ་གུང་གསེང་དུ་ཟླ་ངོ་གཅིག་གི་རིང་དུ་ཕྱིན་དུས། རྡ་ས་མེག་ལོར་བོད་ཀྱི་གཙུག་ལག་ཁང་གི་མདུན་དུ་ངའི་གྲོགས་མོ་དང་ངེད་གཉིས་མཚར་སྣང་གིས་དེ་རུ་ལྟ་བསྐོར་དུ་སོང་བ་ཡིན། དེ་དུས་གཞི་ནས་རང་ཉིད་ཀྱི་མི་ཚེ་ནང་དུ་དངོས་སུ་ཐོག་མར་མཐོང་བའི་བོད་ཀྱི་གྲྭ་བ་མང་བོ་ཞིག་དང་མཇལ་སོང་། དེ་དུས་ངའི་གྲོགས་མོ་ངེད་གཉིས་ཀྱིས་གཙུག་ལག་ཁང་གི་འགྲམ་གྱི་མ་ཎི་འཁོར་ལོ་དེ་དག་གཡས་གཡོན་གང་དུ་བསྐོར་དགོས་མིན་ཤེས་ཀྱི་མེད་སྟབས། ངེད་གཉིས་ཀྱིས་མ་ཎི་འཁོར་ལོའི་འགྲམ་དུ་འདྲ་དཔར་ལེན་ཞོར་དུ། མ་ཎི་འཁོར་ལོ་དེ་དག་གཡོན་བསྐོར་བྱེད་བཞིན་པའི་སྐབས་སུ། གྲྭ་བ་ཞིག་ང་རང་གི་འགྲམ་དུ་སླེབས་ནས། ནོ། ནོ། ཟེར་ནས་ང་རང་ལ་དེ་འདྲ་མིན་པའི་བསྐོར་ལ་བརྡ་ཞིག་བསྟན་སོང་།
དེ་ནས་ངས་ཀྱང་ཁོ་རང་གི་གསུངས་པ་ལྟར་གཡས་བསྐོར་བྱས་པ་ཡིན། དེ་དང་འགྲོག་ནས་གྲྭ་བ་དེས་ང་རང་ལ་ཁྱེད་རང་གང་ནས་ཡོང་བ་ཡིན་སོགས་སྐད་ཆ་མི་ཉུང་བ་ཞིག་དྲིས་པ་དེ་དག་ལ་རེ་རེ་བཞིན་ལན་འདེབས་བྱས་པ་ཡིན་ལ། ཁོང་གིས་དགའ་སྣང་དང་འཛུམ་མདངས་སྟོན་ཞོར་དུ་ང་རང་ལ་འདྲ་དཔར་ཞིག་བསྟན་ནས་འདི་ངོ་ཤེས་སམ་ཟེར། དེ་དུས་ང་རང་གི་སྔོན་ཆད་ནས་མཐོང་མྱོང་བའི་༧གོང་ས་མཆོག་གི་འདྲ་དཔར་ཞིག་རེད། ང་རང་གིས་ཀྱང་དེ་ཤེས་པའི་བསྐོར་བཤད་པ་ཡིན།
ཉིན་མ་དེ་ནི་ང་ཚོ་ངོ་ཤེས་པའི་ཉིན་མོ་དང་བོ་ཡིན། དེ་ནས་གྲྭ་བ་དེས་ཁོ་རང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲྭ་བ་ཞིག་ཡིན་པ་དང་། གནས་སྐབས་རིང་དུ་རྡ་སར་ཡོང་བ་དང་ཞོར་དུ་དབྱིན་ཡིག་ཞིག་སྤྱོང་འདོད་ཡོད་རབས་སོགས་བཤད། གང་ལྟར། ང་རང་གིས་རང་ཉིད་ལ་དུས་ཚོད་མང་བོ་ཞིག་མེད་ན་ཡང་། ཉིན་མ་དེ་དག་གི་རིང་དུ་རྡ་ས་ནས་བསྡད་པའི་རིང་དུ་ཟུར་ཁྲིད་བྱེད་ཆོག་ཞེས་བཤད་པ་ཡིན།
ཉིན་མ་དེ་དག་གི་རིང་དུ་ཁོ་རང་ལ་ང་རང་གི་ཤེས་ཚོད་ཅིག་བསླབ་ཁུལ་བྱས་པ་ཡིན། ཡིན་ཡང་། ཁོ་རང་དངོས་ནས་ཉིན་མ་ཁ་ཤས་ཀྱི་རྗེས་སུ་ལྷོ་ཕྱོགས་སུ་འགྲོ་དགོས་ཟེར་ནས་འགྲོ་ཁར་ང་རང་ལ་ཁ་པར་ཨང་གྲངས་དང་། ཁ་བྱང་བཅས་སྤྲད་སོང་བ་མ་ཟད། ང་རང་གི་གློག་ཀླད་ཁ་བྱང་ཡང་ཁོ་ལ་སྤྲད་པ་ཡིན། ང་རང་ལྷོ་ཕྱོགས་སུ་ཡོང་ཁོམ་འདྲ་བྱུང་བ་ཡིན་ན། ཁོ་རང་ལ་ཐུག་འཕྲད་བྱེད་དུ་ཡོང་རོགས་ཟེར་ནས་གསུངས་སོང་།
གང་ལྟར། ང་རང་གིས་བསམ་པར་བོད་པའི་གྲྭ་བ་ཟེར་བ་འདི་ནི་དངོས་ནས་ཡག་པོ་ཞིག་རེད་སྙམ་པ་མ་ཟད། རང་ཉིད་ཀྱང་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་ཁོམ་འདྲ་བྱུང་ན་དེ་རུ་འགྲོ་རྒྱུའི་བསམ་བློ་ཡང་འཁོར་སོང་། དེ་དུས་ཁོ་རང་གིས་ང་རང་ལ་གྲྭ་བ་དག་ལ་སྒོར་མོའི་ཡོང་ཁུངས་མེད་པ་དང་འཚོ་བའི་ཐད་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་གསུངས་སོང་ཡང་། ངས་ཁོ་རང་ལ་རོགས་རམ་བྱེད་དགོས་པ་ཞིག་དྲན་མ་སོང་།
རྗེས་སུ་ང་རང་ཕྱིར་རང་གི་རྒྱལ་ཁབ་དུ་ལོག་ཁར་ང་རང་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་མ་ཐུབ་ཀྱང་། ང་རང་གི་གནམ་གྲུ་ནི་རྒྱ་གར་བྷང་བྷེ་ནས་རང་གི་རྒྱལ་ཁབ་དུ་ལོག་གི་ཡོད་སྟབས། ངས་ཁོ་རང་ལ་ཁྱེད་རང་བསྡོད་ས་ནས་ཐག་ཉེ་རེད་འདུག ཁྱེད་རང་ང་རང་ལ་ཐུག་འཕྲད་བྱེད་དུ་ཡོང་འདོད་ཡོད་ན་ངས་ཡར་མར་གྱི་འགྲོ་སོང་གཏོང་ཆོག་ཟེར་ནས་བཤད་པ་ཡིན། དེ་དུས་ཁོ་རང་ཡང་སླེབས་སོང་བ་མ་ཟད། རོགས་པ་གྲྭ་བ་ཞིག་ཀྱང་འདུག སྐབས་དེར། ཁོ་མོས་ང་ལ་འདི་ཟེར་ནས་འདྲ་དཔར་ཞིག་བསྟན་སོང་།
དེ་ནས་ཆུ་ཚོད་ཁ་ཤས་ཀྱི་རིང་དུ་ངེད་ཅག་བྷང་བྷེ་ནས་གྲྭ་བའི་འཚོ་བ་རོལ་སྟངས་སོགས་ཀྱི་བསྐོར་ལ་སྐད་ཆ་འདྲ་གླེང་དེ་བསྡད་པ་ཡིན། ཁོ་རང་ལ་དབྱིན་སྐད་ཡག་པོ་ཞིག་མེད་ཀྱང་། ཁོས་ཁྲིད་དེ་འོང་བའི་གྲྭ་བ་དེས་དབྱིན་སྐད་ཀྱི་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་འདུག ངས་ཀྱང་རང་ཉིད་ཀྱི་མུ་མཐུད་དུ་ཡིག་འབྲེལ་བྱེད་ཆོག་ཟེར་ནས་ཞུས་པ་ཡིན།
དེ་ནས་ང་རང་ཕྱིར་རང་གི་རྒྱལ་ཁབ་དུ་འབྱོར་ནས་ཁོ་རང་ལ་ལག་སྐྱེས་མི་ཉུང་བ་ཞིག་ཉོས་དེ་འཚམ་རྟགས་ལ་བསྐུར་བ་ཡིན། ཁོས་ཀྱང་ང་རང་ལ་ཐུགས་རྗེ་ཆེ་གྲངས་མེད་ཅིག་གློག་འཕྲིན་བརྒྱུད་དེ་བཏང་འདུག དེ་ནས་མི་རིང་བར་ང་རང་ལ་གནས་ཚུལ་ཞིག་གློག་འཕྲིན་བརྒྱུད་དེ་འབྱོར་སོང་། དེ་རུ་ཁོ་རང་གསུང་ཆོས་ལ་འགྲོ་འདོད་ཡོད་པ་དང་སྒོར་མོ་མེད་རབས་སོགས་གསུངས་འདུག སྐབས་དེར་ང་རང་ཡང་ཕྱིར་སླེབས་ནས་མང་བོ་འགོར་གྱི་མེད་ལ། ལས་ཀ་ཡང་རྙེད་མེད་པར་བསྡད་ཡོད་དུས། ངས་ཁོ་རང་ལ་དགོངས་འགལ་མེད་པ་ཞུ། ད་རེབས་ངས་རོགས་པ་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ཞུས་པ་ཡིན།
ཁོང་གིས་ཀྱང་སྐྱོན་མི་འདུག་ཟེར་ནས་ལན་ཞིག་འབྱོར་སོང་། དེ་ནས་ཡུན་རིང་ཞིག་ལ་གློག་འཕྲིན་སོགས་སླེབས་མ་བྱུང་། ཉེ་སྔོན་ཡང་གློག་འཕྲིན་རེ་སླེབས་ཀྱི་འདུག་ལ། འཚམ་འདྲི་རེ་བྱེད་ཀྱི་འདུག ཉེ་སྔོན་ང་རང་ལ་གློག་འཕྲིན་ཞིག་འབྱོར་བ་དེའི་ནང་དུ། ང་རང་ཁོ་རང་གི་ཨ་ཅེ་ཞིག་གི་མིང་ཐོག་ནས་འཕྲིན་ཡིག་ཞིག་སྐུར་འདུག་ལ། ནང་དོན་དུ་ང་རང་ལ་གྲོགས་པོ་ཞིག་ཡོད་པ་དེར་གཉན་ནད་རེག་དུག་འགོས་ཡོད་རབས་དང་དེའི་ནད་བཅོས་བྱེད་པ་དང་རོགས་རམ་ཐད་དངོས་ནས་སྒོར་མོའི་དཀའ་ཁག་འདུག་ན། རོགས་རམ་ཞིག་བྱེད་རོགས་ཟེར་ནས་དྲིས་འདུག ཁྱེད་ཀྱིས་བལྟས་ན་གྲྭ་བ་ཞིག་ལ་ནད་ཚ་དེ་འགོས་སྲིད་དམ་ཟེར་ནས་ང་རང་ལ་བལྟས་དེ་དྲི་བ་ཞིག་བཏང་སོང་།
སྐབས་དེར་ང་རང་ལ་ཡང་གློ་བར་དུ་ལན་གང་ཡང་འདེབས་རྒྱུ་མེད་པ་ལྟར་གྱུར་ན་ཡང་། ངས་ཁོ་མོ་ལ་ཁྱེད་རང་གིས་བལྟས་པ་ཡིན་ནད་ཚད་འདི་མ་གཞི་གང་ཞིག་བལྟས་ནས་འགོས་ཀྱི་ཡོད་པ་རེད་དམ་སྙམ་གྱི་ཡོད་དམ་ཞེས་དྲིས་པ་ཡིན། དེ་དུས་མོ་རང་གིས་ནད་ཚ་དེ་འགོས་པ་ལ་ལམ་ཁ་གཉིས་མ་གཏོགས་ཡོད་པ་མ་རེད། གཅིག་ནི་འཁྲུག་སྤྱོད་ལ་བརྟེན་ནས་འགོས་པ་དང་། གཉིས་ནི་ཁྲག་ཁབ་གཙང་མ་མེད་པ་བེད་སྤྱོད་བྱས་དེ་འགོས་ཀྱི་ཡོད་པ་རེད།
དེ་དུས་ང་རང་ལ་ལན་ཞིག་རྙེད་སོང་། རྒྱ་གར་དུ་ལོ་ངོ་མང་བོ་ཞིག་གི་སྔོན་དུ་ཁྲག་ཁབ་གཙང་མ་བེད་སྤྱོད་བྱེད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོར་ཡུག་སྐྱོ་བོ་དང་ནད་པ་དེ་དག་གིས་ཀྱང་ཁྲག་ཁབ་གཙང་མིན་སོགས་ཀྱི་བསྐོར་ལ་དེ་འདྲའི་རྒྱུས་མངའ་མེད་པ་མ་ཟད། དམིགས་བསལ་གྱིས་གྲྭ་བ་ཚོས་དེའི་བསྐོར་ལ་སློབ་སྤྱོང་སོགས་གང་ཡང་མེད་དུས། ཁྲག་ཁབ་གཙང་མ་མེད་པར་ནད་ཚ་དེ་འགོས་པ་ཡིན་པར་ཐག་གཅོད་ཆོག་པ་རེད་ཅེས་བཤད་པ་ཡིན། དེས་ན་ཁྱེད་རང་གིས་ཁོ་རང་ལ་སྒོར་མོ་བསྐུར་བ་ཡིན་ནམ།
ང་རང་གིས་ཁོས་གསུངས་པའི་གྲངས་ཀ་དེ་ཚང་མ་སྐུར་མ་ཐུབ་ཀྱང་། རང་གིས་ཐུབ་ཚོད་ཅིག་བསྐུར་བ་ཡིན་མོད། དེའི་རྗེས་སུ་ང་རང་ལ་གློག་འཕྲིན་ནམ་འབྱོར་ལ་ངའི་སྦྱིན་བདག་ལགས་ཟེར་ནས་གློག་འཕྲིན་སླེབས་ཀྱི་འདུག དངོས་ནས་བཤད་ན་ང་རང་ཁོང་གིས་སྦྱིན་བདག་ཞིག་ག་ལ་བྱེད་ཐུབ། ཁྱེད་རང་གི་ཤེས་གསལ་རེད། ད་སྐབས་ང་རང་གི་འཚོ་བའི་མགོ་ཐོན་ཙམ་ཞིག་རེད། ཁོང་ཚོས་ཕྱི་རྒྱལ་བ་ཚང་མ་ཕྱུག་པོ་རེད་དྲན་གྱི་ཡོད་པ་འདྲ་ཟེར་ནས་ང་རང་ལ་བཤད་དུས། ང་རང་ཡང་སེམས་གཏིང་ནས་ངོ་ཚ་ན་ཡང་། མ་ཤེས་ཁུལ་བྱེད་ཞོར་དུ། ཁོང་ཚོ་ཁག་མེད་པའི་བསྐོར་སོགས་མི་ཉུང་བ་ཞིག་བཤད་དེ་མོ་རང་ལ་སེམས་གསོ་བྱེད་རྒྱུ་ལས་མེད་པར་གྱུར་སོང་།
ང་ཚོ་བཙན་ཞོལ་གཞུང་མགོ་བཙུགས་ནས་བཟུང་མཐོ་དམན་གྲག་ཞན་ཚང་མའི་འཛོམ་གླིང་རྒང་ལ་ཞལ་འདེབས་སློང་བའི་འབད་རྩོན་ཁོ་ན་མ་བྱེད་པ་མཐོང་ཆོས་མངོན་འགྱུར་རེད།། དེའི་ནང་ནས་གྲ་བ་ཉུམ་ཆུང་ཞིག་གིས་ཞལ་འདེབས་སློང་གི་འདུག་ཟེར་ནས་ཟུར་དུ་འདྲི་དགོས་དོན་གང་ཡིན་ནམ།།
དྲ་གྲོགས་འཇང་གཡུ་ལྷ་ཐོག་འགྱུར་ཟེར་བ་འདི་ཁམས་པའི་ཕོ་རྒོད་ཅིག་ཡིན་ས་རེད། འཛམ་གླིང་ལ་འཛོམ་གླིང་ཟེར་སྲོལ་ལ་བལྟས་ན། ཧཧཧ ཀུ་རེ་ཡིན། བོད་པས་ཞལ་འདེབས་སློང་པ་བདེན་པ་རེད། དེང་སང་རྡ་ས་ན་ཟ་ལེ་རྒྱ་གསར་པ་ཞིག་ཡོད་པ་རེད། དེ་ཁྱིམ་ཚང་ཟ་ལས་རྒྱ་ཟེར་བ་དེ་རེད། འདི་ཚོས་ཀྱང་གོ་སྐབས་ཡག་ག་རག་ན་ཞལ་འདེབས་སློང་རྐྱང་བྱེད་ཀི་རེད་ཡ།
དེའི་ག་ལ་ཚད། བོད་པའི་ཕོ་གསར་ཚོས་ཕྱི་རྒྱལ་ནས་ཕྱི་རྒྱལ་མགོ་སེར་བུ་མོ་ཚོ་ལ་རྒྱོ་ཡི་སློང་མོ་འདི་ལྟར་རྒྱག་གི་རེད། ཐོག་མར་༧ གོང་ས་མཆོག་གི་བཀའ་སློབ་ཕྱག་དཔེ་སྤྲད་ནས། ངོ་ཤེས་སྒྲིག་རྗེས་རྒྱོ་ཡི་སློང་རྒྱག་གི་རེད། དེ་བས་ན་བོད་པའི་ཕོ་གསར་དེ་ཚོས་རྒྱོ་སློང་བ་ལ་ཡང་ ༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་ནས་རྒྱོ་སློང་རྒྱག་གི་འདུག
ད་རུང་རྡ་སའི་ཟ་ལེ་རྒྱ་དེ་ཚོ་ཡོངས་གྲགས་ཡིན་པས་བཤད་མ་དགོས་པར། རྡ་སའི་དཔེ་མཛོད་དུ་ནང་ཆོས་སྦྲག་ནས་དབྱིན་ཇི་འཛིན་གྲྭ་དེའི་ནང་ལ་ཡང་འཛིན་གྲྭ་ལ་ཁ་གཡར་ནས་ཕོ་གསར་དེ་ཚོས་རྒྱོ་སློང་རྒྱག་པ་དང་དངུལ་སློང་རྒྱག་པ་ཁེངས་བསྡད་ཡོད་པ་དངོས་མཐོང་རེད།
མ་གཞི་ཨ་རི་སྟོབས་ཆེན་རྒྱལ་ཁབ་ན་ཡང་སློང་མོ་བ་མང་པོ་འདུག་པས། རང་ཡུལ་མེད་པའི་བོད་པ་ཅིག་གི་སློང་རྒྱག་པ་ལ་ཧ་ལས་ཤིང་ཧང་སང་པ་གང་ཡང་མེད་ན་ཡང་། སྤུ་མདོག་ཅུང་ཟད་འགྱུར་བ་ཁ་ཅིག་གིས་ཧང་སང་སང་བྱེད་པ་འདི་ལ་ང་གཏིང་ནས་ཧང་སང་གི་འདུག
རང་ཡུལ་མེད་པའི་བོད་པ་ཅིག་གི་སློང་རྒྱག་པ་ལ་ཧ་ལས་ཤིང་ཧང་སང་པ་གང་ཡང་མེད་ན་ཡང་། སྤུ་མདོག་ཅུང་ཟད་འགྱུར་བ་ཁ་ཅིག་གིས་ཧང་སང་སང་བྱེད་པ་འདི་ལ་ང་གཏིང་ནས་ཧང་སང་གི་འདུག
དེས་ཅི་ཞིག་བཤད་ན་འོས་མིན་ཡང་མི་ཤེས་པ་ཞིག་བཟོས་འདུག
དབུལ་བོ་ཚོས་སློང་མོ་བྱེད་པ་རྒྱུན་ལྡན་རེད་སྙམ།
དབུལ་བོས་སློང་མོ་བྱེད་པ་རྒྱུན་ལྡན་རེད།
དེས་ན་རང་གི་རྐ་ལག་ལ་འགུལ་བསྐྱོད་བྱེད་འདོད་མེད་མཁན་དག་གིས་སློང་མོ་བྱེད་རྐྱང་བྱོས། རེད་དེ། སློང་མོ་བྱེད་པ་དེ་ལ་ཡང་སློང་མོ་བྱེད་པའི་རྒྱུ་མཚན་དང་དགོས་པ་སོགས་མི་འདྲ་བ་ཚང་མས་མཁྱེན་ཡོད་ཞག་རེད། མི་རེ་ཟུང་གིས་རང་གི་ཁ་ལྟོ་ཁོ་ནའི་ཆེད་དུ། ཁ་ལ་གང་ཡང་སེམས་ལ་གང་ཤར་འདྲ་མིན་ལ་བརྟེན་ནས་ཕར་ཕྱོགས་ཀྱི་བདེ་སྡུག་ལ་ཁ་ཡ་གཏན་ནས་མི་བྱེད་པར་རང་དོན་ཁོ་ན་མ་གཏོགས་མི་བསམ་མཁན་དེ་དག་ལ་ཞལ་འདེབས་ཟེར་ན་འདྲ། རོགས་རམ་ཟེར་ན་རེད། དེའི་རིགས་བྱེད་མཁན་དེ་ཚོ་ལ་སྙིང་རེ་རྗེ། མགོ་བསྐོར་འོག་ཐེབས་པ་རེད། ད་མང་བོ་ཞིག་མི་ཞུ། མང་བོ་ཞིག་ཞུས་པ་ཡིན་ན། མང་བོ་ཞིག་སློང་མོ་བྱེད་རྒྱུར་དགའ་བོ་ཡོད་པས་རྣམ་པ་འདུག མི་དགོས་ས་ནས་ཁོང་ཁྲོ་སློངས་ས་རེད། བསམ་བློ་གཏོང་འདོད་མེད་མཁན་དང་འགན་འཁུར་བྱེད་ན་མི་འདོད་མཁན་གང་ན་སུ་ཡོད་པ་དག་གིས་སྐྱ་སེར་ལ་དབྱེ་བ་མེད་པར་སློང་མོ་བྱེད་དུ་སོང་ན་འགྲིག་གི་རེད། དེ་ལ་ངས་འགག་བྱ་བྱེད་མི་སྲིད་ལ། བྱས་ཀྱང་འབྲས་པུ་ཞིག་མེད་པ་བདག་གིས་གསལ་བོར་ཤེས་ཡོད།
གང་ལྟར་ཚང་མ་ཕྱི་ལྟར་ན་མི་འདྲའང་། ནང་ལྟར་ན་གཅིག་པ་གཅིག་རྐྱང་རེད། འོན་ཀྱང་དགོན་པ་དང་སྤྲུལ་སྐུ་ཚོར་སློང་མོ་རྒྱག་སྟངས་ཐད་མི་འདྲ་བའི་འཇོན་ཐང་དང་ཐབས་ཇུས་མང་པོ་ཡོད་པ་རེད། གྲྭ་པ་ཟེར་བ་འདི་མ་གཞི་ནས་སློང་མོ་པ་ཞིག་ཡིན་དགོས་རབས་ཡོད། ད་ལྟ་ཆེ་ས་རྒྱབ་ཁབ་ཁག་དང་ཆུང་ས་མི་སྒེར་ནས་བཟུང་རྣམ་པ་མི་འདྲ་བའི་སློང་མོ་རྒྱག་གིན་ཡོད་རེད། སྟོབས་ཆེན་རྒྱལ་ཁབ་ཨ་རི་ཡིན་པ་ཡིན་ནའང་ད་ཆ་བུ་ལོན་ལེན་རྒྱུ་མ་རེག་པར་བསྡད་ཡོད་པ་རེད་ད།
སྦྱིན་བདག་ཟེར་བ་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་གང་སར་དར་ཁྱབ་ཤིན་ཏུ་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་བ་ལ་རྒྱུ་མཚན་གཅིག་མ་གཏོིགས་བགྲང་རྒྱུ་མེད་ དེ་ནི་ངེད་ཅག་རྣམས་ཡུལ་གྱར་བ་ཆགས་པའི་སྟབས་ཀྱིས་ཡིན་རྒྱུ་རེད་ ཡིན་ནའང་བཙན་བྱོལ་བ་གྱུར་ནས་ལོ་ལྔ་བཅུ་འདས་པའི་དེ་རིང་ཡང་ཉམ་ཐག་ཚོ་ཅི་ཁག་ཕྱུག་པོ་ཚོས་ཀྱང་ཁ་གཅིག་གྲགས་གཉིས་གྲགས་ལ་སྦྱིན་བདག་ཅེས་པའི་ཚིག་སྙན་པོ་འདི་དུས་རྒྱུན་ཁ་ནས་ཤོིར་གྱིན་ཡོད་ ཕྲན་གྱི་ལས་གནས་སུ་སློང་མོ་རྒྱག་མཁན་གྱི་གནས་ཚུལ་མང་པོ་བྱུང་མྱོང་ལ་ དེ་བརྟེན་ནས་ང་དང་ངའི་ལས་རོགས་ཤིག་དབར་གྱི་འབྲེལ་བ་སྡུག་ཏུ་ཕྱིན་པའི་གཏམ་རྒྱུད་ཀྱང་བཤད་ཀྱི་ཡོད་ ཁོང་ཐེངས་རེར་ངའི་སར་འོངས་ནས་སྒྲུང་གཏམ་སྙན་པོ་ཞིག་བཤད་བཞིན་ལག་ཏུ་བྱུང་འཛིན་ཟེར་བའི་དགོན་པའི་ཁ་བྱང་ཡོད་པའི་ཤོག་ལེབ་ཞིག་འཁྱེར་བཞིན་སྐུ་མཁྱེན་སྐུ་མཁྱེན་སྒོར་རྡོག་ཁ་ཤས་ཞལ་འདེབས་གནང་རོགས་ཞེས་ལབ་དུས་ ངའི་སེམས་སུ་མི་འདི་ཅི་འདྲའི་ངོ་ཚ་རྒྱུ་མེད་པ་ཞིག་རེད་ཨང་སྙམ་བཞིན་ཁོའི་རེ་བ་སྐོང་འཁེལ་བྱས་ཀྱང་ དུས་ཡུན་གང་མཚམས་ཕྱིན་པའི་རྗེས་མི་དེས་དོན་གཞན་ཞིག་ཁ་གཡར་ནས་ཡང་སྐྱར་སློང་མོ་རྒྱག་དུས་ ངས་འདི་ལྟར་ལབ་རྒྱུ་བྱུང་ ཁྱོད་ཀྱིས་བྱད་སྟངས་ལ་ང་རང་ངོ་ཚ་སོང་ དུས་དེ་རིང་ནས་འགོ་བཙུགས་ཏེ་ངའི་སར་མ་ཡོང་རོགས་ཞེས་ལབ་པ་ནས་བཟུང་དུས་ད་ལྟའང་ཁོས་ང་ལ་ཁ་གྲགས་ཀྱི་ཡོད་པ་མ་རེད་དོ་།
དངོས་ནས་འུ་ཅག་གིས་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་ངོ་ཤེས་ཀྱི་ཡོད་པ་བདེན་ན། སྐྱབས་བཅོལ་བ་དག་གིས་དུས་རྒྱུན་དུ་གཞན་བརྟེན་ཁོ་ནའི་འཚོ་བ་ཞིག་བསྐྱེལ་དགོས་པར་འཛམ་གླིང་གི་རྒྱལ་ཁབ་སུས་ཀྱང་ཁས་ལེན་བྱས་ཡོད་པ་སོགས་སྔ་མོ་ཡང་མེད་ངེས་ཡིན་ལ། ཕྱིས་ཀྱང་ཡོད་རྒྱུ་མ་རེད། ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པ་ལས། ལྟོ་གོས་ཀྱི་སྐྱབས་བཅོལ་བ་ཞིག་གཏན་ནས་མིན་པ་ཤེས་དགོས་ཀྱི་འདུག་ལ། དེ་བས་ཀྱང་། མི་ལོ་ལྔ་བཅུའི་གོང་དུ་ཐོག་མར་འབྱོར་བའི་བོད་མི་སྐྱབས་བཅོལ་བ་དེ་ཚོ་མིན་པ་དངོས་ནས་ཤེས་དགོས་ཀྱི་འདུག་ལ། ལྷག་པར་བོད་པ་སྤྱི་དོན་ཁ་ལ་འཁྱེར་ནས་རང་གི་ཁེ་ཕན་སྒྲུབ་མཁན་དེ་དག་གང་ན་སུ་ཡོད་པ་དག་ལ་ད་ནས་བཟུང་ཡིག་ངག་གང་རུང་ནས་གོ་བརྡ་སྤྲོད་པ་དང་། མི་མང་གིས་ངོ་རྒོལ་བྱེད་པ་སོགས་བྱས་པ་ཡིན་ན། རྗེས་སུ་དེ་འདྲའི་རིགས་མི་ཡོང་བར་དངོས་ནས་ཕན་ཐོག་ངེས་ཡིན། དེ་མིན་ངན་པ་ངན་པའི་ལོ་རབས་མ་གླེང་བར། བཟང་བོའི་བྱས་པའི་ལག་རྗེས་མ་བསྟོད་པར་གཡུགས་བཞག་པ་ཡིན་ན། བྱེད་མཁན་དག་ཐང་མི་ཆད། མི་བྱེད་མཁན་ཚོ་སྐྱིད་ཉལ་བརྒྱབ། ནམ་ཞིག་བོད་དོན་ཟེར་དུས་སློང་མོ་བྱེད་རྒྱུ་ཞིག་ལས་གང་ཡང་མེད་པར་ཆགས་མི་སྲིད་པ་མིན།
ཧིན་རྡི་ཉི་ཤི་ཡ་སོ་ན་མེ་སྐབས་སུ་སྲིད་འཛིན་ནས་རོགས་རམ་གནང་རོགས་ཅེས་འཛམ་བུ་གླིང་ལ་ལག་པ་བཟེད་པ་བརྙན་འཕྲིན་ནས་མཐོང་རྒྱུ་ཡོད། རྒྱ་ནང་ཁྲིན་ཏུའུ་ལ་ས་ཡོམ་ཡོང་དུས་རྒྱ་ནག་སྲིད་འཛིན་ནས་རོགས་སྐྱོབ་གནང་རོགས་ཅེས་འཛམ་བུ་གླིང་ལ་ལག་པ་བཟེད་ཀྱི་ཡོད་པ་གསར་ལམ་ཁག་ན་མཐོང་རྒྱུ་ཡོད། དེ་བཞིན་དུ་ཨ་རི་ན་ཡང་ཕྱུག་བདག་མང་པོ་ནས་དང་ཡེ་ཤེ་ཆོས་ཚོགས་མང་པོས་ཨ་ཧྥི་རི་ཀ་སོགས་ཀྱི་ཉམས་ཐག་ཚོར་རོགས་རམ་གནང་རོགས་ཅེས་ཁོང་ཚོས་སློང་མོ་བྱེད་ཀྱི་ཡོད་པ་རྟག་པར་མཐོང་རྒྱུ་ཡོད། འདི་དག་སྤྱི་ཚོགས་ཅིག་གིས་འགན་ཁས་ནས་བསྡད་ཡོད་པར་རྒྱལ་ཁབ་དེ་དག་གི་འབངས་མི་རྣམས་ནས་ངོས་ལེན་བྱེད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་སློང་མོ་རྒྱགས་མཁན་ཕྱུགས་པོ་དང་དབུ་ཁྲིད་དེ་འདྲ་ཡོད་ན་ཡང་རང་རེ་སྤྱི་ཚོགས་ཀྱི་འགན་ཅིག་ཁས་ནས་སློང་རྒྱག་གི་ཡོད་པར་ངོས་འཛིན་གྱིས་དེ་དག་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
ང་རང་གིས་འདི་ལྟར་བཤད་དགོས་དོན་ནི། ང་རང་ལ་མཚོན་ན་སློང་རྒྱགས་རྒྱུ་འདི་ཤིན་ཏུ་ནས་དཀའ་ངལ་ཡོད། ངས་མོངྒོ་གཞི་གྲོང་བཞི་བ་ནས་རྨོ་རྨོ་ཅིག་དང་བྱིས་པ་ཅིག་རྩྭ་ཁང་ཅིག་གི་ནང་མཐོང་མྱོང་། རྨོ་རྨོ་དེ་ལོ་ན་བདུན་ཅུ་ཙམ་རེད། མིག་ལོང་བ་རེད་འདུག བྱིས་པ་དེ་ལོ་ན་བརྒྱད་ཙམ་རེད་འདུག གལ་ཏེ་ཁྱོད་རང་དེའི་ནང་སོང་ཡོད་ན་མིག་ཆུ་རང་དབང་མེད་པར་ཤོར་རྒྱུ་རེད། འདི་ ༡༩༩༩ ལོའི་གནས་ཚུལ་ཅིག་ཡིན། བྱིས་པ་དེའི་ཨ་ཕས་ཆང་འཐུང་བའི་དབང་གིས་ཨ་མ་མ་བསྡད་པར་ཁྱོ་ཀ་གཞན་ཅིག་མཉམ་དུ་སོང་འདུག དེའི་རྗེས་ནས་ཨ་ཕ་དེས་རྐུ་མ་མང་པོ་བརྒྱབ་པས་ས་གནས་རྒྱ་གར་བ་ཚོས་རྡུང་ནས་གསོད་གྲབས་བྱས་རྗེས་ས་གནས་ལ་ཡང་བསྐྱར་མཐོང་ན་གསོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག དེས་དབང་གིས་ཨ་ཕ་དེ་བོར་བརླགས་ཏུ་ཕྱིན་པ་རེད། རྨོ་རྨོ་ལ་མཚོན་ན་ཡང་རང་གི་བྱིས་པའི་སྲོག་འགྲོ་བ་ལས་ཁོ་རང་གཞན་ལ་བྲོས་སོང་ན་དེས་སེམས་བདེ་རྒྱུ་རེད།
ངས་ས་གནས་གཞི་འགོ་དང་གཞི་གྲོང་གི་བརྒྱ་དཔོན་ལ་དེའི་སྐོར་སྙན་ཞུ་ཕུལ་ནས་རྒན་མོ་དེ་རྒན་གསོ་ལ་འཇུག་རོགས་དང་། བྱིས་པ་དེ་བོད་ཁྱིམ་སློབ་གྲྭར་འཇུགས་རོགས་ཅེས་ཞུ་བ་ཕུལ་སྐབས། ཆ་རྐྱེན་ཚང་མེད་པའི་སྐོར་གསུང་སོང་། དེ་ཡང་བདེན་དེ་ཁོང་གཉིས་ལ་མིང་གི་ཐོག་ནས་བདག་པོ་ཡོད་པ་རེད། དེ་ནི་བྱིས་པའི་ཨ་ཕ་ཆང་རྐྱལ་དེ་རེད། འོན་ཀྱང་ཁོང་གིས་རང་གི་ཁ་སོས་སོང་ན་རབས་ཡིན་པ་དོན་དངོས་རེད། དོན་དངོས་དང་མིང་གཉིས་ཀྱི་བར་ན་ཐག་རིང་པོ་ཅིག་ཡོད་ན་ཡང་། བོད་གཞུང་ནི་སྒྲིགས་ཁྲིམས་ཡིག་ཆ་རྒྱུན་སྐྱོང་བྱེད་དགོས་པས་ན་དེ་ནི་ཤིན་ཏུ་དཀའ་བའི་གནས་ཅིག་ཡིན།
དེ་ནས་རྗེས་སུ་རྒན་གསོ་ཁང་དེའི་སྦྱིན་བདག་ནི་ཕྱི་རྒྱལ་ལ་བཞུགས་པའི་བླ་མ་ཅིག་ཡིན། ཁོང་ལ་གནས་ཚུལ་དེ་ཆ་ཚང་ཞུ་བས་ཡིག་ཆ་ལ་བལྟ་མ་དགོས་པར་རྨོ་རྨོ་དེ་རྒན་གསོ་ལ་ཚུད་སོང་། ཡིན་ན་ཡང་བྱིས་པ་དེ་ཤུལ་ན་ལྷག་བསྡད་ཡོད་པ་རེད། ཁོང་རྡ་ས་ལ་བསྐྱལ་དགོས་པ་དང་བུ་ཁྱིམ་ལ་བསྐྱལ་དགོས་པ་ངའི་རེ་བ་རེད། དེའི་སྐབས་སུ་ང་ཡང་སློབ་གཉེར་བྱེད་བཞིན་པས་ལམ་གྲོན་སོགས་གཏོང་རྒྱུ་ཡང་མེད། གྲོགས་པོ་ལགས་འདི་འདྲའི་སྐབས་སུ་མི་ཅིག་ལ་སློང་མོ་བརྒྱབ་ན་འགྲིག་གི་རེད་དམ་མ་རེད།
འདིའི་རོགས་རམ་ཆ་ཚང་ངའི་གྲོགས་པོ་ཅིག་ཨ་རི་ལ་ཡོད་པ་དེས་བཏང་སོང་། ང་ཡང་ངོ་ཚ་དགོས་མ་སོང་། དེ་འདྲའི་རིགས་རོགས་རམ་བྱེད་དགོས་ན་ཡང་མིང་དེ་ག་རང་བེད་སྤྱོད་བཏང་ན་རོགས་རམ་མི་རེད་པར། གལ་ཏེ་གྲྭ་བ་ཅིག་གི་མིང་བེད་སྤྱོད་བཏང་ན་སྦྱིན་བདག་རེག་པའི་དབང་དུ་བཏང་ན་གྲྭ་བ་ཅིག་གི་མིང་བེད་སྦྱོད་བཏང་ནས་སློང་རྒྱགས་ཆོག་གི་རེད་དམ་མ་རེད།
རྒན་གསོ་ན་རྒན་འགོ་བདག་མེད་མང་པོ་ཡོད་པ་རེད། དེ་དག་གི་པར་བསྟན་ན་སྦྱིན་བདག་མི་རེག་ལ་གྲྭ་བ་ཅིག་གི་པར་བསྟན་ན་སྦྱིན་བདག་རེག་པའི་གནས་ཚུལ་ཡོད་པ་རེད། དེ་བཞིན་དུ་ངས་སྨྱོན་པ་ཅིག་ལ་བལྟ་རྟོགས་བྱས་མྱོང་། དེས་ང་ལ་དཀའ་ངལ་ཡང་མང་པོ་སྤྲད་མྱོང་། ལོ་གཉིས་ལ་བདག་པོ་བརྒྱབ་རྗེས་བོད་ལ་བཏང་བ་ཡིན། གལ་ཏེ་སྨྱོན་པ་ཁོ་རང་ལ་སྦྱིན་བདག་མི་རེག་ན་གཞན་གྱི་མིང་ཐོག་ནས་སློང་མོ་བརྒྱབ་ཆོག་གི་རེད་དམ་མ་རེད། འདི་དག་ནི་རང་རིགས་དང་སྤྱི་ཚོགས་ཅིག་གི་འགན་ཁས་ནས་བཤད་ཀྱི་ཡོད། མ་གཏོགས་རང་གི་དོན་དུ་མ་རེད།
གོང་དུ་ལྷ་ཀླུ་གཉེན་གསུམ་ནས་བཤད་པ་ལ་རྒྱུ་མཚན་ཡོད་པ་རེད། མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ནས་སློང་མོ་ལ་རྟེན་ནས་རང་ཉིད་ཕྱུག་པོར་བཟོ་མཁན་ཡོད་སྲིད་པ་རེད། དེ་འདྲ་ལ་གསལ་གསལ་དག་དག་གིས་སློང་མོ་བ་ཁོ་རང་གསལ་བོར་བཤད་ནས་ལམ་ཁ་འགོག་པ་ལས། ཁོ་རང་ལྟ་བུས་བྱེད་པ་ལ་རྟེན་ནས་བོད་སྤྱི་ཚོགས་ནང་གི་དངོས་ཡོད་དཀའ་ངལ་ཡོད་ས་དེའི་ལམ་ཁ་བཀག་ན་འགྲིག་རྒྱུ་མ་རེད་ཅེས་ང་རང་གི་བསམ་ཚུལ་བཤད་ཀྱི་ཡོད།
རྒྱ་གར་གྱི་རྩ་ཁྲིམས་ན་བྱིས་པས་སློང་མོ་རྒྱག་གི་ཡོད་ན་བྱིས་པ་དེར་དངུལ་སྤྲད་པ་ཡིན་ན་དངུལ་སྤྲོད་མཁན་དེ་ཁྲིམས་འགལ་རེད། དེ་ཡང་བྱིས་པ་དེར་བགས་ཆགས་ངན་པ་མི་འབྱུང་བའི་ཆེད་དུ་ཡིན་པ་འདྲ། ༡༩༩༥ ལོར་ངས་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་ན་གློག་ཀླད་སྦྱང་གི་ཡོད་པའི་སྐབས་ཅིག་གི་མཐོང་སྣང་ལ་རྒྱ་གར་གྱི་བྱིས་པ་སློང་མོ་བ་ཚོར་དངུལ་སྤྲད་ན་རྒྱལ་ཁྲིམས་ལ་མ་ལྟོས་པར་མི་དཀྱུས་མ་དེ་ཚོས་ནང་ན་མི་དགའ་བའི་རྣམ་འགྱུར་སྟོན་མཁན་འདུག འོན་ཀྱང་རོགས་རམ་དགོས་ངེས་ལ་ཚོགས་པའམ་འབྲེལ་ཡོད་གཞན་དག་བརྒྱུད་ནས་སློང་རྒྱབ་ཆོག་གི་ཡོད་པ་རེད། འདི་ལ་བསམ་ཚུལ་ཅི་ཞིག་ཡོད།
ཡང་རྒྱ་གར་ན་མ་ནིང་༼ཕོ་ལོག་མོ་ལོག༽དེ་ཚོ་ལ་སློང་རྒྱབ་ཆོག་པའི་རྒྱ་གར་གཞུང་གི་རྒྱབ་གཉེར་ཡོད་པ་རེད། ད་དུང་ཁོང་ཚོ་ལ་རྒྱབ་གཉེར་བྱེད་མཁན་ཚོགས་པ་ཡང་ཡོད་པ་རེད།
སློབ་སྦྱོང་ཐད་ནས་སྒྱིད་ལུག་ཆེ། ཆབ་སྲིད་ཐད་ནས་རེ་བ་ཆེ། དཔལ་འབྱོར་གྱི་ཐད་ནས་སློང་འདོད་ཆེ། བོད་མི་རིགས་འདི་འགུལ་སྐྱོད་རྒྱག་པར་མི་དགའ་མཁན་ཞིག་ཡིན་པ་མངོན་གསལ་དོད་པོ་རེད། མགོ་སེར་རེ་ཐུག་ན་ལམ་སེང་སྦྱིན་བདག་བྱེད་པའི་རེ་བ་རྒྱག་པ་འདི་ཚོ་ཡག་རྟགས་གང་ཡང་མ་རེད། མ་གཞི་ཡུལ་གྱར་བ་སྐྱོ་པོ་རེད་དེ། ལས་ཀ་འདིའི་གྲས་ཀྱིས་བོད་པའི་མིང་ལ་གནོད་པ་ལས་ཕན་ཐོགས་ཞིག་ཡོད་ཀྱི་རེད་བསམ་གྱི་མི་འདུག
ང་ཚོ་བཙན་བྱོལ་བོད་གཞུང་ལ་ཐོན་ཁུངས་དམིགས་བསལ་ཡོད་པ་མ་རེད། ཡིན་ན་ཡང་བོད་མི་ཚོ་རྒྱ་གར་ལ་སླེབས་པ་ནས་བཟུང་སློབ་གྲྭ་ཁག་དང་དགོན་སྡེ་ཁང་ནས་སློབ་ལོ་མཐར་ཕྱིན་བར་དུ་སློབ་ཡོན་དང་། ཟས་ཡོན། བསྡད་སའི་ཡོན་ཚང་མ་སྟེར་མ་དགོས་པར་བསྡད་ཆོག་གི་ཡོད་པ་དེ་དག་གི་ཡོང་ཁུངས་གང་ནས་རེད། དེ་དག་གཞན་གྱི་རོགས་སྐྱོར་ལ་རྟེན་ནས་ཡོང་པ་རེད། རོགས་སྐྱོར་དེ་དག་བཅད་རྗེས་སློབ་གྲྭ་ཁག་གི་འགྲོ་སོང་ཁྱོད་ཚོས་ཕུལ་རྒྱུ་ཡིན་ནམ། ཡང་ན་རྡ་ས་འམ་གཞན་དག་ཅིག་ཏུ་ཞིང་ཁ་འདེབས་རྒྱུ་ཡིན། གལ་ཏེ་ཞིང་ཁ་བཏབ་ན་ཡང་ང་ཚོ་བཙན་བྱོལ་བར་ཞིང་ཁ་མེད། ཐོན་ཁུངས་ཅིག་ཐབས་ཤེས་བྱས་ནས་དེ་ནས་སློབ་གྲྭ་ཁག་དང་གྲྭ་ཚང་ཁག་ལ་སློང་མ་རྒྱག་ཅེས་གསུང་ན་ཕན་ཐོག་ཆེན་པོ་ཡོད་ས་རེད། སྤྱི་ཚོགས་ཀྱི་འགན་ཁས་ནས་ཅིག་ཡིན་ན་སྐྱོན་བརྗོད་གཅིག་བུས་མི་ཕན་པར། རང་གིས་དེའི་འགན་བླངས་ནས་སྐྱོན་བརྗོད་དགོས་པ་རེད། དེ་མིན་འགན་མ་ཁས་པར་སྐྱོན་བརྗོད་གཅིག་བུ་བྱས་བསྡད་ན་དེ་ག་འདྲ་ཅིག་མཚོན་གྱི་ཡོད་པ་རེད།
དྲ་གྲོག་གཞོན་ནུ་ཟླ་མེད་གིས་མཆན་༡༤་ལ་རྒྱབ་སྐྱོར་བྱེད་ཐུབ་གི་མི་འདུག། གང་ཡིན་ཟེར་ན་ང་ཚོ་བཙན་བྱོལ་བོད་གཞུང་གིས་རང་ཉིད་རྐང་པའི་ཐོག་ལང་ནས་མགན་ཁུར་ཐུབ་པའི་ཐོན་ཁུངས་ཚང་མ་སྒོ་རྒྱབ་ནས་ལྐོག་ཟ་རུལ་སོང་གིས་ལམ་ཁ་གསར་འཏོད་བྱེད་ཡོད།། དེའི་མི་ཚད་དམར་ཕྱོགས་འཚོག་པའི་གཙོ་འཛིན་པ་ཧོང་ཇན་ཐོ་གིས་༢༠༠༨་ལོའི་གཏམ་བཤད་བྱེད་པའི་སྲིད་ཞུས་ལ་རྒྱབ་སྐྱོར་བྱེད་ནས་ཕྱིར་སྡོད་བོད་མི་ཚོའི་ལགས་དེབ་ལྗངས་གུ་དང་ ཕྱིར་སྤྱོད་བོད་མི་ཚོ་ལ་ཡང་འགལ་རྐྱེན་མི་ཉུང་བ་བཟོ་དང་བཟོ་བཞིན་ཡོད་པ་མངོན་སུམ་རེད།། ལགས་དེབ་ལྗངས་གུས་ཐོན་ཁུངས་ཡང་རྒྱ་ཆ་གང་འཚོམ་ཟིན་ཡོད་པ་རེད།། ཞལ་འདེབ་དང་གཞན་འརྟེན་གིས་འཚོ་བའི་ལམ་འགོག་དགོས་ན་ཆེན་པོ་དང་གཉེན་པོའི་གོ་ས་ན་བཞུགས་པ་དག་གིས་མགོ་ནས་བཟུང་བཀག་དགོས་པ་ལས་ཉམ་ཆུང་ཉེས་མེད་ཚོའི་མཐའ་ནས་བཟུང་ན་དྲང་མོ་མ་རེད།། སྤྱིར་འཏང་ང་རང་ཡང་གཞན་བརྟེན་གིས་འཚོ་བ་དང་ཞལ་འདེབ་སློང་བའི་ལས་ལ་དུས་ནམ་ཡང་དགའ་བོ་མེད།། ཞལ་འདེབ་དང་གཞན་བརྟེན་གིས་འཚོ་བའི་གོམ་གཤིངས་ངེན་པ་དེ་ཚོ་སྐྱོན་བརྗོད་བྱེད་པ་ལ་རྗེས་སུ་ཡི་རང་ཡོད།། ཐུགས་རྗེ་ཆེ་ཞུ།།
འཇང་གཡུ་ལྷ་ཐོག་འགྱུར་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། དེ་བདེན་པ་བདེན་རྐྱང་རེད། དེའི་ནང་ནས་ཅུང་ཟད་མ་འདངས་ས་ནི་འགྲོ་གྲོན་དང་ཡོངས་ཁུངས་སྐོར་ལ་རེད། འགྲོ་གྲོན་ང་རྒྱ་གར་ན་ཡོད་དུས་གྱི་ལག་དེབ་ལྗང་ཁུས་ལོ་རེར་རྒྱ་གར་སྒོར་༣༦ ཙམ་བསྡུ་བཞིན་ཡོད། འགྲོ་སོང་ནི་ལས་བྱེད་དཀྱུས་མ་ཅིག་གི་ཟླ་ཕོག་ལ་བཞི་སྟོང་ཕུལ་གྱི་ཡོད་པ་རེད། དེ་མིན་སློབ་གྲྭ་ཁག་གི་འགྲོ་སོང་བོད་གཞུང་ནས་ནར་གཏོང་གནང་གི་ཡོད་པ་རེད། དགོན་སྡེ་ཁག་ལ་ཡང་དེ་དུས་སློབ་ལོ་ཡོད་ཚད་མི་རེ་ལ་ཟླ་རེར༦༥ སྤྲོད་ཀྱི་ཡོད་པ་རེར། འདི་དག་ནི་བཙན་བྱོལ་བོད་གཞུང་གི་འགྲོ་སོང་རེད། དེ་ན་འགྲོ་གྲོན་དང་ཡོངས་ཁུངས་དེབ་ལྗང་ཁུས་ཡོངས་འབབ་གཉིས་འགོ་ཐུགས་ཐབས་རྩ་ནས་ཡོད་པ་མ་རེད།
ཕྱི་རྒྱལ་ལ་བསམ་བློ་བཏང་ན་ཡང་ང་ཡོད་ས་འདིར་བོད་པ་བརྒྱ་དང་ལྔ་ཅུ་ལྷག་ཙམ་འདུག དེའི་ནང་ནས་ལག་དེབ་ལྗང་ཁུ་ལ་ལོ་རེའི་དཔྱད་ཁྲལ་འབུལ་མཁན་བཅོ་ལྔ་ལས་མི་འདུག དེ་ན་བོད་གཞུང་གིས་ལོ་རེའི་ཆབ་སྲིད་ཀྱི་ལས་འགུལ་རེ་རེ་ལ་འགྲོ་གྲོན་ག་ཚོད་ཡོད་པ་རེད། འདི་དག་ལ་ཐུག་བསམ་བཞེས་དགོས་པ་ཅིག་རེད།
མ་གཞི་བོད་གཞུང་གི་རིམ་གདན་བཟོ་གྲྭ་ཁག་སྒེར་བདག་ཅན་དུ་བསྒྱུར་བ་དེར་ང་ཡིན་ན་ཡང་ངོ་རྒོལ་ཡོད། དེ་མིན་མང་ཆེ་བ་མི་དགོས་ས་ཅིག་ཏུ་སློང་རྒྱག་གི་ཡོད་པ་ད་བར་དུ་ངས་ནི་མཐོང་མ་སོང་། སྤྱི་ཚོགས་ཀྱི་ལས་ཀ་རྒྱུན་རིང་པོས་ལས་མྱོང་།
དེ་ནས་བཙན་བྱོལ་བོད་གཞུང་གི་ཁྱབ་ཁུང་ན་ལྐོག་ས་རུལ་སུང་ཡོད་པ་རེད་ཟེར། དེ་ནི་དེ་སྔ་ཤེས་པ་དག་ནི་སྐུ་སྒེར་ཡིག་ཚང་ནས་ལྐོག་ཟ་རུལ་སོང་གཅིག་གིས་བསྔོ་རྟེན་ཟོས་པ་ཅིག་ལས་གནས་ནས་ཕུད་ཚར་བ་རེད། དེ་བཞིན་དུ་ཤེས་རིག་ལས་ཁུངས་ཡིན་ན་ཅིག་ནས་བུ་མོ་ཅིག་གིས་ནོར་བའམ་གང་ལྟར་ཧིན་སྒོར་སྟོང་ཕྲག་གཅིག་ཟོས་པ་ཅིག་དེ་དུས་གནས་ལས་གནས་ནས་ཕུད་ཚར་བ་རེད། དེ་མིན་ཨ་རི་གཞིར་ཆགས་བཏང་བའི་ཁུངས་ནས་མང་པོ་ཅིག་གིས་འགྲོ་གྲོན་ཕྱིར་སློག་བྱས་ཡོད་པ་མ་རེད། ད་དུང་ཕྱི་རྒྱལ་ལ་སློབ་སྦྱོང་ལ་བཏང་བའི་ཁུངས་ནས་ཕྱིར་ལོག་བྱས་ནས་རང་རང་གི་ལས་ཀ་བྱས་ཡོད་པ་མ་རེད།
དེ་མིན་ཤེས་པ་ཅིག་ལ་ཨ་རིའི་ནེའུ་ཇར་སེ་ལ་མི་གཅིག་གིས་ཨ་སྒོར་འབུམ་གཉིས་བོད་གཞུང་གི་ཚོང་གི་མིང་ཐོག་ནས་ཟོས་པ་དེ་ཡོངས་གྲགས་ཡིན་ན་ཡང་བོད་གཞུང་ལ་བྱས་ཡ་གང་ཡང་ཡོད་པ་མ་རེད། དེ་མིན་གནས་གལ་ཆེ་བའི་ལས་བྱེད་ཚོས་ལྐོག་ཟོས་བྱས་ཡ་གང་ཡང་འེ་ཡོད་ན། ལྷག་པར་དུ་བཀའ་ཁྲི་བསམ་གདོང་རིན་པོ་ཆེ་འདི་ལྐོག་ཟའི་སྐོར་ལ་ཕྱག་ལས་ནན་ཏན་གནང་མཁན་ཅིག་རེད།
དྲ་གྲོག་གཞོན་ནུ་ཟླ་མེད་ཀྱིས་གསུང་ལ་ངེས་ལེན་ཡོད།། ཐུགས་རྗེ་ཆེ་ ཡིན་ཡང་བཀའ་ཁྲི་བསམ་གདོང་རིན་པོ་ཆེ་འདི་ལྐོག་ཟའི་སྐོར་ལ་ཕྱག་ལས་ནན་ཏན་གནང་མཁན་ཅིག་རེད་ཟེར་བ་དེ་བདེན་པ་མ་རེད།། གང་ཡིན་ཟེར་ན་བཀའ་ཁྲིའི་ཁོ་གིས་སྙིང་དབུས་ན་གནས་པའི་ཕྱག་རོག་བློབ་བཟང་སྙན་གྲག་ལ་སོགས་པའི་བྱ་བྱེད་ཐམས་བཅད་བཙན་བྱོལ་ཁྱབ་ཁོང་གིས་བོད་མི་ཚང་མའི་ཤེས་གསལ་རེད།། ཡིན་ན་ཡང་ཁོའི་སྦས་གསང་དང་ཕྱོག་ཞེན་གིས་ད་ལྟ་ཁོ་ཨ་རི་སྐུ་ཚབ་དོན་གཅོད་གི་སྐུ་ངོ་ཆགས་པ་རེད།། དེའི་ནང་ནས་རྒྱབ་བརྩ་དང་དཔུང་གཉེན་ཆེན་པོ་མེད་པའི་ལས་བྱེད་ཉམ་ཆུང་ཁ་ཤས་གནས་དབྱུང་གཏང་ཡོ་འདོག་ཁག་པོ་རེད།། ཕྱི་རྒྱལ་ལ་བསམ་བློ་བཏང་ན་ཡང་ང་ཡོད་ས་འདིར་བོད་པ་སུམ་བརྒྱ་ལྷག་ཙམ་འདུག དེའི་ནང་ནས་ལག་དེབ་ལྗང་ཁུ་ཐོབ་གི་མི་འདུག་ཟེར་མཁན་མི་ཉུ་བ་ཞིག་འདུག། ཁོའི་ཚོའི་བོད་ནང་གིས་ཐེན་ཐོ་དང་ཐོབ་ཐང་དཔང་འཁྱེར་སོགས་ལ་ངེས་ལེན་མི་བྱེད་གི་ཟེར།། ཁྱེད་ཀྱིས་ཆབ་སྲིད་འཀོར་འགྲོ་སོང་ཅིག་གསུང་འདུག་དང ཡིན་ཡང་ང་ བཙན་བྱོལ་སྤྱི་ཚོགས་ནང་ལོ་མི་ཉུང་བ་ཞིག་འདུག་མྱོང་ཀྱང་ལོ་ངོ་འདི་དག་རིང་ཆབ་སྲིད་གི་ལས་འགུལ་ཚ་ཐགས་ཅོད་གཅིག་སྤེལ་བ་མཐོང་ཐོས་མེད་དེ་ཡིན་དུས་འགྲོ་སོང་ཡང་གང་ནས་འགྲོ་བསམ་གུ་འདུག ཐུགས་རྗེ་ཆེ།།
རིང་བཙན་ལག་དེབ་གྱིས་སྐོར་ལ་བསམ་གང་མང་ཞིག་སྤེལ་ན་ཡག་གོ་འདུག་། དཔེར་ན་ངའི་གྲོགས་པོ་ཞིག་ལ་རིང་བཙན་ལག་དེབ་བཟོ་མ་ཐུབ་པ་དེ་འདྲ་བའི་མི་མང་པོ་ད་ལྟ་ལྷག་སྡད་ཡོད་རེད་།
ཨ་རོགས་གཡུ་ལྷ་ཐོག་འགྱུར།
བློ་བཟང་སྙན་གྲགས་ཀྱིས་ལྐོག་ཟ་བྱས་པའི་དབེན་དཔང་ཁྱོད་ལ་བགྲང་རྒྱུ་ཨེ་ཡོད། མེད་ན་འགན་མི་ཁུར་བའི་སྐད་ཆ་མ་བཤད་ན་མི་དགའ་འམ།
སྤུན་ཟླ་དག་གིས་བགྲོ་གླེང་ལྷུག་པོར་གནང་བཞིན་པ་དེར་དངོས་ནས་དགའ་ནི་ཡིན། འདིའི་བསྐོར་ལ་ངས་དོ་ནུབ་ལས་ཀ་གྲོལ་ནས་ཕྱིར་ནང་དུ་འབྱོར་ན། མཆན་པུ་ཞིག་འདེབས་ཆོག དངོས་ནས་ངེད་ཅག་གིས་རང་གི་ནད་ཚ་ཤེས་དགོས་ཀྱི་འདུག
ཨ་རོགས་མྱིག་རྫོད་ལགས།།
བློ་བཟང་སྙན་གྲགས་ཀྱིས་ལྐོག་ཟ་བྱས་པའི་བསྐོར་མདོ་སྨད་སྤྱི་མཐུས་བསྟན་འཛིན་མགོན་པོ་དང་གཞན་མང་པོ་ཞིག་གིས་ཁོངས་སྐྱེལ་ར་སྤྲོད་དང་བཅས་བྱེད་པ་རེད།། ཡིན་ཡང་ཁོང་བསམ་གདོང་བླ་མས་ཕྱགས་འོག་དུས་ནམ་འདོར་གི་མ་རེད།།
ལས་ཀ་གྲོལ་ནས་ཕྱིར་ནང་དུ་འབྱོར་དུས་དངོས་ནས་མགོ་ན་བ་དང་ཐང་ཆད་པ་ལྟ་བུ་ཞིག་ཚོར་བ་ཐིགས་ཐོག་དུ་མེད་སྟབས། དོ་ནུབ་སྤུན་ཟླ་དག་ལ་འདིའི་བསྐོར་ལ་མཆན་པུ་ཞིག་འདེབས་ཐུབ་མ་སོང་ལགས། རེད་དེ། དེའི་བསྐོར་ལ་བསམ་བློ་མི་ཉུང་བ་ཞིག་བཏང་བ་དེ་དག་མི་རིང་བར་འབྲི་ངེས་ཡིན་ལགས། དེ་དུས་སྤུན་ཟླ་དག་གིས་རང་རང་གི་དགའ་ཕྱོགས་འཁྱེར་ཕྱོགས་ཟེར་ནས་མི་གླེང་བར་བོད་མིའི་སྤྱིའི་གནད་དོན་བསྐོར་ལ་ཞིབ་མོ་ཞིག་གླེང་རྒྱུར་དོ་ནུབ་རེ་སྐུལ་ཞིག་བཞག་ནས་བུད་སོང་།
འཇགས་གཡུ་ལྷ་ཐོག་འགྱུར། བོད་པ་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པ་མ་རེད་ཟེར་ན་དེ་ཐལ་དྲག་མ་མིན་འགྲོ། དྲག་ཤུགས་ཚ་ཐག་ཆོད་ཅིག་སྤེལ་བ་མཐོང་མ་སོང་ཟེར་བ་ཡིན་རྒྱུ་རེད་པ། དེ་མིན་ཆབ་སྲིད་ཀྱི་ལས་འགུལ་ལོས་སྤེལ། ངས་ཁྱོད་ལ་དཔེ་གཅིག་དྲང་ནས་དེའི་འགྲོ་སོང་བཤད། ད་ལོ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཅིག་ཨ་རིའི་མངའ་སྡེ་ཕན་ཚུལ་ཝེ་ནེ་ཡ་ལ་ཚོང་དོན་ཚོགས་འདུ་ཚོགས་པ་རེད། ཚོགས་འདུ་དེའི་མིང་ལ་ (G-20) ཟེར་ནས་འབོད་ནི་རེད། རྒྱ་ནག་གི་སྲིད་འཛིན་ཀྱང་སླེབས་ཡོད་པ་རེད། དེའི་སྐབས་སུ་ཨ་རིའི་མངའ་སྡེ་བཞི་ནང་གི་བོད་པ་ཚོ་སྐད་འབོད་ལ་ཕེབས་ཡོད་པ་རེད། སྐད་འབོད་ཀྱི་གནས་ཚུལ་མི་བཤད། དེའི་སྐབས་ཀྱི་འགྲོ་སོང་བཤད།
དེ་དག་གི་སྦ་སི་སླ་ཆ། ཉིན་གཉིས་ཀྱི་ཟས་སོང་། མགྲོན་ཁང་གི་གླ་ཆ། འདི་ཚང་མ་རགས་རྩིས་བྱས་ན་ཨ་སྒོར་ཁྲི་ལྔ་དྲུག་ཅིག་རེད། དེ་ཡང་མགྲོན་ཁང་སྟབས་བདེ་བྱས་ནས་ས་གནས་དེ་ག་ནས་སྤྱི་ཁང་གཉིས་གསུམ་ཅིག་ཆགས་ཡང་ཐོག་ནས་རེག་པ་རེད། དེ་དག་དངུལ་རེད། འགྲོ་སོང་འདུག་གམ་མི་འདུག གསལ་བྱེད་བྱེད་རྒྱུ་ཅིག་ལ་འདི་ནོ་བོད་གཞུང་གི་ལས་འགུལ་སྤེལ་བ་མ་རེད། འོན་ཀྱང་འདི་བོད་པའི་ལས་འགུལ་དང་བོད་དོན། བོད་པའི་འགྲོ་སོང་རེད། འགྲོ་སོང་འདི་འདྲ་ཐབས་ཤེས་ཅི་ལྟར་བྱེད་དགོས་མི་ཐད་ཁྱོད་ཀྱི་ག་ལེ་ག་ལེ་བསམ་བློ་ཐོངས། དེ་མིན་ཆབ་སྲིད་ཀྱི་འགྲོ་སོང་གཞན་དག་ཚང་མ་ཟོ་ང་ཚོའི་ཤེས་ཀྱི་མ་རེད་ལ། ཤེས་ན་ཡང་བགྲོ་གླེང་གནང་ཆོག་གི་ཡོད་མེད་མི་ཤེས།
སྐུ་ཞབས་གཞོན་ནུ་ཟླ་མེད་ལགས།། ཁྱེད་ཀྱིས་བཙན་བྱོལ་གཞུང་གིས་ཆབ་སྲིད་གི་ལས་འགུལ་ལ་འགྲོ་སོང་ཆེན་པོ་འདུག་གསུང་སོང་།། དེ་ཡིན་དུས་ངས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་གི་ལས་འགུལ་སྤེལ་བ་གོ་ཐོས་མེད་ཞུས་པ་ལས་གཞུང་འགྲེལ་མ་ཡིན་པའི་འཚོགས་པ་དང་བོད་མི་མང་གི་ལས་འགུལ་སྤེལ་མེད་གི་ཞུས་མེད།། གཞུང་འགྲེལ་མ་ཡིན་པའི་འཚོགས་པ་ཁག་དང་བོད་མི་མང་གི་ལས་འགུལ་གང་མངས་ཞིག་སྤེལ་དང་སྤེལ་བཞིན་པ་རེད།། ཨ་རིའི་མངའ་སྡེ་ཕན་ཚུལ་ཝེ་ནེ་ཡ་ལ་ཚོང་དོན་ཚོགས་འདུ་ཚོགས་པ་ (G-20) འཚོག་དུས་ང་རང་ཡང་ལས་འགུལ་དེ་ལ་མཉམ་ཞུགས་བྱེད་པ་ཡིན་ འོན་ཀྱང་བཙན་བྱོལ་བོད་གཞུང་གིས་ལས་འགུལ་སྤེལ་མཁན་ཚོ་ལ་བོད་རྒྱའི་འབྲེལ་ལམ་ལ་དོ་ཕོག་གཏང་བའི་རྒྱ་མིའི་གསང་ཉུལ་ཡིན་པའི་དྲིལ་སྒྲག་པ་ལས་དེའི་འགྲོ་སོང་མང་ཆེ་བ་རྒྱག་རང་ཁུར་བྱེད་པ་ལས་གཞུང་གིས་གཏོང་རབ་མེད།།
གཡུ་ལྷ་ཁྱོད་ཀྱིས་ངོ་ནས་ཆབ་སྲིད་ཀྱི་འགྲོ་སྟངས་ཤེས་ཀྱི་མེད་པ་རེད་དམ། ཡང་ན་མ་ཤེས་མདོག་མདོག་བྱས་ནས་བོད་གཞུང་གི་གསང་བ་འདྲ་འདིའི་ནང་བཀོད་ན་བསམ་གི་ཡོད་པ་རེད། ཆབ་སྲིད་ཀྱི་ལས་འགུལ་དེ་ཚོ་རྒྱལ་ཁབ་སུ་ལ་ཡང་ཡོད་པ་རེད་ལ། རྒྱལ་ཁབ་སུས་ཀྱང་གསང་བ་བྱེད་ཀྱི་རེད། དཔེར་ན་བོད་ན་མང་པོ་ཅིག་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་ནས་རྒྱ་གཞུང་གིས་འཛིན་གཟུང་བྱས་འགྲོ་གི་ཡོད་པ་དེ་དངོས་ཡོད་རེད། འོན་ཀྱང་གསང་བ་གང་ཞིག་ཕྱིར་བསྒྲགས་བྱས་པ་རེད་ཅེས་དྲིས་ན། སུ་ལ་ཡང་གསལ་བོ་ཅིག་བཤད་རྒྱུ་ཡོད་པ་མ་རེད། གལ་ཏེ་ཆབ་སྲིད་ཀྱི་ལས་ཀ་མེད་ན་བོད་གཞུང་བདེ་སྲུང་ལས་ཁུངས་སྒོ་རྒྱག་དགོས་འཁེལ་ཀྱི་རེད།
རྒྱལ་ཁབ་ཀྱི་གསང་བ་ནི་ག་དུས་ཡིན་ཡང་གསང་བ་ཁོ་ན་ལས་གསང་བ་མ་ཡིན་པར་ཁྱབ་བསྒྲགས་བྱས་ཚེ་གསང་བར་གྱུར་མི་འགྲོ་བ་ཤེས་ན་ཡག་པོ་འདུག་ལགས། དེ་མིན། བོད་ཀྱི་གནད་དོན་ཐད་དུ་བོད་པ་ཚང་མ་ལ་འགན་ཡོད་པས་ངས་བྱས་པ་ཡིན། ཁྱེད་རང་གི་བྱེད་ཀྱི་མི་འདུག་ཟེར་བ་སོགས་མི་གསུང་བར། གཞན་གྱིས་ཁྱེད་ཀྱིས་བྱས་སོང་བཀའ་དྲིན་ཆེ་ལགས་ཟེར་ནས་ཡོང་དུས་ད་གཟོད་གྲུབ་འབྲས་ཤིག་ཐོབ་པ་རེད། འོན་ཀྱང་། འུ་ཅག་ལ་གྲུབ་འབྲས་དེ་ཐོབ་རྒྱུ་ནི་ལས་སླ་བོ་མིན། དོག་པ་རྣམ་དོག་ཆེ་དྲགས་སྟབས། སྤྱིར་ན་དོག་པ་རྣམ་དོག་བྱེད་པ་ལས་བརྒལ་ནས་བརྟག་ཀྱང་དཔྱད་པའི་སྤྱི་ཚོགས་ཤིག་ལ་གོམ་པ་སྤོས་ཉིན་ནས་འུ་ཅག་གི་བྱ་བ་གང་བྱས་ལ་རེ་བ་ཡོད་པ་ནས་གྲུབ་འབྲས་ཡོད་པར་འགྱུར་ངེས་ཡིན།
ཡ་ཡ། ད་མི་གཉིས་མཉམ་རུབ་བྱས་ན་ར་མ་རྒྱ་རྒྱ་ཁྱི་རུ་བཟོ་ཟེར་བ་དེ་རེད། གཡུ་ལྷ་དང་ལྷ་ཀླུ་མཉམ་རུབ་བྱས་ན་ངས་ཕམ་ཁས་གི་ཡིན། ཁྱོད་གཉིས་ལ་རྒྱལ་ཁ་སྤྲོད་ཀྱི་ཡིན། ཁྱོད་གཉིས་བདེན་པ་རེད། བོད་གཞུང་དེས་ལ་ལས་ཆབ་སྲིད་ལ་ལས་ཀ་མེད་པར་བསྡད་ཡོད་ནི་རེད།
གཞོན་ནུ་ཟླ་མེད་ལགས། ང་རང་ཁྱེད་གཉིས་ཀྱིས་སུས་ཕྱོགས་ལ་ཡང་སོང་མེད་པར་རང་གི་ལྟ་ཚུལ་ཞིག་ཞུས་པ་ཡིན། འོན་ཀྱང་། ཉིད་ལ་གོ་བ་ལོག་ནས་སྐོར་ལོག་ལ་ཕྱིན་འདུག་པ་དེར། དངོས་ནས་ཡ་མཚར་རེད།