“ཚེ་རིང་འོད་ཟེར་ལགས། ཁྱོད་བདེ་མོ་ཡིན་ནམ། ཁ་སང་དེ་རིང་ཁྱེད་ཀྱིས་ཅི་ཞིག་གནང་གི་ཡོད་དམ།”
“ང་བདེ་མོ་ཡིན། དེ་རིང་སང་ཉིན་ང་ཅུང་ཙམ་བྲེལ་འཚུབ་ཡིན། ལོ་རྗེས་མར་ངས་སྒྲུང་གཏམ་གྱི་དེབ་ཞིག་དཔར་བསྐྲུན་བྱེད་རྩིས་ཡོད།
དེབ་དེར་ཁྱོན་བསྡོམས་སྒྲུང་གཏམ་བཞི་བཅུ་ལྷག་ཡོད། སྒྲུང་གཏམ་ཚང་མ་བོད་རིགས་རྒན་པ་ཚོའི་ངག་རྒྱུན་ལོ་རྒྱུས་ལ་གཞི་བཅོལ་ནས་བྲིས་ཡོད།
ཡིན་ན་ཡང་། འབྲི་ཐབས་དེ་སྒྲུང་གི་རྣམ་པ་སྤྱད་ཡོད། སྔོན་མ་ང་རང་ལྷ་སར་སྡོད་པའི་སྐབས་སུ། དེ་རུ་ཡོད་པའི་བོད་མི་རྒན་པ་མང་པོར་ལོ་རྒྱུས་ཀྱི་གནས་སྟངས་མང་པོའི་ཕྱོགས་ལ་བཅར་འདྲི་བྱས་བ་ཡིན། བཅར་འདྲི་དེ་དག་སྒྲུང་གཏམ་གྱི་དེབ་འདིའི་བརྗོད་བྱའི་སྙིང་པོ་དེ་ཡིན། ད་དུང་ན་ནིང་གི་བོད་ཀྱི་གནས་ཚུལ་འགའ་ཡང་སྒྲུང་གཏམ་གྱི་ཁོངས་སུ་བཅུག་ཡོད།
ངས་འདི་ལྟར་སྒྲུང་གི་རྣམ་པའི་འབྲི་ཐབས་སྤྱད་དོན་ཡང་། ན་གཞོན་ྐློག་པ་པོ་ཚོའི་དོ་སྣང་སླེབས་ཐབས་དང་ྐློག་མཁན་མང་པོ་ཞིག་ཡོང་བའི་ཆེད་དུ་དམིགས་པ་ཡིན།
གལ་སྲིད། ངས་ཐད་ཀར་སྤྱི་ཚོགས་སྐྱོན་བརྗོད་ལྟ་བུའི་རྩོམ་ཡིག་རྐྱང་སྤེལ་བ་ཡིན་ན་། དེ་ལ་རྒྱུ་མཚན་དང་ཕན་ཐོགས་ཡོད་མེད་ལ་མ་བལྟོས་བར་།ྐློག་མཁན་ཚོའི་ཁྲོད་དུ་དགའ་མཁན་དང་མ་དགའ་མཁན། ད་དུང་དགག་རྒྱག་བྱེད་མཁན་ཡང་ཤུགས་ཆེར་ཡོང་གི་འདུག དེར་བརྟེན། ངས་འབྲི་ཐབས་གསར་བ་ཞིག་སྤྱད་པའི་ཁུལ་ཡིན།
དེ་ནས། དུས་ཚོད་སྟོང་པ་འདྲ་ཡོད་པའི་སྐབས་སུ། ཕྱི་ལ་སོང་ནས་པེ་ཅིན་ཏུ་གནས་སྡོད་བོད་རིགས་གྲོགས་པོ་དང་ཡུ་གུར་བའི་གྲོགས་པོ། རྒྱ་རིགས་གྲོགས་པོ་སོགས་དང་མཉམ་དུ་གླེང་མོལ་བྱེད་ཀྱི་ཡོད། མཚམས་རེར་ཟ་ཁང་དང་ཇ་ཁང་དེ་བ་ལ་འཛོམས་ནས་ཁ་བརྡ་བྱེད་ཀྱི་ཡོད། ཡིན་ན་ཡང་། དུས་ཚོད་མང་ཆེ་བ་ནང་དུ་བསྡད་ནས་དེབ་ྐློག་པ་དང་རྩོམ་འབྲི་བའི་སྒང་ལ་གཏོང་གི་ཡོད། གཞན། ད་ལོའི་ལོ་གསར་གྱི་སྐབས་སུ་བོད་ལ་འགྲོ་རྒྱུའི་འཆར་གཞི་ཡོད། ལྷ་སར་ཡོད་པའི་ཨ་མ་ལགས་དང་སྤུན་མཆེད་ཚོའི་མཉམ་དུ་ལོ་གསར་གཏོང་གི་ཡིན།
ཨ་མ་ལགས་དང་སྤུན་མཆེད་ཚོར་མ་ཐུག་པར་ལོ་གཅིག་དང་ཕྱེད་ཀ་ལྷག་འགྲོ་སོང་། དེར་བརྟེན། ད་ལོའི་ལོ་གསར་ལ་ལྷ་སར་འགྲོ་གི་ཡིན།”
“ཡ་ཡ། འཆར་གཞི་དེ་ཚོ་ཡག་པོ་འདུག ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།
ངེད་རང་ད་ལོའི་དགུན་ཁའི་གུང་གསེང་ལ་ཨ་རིའི་རྒྱལ་སར་ཡོད་པའི་བོད་རིགས་གྲོགས་པོ་ཞིག་གི་རྩར་འགྲོ་གི་ཡིན། གུང་གསེང་གི་དུས་ཡུན་དེ་བདུན་ཕྲག་གསུམ་ཙམ་རེད།
དེ་རུ་དེབ་ཁ་ཤས་ྐློག་རྒྱུའི་འཆར་གཞི་ཞིག་ཡོད། དེ་མ་གཏོགས་འཆར་གཞི་དམིགས་བསལ་གཞན་ཅང་མེད།
ད་འདི་རུ་མཚན་གྱི་ཆུ་ཚོད་བཅུ་གཉིས་ཡོལ་འདུག གནས་སྐབས་རིང་བདེ་མོ་བྱོས།”
“ཡ་ཡ། བདེ་མོ་ཡིན་ད།”
(གསལ་བཤད། འདི་ནི་མདང་དགོང་ངེད་ཀྱིས་དྲ་ཐོག་ནས་བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་མཉམ་དུ་གླེང་མོལ་བྱས་བའི་ཚན་པ་ཞིག་ཡིན།)
ཁྱོས་མྱོས་ནི་རེད་དམ།་སྒེར་གྱི་སྐད་ཆ་འདི་འདྲ་ཞིག་དྲ་ཐོག་ཏུ་བཏོན་ནས་ག་རེ་བྱས་བསམ་པ་ཡིན་།་་ལྷག་པར་ཏུ་སྒེར་གྱི་སྐད་ཆ་འདི་ལྟ་བུ་”ཨ་མ་ལགས་དང་སྤུན་མཆེད་ཚོར་མ་ཐུག་པར་ལོ་གཅིག་དང་ཕྱེད་ཀ་ལྷག་འགྲོ་སོང་། དེར་བརྟེན། ད་ལོའི་ལོ་གསར་ལ་ལྷ་སར་འགྲོ་གི་ཡིན།”་
དྲ་བདག་ལགས་།་མགྱོགས་པོ་རྩོམ་འདི་དྲ་ཐོག་ནས་མར་ལེན་པར་ཞུ།་
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས། ཁྱེད་ཀྱིས་ཁོ་མོ་ལ་སྐད་ཆ་དྲིས་དེ་འདི་ལྟར་ཚུར་སྒྱུར་ནས་དྲ་ཐོག་ལ་འཁྱེར་ནས་འོང་བ་ཡིན་ནམ་ལགས། དེ་འདྲ་ཡིན་ན་ནི། མི་སྐྱོན་སྙམ།
སྐྱོན་མེད་ཁུ་། ཨ་ཅག་འོད་ཟེར་ལགས་། ངོ་མི་ཤེས་བའི་ང་ལྟབུར་མཚོན་ན། ཁ་བརྡ་ཞིག་བྱེད་བསམ་ཡང་གོ་སྐབས་མི་འདུག། དེ་ཕྱིར་རིགས་འབྱུང་ལགས་ཀྱི་སྤྱིར་བཏང་ངོ་ཤེས་བར་ཀྱི་ཁ་བརྡ་ཞིག་འདིར་རུ་བཀོད་པ་། བཟང་གི་། དྲ་བདག་ལགས་དེ་ལེན་མི་དགོས་། “ལྷ་ས་འགྲོ་ཡིན” ཞེས་ལབ་པ་ལ་ག་རེ་ཡོད་པ་རེད་། ཇགས་ལ་འགྲོ་ཡིན་ཞེས་བ་མ་རེད་པ།
ཨ་ཅག་འོད་ནི་ང་ཚོའི་སེམས་ནང་གི་འོད་ཟེར་ཡིན་། ལྟོས་དང་། རྒྱལ་ས་པེ་ཅིན་དུ་བཞུག་ནས་བོད་མི་རིགས་གྱི་ལ་རྒྱ་་་་་
ད་མི་བཤད་མི་བཤད་།
གནའ་མི་བོད་ཀྱི་གཏམ་དཔེ་ལ་། བུ་བུ་ལ་འདྲ་ན་། བུ་བུའི་གཡོག་ལ་མི་འགྲོ་། རྟ་རྟ་ལ་འདྲ་ན་། རྟ་རྟའི་རྐང་ལ་མི་སྟེར་། ཟེར་།
བདེ་ཆེན་དབང་མོ་ལྟོས་དང་། ཁ་སྔོན་ས་གནས་འདིར་ཡོང་དུས་། ང་ཚོ་ཕ་ཡུལ་གཅིག་པ་མི་གསུམ་མ་གཏོག་མེད་། ང་ཚོ་གསུམ་ཀས་ལས་ཀ་ལ་དགོང་པ་ཞུས་ནས།
མོ་ཕེབས་སུ་ཟེར་ན་ཡང་འདྲ་འགྲོན་ཁང་ལ་ཕར་ཐུགས་འཕྲད་འགྲོ་དུས་། ང་བོད་པ་ལ་ཐུགས་གི་ཟེར་ནས་འགྲོན་ཁང་ནས་སྒོར་མ་ཡོང་ཐ། ང་ད་མོའི་སྐད་བསྒྱུར་བ་གོ་སེར་དེ་ལ་ཡང་
གདོང་སྟོན་མི་ཤེས་བ་ཞིག་ཆགས་སོང་།
ཕྱི་ཉིན་དེར་འདི་ཀའི་སློབ་འབྲིང་ཞིག་གི་ནང་བོད་ཀྱི་རིགས་གནས་བཤད་གི་ཡོད་ཟེར་ནས་འགྲོ་གི་འདུག། གོན་པ་དེ་ཡང་བོད་ཡང་མ་ཡིན་པ་ཧོར་ལ་འདྲ་བོ་ཞིག་གོན་ནས་འགྲོ་འདུག། དེ་དུས་སུ་ངའི་སེམས་ལ་མོའི་སྔོན་ཆད་རྒྱ་རིགས་བོད་རིགས་གཉིས་ཀ་ཕ་གཅིག་གི་བུ་ཕྲུག་ཞེས་བླང་བའི་གླུ་དབྱངས་དེ་མོའི་སེམས་ཁོང་ནས་བླང་བ་ཡིན་གཞི་ནས་ཤེས་།
སྲ་གི་ཡ་་་་། འམ་མ་འམ་མ་སྡེ་ད་ལས་ཅན་རེད་ཡ་། སྡེ་ཚང་གི་བུ་ཚ་གིས་ཟོ་ཨ་ཆེ་ཚེ་རིང་འོད་ཟེར་ལ་ཁ་བརྡ་བྱས་དང་ཟེར་གོ་གི་ཡ་།
ཡ་ཡ། ཡང་བདེ་ཆེན་དབང་མོའི་དཔེ་བཞག་འདུག ང་བོད་ལ་ཐུག་གི་ཟེར་ནས་བྲོས་སོང་ཞིག ཨ་ཨ་་་་་་་
tashi delek
tashi delek.
it is important connection with her.
དྲ་གྲོགས་ཚོ་ འོད་ཟེར་ལགས་ཀྱི་མཉམ་དུ་སྐད་ཆ་བཤད་པ་ལ་སྐྱོན་མི་འདུག སྐད་ཆ་གནད་འགག་ཡོད་གང་ཡིན་བཤད་མི་འདུག ད་དུང་མུ་མཐུན་ནས་འོད་ཟེར་མཉམ་དུ་འབྲེལ་བ་གནང་དགོས། དེ་འདྲ་བྱེད་ན་བོད་རིགས་ནང་ཁུལ་རྒྱུས་མངའ་དང་ཤེས་ཏོག་བྱེད་པར་ཕན་པ་མ་གཏགས་གནོད་པ་ཞིག་ག་ལ་ཡོད།
ཚེ་རིང་འོད་ཟེར་ལགས་ནི་མཛངས་མ་དང་མཛེས་མ་གཉིས་ལྡན་རེད་འདུག
མཆན་བུ་རྒྱག་མཁན་ཚོས་ག་རེ་བསམ་ན་དེ་ལབ་རོགས་གནང་།
བོད་ཀྱི་དཔའ་མོ་འོད་ཟེར་ལགས།
བཙན་པོའི་སྙིང་ཁྲག་དམར་པོའི་འོད། །
མཆུ་སྒྲོས་གེ་སར་ལ་བྱུགས་ཤིང་། །
ལོ་རྒྱུས་དཔའ་བོའི་བཞིན་རས་ལ། །
བརྟུལ་ཕོད་ཞལ་གྱི་རྒྱ་ཡིས་བཏབ། །
དགྲ་ཡི་རླུང་དང་གཉེན་གྱི་སྤྲིན། །
ཀུན་ཤོངས་ཡངས་པ་ཁྱོད་ཐུགས་ལས། །
བདེན་པར་སྨྲ་བའི་ཉི་འོད་ཀྱི། །
ཟེར་མདངས་མི་ཉམས་རྟག་སྤྲོ་ཤོག །