སྤོབས་པ་མཐའ་ཡས།
སྐུ་ཞབས་སངས་རྒྱས་ཡེ་ཤེས་སམ་རྒྱ་མིང་དུ་ཐེན་པོར་འབོད་པ་མཆོག་ནི་བོད་ཤར་ཕྱོགས་མདོ་ཁམས་རྒྱལ་རོང་གི་ཡུལ་དུ་སྐུ་འཁྲུངས། ཁོང་ནི་བོད་རིགས་ཀྱི་ནང་ནས་གུང་ཁྲན་དམར་ཤོག་གི་གསར་བརྗེའི་ལྟ་གྲུབ་ཡིད་ཆེས་དང་ལེན་གྱིས་དམར་དམག་རྒྱང་སྐྱོད་གྲས་སུ་ཞུགས་མཁན་ཐོག་མའི་གྲས་ཡིན། ༡༩༣༥ལོར་ཁོང་དམར་དམག་རྒྱང་སྐྱོད་གྲས་སུ་ཞུགས་པའི་དུས་དེར་ཁོང་དགུང་ལོ་བཅོ་བརྒྱད་ལ་སོན་ཡོད། སྐབས་དེར་དམར་དམག་གི་གྲས་སུ་བོད་རིགས་ཆེས་ཉུང་ཤས་ཤིག་ཡོད་པའི་གྲས་ཡིན། རྒྱ་ནག་དམར་ཤོག་པ་ལ་རྒྱལ་ཁ་ཐོབ་རྗེས་སུ་སངས་རྒྱས་ཡེ་ཤེས་ཀྱིས་སི་ཁྲོན་དང་བོད་ལྗོངས་ཀྱི་གུང་ཁྲན་དམར་ཤོག་གི་མགོ་ཁྲིད་ཀྱི་གྲས་སུ་སླེབས་ཡོད་པ་སོགས་ཤུགས་རྐྱེན་ཅུང་ཆེ་བའི་བོད་རིགས་གུང་ཁྲན་དམར་ཤོག་པ་ཞིག་ཏུ་གྱུར། ༡༩༦༥ལོར་བོད་རང་སྐྱོང་ལྗོངས་གུང་ཁྲན་ཚོགས་པའི་དྲུང་ཡིག་ཆེན་མོའི་འགན་འཁུར་མྱོང་ཡོད་པ་སོགས་སྐབས་དེར་དུ་མི་སྣ་ཆེས་མཐོ་ཤོས་ཀྱི་གྲས་སུ་ཡིན། ༢༠༠༨་ལོའི་ཟླ་༢་པའི་ཚེས་༢༡ཉིན་ཁྲིན་ཏུར་སྐུ་གྲོངས། སྐབས་དེར་ཁོང་དགུང་ལོ་༩༢་ལ་སོན་ཡོད། དེའི་སྐོར་ལ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ལ་ནད་གཞི་གང་ཡིན་མི་གསལ་བ་ཞིག་ལ་བརྟེན་ནས་གྲོངས་ཚུལ་ཙམ་ལས་གནས་ཚུལ་ཞིབ་གསལ་བསྒྲགས་མེད།
ཁོང་སྐུ་མ་གྲོངས་པའི་ལོ་ཤས་གོང་ལ་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དང་ཐུག་འཕྲད་བྱས་ཡོད་པ་དང་། དེའི་སྐབས་ཀྱི་གསོལ་སྟོན་སྐབས་གླེང་མོལ་བྱེད་བཞིན་པའི་འདྲ་པར་ཞིག་ཉེ་ཆར་ཕྱིར་མངོན་པའི་ཁོང་གིས་མཛུབ་མོ་གསུམ་གྱེན་དུ་བསྒྲེངས་ཡོད་པ་རེད། དེ་ནི་སྐབས་དེར་ཁོང་དང་ལྷན་དུ་ཡོད་པའི་མིས་བཤད་ན་གསོལ་སྟོན་དེའི་ཐོག་དུ་སངས་རྒྱས་ཡེ་ཤེས་མཆོག་གིས་སྲིད་འཛིན་ཅང་ཙེ་མིན་ལ་བོད་ཆོལ་ཁ་གསུམ་གཅིག་གྱུར་བྱེད་དགོས་སྐོར་གྱི་གླེང་མོལ་དང་རེ་འདུན་དང་། བསམ་འཆར། བགྲོ་གླེང་བྱས་ཡོད་པ་དང་། མཛུབ་མོ་གསུམ་གྱེན་དུ་བསྒྲེངས་ཡོད་པ་དེ་ཡང་ཁོང་གིས་བོད་ཀྱི་ས་ཁུལ་ཆེན་པོ་གསུམ་དུ་གྱར་ཡོད་ཀྱང་དོན་དུ་གཅིག་རེད་ཟེར་ནས་མཛུབ་མོ་གྱེན་དུ་སྒྲེང་བཞན་པའི་སྐབས་སུ་པར་ཐེབས་པ་རེད་ཟེར།
དེང་དུས་སུ་བོད་མི་རྩོམ་པ་པོ་ཞིག་གིས་ཁོང་གི་མི་ཚེའི་ལོ་རྒྱུས་ཤིག་འབྲི་བཞིན་ཡོད་འདུག ཤེས་ཡོན་ཅན་མང་པོས་ཁོང་གི་མི་ཚེ་ལོ་རྒྱུས་ལས་རྒྱ་མིའི་དམར་ཤོག་གསར་བརྗེ་ཁར་ཁྱེར་བའི་མགོ་སྐོར་གཡོ་ཇུས་ཀྱི་འོག་ཏུ་བོད་ཀྱི་རང་དབང་འཕྲོག་པའི་ལོ་རྒྱུས་ཀྱི་གནད་གསང་མང་པོ་མངོན་ཐུབ་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
དམར་དམག་སྣེ་འཁྲིད་བྱས་ཟིན་དུས་མཛུབ་མོ་གསུམ་ཡར་བསྒྲེངས་ནས་ཆོ་ག་རེ་ཡོད། དང་པོ་ཕྱི་དགྲ་ནང་འདྲེན་མི་བྱེད་དགོས། བྱས་ཟིན་དུས་རང་གིས་ལས་བྱས་ལ་རང་གིས་འགྱོད་པ་བྱེད་དུས་ལྐུགས་པའི་ངང་ཚུལ་རང་རེད།
གསར་བརྗེ་པ་མ་རེད། དམར་རྗེ་པའམ་དམར་མཇེ་པ་རེད།
མའོ་ནང་བཞིན་བོད་ཀྱི་གླུ་མ་ཚེ་བརྟན་མོ་ལ་བཙན་གཡེམ་བཏང་མེད་ན་ཡག་པོ་རེད།
ལེགས་པར་བྲིས་ཤིང་སྐད་ཡིག་བཟང་དུ་འགྲོ་བ་དེ་བོད་རིག་གཞུང་གོ་རྟོགས་ལ་ཕན་པས་དེ་ལྟར་འབད་དགོས། ཞར་དུ་སྐུ་ཞབས་སངས་རྒྱས་ཡེ་ཤེས་དང་། སྦ་སྦ་ཕུན་ཚོགས་དབང་རྒྱལ། ང་བོད་ངག་དབང་འཇིགས་མེད་གསུམ་བོད་ཀྱི་མི་རིགས་རྒྱ་ནག་དམར་པོས་གོ་གནས་སྤྲད་པ་ཡིན་འདུག དེ་དག་གིས་དངོས་གནས་བོད་པར་ཕན་པའི་ལས་བྱས་ཡོད་དམ། ང་རྒྱ་གར་དུ་ཡོད་སྐབས། ང་བོད་ལ་སུ་གང་གིས་ངག་རྩུབ་སྨྲ་བ་ཞིག་མ་མཆིས་པས། ཅི་ཡིན་ནམ། དྲིས་པར་ལན་ཞིག་བྱུང་ཡང་། སྤོབས་པ་མཐའ་ཡས་ཤེས་རྒྱ་ཆེ་བས། འདི་ལ་ལན་མི་འདྲ་བ་ཞིག་ཡོད་ངེས། ཞེས་སོ།
མཁས་དབང་ལ་དྭགས་པ་ལགས། ང་ཕོད་ཐོག་མའི་ཆར་དམར་ཤོར་བའི་བཙོན་པ་རེད། རྗེས་སུ་མི་འཇོན་ཐང་ཆེ་བས་གོ་གནས་འདྲ་བོ་ཞིག་མི་སྤྲད་རང་སྤྲད་ཆགས་པ་རེད། ང་ཕོད་ཀྱིས་སྡེ་དགེ་པར་ཁང་སྲུང་སྐྱོབ་དགོས་པའི་སྙན་ཞུ་ཕུལ་བས་ནུས་པ་ཐོན་པ་སོགས་ཚང་མས་མཁྱེན་གསལ་རེད། ཁྱེད་ཀྱིས་སྦ་སྦ་ཕུན་ཚོགས་དབང་རྒྱལ་ཟེར་བ་དེ་སྦ་སྦ་མ་རེད། འབའ་པ་རེད། ཁམས་ཀྱི་ས་ཆ་ན་འབའ་ལི་རྒྱལ་གསུམ་ཟེར་བའི་ས་ཁུལ་གྲགས་ཅན་གསུམ་ཡོད་པའི་འབའ་ཐང་དུ་སྐུ་འཁྲུངས་པས་འབའ་པ་ཟེར་བ་རེད། ཁྱེད་ཡི་གེའི་དག་ཆར་ལ་ཞིབ་པས་ངས་ཁྱེད་ལ་གསལ་འདེབས་ཞུས་པ་ཡིན། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་མར་ཁི་སིའི་ལྟ་གྲུབ་གཞིར་བཞིར་བཞག་ནས་བོད་མི་རིགས་རང་དབང་གི་དོན་ལ་འཐབ་རྩོད་བྱས་པས་བཙོན་ཁང་དུ་ལོ་བཅོ་བརྒྱད་ལ་བཅུག་པ་རེད། སྐབས་དེར་གཞུང་གིས་ཁོང་ལ་ནག་ཉེས་གཅིག་བཀལ་བ་དེ་ནི་ལེ་ནིན་གྱི་མི་རིགས་རང་ཐག་རང་གཅོད་ཀྱི་དེབ་ཅིག་ཉར་ཡོད་པ་ཙམ་ཞིག་རེད། ཁོང་གིས་བཙོན་ཁང་དུ་སྐད་གྲགས་ཆེ་བའི་མཚན་ཉིད་རིག་པ་གསར་དབྱད་ཀྱིས་དེབ་ཆེན་པོ་གསུམ་བྲིས་པ་དང་། གཅིག་པུར་གྱང་ངོས་མི་ལོ་བཅོ་བརྒྱད་ཅེར།།ཟེར་བ་སོགས་ཀྱི་སྙན་ངག་ཡག་པོ་དེ་ཚོ་སྐབས་དེར་བྲིས་པ་རེད། ཁོང་ཡང་འཇོན་ཐང་དང་ཤེས་ཡོན་ཆེ་བས་རྗེས་སུ་བཙོན་གྲོལ་ཐོབ་རྗེས་སུ་ཡང་བསྐྱར་གོ་གནས་འདྲ་བོ་མཐོན་པོ་མི་སྤྲད་རང་སྤྲད་དུ་གྱུར་པ་རེད།
ང་རྒྱ་གར་དུ་ཡོད་སྐབས། ང་བོད་ལ་སུ་གང་གིས་ངག་རྩུབ་སྨྲ་བ་ཞིག་མ་མཆིས་པས། ཅི་ཡིན་ནམ། དྲིས་པར་ལན་ཞིག་བྱུང་ཡང་། སྤོབས་པ་མཐའ་ཡས་ཤེས་རྒྱ་ཆེ་བས། འདི་ལ་ལན་མི་འདྲ་བ་ཞིག་ཡོད་ངེས། ཞེས་པའི་དོན་རྟོགས་མ་བྱུང་བས་བསྐྱར་དུ་གསལ་བཤད་གནང་ཐུབ་ན་ངས་ལྟ་ཆོག
ངའི་ཡིག་ནོར། ང་ཕོད་དམག་ཤོར་བའི་བཙོན་པ་རེད།
མཚན་ཉིད་རིག་པ་གསར་དཔྱད
རྒྱ་ནག་དམར་ཕྱོགས་པའི་རྒྱུགས་ཁྱི་འདི་དག་ལ་སྐབས་རེ་ཀྲུང་ཞིའི་ཡིན་ཟེར་ནས་དཔོན་དུ་བསྐོས་པ་དང་སྐབས་རེ་དགྲ་བོ་རེད་ཟེར་ནས་ཉེས་ཅན་བཙོན་པ་ཆགས་པ་ལ་ཡ་མཚན་དགོས་པའི་རྒྱུ་མཚན་ཅང་ཡོད་མ་རེད། དམར་པོའི་སྲིད་གཞུང་གི་འགྲོ་སྟངས་འདྲ་པོ་རེད། ང་ཆུང་དུས་ཏན་ཞོ་ཕིང་བཙོན་པ་རེད། མའོ་ཤི་ནས་སྲིད་འཛིན་ཆགས་སོང་བ་རེད། མའོ་ཡི་བཟའ་ཟླ་ཅལ་ཆིས་སོགས་མི་བཞི་ཕྱོགས་ཁ་བཙོན་པ་ཆགས་སོང་བ་རེད། དིང་སང་པའོ་ཞིའི་ལེ་བཟའ་ཚང་མི་གཉིས་བཙོན་པ་རེད་་་་ཧཧཧཧ གུན་ཁྲན་གཞུང་ལ་ཡིད་བརྟན་ག་རེ་ཡོད།
ཅོ་རི་ཉི་མ་འདིས་འདྲེ་ཤར་ལ་བཞག་ནས་གླུད་ནུབ་དུ་གཏོང་གི་ཡོད་པ་རེད། གུང་ཁྲན་དམར་ཤོག་ཟེར་བ་ཁོ་ན་མ་རེད། ཐའེ་ཝན་གྱི་སྲིད་འཛིན་ཁྲིན་ཧྲུའུ་པེན་ཡང་ད་མི་ལོ་བཅུ་དགུའི་བཙོན་འཇུག་བྱས་ཡོད་པ་མ་རེད་དམ། རང་རེའི་རྭ་སྒྲེང་རིན་པོ་ཆེ་ལ་ཅི་བྱུང་བ་རེད། ཨེ་རག་གི་ས་དམ་ཧུད་སན་ལ་ཅི་བྱུང་སོང་། སྲིད་འཛིན་མུ་པ་རག་ལ་ཅི་བྱུང་སོང་། ཆབ་སྲིད་ཀྱི་སྟེགས་བུ་ཟེར་བ་དེ་ཉེན་ཁ་ཆེན་པོ་ཡིན་པ་ཡུལ་ལུང་ཚང་མ་གཅིག་མཚུངས་ལྟ་བུ་རེད།
སྤོབས་པ་ལགས། ཁས་ལེན་མེད་པའི་དགག་ལན་དེ་འདྲ་ག་རེ་རེད་ཨ། ངས་ཁྱོད་ལ་དམར་ཕྱོགས་པ་ཁོ་ན་རེད་ལབ་བྱུང་ངམ།་་་ཧཧཧཧ ཅིག་དགག་འདོད་འདྲ་ཡོད་ན་ཁས་ལེན་ཐོག་ཏུ་དགག་ལན་བྱོས་དང་སྐྱིད་པོ་འདུག་་་་་་་་་
ངས་ལོ་རྒྱུས་ཤིག་ངོ་སྤྲོད་བྱས་ཡོད། དེ་མ་གཏོགས་སུ་བཟང་སུ་ངན་བཤད་ཀྱིན་མེད། ཁ་ཡར་གྲག་ཡོང་དུས་ནས་ཡར་མར་ཚང་མ་རྒན་མོ་ཡུག་ས་མ་སྡུག་པོ་ཞིག་གིས་དམོད་མོ་འདྲ་བོ་བྱས་བསྡད་ན་ཕན་ཐོགས་གི་མ་རེད། སྐད་ཆ་དྲང་པོ་བཤད་ཨེ་ཤེས་ལྟ་དགོས་པ་རེད། ངས་སྐད་ཆ་དྲང་པོར་བཤད་པ་ལ་སློབ་སྦྱོང་བྱེད་གི་ཡོད།
ཅོ་རི་ཁྱི་ཕྲུག ཁྱིུ་ཕྲུག་གང་སར་ལབ་ཡ་མ་རེད། དངུལ་འཚོལ་བར་རིགས་དང་ཆོས་ལུགས་གང་ལ་ཁྱད་མེད་པར་མདོར་བསྡུས་ན་འདི་འདྲ་རེད། གང་སར་ཁྱི་མ་ལབ།
སྤོབས་མཐས་རྒད་མོ་ཡུག་ས་མ་ཟེར་སྟངས་ལ་བལྟས་ན་ཁོས་ད་དུང་བོད་ཀྱིཕོ་མཆོག་མོ་དམན་གྱི་འདུ་ཤེས་འཛིན་སྟངས་དེ་དོར་ཐུབ་མེད་པ་འདྲ།
ཨོ་ཙི་་་་་སྐད་ཆ་དྲང་པོ་ཟེར་བ་ཞིག་བཤད་དགོས་ཀྱི་ཡོད་པ་ན། རང་སེམས་དང་མ་མཐུན་དུས་དྲང་པོ་མ་རེད་ཟེར་གྱི་ཡོད་པ་མིན་ནམ། དྲང་མི་དྲང་གི་ས་མཚམས་ག་པ་བཞག་གི་ཡིན་ཨ། དྲང་བདེན་མེད་པ་ག་རེ་བཤད་སོང་ངམ།
རྐྱེན་གྱིས་ཚེ་གཅིག་བཟའ་ཟླ་གྲོངས་བས་སྡུག་བསྔལ་ཐོག ཡུག་ས་མའི་སྐད་ཆ་ཟེར་ན། དེ་རིང་སྤོབས་མཐའ་འདི། བུད་མེད་ཀྱི་ལྕེ་གཅོད་མཁན་ཞིག་རེད།
ཡུག་ས་མ་སྡུག་པོ་ལབ་ཡོད། ཡུག་ས་སྡུག་པོ་ཡང་དེ་མཚུངས་རེད། ཡུག་ས་མ་དང་ཡུག་ས་བཟང་པོ་ཚོ་ལ་ནི་གང་ཡང་བཤད་མེད།
ཡུག་ས་མ་ཟེར་ན་བུད་མེད་ལ་ཁྱད་གསོད་ཡིན་ས་མ་རེད། ཕོ་ཧྲེང་ཟེར་ན་བུ་ལ་ཁྱད་གསོད་རེད་མི་འདུག ག་བ་ག་བ།
མ་གཞི་ནས་ཕོ་མཆོག་མོ་དམན་ཟེར་གང་ཤེས་དེ། བུ་དང་བུད་མེད་འདྲ་གྱིན་མི་འདུག་རྒྱ་གར་ནས་འགྲུལ་སྐྱེལ་རླངས་འཁོར་ནང་འགྲོ་ན་བུད་མེད་ལོ་མཉམ་དེ་འདྲ་ཡིན་ན་ལས། བུད་མེད་ཚོར་རླངས་འཁོར་མདུན་དུ་མི་ལོ་རྒན་ཚོ་དང་མཉམ་དུ་བསྡད་ཀྱིན་འདུག དེ་ཡག་པོ་འདུག་ག མི་རྒན་པའི་ཐོབ་ཐང་ལེན་གྱིན་འདུག་ལ་ཁོང་ཚོར་དངོས་གནས་རན་པོ་ཡང་འདུག
ཡུག་ས་ཕོ་ཆད་འདུག་ག་ཝེ།
ཅོ་རི་ཡུག་ས་ཕོ་རེད་འདུག་ག དེ་དངོས་གནས་རེད།
ཁ་ཡར་གྲག་ཡོང་དུས་ནས་ཡར་མར་ཚང་མ་རྒན་མོ་ཡུག་ས་མ་སྡུག་པོ་ཞིག་གིས་དམོད་མོ་འདྲ་བོ་བྱས་བསྡད་ན་ཕན་ཐོགས་གི་མ་རེད་གསུང་བ་དངོས་གནས་བདེན་པ་རེད། གནད་དོན་དངོས་དང་ལོ་རྒྱུན་ལ་རྟགས་སྤྱད་དང་འབྲེལ་བཤད་རྩ་བ་ནས་མེད་པ་སེམས་ནང་གང་འཆར་རང་བཤད་ན་དེ་ནི་མིག་ལོང་གི་མདའ་འཕེན་རེད་དོ། ང་ཚོ་བོད་མི་མང་ཤོས་་ལ་རྟགས་ཤིང་སྤྱད་པའི་ཀླད་པ་་མེད་ཙམ་དེ་འདྲ་་རང་བཤད་ནས་མི་མང་ནང་འུར་སླང་གི་འདུག།
བཟང་གི་བསམ་དཀར་དང་བསམ་ནག་གཉིས་ཀས་གླེང་སྲིད་པ་ཅིག་རེད།
གཏན་བཤད་ས་ཚིག་དགོས་པ་རེད་། ཡུག་ས་མ་དང་ཁྱི་སྡུག་སྐྱ་རེད་ཟེར་ན་འཛམ་གླིང་གི་མིས་རྣ་བ་ལ་འགྲོ་གི་མ་རེད། ཡུག་ས་མ་སྡུག་སྐྱ་བརྩི་བའི་ལུགས་སྲོལ་འདི་རྒྱ་གར་བའི་མུ་སྟེགས་པའི་ཆོས་ལུགས་ཀྱི་འགྲུབ་འབྲས་ཤིག་རེད། མ་གཏོགས་མཁས་དབང་དགེ་ཆོས་མཆོག་གིས་ཡུག་ས་མ་སྡུག་སྐྱ་མིན་པའི་སྒྲུབ་བྱེད་གནམ་ལྕགས་ཐོག་མདའ་འདྲ་བ་བཀོད་ཡོད་རེད། ཕག་མགོ་ཅན་ཁྱོད་ཚོས་ཡུག་ས་མ་སྡུག་སྐྱ་ཡིན་པར་བསྒྲུབ་ཐུབ་ལེ་མ་རེད།
ཁྱི་ཟེར་བའི་སེམས་ཅན་འདི་འགྲོ་བ་མིའི་རིགས་དང་མཐུན་ཕྱོགས་ཀྱི་སེམས་ཅན་ཞིག་རེད། ཤེས་ཡོན་དང་ཡར་རྒྱས་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་རིན་ཐང་ཆེན་པོ་བརྩི་གི་རེད། ཤི་ན་ངུ་མཁན་དང་གསོན་དུས་བྱམས་པོ་བྱེད་མཁན་ཡོད་པ་རེད། ཁྱོད་རང་ཚོས་སྡུག་སྐྱ་ཡིན་པའི་དཔེར་འདྲ་འཇོག་དགོས་ན་ཅོ་རི་འདི་སྡུག་སྐྱ་སྤྲུལ་སྐུ་ནང་བཞིན་རེད་ཅེས་དང་། དཀོར་ཕོར་གྱི་ཆེད་དུ་ཡུལ་ལུང་ཕུང་ལ་སྦྱར་མཁན་ལྷ་ལུང་དཔལ་རྡོ་ནང་བཞིན་རེད་ཅེས་ལབ་ན་་་་མི་ཚང་མས་ཅོ་སྡུག་སྐྱ་ཡིན་ས་རེད་བསམ་སྲིད་པ་རེད།
དེ་མིན་་་ཅོ་རི་ཁྱི་རེད་ལབ་དང་ནུབ་ཕྱོགས་པའི་མི་ཚོས་དཔའ་བོ་ཞིག་ཡིན་པར་འདྲ་བསམས་ཀྱི་རེད། ཡུག་ས་མ་རེད་ཅེས་ལབ་ན་སྐྱིད་སྡུག་ཉམས་མྱོང་ཆེ་བའི་འགྲོ་བ་མི་ཞིག་ཡིན་པར་འདྲ་བསམ་གྱི་རེད། ཁྱོད་ཚོས་ངོ་མ་སྡུག་པའི་དཔེར་ཙམ་ཡང་འཇོག་ཤེས་ཀྱི་མི་འདུག དུད་འགྲོ་ལ་དཔེར་འཇོག་འདོད་ན་ཕག་པ་རེད་ཅེས་ལབ་དང་། སྐྱག་པ་ཟ་མཁན་ཞིག་ཡིན་པར་འདྲ་བསམ་གྱི་རེད། ཤེས་སོང་ངམ། བཟང་དཔེ་དང་ངན་དཔེ་འཇོག་ཤེས་པར་བྱོས།
ཡུག་ས་ཟེར་བ་ནི་ཁྱོ་ག་ཤི་བའི་བུད་མེད་དང་། མོ་ཧྲེང་ཟེར་ན་ཁྱོ་ག་ཤི་བ་མིན་པར་དང་པོ་ནས་བུད་མེད་ཁེར་རྐྱང་གི་མི་ཚེ་བསྐྱེལ་མཁན་ལ་ཟེར། ཕོ་ཧྲེང་ཡང་དེ་དང་མཚུངས། ཡིན་ནའང་བཟའ་ཟླ་བུད་མེད་ཤི་བའི་ཁྱོ་ག་ལ་ཡུག་པོའམ་ཡུག་ཕོ་ཟེར་བ་གོ་མ་མྱོང།
མ་གཞི་ནས་ཡུག་ས་ལའང་རིགས་མང་པོ་ཡོད་པ་འདྲ།
ངས་ངོས་ནས་བྱས་ན་ཁྱོད་རང་ཚོ་ཁྱི་དང་ཡུག་ས་མ་ལས་ཐབས་སྐྱོ་བའི་མི་ལུས་ཅན་རེད་འདུག མིང་ལྷག་ཞིག་གི་འོག་ཏུ་བསྡད་ནས་དྲ་ཐོག་ཏུ་ཁ་རྒྱག་པ་འདྲ་བཤད། མི་གཞན་ལ་དམོད་མོ་འདྲ་བརྒྱབ། ཁྱོད་ཚོ་ལས་སྐྱོ་བའི་མི་ཞིག་འཛམ་གླིང་ཐོག་ཏུ་སུ་ཡོད་དམ། མི་གཞན་ལ་སྐྱོན་བརྗོད་དང་སྨ་འབེབ་བྱེད་བསམ་ན་རང་གཟུགས་ཕྱི་ལ་སྟོན་ནས་ཤོག་དང་། མིང་ལྷག་གི་འོག་ཏུ་དཔའ་གླུ་ཁྱི་དང་ཡུག་ས་མས་ཀྱང་ལེན་གིན་མ་རེད། ཧཧཧཧཧཧཧཧཧཧ
མྱི་འདི་ཚོ་ལ་ཤི་མཚང་འབྲུ་དགོས་མོ། བོད་མི་ག་ཚོད་སད་མེད་ཀི་ན། སྡུག་པོ་ག་ཚོ་བཏང་མེད་ཀི་ན། ད་ལས་ངན་པོ་དེ་དམྱེལ་བའི་ནང་ན་ཡོད་རྒྱོ་རེད། འཛུ་གུ་གསུམ་ཀར་ནས་ཆོལ་ཁ་གསུམ་སད་པའི་རྒས་ཡོལ་དཔའ་རྟགས་དགོས་ཟེར་ཀི་ཡོད་རྒྱུ་རེད། དེ་མིན་འཆི་ཁ་ཞིག་ལ་སྐྱག་པ་འདྲ་ཞིག་ལབ་ཡོང་རྒྱུ་ཡོད་ནས་ཡིན་རྒྱོ་རེད།
མ་གཞི་ནས་སྤོབས་པ་མཐའ་ཡས་འདི་ལ་མུ་སྟེགས་པའི་ཆ་རྐྱེན་མང་པོ་འདུག རྒྱ་གར་མུ་སྟེགས་པའི་ཆོས་ལུགས་པ་རེ་འགས་ཁྱོ་ཕོ་ཤི་ཚར་དུས་བུད་མེད་བཟའ་ཟླ་དེ་ཡང་ཁྱོ་ཕོ་སྲེག་སའི་མེ་ནང་གཡུགས་ནས་གསོན་སྲེག་བྱས་ཀྱི་ཡོད་པ་རེད། དིང་སང་སྤོབས་མཐའ་འདྲ་བའི་མུ་སྟེགས་པ་ཚོས་དེ་འདྲ་བྱེད་དགོས་བསམས་ཀྱི་ཡོད་ནའང་རྒྱལ་སྤྱིའི་ཁྲིམས་ལུགས་མཐུན་གྱི་མ་རེད། ཁྱོད་རང་ཚོ་ལ་ཁྲིམས་ཆད་ཕོག་གི་རེད་་་་ཤེས་སོང་ངམ། རྗེས་ནས་ཡུག་ས་མ་ལ་སྨ་འབེབ་བྱེད་ཡ་མཚམས་ཞོག་་་་ཨ་་་་ཟེར་གྱི་ཡིན་ད།
གནམ་རྒན་མ་འདི་ཡག་ཉེས་ཤེས་མཁན་ཞིག་རེད་འདུག མྱི་ལུས་ལེན་པའི་ལེན་གོ་ཆོད་པ་རེད། ཉམ་ཆུང་བོད་མི་དམར་གསོད་གཏོང་མཁན་ལ་དུས་ནམ་ཡང་དགའ་གུས་མི་བྱེད་ཐག་ཆོད་ཡིན།།
དོལ་ཏང་ཉམས་ཅན་ཅོ་རི། ཁྱི་ཚོགས་ཀྱིས་ཁྱི་ལོ་གསར་བའི་ནང་གི་དེ་ཟེར་གི་ཡོད་དམ། ཁྱི་ཚུགས་དེ་ཟེར་གིན་ཡོད།
བོད་གཞུང་ལ་སྐུར་བའི་བྱ་སྒང་དང་བྱ་ཤ་དེ་ཚོ་གླེང་གིན་ཡོད་དམ། ཅོ་རིའི་ཁ་སངས་པོ་མི་འདུག
སངས་རྒྱས་ཡེ་ཤེས་སམ་ཡོངས་གྲགས་སུ་གནམ་གྱི་ནོར་བུ་ཟེར་བ་འདི་དང་ཕུན་དབང་དང་སྐོར་ཞིག་བོད་མིས་བོད་མིར་གཉའ་གནོན་དང་དགྲ་འདྲེ་ནང་འདྲེན་ལས་ཐོབ་དང་གོ་ས་རེག་པ་ཤ་སྟག་ཡིན། སྤོབས་བ་མཐའ་ཡས་སྨྱོས་པ་མིན་ན་དེ་ཚོར་གསར་བརྗེ་བའི་མིང་ཞིག་ཇི་ལ་བསྙད། རྔ་བ་ས་ཁུལ་དམྱལ་ཁམས་ཞིག་གཏོང་མཁན་ཡང་ཁོང་ཚོ་རེད། ང་ཕོད་དང་འདི་ཚོས་དབང་རིག་དྭངས་དུས་རྒྱ་གཞུང་གི་དཔུང་གྲོགས་མཛད་ཅིང་རྒས་ནས་དབང་བོ་ལོག་དུས་ད་གཟོད་རྒྱ་གཞུང་ལ་ངོ་རྒོལ་བྱེད་མདོག་བསྟན། འཁྲབ་མཁན་འདི་དག་ལ་གཡོ་སྒྱུའི་གསར་བརྗེ་བ་རེད་ཟེར་ན་འགྲིག ཁོང་གིས་མཛུབ་མོ་གསུམ་མ་དགོས་མཇེ་གྱེན་ན་ཡང་ཕན་ཐོག་ཅི་གང་བྱུང་མེད་པ་དེ་རེད། རྔ་བ་ལ་ལྟོས་དང་།
དྲ་གྲོགས་ཚོ་ལ་འདྲི་རྒྱུ་ཞིག་འདུག ཉེ་སྔོན་ཁ་བརྡ་དྲ་བ་འདི་རུ་རྒྱ་ནག་ནང་ལོག་གི་བུ་མོ་ཞིག་བོད་མཐོ་སྒང་མཚོ་སྔོན་ཕྱོགས་སུ་བལྟ་སྐོར་ཡོང་བའི་སྐོར་གྱི་རྩོམ་ཡིག་ཅིག་མཐོང་སོང་དེ་རིང་ཡང་སྐྱར་དགོས་མཁོ་ཞིག་གི་དབང་གིས་བཙལ་ཀྱང་རེག་མ་སོང་། དྲ་གྲོགས་ཚོས་དེའི་ཁ་བྱང་ངེས་ན་ལན་ཅིག་གནང་རོགས། ང་དགོས་མཁོ་ཞིག་འདུག
ཅོག་མྱི་ལགས། བོད་མི་རྒན་པ་འདི་ཚོར་དངོས་གནས་བོད་ལ་མི་དགའ་དེ་འདྲ་ཨེ་ཡིན་ན། ཐབས་ཇུས་ཐད་ཏན་ཏན་ཁྱད་ཡོང་གི་རེད། བོད། ཟེར་དུས་ཚོར་བ་སྣོན་པོ་གནང་མཁན་དེ་འདྲ་རེད། ལྷག་པར་དུ་འབའ་བ་ཟེར་ན་རུས་རྐང་ཅན་དེ་འདྲ་རེད།
མི་རབས་རྒན་པ་གསེར་ལྟ་བུ་ལ་དེ་འདྲ་རང་ཨེ་རུང་། ཡང་ཅིག་ཞུས་ན་རྒྱ་གཞུང་བཀོད་སྲོག་བཏང་ཡོད་ན། ཇི་ལྟར་ཆགས་མིན་ཡང་བསམ་བློ་ཏན་ཏན་བཏང་དགོས་ཀྱིན། ང་ཕོས་པན་ཆེན་རིན་པོ་ཆེ་དང་ཉམས་ལས་མང་བོ་གནང་རབས་ཡོད་ད།
ཅོག་མྱི་ལགས། བོད་མི་རྒན་པ་འདི་ཚོར་དངོས་གནས་བོད་ལ་མི་དགའ་མཁན་དེ་འདྲ་ཨེ་ཡིན་ན། ཐབས་ཇུས་ཐད་ཏན་ཏན་ཁྱད་ཡོང་གི་རེད། བོད། ཟེར་དུས་ཚོར་བ་སྣོན་པོ་གནང་མཁན་དེ་འདྲ་རེད། ལྷག་པར་དུ་འབའ་བ་ཟེར་ན་རུས་རྐང་ཅན་དེ་འདྲ་རེད།
མི་རབས་རྒན་པ་གསེར་ལྟ་བུ་ལ་དེ་འདྲ་རང་ཟེར་ཨེ་རུང་། ཡང་ཅིག་ཞུས་ན་རྒྱ་གཞུང་གིས་བཀོད་ཇུས་སྲོག་བཏང་ཡོད་ན། ཇི་ལྟར་ཆགས་མིན་ཡང་བསམ་བློ་ཏན་ཏན་བཏང་དགོས་ཀྱིན། ང་ཕོས་པན་ཆེན་རིན་པོ་ཆེ་དང་ཉམས་ལས་མང་བོ་གནང་རབས་ཡོད་ད།
དྲན་དཀར་ལགས།
དངོས་ཐོག་བདེན་འཚོལ་གྱིས་སྐད་ཆ་བཤད་དགོས་པ་མ་གཏོགས་རང་རང་གི་དགའ་མོས་ཉི་ཚེ་བ་དེས་སྐད་ཆ་བཤད་རྒྱུ་ཡོད་པ་མ་རེད། གལ་སྲིད་བོད་འདིར་རང་སྐྱོང་དང་བདེ་སྐྱིད་ཡག་ཐག་ཆོད་ཅིག་ཡོད་ན་བདག་གིས་ད་གཟོད་ང་ཕོད་དང་གནམ་ནོར་དང་ཕུན་དབང་སོགས་གསར་བརྗེ་བར་བརྩིས་ནས་བཀུར་ངེས་ཡིན། ཡིན་ན་ཡང་བོད་ཀྱི་གནས་བབས་ལ་གཟིགས་དང་། མི་རབས་རྒན་པ་རག་འདྲ་བ་འདི་དག་གིས་བཟོས་པ་མིན་ན་སུས་བཟོས་པ་རེད། ང་ཕོད་ཤི་ན་དཔའ་བོ་རེད། ཕུན་དབང་འགྱེད་ན་མཁས་པ་རེད། དབང་ཆ་ཡོད་དུས་རྒྱ་གཞུང་གིས་ལྐུབ་ལ་འཛུལ་ནས་མ་ཁོམ། དབང་ཆ་མེད་དུས་རང་ཉིད་འུར་སྒྲོག་གི་ཆེད་དུ་གཏམ་དང་བྱ་སྤྱོད་ཆོ་མེད་ལུང་མེད་བསྟན། རྒན་རབས་འདི་དག་ནི་བོད་ཀྱི་ངོ་ཚ་དང་ན་ཚ་རེད།
འུ་ཅག་གིས་གཅིག་གིས་གཅིག་ལ་ཁྱི་དང་ཕག་པ་ཞེས་སྡིག་དམོད་བྱེད་པ་འདི་རྩོམ་པ་པོ་ཞིག་གི་ལས་དཀའ་མ་རེད་བསམ། ང་ཚོར་བསམ་ཚུལ་མི་མཐུན་པ་ཡོང་ཆོག་གི་རེད། དེ་ལ་ཕྱོགས་གཉིས་ཀ་ནས་འགྲེལ་བཤད་ཀྱང་བརྒྱབ་ཆོག་གི་རེད། འོན་ཀྱང་། རྒྱུ་མཚན་སུ་ལ་ཡོད་མེད་ཀྱི་ཁྲུན་ཐག་གཅོད་མཁན་ནི་ཀློག་པ་པོ་རྣམས་ཡིན་པ་ལས་ང་བདེན་ཁྱོད་རྫུན་གྱི་འུ་ཚུགས་བྱེད་རྒྱུ་དེ་མ་ཡིན། ནམ་ཞིག་འུ་ཚོར་གཉིས་གུས་ཀྱི་བསམ་བློ་མ་སྐྱེས་པ་དེ་སྲིད་དུ་ང་ཚོ་མི་དྲང་མོ་ཞིག་དང་རྩོམ་པ་པོ་གཟུ་བོ་ཞིག་བྱེད་མི་ཐུབ། དེར་བརྟེན་སྨྱུག་ཐོག་པ་རྣམས་ཀྱིས་འདིའི་ཐད་བསམ་གཞིགས་རེ་གནང་རོགས།
ཅོག་ཉི་ལགས། འདྲ་བོ་ཅིག་གསུངས་སོང་དེ་ཡིན་ནའང་པན་ཆེན་རིན་པོ་ད་དུང་བཞུགས་ཡོད་ན་ཁྱེད་ཀྱིས་བསམ་གིན་ཡོད་ཤག་རེད། འབའ་བ་ཡང་བོད་མིའི་བོད་ཆེས་མཐོང་ཡོད་པའི་མི་ཞིག་ཡིན་ན་ད་ཆར་བཞུགས་ཡོད་པ་མ་རེད། རྗེས་འབྲང་ཉུང་བ་དང་རྒད་པོ་ཡིན་རྒྱ་གཞུང་གི་བཞག་པ་རེད་མ་གཏོགས་ཡང་བསྐྱར་ཁྲིམས་ཁང་འགྲོ་ཤག་ལྟ་བུ་བྱས་སོང་ང།
ཅོག་མྱི་ལགས། འདྲ་བོ་ཅིག་གསུངས་སོང་དེ་ཡིན་ནའང་པན་ཆེན་རིན་པོ་ད་དུང་བཞུགས་ཡོད་ན་ཁྱེད་ཀྱིས་བསམ་གིན་ཡོད་ཤག་རེད། འབའ་བ་ཡང་བོད་མིའི་བོད་ཆེས་མཐོང་ཡོད་པའི་མི་ཞིག་ཡིན་ན་ད་ཆར་བཞུགས་ཡོད་པ་མ་རེད། རྗེས་འབྲང་ཉུང་བ་དང་རྒད་པོ་ཡིན་རྒྱ་གཞུང་གི་བཞག་པ་རེད་མ་གཏོགས་ཡང་བསྐྱར་ཁྲིམས་ཁང་འགྲོ་ཤག་ལྟ་བུ་བྱས་སོང་ང།
པཀྵི་ལགས་བྱོན་ལེགས། ང་སྨྱུག་ཐོག་པ་མིན་ལ་དངོས་གནས་སྨྱུག་ཐོག་པ་བྱེད་བགྱིར་ངོ་ཡང་ཚ་ཀྱིན་འདུག འཚིག་པ་མ་ཟ།
སྤོབས་པ་མཐའ་ཡས་འདི་རང་བཙན་པ་ཞིག་ཡིན་བསམ་ཡོད་པས་དེ་རིང་ཧོབ་སྟེ་སངས་རྒྱས་ཡེ་ཤེས་སྟེ། བོད་མི་གསར་བརྗེ་བ་ཞིག་གི་ལོ་རྒྱུས་དང་འབྲེལ་ཁོང་གི་ལངས་ཕྱོགས་ལ་ལག་སྙོབ་བྱས་འདུག་པ་ཅུང་ཡ་མཚན་སོང་། གལ་ཏེ་སངས་རྒྱས་ཡེ་ཤེས་ཀྱིས་མཛུབ་མོ་གསུམ་གནམ་ལ་ཀེར་ནས་ཆོལ་གསུམ་གཅིག་གྱུར་གྱི་སྐད་ཆ་ཞིག་བཤད་པའི་དབང་དུ་བཏང་ནའང་། ཁོང་གིས་རང་སྐྱོང་གླེང་ཡོད་པ་ལས་རང་བཙན་གླེང་མེད་པ་ཚོད་དཔག་བྱེད་ཐུབ་པས་དེ་ལ་དགའ་རྒྱུ་ཅི་ཞིག་ཡོད་དེ། ང་ཚོས་ཚུར་ཕྱོགས་འདིར་ཆོལ་གསུམ་གཅིག་གྱུར་གྱི་རང་སྐྱོང་དེའི་ཆེད་དུ་སྐྱབས་མགོན་རིན་པོ་ཆེར་ཡང་ཁ་གཏོང་གྲབས་བྱེད་གི་ཡོད་པ་མ་ཡིན་ནམ།
པཀྵི་བྱོན་ལེགས ཆོ་མེད་མ་གསུངས་ཨ། སྐབས་འཚོལ་མ་བྱེད་དེ་ལས་གོང་དུ་རང་གིས་གསུངས་པ་ལྟར་ཡ་རབས་གནོང་ན།
ཐན་པའོ་ཡིས་དམར་དམག་གི་སྣེ་ཁྲིད་ནས་མདོ་ཁམས་ལ་བོད་མི་ཁྲི་ཁྲག་དམར་གསོད་བཏང་བའི་ལོ་རྒྱུས་དྲང་པོ་པེ་ཅིང་གི་འཇམ་དཔལ་རྒྱ་མཚོས་བྲིས་པའི་བོད་སྐྱོད་དཔུང་དམག་གི་ལོ་རྒྱུས་ནང་འཁོད་འདུག དེའི་ནང་ལ་ཐན་པའོ་སྐུ་ངོ་མས་མགོ་ཁྲིད་ནས་རྫ་སྟོད་དང་འབྲི་ཆུའི་ཁུལ་ལ་ཁམས་པ་མང་པོ་གནམ་ནས་སྦོམ་གཡུགས་ནས་བསད་འདུག གལ་ཏེ་ཤི་མཁན་ཚོ་ཨ་མདོ་ཡིན་ན་སྤོབས་པ་མཐའ་ཡས་ཀྱིས་ཐན་པའོ་ལ་ལྟ་ཚུལ་དེ་གཞན་ཞིག་ཡིན་སྲིད
ཀློང་ཆུང་ལགས་བྱོན་ལེགས། དྲི་བ་ཟབ་པོ་འདུག ཡིན་ན་ཡང་ཐན་པོས་དམག་སྣེ་མ་ཁྲིད་ན་ཡང་གནམ་ལ་གཡུག་ནས་གསོད་མི་སྲིད་པ་མ་ཡིན་པར་གསོད་ཤག་ཡིན་པར་མཁྱེན་དགོས་འདྲ།
ངས་ཐེན་པོ་བཟང་ངན་ཅང་བཤད་གི་མེད། ལོ་རྒྱུས་ཤིག་ངོ་སྤྲོད་བྱས་པ་ཙམ་ཡིན།
ང་བོད་མི་ནང་་ཁུལ་ལ་ལ་རྒྱལ་ཚོང་དང་། ལག་དམར། རྒྱུགས་ཁྱི་སོགས་ཀྱི་མིང་འདོགས་པར་གཏན་ནས་མི་དགའ་མཁན་ཞིག་ཏུ་འགྱུར་བཞིན་ཡོད
རྒྱ་དམག་ཁྲིད་མཁན་སུ་གཅིག་ཀྱང་མེད། རྒྱ་དམག་བོད་ལ་གཏང་རྒྱུ་མའོ་ཙི་ཏུང་གིས་གཏན་འབེབས་བྱས་་ཟིན་པ་རེད།
ཡིན་ན་འང་དགུ་རྫོགས་གནམ་དགུང་ཡིན་ཟེར་དུས་དེ་ག་རང་གནམ་དགུང་འབྱུང་དུས་ཅིག་ཡོད་ད། ཞིབ་འཇུག་པ་ཅིག་གི་ངོས་ནས་ཞུས་པ་ཡིན།
རྒྱ་དམག་བོད་ལ་ཁྲིད་མཁན་བོད་མིའི་མགོར་འཇོག་རྒྱུ་དེ་རྒྱ་དམར་གྱི་གཡོ་རྫུན་རེད
ང་ཕོད་དང་འབའ་བ་པན་ཆེན་རིན་པོ་གསུམ་ནི་གསེར་ལྟ་བུས་རིན་པོ་གསུམ་རེད་འདོད་ཀྱིན་རེད། མི་གཞི་ངོས་ནས་བཤད་ཀྱིན་ཡོད།
ང་ཕོད་དང་འབའ་བ་པན་ཆེན་རིན་པོ་ཆེ་གསུམ་ནི་གསེར་ལྟ་བུས་རིན་པོ་གསུམ་རེད་འདོད་ཀྱིན་ཡོད། མི་གཞི་ངོས་ནས་བཤད་ཀྱིན་ཡོད།
དེ་འདྲས་གཡོ་ཇུས་ཀྱི་དྲོད་མ་ཟིན་ན་རྩམ་པ་རང་ཟོས་པ་རེད་ད། ཇོ་ཤག
ལྷ་སའི་དམངས་གཞས་ཅིག་གཏོང་འདོད་བྱུང་། ང་ཕོད་ངར་ནས་ཕྱིན་སོང་། ལྷ་ས་བཙོང་ནས་ལོག་བྱུང་། ང་ཕོད་ངར་ནས་ཕྱིན་སོང་། ཆབ་མདོ་བསྐྱལ་ནས་ལོག་བྱུང་།
མ་གཞི་བློ་མཐུན་ཏང་ཡོན་འདི་གསུམ་ལ་ཞུ་དགོས་གང་ཡང་མེད། མི་རིགས་ཀྱི་ལྟ་བ་དང་ལ་རྒྱ་ཡོད་པ་འདྲ་པོ་ཏང་དང་རྒྱལ་ཁབ་ལ་བློ་གཅིག་སེམས་གཅིག་ཡིན་པ་འདྲ་པོ། སྐབས་རེ་ཏང་དང་རྒྱལ་ཁབ་ཀྱི་ངོ་ལོག་པ་ཡིན་པ་འདྲ་པོ། དཀར་ནག་བཤད་ཁག་སེའེ་ཡོད་ད། སྤྱང་པོ་གྲུང་པོ་ནི་ཡོད་ཐག་གཅོད་རེད།
ལེགས་ཉེས་ཆ་འདྲེས་ཀྱི་བྱས་རྗེས་ཅན་ནི་ཡིན་བདེན་པ་རེད།
ཞོལ་གཡག་བྱོན་ལེགས། ང་ཕོད་ངར་ནས་ཕྱིན་སོང་། ཟེར་བ་དེ་ཧ་ཅང་གི་རྩ་ཆེན་ཅིག་དེ་དུས་ངར་མཁན་མེད་པ་ལྟ་བུར་བདག་གིས་གོ་ཀྱིན་འདུག
ངའི་རྨོངས་འཆར་ལ། རྒྱ་དམག་བོད་ལ་གཏོང་རྒྱུ་མའོ་ཙེ་ཏུང་གིས་གཏན་འབེབས་བྱས་ཟིན་ན་ཡང་། རྒྱ་གཞུང་ལ་ཞེ་ཐག་པ་ནས་ཞབས་ཞུ་སྒྲུབ་མཁན་བོད་རིགས་དེ་ཚོས་ཀྱང་མེ་ཐོག་བུད་ཤིང་གི་ཚུལ་དུ་རྒྱ་གཞུང་གི་དགོས་མཁོ་ཆེན་པོ་བསྐངས་ཡོད།
སྐབས་དེའི་བོད་ཀྱི་གནས་སྟངས་ཀྱི་ངོས་ནས་བརྗོད་ན། བོད་མི་དམངས་ལ་བཙན་གྱིས་དྲག་གནོན་བྱེད་མཁན་གྱི་དགྲ་བོའི་དཔུང་གྲོགས་སུ་གྱུར་པའི་བོད་རིགས་མཐོ་དམན་སུ་ཞིག་ཡིན་ཡང་། རྒྱལ་ཚོང་བ་དང་། རྒྱུགས་ཁྱི། ངོ་ལོག་པ་བཅས་ཡིན་པ་ནི་དུས་སྐབས་ཀྱིས་སྤྲད་པའི་དཔང་རྟགས་ཤིག་ཡིན་པ་ལས། དེ་ལ་དོན་མེད་ངང་ཆེད་དུ་མིང་ངན་བཏགས་པ་ཞིག་མིན་ངེས།
ཡིན་ན་ཡང་། རྒྱ་གཞུང་གི་དཔུང་གྲོགས་ཆེན་པོ་བོད་རིགས་དེ་ཚོ་ལ་རིགས་ཞེན་དང་ཁྱད་ཆོས་ཅི་ཡང་མེད་པའང་གཏན་ནས་མ་རེད། དེ་ཚོའི་བོད་ཐད་བཞག་པའི་བྱས་རྗེས་དང་། རྒྱ་གཞུང་གི་དགོས་མཁོ་བསྐངས་པའི་ལེགས་སྐྱེས་གཉིས་ཀྱི་ལྕི་ཡང་གཞལ་ན་ཕྱི་མ་འདི་ཧ་ཅང་ཆེ་བ་སྨོས་མེད་ཡིན།
རྒྱང་མིག་བྱོན་ལེགས། དགོས་མཁོ་ཆེན་པོ་བསྐང་བ་བདེན་པར་སྣང་། ཡིན་ན་ཞེ་ཐག་པ་ནས་ཟེར་ན་ལགས་སོ་ཞུ་ཁག་པོ་བྱུང་། བོད་མིས་རྒྱ་ལ་ཞབས་ཞུ་ཞུ་མི་འདོད་པ་རེད།
ད་དུང་དམག་ཁྲིད་ཡོང་མཁན་རེད་ཟེར་ན་ཚིག་གིས་ཆ་ནས་ཡ་མཚན་པོ་ཅིག་རེད། དེ་ལས་ཆེད་དུ་བརྟག་ན་དམག་དང་མཉམ་དུ་ཡོང་བ་ལ་ཟེར་བ་ལྟ་བུ་རེད་འདུག་ག།
ཡུག་ས་རེད། ཡུག་ཟ་རེད། ཡུག་བཟའ་རེད། གང་དག་པ་རེད། ལགས།
ཚིག་མཛོད་ཆེན་མོ།
རང་གི་བཟའ་ཟླ་ཤི་བའི་མོ་ཧྲེང༌།ཁྱོ་ག་ཤི་སྟེ་ཡུག་ཟར་གྱུར་པ།
ཚིག་མཛོད་ཆེན་མོ།
ཆུ་སྟོད་ཟླ་བ་སྟེ་ཧོར་ཟླ་དྲུག་པ། རྡོ་རྗེ་མཁའ་འགྲོའི་རྒྱུད་སོགས་ནས་ཡུག་ས་མའི་ཟླ་བ་ཞེས་བརྗོད།
བདག་གིས་མ་དཔྱད་པར་བྲིས་པ་ཡིན་མོད། ་ཡུག་ས་དང་ཡུག་ཟ་གཉིས་ཀ་རུང་བར་སེམས།
པན་ཆེན་བོད་དུ་ཐོག་མར་ཡོང་སྐབས་རྒྱ་དམག་མཉམ་དུ་ཡོང་བ་རེད། ཡིན་ན་ཡང་དེ་ནི་རྒྱ་དམག་གིས་གོ་སྐབས་དེ་བེད་སྤྱད་པ་མ་གཏོགས་པན་ཆེན་ནང་སྒང་གིས་ཁྲིད་ཡོང་བ་མ་རེད
༼༤༥༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༤ སྐར་མ་ ༣༠
རྒྱ་དམག་བོད་ལ་ཁྲིད་མཁན་བོད་མིའི་མགོར་འཇོག་རྒྱུ་དེ་རྒྱ་དམར་གྱི་གཡོ་རྫུན་རེད༽
དམར་ཕྱོགས་་ཚོགས་པའི་གཡོ་སྒྱུ་ཡིན་ན། གཡོ་སྒྱུའི་འོག་ཏུ་ཚུད་མཁན་ཀུན་ལྐུག་པ་ཡིན་པའི་བདེན་དཔང་འདོད་ལ། ལྐུག་པ་ཞིག་ལ་རིན་ཐང་སྤྲད་མཁན་ནི་དེ་བས་མི་འོས་བ་འདོད། ལྷག་པར་དུ་ཁོས་བོད་ཆོལ་གསུམ་རང་ལྗོངས་བཤད་པའི་བདེན་དཔང་གང་དུ་ཡོད། བདེན་དཔང་མེད་ན་རྫུན་མ་རེད། ཅང་དང་ལྷན་དུ་དེའི་སྐོར་སྐད་ཆ་བཤད་ན་ཕན་ཐོགས་དཀོན། ཅང་ནི་སྲིད་འཛིན་ལས་རྒན་བྱོལ་སོང་ཟིན།
ཨནུཐངལགས། སྐབསདེརཅངནི་སྲིད་སྐྱོང་ལས་ཐོག་པ་རེད། མགོ་སྐོར་འོག་ཏུ་ཚུད་མཁན་གཙོ་བོ་ནི་སྐབས་དེར་རྒྱལ་བ་པན་ཆེན་གཉིས་དང་དེ་གཉིས་ཀྱི་རྗེས་འབྲངས་ཁག་གཅིག་རེད།
རུས་ཕན་མིང་པས་བཤད་པ་ལྟར་ན་
ནང་མ་སྒང་གི་ཁྲི་འདོན་ཆེད་དུ་གྲོལ་བཅིང་དམག་ཡོང་ཡོད། ཡིན་ནའང་དེ་ནི་རྒྱའི་ཞབས་ཞུའི་ཆེད་རྩ་བ་ནས་མིན་པར་ནང་མ་སྒང་རང་གི་ཞབས་ཞུར་དམིགས་པ་ཡིན་རྒྱ་ལ་ཡང་དམིགས་ཡུལ་ཞིག་ཡོད་པ་ཞུ་མི་དགོས།
ལྷ་སར་མང་འགྱེད་གྱིས་མིང་ཐོག་ནས་ཡང་ཡོད།
ཤེས་འན་བརྒྱུད་ནས་གྱང་འབྱོར་ཡོད།
ཕུན་དབང་དང་ལྷན་དུ་ཡང་ཡོང་ཡོད་
གང་ལྟར་ང་ཚོས་ཡ་རབས་དང་བཟང་སྤྱོད་མི་ཉམས་ཆེད། བོད་དོན་དུ་ཁྲིམས་ཁང་དུ་བཞུགས་མྱོང་མཁན་དང་། མ་མྱོང་ཡང་ངང་རྒྱུད་རིང་བོའི་ལས་ཀྱིས་སྣེ་མོ་བ་ཚོར་དམའ་འབེབས་བྱེད་བསྡད་པ་ཡིན་ན་ང་ཚོ་མི་ཆོ་མེད་ཆགས་པ་རེད་ལ། རང་དབང་སླར་གསོ་འཁུར་ལྕི་རུ་ཡང་བཏང་བ་རེད།
ཡ་ཡ། སྤོབས་པ་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ། ༢༠༠༨ལོར་གྲོངས་པས་་་ཁོང་མ་གྲོངས་བའི་ལོ་ཁ་ཤས་གླེང་སྐབས་ངས་ནི་ལོ་གཉིས་གསུམ་གྱི་སྔོན་རེད་བསམ་སོང་། དེ་ལྟར་ཡིན་ན་སྲིད་འཛིན་ཧོའི་རེད། གང་ལྟར་ངས་གོ་བ་ལེན་སྟངས་ནོར་ཡོད་ས་རེད།
བདེན་པ་རེད། རྒྱའི་མགོ་སྐོར་འོག་ཏུ་ཚུད་མཁན་རྒྱལ་པན་གཉིས་དང་རྒྱ་ནག་དང་ལག་འབྲེལ་བྱེད་མཁན་ཀུན་རེད་སྙམ། གང་ལྟར་ཁོང་གི་གནས་ཚུལ་བཀོད་པ་ཡག་བྱུང་།
ཡིན་ཡང་། གུས་བཀུར་བྱེད་སའི་མི་རྣམ་དཔྱོད་ཅན་དང་བྱས་རྗེས་ཅན་ཞིག་རེད་མི་འདུག གཞན་གྱི་ལག་ཆ་ནས་ཟད་པའི་མི་ཞིག་རེད་སྙམ། ཡིན་ཡང་། གནས་ཚུལ་འདི་དག་སླབ་བྱའི་ཆེད་དུ་ངེས་བར་དུ་ཤེས་དགོས་བའི་གནད་དོན་ཞིག་རེད།
སྤོབས་པ་མཐའ་ཡོད་ལགས། ཁྱེད་ལ་ཏང་གི་གཤིས་ཀ་དང་ཆོལ་ཁའི་ཁྱད་དངོས་གནས་འདུག ཐན་པོ་ལྟ་བུ་འདི་འདྲ་མཚམས་སྦྱོར་བྱ་བ་ལས། རིག་གཞུང་ལ་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སྐུ་གཤེགས་པའི་གནས་ཚུལ་ལྟ་བུ་བཀོད་ན། བོད་མི་ཚོས་བསྟོད་རིན་ཡོད་པ་ཅིག་རེད་དོ། འདི་འདྲ་བཀོད་ན་ཆོས་དགག་པ་ལས་སྡུག་རེད། ཁོང་ནི་དེབ་འབྲི་མི་ཤེས་པའི་ཡིན་ས་རེད་པ། ད་དངོས་གནས་དཔོན་པོ་གང་འདྲ་སེ་བསྡད་པ་ཡིན་ན་ཨ།
ཧཧཧ ངོ་མ་ཁྱད་མཚར་རེད། སྐབས་རེ་རྒྱལ་བ་རིན་པོ་ཆེས་རང་བཙན་བློས་བཏང་སོང་ཞེས་ངུ་གྲབས་འདྲ་ཞིག་བྱེད་ཡོང་གི་འདུག སྐབས་རེ་རྒྱ་རྒན་ཞིག་གིས་ཆོལ་གསུམ་གཅིག་གྱུར་གླེང་འདུག་ཅེས་གུང་བཀུར་གྱི་རྣམ་འགྱུར་འདྲ་ཞིག་བསྟན་ཡོང་གི་འདུག ད་མི་འདི་ཚོས་ཅི་ཞིག་བཤད་རྩིས་ཡོད་ན།
གུས་བཀུར་ཞེས་བཅོས
རིག་གཞུང་ལ་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། གོ་ཐོས་ལ་སྟོད་ལྷ་རྩེ་ལུང་ཕྱོགས་ནས་བརྒྱུད་པ་ཡིན་པ་འདྲ། པཎ་ཆེན་སྐུ་གོང་མའི་ཞབས་གྲས་ཛ་སག་ལྷ་མོན་ཟེར་རམ་སྙམ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཛ་སག་དེ་ཡི་སྤུན་མཆེད་ཡིན་པ་ཐོས། དམ་པ་དེས་ལོ་རྒྱུས་ཀྱི་དེབ་འགའ་བཀླགས། ལྷག་པར་དུ། ད་ལྟའི་ཡོངས་གྲགས་ཅན་གྱི་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས། བོད་ཀྱི་ཡི་གེ་ངོ་སྤྲོད་ཀྱི་གསར་གཏོད་མཛད་པོ་ཐོན་མི་ལ་ཁ་གཡར་བ་མ་གཏོགས། དོན་དུ་ས་པཎ་ཀུན་དགའ་རྒྱལ་མཆན་གྱིས་མཛད་པའི་ཡི་གེ་སྦྱོར་བ་ནས་བླངས་པ་སོགས་སྒྲུབ་བྱེད་བཀོད་པ་མཐོང་ཞིང་བཀླགས་སོ།
དམ་པ་དེས་ལོ་རྒྱུས་ཀྱི་དེབ་འགའ་བཀླགས། དམ་པ་དེས་བྲིས་པའི་ལོ་རྒྱུས་ཀྱི་དེབ་འགའ་བཀླགས། ཞེས་བཅོས།
སྐུ་ཞབས་ལུང་རྟོགས་ལགས། དེ་ངོ་མ་ངོ་མ་ཁྱད་མཚར་པོ་འདུག རྒྱལ་བ་རིན་པོ་ཆེ་སོགས་ཀྱིས་རང་དབང་ལུང་པ་རུ་ཡོད་ཀྱང་ཆོལ་གསུམ་གཅིག་གྱུར་ཞིག་ལས་ཟེར་མི་ཐུབ་པ་དང་རྒྱ་དམར་གུང་ཁྲན་གྱི་ལས་བྱེད་ཆེས་རྒན་གྲས་ཤིག་གིས་ཆོལ་གསུམ་གཅིག་གྱུར་དགོས་ཟེར་ནས་རྒྱ་དམར་གྱི་སྲིད་འཛིན་ཡོད་སར་སྐད་རྒྱག་ཐུབ་པ་དེར་ངས་ཁྱད་མཚར་པོ་ཞེ་དྲགས་མཐོང་སོང་། ཁྱད་མཚར་པོ་ཞིག་ལ་མཐོང་ནས་ངས་འདིར་བཀོད་པ་ཡིན།
གྱ་དགུ་ལོའི་པན་ཆེན་རིན་པོ་ཆེའི་འདི་ལྟར་གསུངས་ཡོད།
རི་ཕར་ཕྱོགས་ཀྱི་མིས་ཞིང་ལྗོངས་ལྔ་ཟླ་སྒྲིལ་བཤད་པ་ཁ་བྲལ་རྩ་བ་ཉིད་ནས་མ་རེད་ལོ་རྒྱུས་ཐོག་ཞིང་ལྗོངས་ལྔ་ཟླ་སྒྲིལ་བྱུང་ཡོད་རེད་ལ་ད་ལྟ་ཡིན་ནའང་གཡོན་ཕྱོགས་སུ་མ་ལྷུང་བར་ཁེ་ཕན་གཙོར་འདོན་གནང་དགོས་ཀྱི་རེད། འདིར་བལྟ་དང་འདྲོག་སློང་མཁན་འདུག་གཡོན་ཕྱོགས་སུ་ལྷུང་བ་རེད་ཅེས། གསུངས་ཡོད།
དེ་ནས་ཡུན་རིང་མ་སོང་བར་ཁོང་སྐུ་གཤེགས་པ་རེད། ༧གོང་ས་མཆོག་གིས་ལམ་དབུ་མ་དོར་བ་ཡིན་ན་འབའ་བ་དང་པན་ཆེན་རིན་པོ་ཆེ་རྣམས་རྫུན་མ་བཟོས་པ་མ་རེད་དམ། སྤོབས་པ་བསམ་བློ་བཏང་ནས་གསུངས་ཨ།
ང་ནི་། མི་དེ་མཁས་མི་མཁས་ལ་མི་ལྟ་བར། མི་དེ་ཐོགས་ཆེ་མི་ཆེ་དང་། མི་དེ་བཀྲ་ཤིས་དང་མི་ཤེས་ལ་ལྟ་མཁན་ཅིག་ཡིན་པས་་་་་
པན་ཆེན་བོད་དུ་ཐོག་མར་ཡོང་སྐབས་རྒྱ་དམག་མཉམ་དུ་ཡོང་བ་རེད། ཡིན་ན་ཡང་དེ་ནི་རྒྱ་དམག་གིས་གོ་སྐབས་དེ་བེད་སྤྱད་པ་མ་གཏོགས་པན་ཆེན་ནང་སྒང་གིས་ཁྲིད་ཡོང་བ་མ་རེད ་་་་་་ཟེར།
མི་ངན་ཤི་ཡང་གཏམ་ངན་ཤི་རྒྱུ་མེད། མི་བཟང་གཤེགས་ཀྱང་། སྙན་གྲགས་ཡལ་རྒྱུ་མེད།
གོང་ནས་གཅིག་གིས་ལྷ་སའི་དམངས་གླུ་ནང་དུ་ཕུན་དབང་ངར་ནས་ཕྱིན་སོང་ཞེས་གླུ་ཞིག་བྲིས་འདུག
ལྷ་ས་བས་བོད་མི་ལ་རྒྱ་ཅན་ལ་དམངས་གླུ་མང་པོ་ལེན་གི་རེད་ དཔེར་ན་པན་ཆེན་རིན་པོ་ཆེ་ལ་ཡང་
ཚོང་པ་རྒྱག་པ་ཞེས་གླུ་ཞིག་བསྒྲིགས་ཡོད་རབ་འདུག པེ་ཅན་གསེར་གྱི་རི་ལ། མོའི་ཀྲུའི་ཞི་གསེར་གྱི་
ཉི་མ་ཤར་ཟེར་ནས་ཚེ་བརྟན་སྒྲོལ་མས་དང་པོ་ལྷ་ས་ནས་བླངས་པ་རེད། ཧཧཧཧ ལྷ་ས་བ།
དོན་དགའ་ལགས ཁྱེད་རང་ཨ་མདོ་བ་ཡིན་པའམ་ཡིན་གནང་གི་ཡོད་ས་རེད་དམ་ལགས།
ལྷ་སའི་དམངས་གླུ་ནང་དུ་ཕུན་དབང་ངར་ནས་ཕྱིན་སོང་ཞེས་གླུ་ཞིག་བྲིས་འདུག ་་་་ཞེས་པའི་གླུ་ཚིག་འདིར་བཀོད་ཐུབ་ན་ཨ།
་་་་་ པེ་ཅན་གསེར་གྱི་རི་ལ། མོའི་ཀྲུའི་ཞི་གསེར་གྱི་ཉི་མ་ཤར་ཟེར་ནས་ཚེ་བརྟན་སྒྲོལ་མས་དང་པོ་ལྷ་ས་ནས་བླངས་པ་རེད། ཧཧཧཧ ལྷ་ས་བ། ་་་་་ཟེར།
ཚེ་བརྟན་སྒྲོལ་མའི་སྐོར་ལ་མང་ཙམ་ཤེས་འདོད་ཡོད་ཀྱང་་་་་
པན་ཆེན་རིན་པོ་ཆེ་ལ་ཚོང་བ་རྒྱགས་པ་ཟེར་བ་འདི་དམའ་འབེབས་ཀྱི་མཚན་སྨད་སྡུག་པོ་ཞིག་ཅང་མ་རེད་ཡ། པན་ཆེན་རྒྱགས་པ་ཞིག་ཡོད་པ་རེད། དེང་སང་རྒྱགས་པ་ཟེར་བ་འདི་སྡུག་ཐག་ཆོད་ཅིག་ལ་བརྩི་ཡི་ཡོད་པ་མ་གཏོགས་བོད་དང་རྒྱ་ནག་སོགས་སུ་སྔོན་དུས་སུ་རྒྱགས་པ་ཟེར་དུས་མི་བསོད་ནམས་ཆེན་པོ་དང་རྫིགས་པོ་ལ་མཐོང་གིན་ཡོད་རེད། པན་ཆེན་ཚོང་པ་ཞིག་རེད། ཚོང་པ་ཟེར་ན་སྡུག་པོ་ཞིག་ཅམ་མ་རེད། དེང་སང་ཚོང་པ་ཟེར་དུས་ལས་རིགས་ཡག་གྲས་ལ་འཇོག་གིན་འདུག་ག པན་ཆེན་གྱིས་གངས་ལྗོངས་ཀུང་སི་བཙུགས་པའི་གྲ་སྒྲིག་བྱས་པ་སོགས་ཚོང་ལས་བྱ་རྒྱུ་དེ་གཡོལ་དུ་མེད་པའི་ཡར་རྒྱས་ཀྱི་ལས་འགན་ཞིག་ལ་བརྩིས་ཡོད་ཚོད་རེད། ཚོང་བ་རྒྱགས་པ་དེ་སྐུ་ཚེ་རིང་པོ་མ་བཞུགས་པ་དེ་ཕངས་པོ་རེད།
ཚེ་བརྟན་སྒྲོལ་མ་ལགས་ནི་བོད་སྐད་ཀྱི་སྟེང་ནས་ཆབ་སྲིད་གནས་བབ་དང་མཐུན་པའི་དེང་རབས་ཅན་གྱི་གླུ་དབྱངས་གསར་བཏོད་བྱེད་མཁན་ལ་བཞག་ན་འགྲིགས།
དེ་འདྲ་རང་ཨེ་ཡིན་ན། ཡིན་ན་ལས་དཀའ་ཚེགས་ཆེ་དུས་ཀྱི་གཞས་སྣ་གྲགས་ཅན་གྲངས་ཡིན་ཚོད་ཡིན།
ད་དུང་བོད་ཀྱི་ཐེབས་རྩ་ཚོགས་པ་ཟེར་བ་ཞིང་གཤེགས་ང་ཕོད་དང་པན་ཆེན་རིན་པོ་རྣམས་ཀྱི་མཉམ་ལས་ཚོགས་པ་དེ་འདྲ་ཡང་ཡོད་རབས་ཡིན།
པན་ཆེན་རིན་པོ་སྐུ་གཤེགས་པ་ཕངས་པོ་རེད་དེ། ཕུན་དབང་མཆོག་ལ་བརྟན་བཞུགས་ཙམ་ཡང་ད་བར་དུ་ཕུལ་མེད་པ་ཞེ་དྲག་ཕངས་པོ་རེད་ད།
བོད་འདི་ཡ་མཚན་རེད་གསེར་མང་པོ་ཡོད་པ་རེད་ལ། གསེར་གྱིས་གསེར་རྫུན་མ་མི་བཟོ་བ་དེ་ཡང་། རྒྱ་ལས་ཞེ་དྲག་ཡག་སེ་འདུག་ག འདི་ཡང་གསེར་ལ་དགའ་མཁན་ཚོའི་སྐད་ཆ་རང་ཡིན་ད།
དམག་མི་མེད་ཙང་གསེར་མང་པོ་དེ་ཡོད་པ་དེ་ཡང་ཤིན་ཏུ་དགའ་འོས་རེད་འདུག་ག སྤོབས་པ་ངས་འཐུང་ཡ་མང་དྲག་འདུག་ད་ང་དངོས་གནས་བཟི་འདུག་ད་ཉལ་བགྱིད་ཡིན། དེང་སང་ད་དུང་རྡོ་རྗེ་ཕ་ལམ་ཡང་འདུག་ཟེར་གྱིན་འདུག་ག བཟི་བྱ།
བོད་ཀྱི་ཐེབས་རྩ་ཚོགས་པ་འདི་ལམ་འགྲོ་ཡག་པོ་གཏན་ནས་མ་བྱུང་བ་རེད། ཐེབས་རྩ་ཚོགས་པའི་རོགས་སྐྱོར་བྱ་ཡུལ་དང་ལས་བྱེད་བསྡུ་བའི་ཁོངས་སུ་བོད་ཀྱི་ས་ཁུལ་ཚང་མ་ཚུད་པར་བྱེད་པ་དེ་པན་ཆེན་སོགས་ཐེབས་རྩ་འཛུགས་མཁན་ཚོའི་དགོངས་གཞི་རེད། ཡིན་ན་ཡང་རྒྱ་མིའི་ལས་བྱེད་པས་དེ་ནི་ཕྱི་སྡོད་བོད་མིས་བོད་ཆེན་པོ་བསྐྱར་གསོའི་འཆར་གཞི་དང་མཚུངས་པ་རེད་ཟེར་ནས་སྐྱོན་རྗོད་བྱས་པར་བརྟེན་ལམ་ལྷོངས་མ་བྱུང་བ་རེད། དེའི་ཡན་ལག་སི་ཁྲོན་གྱི་བོད་སྐྱོར་ཐེབས་རྩའི་མགོ་ཁྲིད་དེ་སངས་རྒྱས་ཡེ་ཤེས་ལགས་རེད།
ང་བོད་མི་ནང་་ཁུལ་ལ་ལ་རྒྱལ་ཚོང་དང་། ལག་དམར། རྒྱུགས་ཁྱི་སོགས་ཀྱི་མིང་འདོགས་པར་གཏན་ནས་མི་དགའ་མཁན་ཞིག་ཏུ་འགྱུར་བཞིན་ཡོད
སྤོབས་པ་གི་གསུང་དེ་ལ་ང་ཚོས་རྒྱབ་སྐྱོར་ཞུར་གི་ཡིན།
རེད། སྐུ་ཞབས་སྤོབས་མཐའ་ལགས། རྒྱལ་བ་རིན་པོ་ཆེ་དང་ལས་བྱེད་རྒན་གྲས་དེ་ཚོ་ལ་བཤད་དགོས་ཡ་མི་འདུག ཁོང་ཚོས་ད་བར་དུ་གང་ཐུབ་ཐུབ་གནང་ཡོད་པ་རེད། འོན་ཀྱང་ཁྱེད་དང་ང་ལྟ་བུའི་དྲ་འབུ་འདི་ཚོའི་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ལ་ངོ་མ་ངོ་མཚར་སྐྱེ་ཡི་འདུག
མཁྱེན་ལྡན་ལུང་རྟོགས་ལགས། རྒྱུ་མཚན་གང་གིས་ཁྱེད་ཀྱིས་ངའི་བསམ་བློ་ཁྱེར་སྟངས་དང་སྐད་ཆ་བཤད་སྟངས་ཡ་མཚན་པོར་མཐོང་གིན་འདུག ངས་ངོ་མ་ཤེས་འདོད་འདུག གསུངས་རོགས་དང་། ངས་ནམ་ཡིན་ཡང་སྐད་ཆ་གཟབ་ནན་གྱིས་བཤད་པར་སྦྱོང་བརྡར་བྱེད་ཀྱིན་ཡོད།
གསར་བརྗེ་ལ་དགའ་བ་དང་བོད་ཆོལ་གསུམ་གཅིག་ཏུ་འདུས་པའི་རངས་སྐྱོངས་ལྗོངས་ཟེར་བ་གཉིས་མཉམ་འདུས་ཡོང་རྒྱུ་མེད་པ་གཅིག་རེད། གསར་བརྗེ་ཟེར་བ་ནི་རྒྱ་ནག་གིས་བཏགས་པ་ཞིག་དང་དེ་ཡང་སྔོན་ཚུད་ནས་ཆོལ་གསུམ་གཅིག་འདུས་མིན་པའི་རང་སྐྱོངས་ལྗོངས་ཞིག་ལ་བསམ་བློའི་འཆར་གཞི་བཏིངས་བ་ཞིག་རེད། དེས་ན་སངས་རྒྱས་ཡེ་ཤེས་ཟེར་བ་ཆབ་སྲིད་པ་ཞིག་ཡིན་ན་སྔོན་ཚུད་ནས་གསར་བརྗེའི་སྐབས་སུ་ནས་ཤེས་དགོས་ངེས་ཞིག་རེད། མ་གཞི་ནས་སྤོབས་མཐས་ཁོང་གིས་མཛུབ་མོ་གསུམ་གྱེན་དུ་བསྒྲེངས་བ་དེ་ཆོལ་གསུམ་གཅིག་ཏུ་འདུས་པའི་རང་སྐྱོངས་ལྗོངས་དགོས་ཞེས་དང་དེ་མཚོན་པ་དང་དེ་དག་གི་དོན་དུ་རྒྱ་དཔོན་དང་ལྷན་དུ་རྩོད་པ་བྱས་པའི་ཁུངས་བསྐྱེལ་གྱི་ཡིག་ཆ་དང་བདེན་དཔང་དེ་འདྲ་ཡོད་དམ། དེ་མིན་མིས་ཟེར་ལོ་གོས་ལོ་དེ་དག་ལ་ཆ་བཞག་རྒྱུ་ག་རེ་ཡོད།
ལུགས་རྟོགས་ལགས།
སྤོབས་པ་མཐའ་ཡས་ངས་བོན་པོ་རེད་བསམ་བྱུང་ཁོང་གིས་ནང་ཆོས་ལ་དམོད་སྟངས་ལ་བལྟས་ནས། ཡིན་ནཡང་ཁོང་སྔར་ནང་པ་གསང་སྔགས་ལ་དད་ཅན་ཅིག་ཡིན་པ་དང་། དེང་སང་སྤྱི་དོན་ཁ་ལ་འཁྱེར་མཁན་ཚོ་ལ་ཡི་མ་རངས་ནས། བློ་བག་ཏུ་སྡོད་དུ་བཅུག་མེད་པ་ངས་ངོས་འཛིན་བྱས་ནས། ཁོང་ཤེས་འབྱོན་གཉིས་ལྡན་ཅིག་ཡིན་པ་ངས་ཡིད་ཆེ་བྱེད་བཞིན་ཡོད་པས་་་་་་་
བན་དེ་ལགས། དེ་ཁོ་རང་གིས་བཅར་འདྲི་བྱེད་མཁན་ལ་བཤད་པ་རེད། བཅར་འདྲ་དེ་དེང་སང་ཁོང་གི་མི་ཚེའི་ལོ་རྒྱུས་འབྲི་བའི་རྒྱུ་ཆ་ལ་བཀོལ་གྱིན་ཡོད་པ་རེད་འདུག ངས་ཡིག་ཆ་བསྐྱར་ཀློག་བྱས་པ་ཡིན། ལོ་དེར་སྲིད་འཛིན་ཅང་ཙེ་མིང་སྲིད་སྟེགས་ལ་ཕེབས་ནས་རིང་པོར་མ་ལོན་པའི་དུས་ཏེ་༡༩༩༠ཐམས་པ་ལ་ཁོ་ཁྲིན་ཏུར་ཡོང་ནས་མགོ་ཁྲིད་རྒན་གྲས་ཁ་ཤས་ལ་ཐུག་འཕྲད་བྱས་སྐབས་རེད་འདུག དཔང་རྟགས་ཟེར་ན་དེ་ཙམ་ལས་ཅང་མི་འདུག
ཀརྡོ་ལགས་དེ་འདྲ་རང་ཡིན་ན། སྐད་ཆ་ཤོད་དུས་བསམ་གཞིགས་ཡག་པོ་གནང་རོགས། བོན་པོ་ཡིན་ན་ནང་པ་ལ་སྨོད་མཁན་ཡིན་པས་མ་ཁྱབ་པའི་རིགས་འགྲོས་ལོས་ཤེས། རྒྱུག་པ་ལེབ་བརྡུང་མི་གནང་རོགས། ཆོས་ལུགས་རིས་མེད་ཅེས་ཁས་འཆེ་བ་ཞིག་གིས་བཤད་སྟངས་འདི་ལ་ང་ཧ་ལས་སོང།
ངས་ནང་ཆོས་ལ་སྨོད་མ་མྱོང་། ངས་གསང་སྔགས་སངས་རྒྱས་ཀྱི་གསུང་མ་རེད་ཅེས་བརྗོད་ཡོད། ནང་ཆོས་ལ་དམོད་མཁན་ངོ་མ་སྔགས་རྒྱུད་སངས་རྒྱས་ཀྱི་གསུང་རེད་ཟེར་མཁན་ཚོ་རེད། ངས་བོན་ལ་ཡང་སྨད་མ་མྱོང་། བོན་བཅོས་བཟོ་བྱེད་མཁན་ངོ་མ་དེ་དེང་སང་གི་བོན་པོར་ཁས་འཆེ་མཁན་ཚོ་རེད། ཐ་ན་མིང་ཚིག་ཡན་ཆོད་བཅོས་འགྲོ་གི་འདུག དེ་ལ་ང་དགའ་གི་མི་འདུག
བན་དེ་ལགས། ཨོ་རེད། སངས་རྒྱས་ཡེ་ཤེས་གསར་བརྗེ་བ་མ་རེད། གསར་བརྗེ་བ་ངོ་མ་དེ་ཁྱོད་ཚོ་ཡིན་ས་རེད། ཁྱོད་ཚོས་གསར་བརྗེ་མང་པོ་བྱེད་ཀྱིན་འདུག་ག ཀུ་རེ་ཡིན། ཐུགས་ལ་མི་གནོད་པར་ཞུ།
སྤོབས་མཐས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་ད་དུང་མི་དེ་ཡིས་བཤད་པར་དཔང་རྟགས་ཡག་པོ་ཅིག་དགོས་པ་རེད་བསམ། ང་ཚོ་བོད་པས་ལོ་རྒྱུས་འབྲི་དུས་སུ་དཔང་རྟགས་ཁུངས་འཕེར་བ་མེད་པར་རང་གི་མདུན་ལྕོག་གི་སྟེང་གི་དེབ་དང་རང་གི་དགེ་རྒན་དང་མཆེད་གྲོགས་ཚོས་བཤད་པ་དེ་གཞིར་བཞག་ནས་བྲིས་དུས་དེང་སངས་ཚན་རིག་ཞིབ་འཇུག་པ་ཚོས་དེ་རིགས་ངོས་ལེན་བྱེད་ཀྱི་མི་འདུག དཔེར་ན། བན་བོན་གྱི་གྲུབ་ཐོབ་བརྒྱད་ཅུ་ཟེར་བ་ལས་སོགས་ཕ་མ་དང་སྐྱེས་ཡུལ་དུས་ཚོད་སོགས་མེད་པར་གྲུབ་རྟགས་གནམ་ས་བླ་འོག་བསྒྱུར་བའི་ལོ་རྒྱུས་རྐྱང་བྲིས་པ་ལྟ་བུ་རེད།
ལགས་རེད་གསར་བརྗེ་མང་པོ་བྱས་འདུག རྙིང་པ་ཚང་མ་གཏོར་ནས་གཞན་གྱི་རིག་གཞུང་རང་གིས་ཡིན་ཚུལ་བྱས་ཏེ་ངོམ་གྱི་འདུག ཨ་ལགས་ཀུ་རེ་ཡིན་ད་ལུང་རྟོགས་ཁྱེད་གཉིས་ཆབ་སྲིད་རྩོད་དུས་ངས་ཆོས་ཀྱི་སྐོར་བཤད་པ་རེད།
ཁོ་རང་མི་གསོན་པོས་སྐད་ཆ་བཤད་པ་རེད། དེས་སྐད་འཁོར་ལ་བཅུག་ཡོད་པ་རེད། དེ་ལས་ལྷག་པའི་དཔང་རྟགས་ཟེར་ན་ངས་ཅང་མི་ཤེས།
ཡང་ཅིག་ཆད་འདུག གསང་སྔགས་མེད་སར་གསང་སྔགས་ཐེག་ཆེན་མེད་སར་ཐེག་ཆེན་དེ་ཚོ་ངོ་མ་གསར་བརྗེ་མ་རེད་པས། ཀུ་རྩེད་ཞུས་ཡིན་ད་དགོངས་འཚམས་མེད་པར་ཞུ། ཁྱེད་ཀྱི་རྣམ་དཔྱོད་གསར་བརྗེ་དེ་ཚོར་ཡི་རངས་ཡོད།
བན་དེ་ལགས། རྙིང་པ་ཚང་མ་གཏོར་ནས་གཞན་གྱི་རིག་གཞུང་རང་གིས་ཡིན་ཚུལ་བྱས་ཏེ་ངོམ་གྱི་འདུག དེ་སུ་ལ་ཟེར་གྱིན་ཡོད། སྟག་གཟིག་དང་རྟག་གཟིིགས། བཀའ་བསྟན་དང་བཀའ་བརྟེན། དེ་འདྲ་གསར་བཟོ་དེ་ཚོ་ལ་གསུངས་པ་ཡིན་ནམ། ཀུ་རེ་ཡིན། དེ་སྐབས་འདིར་འབྲེལ་མེད་རེད།
གསང་སྔགས་གསར་བཅུག་དེ་གསར་བརྗེ་མ་རེད། གཞན་གྱི་དེ་རང་གི་ཡིན་པར་བརྫུས་པ། རང་གི་ཡིན་པར་འཁྲུལ་པ་ཙམ་རེད་ལགས། མདོར་ན་སངས་རྒྱས་ཀྱིས་དགག་པ་མང་པོ་ཞིག་སངས་རྒྱས་ཀྱིས་གནང་བར་བཅོས་པ་ཡིན་པས་བསྟན་བཤིག་ཟེར་བ་དེ་ཡིན་ས་རེད་ལགས།
སྤོབས་མཐའ་ལགས་ད་དེ་ཚོ་ཟུར་དུ་བསྐྱུར་ན་མ་རེད་པས། གཞན་ཞིག་ཏུ་རྩོད་ནའང་འགྲིག དེ་ལས་ཁྱེད་ཀྱིས་བསྟོད་ཡུལ་བོད་རིགས་གསར་བརྗེ་དེ་ཚོས་གསར་བརྗེའི་སྐབས་སུ་དགོན་སྡེ་རྟེན་གསུམ་དེ་ཚོ་གཏོར་སྟངས་དང་རྙིང་གཏོར་གསར་འཛུགས་བྱེད་སྟངས་དེ་ཚོར་ཞིབ་འཇུག་རེ་གནང་ཐུབ་ན་ཡག་པོ་འདུག དགོན་སྡེ་ཞིང་ཁར་བསྒྱུར་ཚུལ་དང་རྟེན་གསུམ་མགོ་མེད་མཇུག་མེད་བྱས་ཚུལ་དེ་ཚོའི་སྐོར་ལ་འབྲི་ཐུབ་ཡ་མཚན་རེ་ཡོད་རྒྱུ་རེད།
སྤོབ་མཐའ་ལགས། རྒྱལ་བ་རིན་པོ་ཆེས་རྒྱ་བོད་གཉིས་ཕན་གྱི་ཆེད་དུ་རང་བཙན་བློས་བཏང་ནས་རང་སྐྱོང་གསུང་པ་དེ་འགྲིག་གི་མེད་པ་ཁྱེད་ཀྱིས་ཐེང་མང་གསུང་སོང་། འོན་ཀྱང་བོད་རིགས་དམར་ཤོག་འགོ་ཁྲིད་ཅིག་གིས་ཆོལ་གསུམ་གཅིག་སྒྲིལ་བཤད་པ་འདི་ལ་ཁྱེད་ཀྱིས་གུས་བཀུར་ཡོད་པ་གོང་གི་རྩོམ་ཡིག་ནས་མཐོང་ཐུབ་ཀྱི་འདུག ཡང་སྙིང་ཁྱེད་རང་བཙན་པ་ཞིག་ཡིན་ནམ་དབུ་མ་པ་ཞིག་ཡིན། ང་ངོ་མ་མགོ་འཁྲུགས་སོང་།
ལུང་རྟོགས་ལགས། ངའི་ལངས་ཕྱོགས་ཟེར་ན་འདྲ། རེ་འདུན་ཟེར་ན་འདྲ། དེ་ནི་ཧ་ཅང་གསལ་ཞིང་བརྟན་པོ་ཡོད། རྒྱ་དམར་གཞུང་གི་བོད་ཡུལ་འདི་བོད་མི་ལ་དབང་བར་ངོས་འཛིན་བྱས་པའི་ཉིན་ནས་རྒྱ་མི་དང་མཉམ་ལས་བྱེད་མི་ཐུབ་དོན་མེད། མཉམ་ལས་དང་མཉམ་འབྲེལ་བྱས་ན་ཕྱོགས་གཉིས་ལ་ཁེ་ཕན་ཡོད་པ་ངས་ཤེས། རྒྱ་བོད་གཉིས་མཉམ་ལས་མ་བྱས་པར་འདུག་ཐབས་ཀྱང་མེད། བོད་ཡུལ་དེ་བོད་མིར་མི་དབང་ཟེར་བ་དང་། གཅིག་ལ་གཅིག་དབང་ཚུལ་དང་གཅིག་འོག་ན་གཅིག་ཡོད་ཚུལ་གྱི་སྐད་ཆ་བཤད་ཡོང་དུས་མཐུན་ཐབས་མེད། ཐ་ན་རྒྱ་དམར་གྱི་ལས་བྱེད་རྒན་གྲས་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་ཀྱང་མར་ཁི་སི་ལེ་ནིན་རང་ལུགས་ཀྱི་ལུང་དང་རིག་པ་བརྒྱ་ཕྲག་གིས་བསྒྲུབས་ཏེ་མི་རིགས་འདྲ་མཉམ་དང་། མི་རིགས་རང་ཁྱིམ་རང་བདག་གི་ཐོབ་ཐང་གླེང་ཡོད་པ་རེད། བོད་ཕྱི་ནང་གཉིས་ན་རང་དབང་ཡོད་མེད་ཀྱི་ཁྱད་པར་ཡོད་པས་ཚང་མས་སངས་རྒྱས་ཡེ་ཤེས་སོགས་ཀྱིས་གང་བཤད་པ་དེ་བྱེད་དགོས་ཟེར་བ་མིན། བོད་ཕྱི་ན་ཡོད་མཁན་ཞིག་གིས་རྒྱ་མིའི་རྩ་ཁྲིམས་འོག་ལ་འདུག་གི་ཡིན། རང་བཙན་མི་དགོས། རྒྱ་མིའི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་མི་དགོས་ལབ་བསྡད་ན་ཆོ་མི་འདུག དེས་རྒྱ་མི་མང་ཡང་མགོ་འཁྲུག་གི་རེད། ངས་སངས་རྒྱས་ཡེ་ཤེས་ལ་གུས་བཀུར་གྱི་ཚིག་སྦྱར་ཤེས་པ་དེ་ཡོན་ཏན་ཞིག་ལས་སྐྱོན་ཞིག་མ་རེད། བོད་མི་ཚང་མས་གཅིག་གིས་གཅིག་ལ་གུས་བཀུར་བྱེད་ཤེས་པའི་ཉིན་མོ་དེར་བོད་ཀྱི་མདུན་ལམ་ལ་ཉི་མ་ནུབ་རྒྱུ་མེད་པ་རེད། ལྟ་བ་ལངས་ཕྱོགས་དང་ཅུང་ཟད་མཐུན་མིན་ལ་མ་ལྟོས་པར་ངས་ནང་ཁུལ་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་བྱ་ཤེས་པ་འདི་ནི་བོད་ཀྱི་མདུན་ལམ་ཁ་དགེ་བཀྲ་ཤིས་པ་ཡོང་བའི་གཞི་རྩ་ལ་ངོས་འཛིན་བྱེད་ཀྱིན་ཡོད།
བན་དེ་ལགས། རྒྱ་དམར་གྱིས་བོད་ཀྱི་དགོན་པ་ལྷ་ཁང་ཕལ་ཆེར་ཡོད་ཚད་གཏོར་སྐོར་སོགས་ནི་ད་སྐབས་མི་མང་པོས་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་ལས་དེའི་སྐོར་གསལ་ཞིབ་མཐོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཚུལ་ངས་རྩོམ་ཡིག་གི་དཀྱུས་སུ་བྲིས་ཡོད། དེའི་སྐོར་ནི་སྐབས་དེར་འབྲེལ་ཡོད་ཀྱི་བོད་མི་མང་པོའི་མི་ཚེའི་ལོ་རྒྱུས་ཚང་མར་གསལ་བ་དང་། ཐ་ན་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས་དང་ཁོང་གི་གསུང་རྩོམ་ཁག པན་ཆེན་གྱི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་སོགས་ན་ཡང་མང་པོ་བྲིས་འདུག།
སྤོབས་མཐས་གསང་སྔགས་སངས་རྒྱས་ཀྱིས་གསུངས་པ་ཁས་མ་བླངས་ན་ཡང་། ཁོང་རང་མ་གནོད་ན། ང་ལ་ཕན་གནོད་གང་ཡང་མི་འདུག འོནད་ཀྱང་། སློབ་དཔོན་པདྨ་འབྱུང་གནས་བྱུང་ཡོད་མ་རེད་དང་། མེས་དབོན་རྣམ་གསུམ་གྱིས་མ་འགྲིགས་སྟངས་དང་། ལྷ་སྲས་གླང་དར་འཇོན་སྟངས་བཤད་ན་ང་ཁ་བཙུམ་ན་སྡོད་མི་ཐུབ་བོ།། །།
སྤོབས་མཐའ་ལགས་ཀྱི་མཆན་༡༠༤ ནང་དུ་བོད་མི་ནང་ཁུལ་གཅིག་ལ་གཅིག་གིས་གུས་བཀུར་དགོས་ཀྱི་རེད་ཟེར་བ་ཁ་བདེན་ཚིག་ལ་གནས་པ་ཡིན་ན་དངོས་གནས་ཡག་པོ་རེད། འོན་ཀྱང་ཁྱེད་གསར་བརྗེ་ཡིན་ཟེར་ནས་ལོ་དང་ཟླ་བ་ཞག་གི་དབར་ལ་རང་གི་བསམ་ཚུལ་ལ་འགྱུར་བ་འགྲོ་སྟངས་འདི་ལ་ལྟས་ན་དེ་འདྲའི་བརྟན་པོ་རང་ཨེ་ཡིན་ན་བསམ་གི། གང་ལྟར་གསར་བརྗེ་བ་ཚོར་དེ་འདྲའི་བསྟོད་དགོས་པའི་ལས་ཀ་གང་ཡང་བྱས་མེད། སྤྱིར་ཆབ་སྲིད་ཟེར་དུས་ལྟ་བ་གསར་པ་བྱ་བཞག་གསར་པ་ལའ་འགུལ་གསར་པ་སོགས་འབྱུང་དགོས་པ་ནི་གལ་ཆེན་པོ་རེད། འོན་ཀྱང་གསར་བརྗེ་བ་དང་ཧུར་བརྩོན་པ་དེ་ཚོར་དེ་ཙམ་བརྟན་པོ་མི་འདུག གསར་བརྗེའི་སྐབས་སུ་བླ་མའི་དབུ་ལ་ཨོང་དོ་བཞག་ནས་ཞལ་ལ་སྐྱག་གཅིན་གཏོང་མཁན་དེ་ཚོས་རྒྱ་མིས་བཤད་པའི་ཆོས་སྒོ་ཕྱེས་དུས་ཡང་གསར་བརྗེ་བ་དང་ཧུར་བརྩོན་པ་ཟེར་མཁན་དེ་ཚོས་གསར་བརྗེ་ལས་རྙིང་པར་ལོག་ནས་དགོན་པ་བསྐྱར་བཞེངས་ལ་རོགས་བྱེད་མཁན་གཙོ་བོ་ཡིན་པར་མ་ཟད་བླ་མ་ཚོ་ལའང་འབུལ་བ་འབུལ་མཁན་གཙོ་བོའི་གྲས་རེད་འདུག དེ་ལ་དཔགས་ན་མི་དེ་རིགས་ལ་ཡིད་ཆེས་བློས་འགེལ་དེ་འདྲ་རང་མི་འདུག་ག
ངས་ནི་གཞོན་ནུ་དོན་གྲུབ་བམ་སིདྷརྠ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པས་ཀྱིས་སྔགས་རྒྱུད་གསུངས་པ་ཁས་མི་ལེན་དེས་ང་རང་ལ་མི་གནོད། དེའི་སྐོར་དེ་ཡིད་ཚིམ་པ་ཞིད་ད་དུང་ཡང་བཤད་ས་རག་མ་སོང་། འོནད་ཀྱང་། སློབ་དཔོན་པདྨ་འབྱུང་གནས་བྱུང་ཡོད་མ་རེད་ཅེས་བཤད་མ་མྱོང་། དེའི་སྐོར་ལ་ཞིབ་འཇུག་བྱས་མེད། མེས་དབོན་རྣམ་གསུམ་གྱིས་མ་འགྲིགས་སྟངས་ཀྱང་བཤད་མ་མྱོང་། དེ་རྒྱ་ཆེ་ལ་རྙོགས་འཛིངས་ཆེན་པོ་རེད། ལྷ་སྲས་གླང་དར་མས་འཇོན་སྟངས་བཤད་མཁན་ཡང་ང་མིན་ལགས། ད་ཁྱོད་དང་ངེད་གཉིས་མཐུན་པོ་ཡིན།
སྤོབས་མཐའ་ལགས། བོད་ཕྱི་ལ་ཡོད་མཁན་ཚོས་རྒྱ་མིའི་འོག་ལ་འདུག་གི་ཡིན་ཟེར་ན་ཉེས་པ་ཆེ་བ་དང་། བོད་ནང་ལ་ཡོད་པ་ཚོས་དེ་ལྟར་ལབ་ན་ཉེས་པ་ཆུང་བའི་རྒྱུ་མཚན་ཞིག་ངས་ནི་མཐོང་གི་མི་འདུག ཉེས་པ་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་རེད། ཕུན་དབང་སོགས་ཀྱིས་མི་རིགས་འདྲ་མཉམ་དང་། མི་རིགས་རང་ཁྱིམ་རང་བདག་སྒྲུབ་ཀྱི་ཡོད་པ་བདེན་ན་ཡང་། དེ་དག་བོད་རང་བཙན་སྒྲུབ་ཀྱི་ཨེ་ཡོད་སྙམ། རྒྱལ་བ་རིན་པོ་ཆེའི་དབུ་ལམ་གྱི་དགོངས་དོན་ཡང་། ཕྱི་འབྲེལ་དང་རྒྱལ་སྲུང་ཙམ་རྒྱ་གཞུང་ལ་དབང་བ་ལས། དེ་མིན་ནང་སྲིད་གི་གནད་དོན་ཆ་ཚང་བོད་པ་རང་ལ་དབང་དགོས་པ་ཞིག་ལས། ཡོངས་སུ་རྒྱ་ནག་གི་འོག་ལ་སྒུར་རྒྱུ་ཡིན་པ་ཞིག་གི་དོན་རེད་མི་འདུག་སྙམ། དབུ་ལམ་གྱིས་རྒྱ་མི་མང་མགོ་འཁྲུག་གི་རེད་ཟེར་ན་དངོས་ཡོད་གནས་ཚུལ་དང་མཐུན་གྱི་ཨེ་ཡོད་། ད་བར་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་མི་གང་འཚམས་ཤིག་བྱུང་དང་འབྱུང་བཞིན་པ་འདི་དག་ཕལ་མོ་ཆེས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་གསལ་པོ་རེད། བོད་མི་ནང་ཕན་ཚུན་གུས་བཀུར་དགོས་པར་བཤད་པ་འདི་བདེན་པ་རེད། འོན་ཀྱང་བོད་མི་ཕལ་མོ་ཆེས་འདི་ཕྱིའི་སྐྱབས་གནས་སུ་བརྩི་བའི་གོང་ས་རྒྱལ་བ་རིན་པོ་ཆེ་ལ་ཡང་མ་རང་བའི་ཚིག་ཐོན་ཡོང་དུས། གུས་བཀུར་དགོས་པའི་སྐད་ཆ་དེ་ཡང་ཅི་འདྲ་ཡིན་ནམ་སྙམ།
ད་སྤོབས་པ་འདི་ལོ་རེ་ནས་ཟླ་རེར་འཁྱོག་ཏུ་འགྲོ་བཞིན་འདུག ཐོག་དམངས་གཙོའི་ནང་དམག་འཁྲུག་སླངས་ཡོད་པ་འདྲ། དེ་ནས་བོན་ལ་སྨད་སོང་། རང་གཞུང་ལ་སྨད་སོང་། ༸གོང་ས་མཆོག་ལ་སྨད་སོང་། ནང་ཆོས་ལ་སྨད་སོང་། གསང་སྔགས་ལ་སྨད་སོང་། རྙིང་མ་ལ་སྨད་སོང་། ཁམས་པ་དང་དབུས་པ་ལ་སྨད་སོང་། ཏང་ལ་བསྟོད་སོང་། དམག་སྦྱོང་ཉིན་གཅིག་ལ་བྱས་མ་མྱངས་ཀྱང་གུང་དམག་རྣམས་བླ་འཁྱམས་སུ་བཅུག་མཁན་བོད་གངས་ཅན་པའི་ལྷ་དམག་དེ་ཚོ་རྩ་མེད་གཏོང་ཆེད་ས་རྒྱུས་ལམ་རྒྱུས་སྟོན་མཁན་མེས་པོའི་ཞབས་འདྲེན་བ་དེ་ཚོར་རྒྱལ་ཞེན་ཆེ་རབས་དང་། གསར་བརྗེ་བ་ན་གཅིག་གཅིག་མིག་མིག་ཟེར་ནས་བསྟོད་ཅིང་འདུག ད་མང་པོ་མ་བཤད་མ་གཏོགས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཕོ་རོག་དཀར་ཆགས་ཡོང་། དེ་སྔོན་རྡ་སར་མི་ཁྱོད་ལ་བྱ་མིང་ཞིག་རག་ཚར་རབས་ཡོད་།
ཁོ་རང་ངོ་ཤེས་པ་ནི་ཁོ་རང་གི
མི་གསོན་པོ་བྱོན་ལེགས། གྲྭ་བ་རྒྱལ་པོ་ཞེད་ཀྱིན་མི་འདུག་གམ། ང་དངོས་གནས་ཚ་འུར་འུར་འདྲ་ཞིག་བྱས་སོང་ད། ཁྱེད་དངོས་གནས་ཡ་མཚན་རེད།
སྤོབས་པ་འདིས་དགོས་རྒྱུ་ཞིག་བྲིས་འདུག
དཔེ་ཡག་པོ་བྲིས་འདུག
ཆོས་དང་ལྷ་སྐད་འདྲེ་སྐད་ཕར་ཞོག མི་གཅིག་དང་དངོས་བྱུང་མི་རིགས་གཞན་གྱི་ཀུན་སྤྱོད་ལ་དཔེ་ལོངས་དང་། རང་གི་མི་རིགས་ལ་བཙན་འཛུལ་བྱེད་མཁན་གྱི་དཔུང་དམག་ནང་ལ་བཞུགས་ནས། ཕྱི་དམག་ནང་ལ་ཁྲིད་མཁན་གྱི་མི་ཞིག་ག་ཚོད་སེམས་བཟང་དང་འཇམ་པོ་ཡིན་རུང་། དགྲ་དང་རྒྱལ་བཙོང་ལ་རྩིས་པ་ལས། དེ་ལ་རྒྱུས་ལོན་དང་ཡང་འགྲེལ་སྐྱར་འགྲེལ་བྱེད་མཁན་གྱི་མི་རིགས་དང་རྒྱལ་ཁབ་ད་སྔར་བྱུང་མ་སོང་། ཨ་རིའི་མི་དམངས་དང་རྒྱལ་ཁབ་ཀྱིས་ཉེ་ཆར་རུ་སུ་ལ་བྲོས་མཁན་གྱི་གསང་རྡོལ་བ་Snowdenཟེར་བ་འདི་ལ་རྒྱལ་བཙོང་བ་དང་བླ་བཙོང་བ་ཞེས་ས་ཐིག་གསལ་པོ་བརྒྱབ་པ་དང་། ཨ་རིའི་མི་དམངས་ཀྱི་བརྒྱ་ཆ་༧༠ཡིས་ཁོ་ཚུར་ཁྲིད་ནས་ཁྲིམས་ཐག་བཅད་དགོས་པའི་འདུན་པ་བཏོན་སོང་། འདི་ཤིན་དུ་ནས་གུ་ཡངས་བའི་མི་རིགས་ཤིག་ལས་གྲུབ་པའི་རྒྱལ་ཁབ་ཞིག་གིས། རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་བདེ་རྩར་གནོད་སྦྱིན་མཁན་གྱི་མི་ཞིག་ལ་བཞག་པའི་སྡོམ་ཚིག་རེད།
རྒྱལ་བཙོང་བ་ནི་རྒྱལ་བཙོང་བ་རང་རེད། ཁོ་སྙིང་རུས་ཆེ་རུང་། ཁོ་རིག་པ་རྣོ་རུང་། ཁོ་གཤིས་ཀ་འཇམ་རུང་ཐམས་ཅད་ངེད་ཚོའི་མགོ་ལ་གྲི་རྒྱག་རྒྱུར་བཀོལ་བ་ཡིན་པས་གནོད་ཚབ་ཆེ་བའི་མི་ཞིག་ལས་གཞན་ཅང་མ་རེད། མི་རིགས་ཤིག་གསོན་དགོས་ན་མ་མཐར་ཐིག་གཅིག་གསལ་པོ་དགོས་པ་དང་དེ་ནི་མི་རིགས་འདི་སྲུང་མཁན་རེད་དམ་གཏོར་མཁན་རེད་དེ་གཉིས་གསལ་པོ་བཟོ་དགོས། ཐིག་འདིའི་དབར་ལ། ཐན་པོའི་ནི་ཐིག་གི་ཕྱི་ལ་ཤོར་ཚར་སོང་། ཁོའི་བྱས་ཉེས་ཀྱིས་ད་ལྟ་བོད་མི་རིགས་འདི་ག་ཚོད་སྡུག་མྱོང་དགོས་མིན་འདུག་གམ། རིགས་པ་རྣོན་པོ་དང་རྣམ་དཔྱོད་ཟབ་མིན་ལ་མ་ལྟོས་པར། ཐིག་འདི་གསལ་པོ་ཤེས་དགོས། སྤོབས་པ་ནི་དམིགས་ཡུལ་དང་མི་ཚེའི་དགོས་པ་གསལ་པོ་མ་བརྙེད་པའི་མི་ཞིག་ལ་སོང་སྟབས། གང་དྲན་དང་གང་བསམ་ལེགས་པར་འཛིན་མཁན་གྱི་སྐྱེ་བོ་ཕལ་པ་ཞིག་ལས་གཞན་མི་མངོན།
་་་་་ ཁོང་གིས་བཙོན་ཁང་དུ་སྐད་གྲགས་ཆེ་བའི་མཚན་ཉིད་རིག་པ་གསར་དབྱད་ཀྱིས་དེབ་ཆེན་པོ་གསུམ་བྲིས་པ་དང་། གཅིག་པུར་གྱང་ངོས་མི་ལོ་བཅོ་བརྒྱད་ཅེར།།ཟེར་བ་སོགས་ཀྱི་སྙན་ངག་ཡག་པོ་དེ་ཚོ་སྐབས་དེར་བྲིས་པ་རེད། ་་་་་ འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་དེབ་གསུམ་པོ་འདི་དག་དང་སྙན་དངགས་རྣམས་བོད་སྐད་དུ་བྲིས་པ་རེད་དམ། རྒྱ་ནག་སྐད་དུ་བྲིས་པ་རེད། ལགས། སྤོབས་པ་མཐའ་ཡས་ལགས།
བསམ་ཤེས་བྱོན་ལེགས། དམག་གི་ནང་བཞུགས་ནས་བོད་དུ་ཡོང་ཡོད་ཀྱང་། རྒྱལ་ཁབ་བཙོང་འདོད་མེད་པ་ཡིན་ན་རྒྱལ་བཙོང་བ་ལབ་ན་འགྲིག་ཨེ་ཡོང་། མ་གཞི་ནས་རྒྱལ་ཁབ་བཙོང་འདོད་ཡོད་པའི་ཁུངས་ད་དུང་རག་ཡོད་རབས་མི་འདུག་ག
ཚིག་ལ་གཟབ་ནན་གནོངས་ཨ།
འོ་ངས་སྐུ་གཤེགས་སངས་རྒྱས་ཡི་ཤེས་ཐེན་པོའི་སྐོར་ཞུས་པ་ཡིན་ད།
དྲན་དཀར་ལེགས། “རྒྱལ་ཁབ་བཙོང་འདོད་མེད་པ་ཡིན་པ།”ཁུངས་སྐྱེལ་ཤོག དྲན་དཀར་དང་སྤོབས་པ་མི་གཅིག་འདྲ་བོ་འདུག ཨེ་རེད།
བསམ་ཤེས་བྱོན་ལེགས ངས་འདི་ཏོག་ཙམ་དཀའ་ས་འདྲ་མོ་ཅིག་མཐོང་སོང་། གོང་ནས་ཞོལ་གཡག་ནས་འདི་དང་འདྲ་མོ་ཅིག་གསུངས་ཡོད། དེ་མིན་རྒྱལ་བཙོང་བ་ཡིན་ཁུངས་སམ་མིན་ཁུངས་དེ་ཚོར་ང་ལ་བཤད་ཡ་ཡོད་ཞུས་མེད་ད། ཡིན་ན་ལས་བོད་མིར་མི་དགའ་མཁན་ཞིག་རེད་ཅེས་ན་སེམས་བདེ་བོ་རང་མ་བྱུང་། ཁྱེད་རང་ཡང་བོད་ལ་སེམས་ཁུར་བྱེད་མཁན་ཞིག་རེད་སྙམ་པ་བྱུང་།
སྤོབས་པ་མཐའ་ཡོད་དང་ངས་གཉིས་འདྲ་ས་དངོས་གནས་འདུག བོད་མི་མང་ཆེ་བ་འདྲ་ས་ཡོད་པའི་སྨོན་འདུན་ཞུ་བ་ཆབས་ཅིག་དྲྭ་ཐོག་ནས་འདྲ་བའི་གནད་ཆོལ་ཁའི་དབང་ལས་མིན་པའི་སྨོན་འདུན་ཡང་ཞུ་འདོད་བྱུང་། ད་ཉོབ་སོང་།
དྲན་དཀར་ལེགས། ངས་ཁྱེད་དང་སྤོབས་པ་གཉིས་ཁ་བརྡའི་ཐོག་ལ་ཡོང་དུས་འདྲ་བོ་མཐོང་སོང་། རྒྱུ་མཚན་ནི། ཁྱེད་ཀྱིས་སྤོབས་པའི་ཚབ་ལ་ང་ལ་ལན་མང་པོ་ཞིག་བརྒྱབ་ཡོང་གི་འདུག དེའི་རྒྱུ་མཚན་གཅིག་པོ་ལས་གཞན་མིན།
ངས་བཤད་འདོད་པ་ནི། ཐན་པའོ་ཡིས་རྒྱ་དམག་ཁྲིད་ནས། མདོ་ཁམས་བརྒྱུད་ལམ་བར་མི་གསོད་ཀྱིན། ཁོ་རེ་མི་དེ་ཚོ་ང་གཉིས་ཀྱི་ཕ་མ་དང་སྤུན་མཆེད། དགོན་པ་གཅིག་པ། སྡེ་གཅིག་པ་ཤ་སྟག་རེད་ད། དེ་ནས་རྒྱལ་བ་རིན་པོ་ཆེ་གཙོས་་བོད་པའི་འགོ་པ་རྣམས་བྲོས་ཀྱིན་ཤི་འགྲོ་གིན་རྒྱ་གར་ལ་ཡོང་བ་རེད།
འཐབ་རྩོད་འདིའི་ནང་ལ། ཤི་འགྲོ་མཁན་དང་སྡུག་མྱོང་མཁན་དེ་ང་ཚོའི་ཕ་མེས་རྣམས་རེད། སྡུག་སྤྲོད་མཁན་དང་ཁོང་ཚོ་གསོད་མཁན་དེ་རྒྱ་དམག་དང་ཐན་པའོ་ཁོང་ཚོ་རེད།
ཐན་པའོ་བོད་མིར་དགའ་མི་དགའ་ང་ཚོའི་འདོད་ཕྱོགས་རེད། དངོས་ཡོད་གནས་ཚུལ་གོང་གི་འདི་རེད། ང་ཡང་ཉོབ་སོང་།
ཏང་ཕྲུག་ཚོས་ཉོན་ཨ། བཅོས་སྒྱུར་དང་གསར་བརྗེ། ཡར་རྒྱས་དང་འཛུགས་བསྐྲུན། ཆིག་སྒྲིལ་དང་འཆམ་མཐུན། གཅིག་གྱུར་དང་མཉམ་གནས། འདྲ་མཉམ་དང་བརྩི་བཀུར། ཆོས་དད་རང་མོས་དང་རང་ཁྱིམ་རང་བདག ་་་་ཅེས་པའི་མིང་ཚིག་འདི་དག་ཁྱོད་ཚོའི་ཁ་ནས་མ་ཎི་འདོན་འདོན་བྱས་ནས་མྱི་ལོ་དྲུག་བཅུ་འགྲོ་གི་ཡོད་རེད། མིང་ཚིག་འདི་དག་གིས་དོན་ངོ་མ་ག་རེ་བསྟན་ཡོད་མེད་ད་ལྟའི་གནས་སྟངས་འདི་རེད། མིང་ཚིག་འདི་དག་བེད་སྤྱོད་ནས་བོད་ཀྱི་ལུང་པ་སྟོང་པ་བཟོ་གི་ཡོད། ས་སྟེང་ནས་སྨན་རྩྭ་དང་ཤིང་ནགས། ས་འོག་ནས་གསེར་གཏེར་དང་དངུལ་གཏེར་སོགས་གཏེར་རིགས་མི་འདྲ་བ་འདི་དག་ཕྲོགས་བསྡད་པ་རེད། དོན་ངོ་མའི་ཐོག་ནས་བོད་མི་ལ་དགའ་བ་མིན་པར་བོད་མིའི་རྒྱུ་ནོར་ལ་དགའ་ན་ཡིན་པ། འདི་ཕྱོགས་གཅིག་རེད།
གཉིས་པ། གསར་བརྗེ་ངོ་ལོག་པ་དང་ཁ་བྲལ་རིང་ལུགས་པ། ཏྭ་ལའི་རུ་ཚོགས་ལ་ལྐོག་འབྲེལ་དང་ཀྲུང་གོའི་རྒྱལ་ཁབ་མགོ་གཏིང་ལོགས་མཁན་སོགས་ཀྱི་ཉེས་མིང་བཏགས་ནས་བོད་མི་ག་ཚོད་ལ་བཙོན་འཇུག་དང་དམར་གསོད་བཏང་ཡོད། ད་་་་དིང་སང་བཙན་སྤྱི་ཚོགས་ནང་དུའང་མིང་ཚིག་འདི་དག་བེད་སྤྱོད་གཏོང་འགོ་འཛུགས་ཀྱི་ཡོད། ཏང་ཕྲུག་ཁྱོད་རང་ཚོ་དོན་ངོ་མའི་ཐོག་ནས་བོད་མི་ལ་དགའ་ན་བྱེད་སྟངས་དང་བསྒྲུབ་སྟངས་དེ་འདྲ་མ་རེད། ཨ་མ་དང་མནའ་མ་མ་ནོར།
ཏང་ཕྲུག་ཁྱོད་ཚོ་ལ་སྤོབས་པ་མཐོ་པོ་ཡོད་ཀྱི་རེད། ཀྲུང་གོ་དཔལ་འབྱོར་ཨང་གཉིས་པ་ལ་བསླེབས་པ་དང་དམག་གི་རྐང་གྲངས་མང་པོ་རེད། ཡིན་ཀྱང་ཉམ་ཆུང་བོད་དང་ཡུར་གུ་གཉིས་ཀྱི་ཐོག་ཏུ་འགྲོ་འགྲོ་ཇར་པན་དང་རྒྱ་གར་སོགས་ཀྱི་་ཐོག་ཏུ་འགྲོ་གི་མ་རེད། ཁྱོད་ཚོས་སིང་ཁ་གྷོ་མཚོ་གླིང་ནང་གི་གཏེར་ཁ་ག་འདྲ་བྱེད་ནས་འཕྲོག་མིན་ལ་བོད་མི་ཚོས་ལྟད་མོ་བལྟས་ནས་བསྡད་ཡོད། རྒྱ་གར་གྱི་རྩ་ནས་ཨ་རི་ཅ་ན་དང་ཀ་ཤི་མེ་རིའི་སོགས་ག་འདྲ་བྱེད་ནས་ཕར་འཕྲོག་ཐུབ་མིན་ལ་ལྟད་མོ་བལྟ་འདོད་ཆེ་པོ་ཡོད། ཕོ་རྒོད་ཡིན་ན་དཔང་པ་ངོ་ས་བོད་དང་ཡུར་གུ་མ་རེད་དདདདདདདདདདདདདདད།
སྤོབས་པ་མཐའ་ཡས་མཆོག་གིས་ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྡེ་དགེ་སྤར་ཁང་སྲུང་སྐྱོབ་ནུས་པ་དང་། འབབ་པ་ཕུན་ཚོགས་དབང་རྒྱལ་གྱི་སྐོར་ལ་བཤད་པ་འགའ་བཀོད་པ་དེ་བོད་སྐོར་ལ་བློ་བསྐྱེད་འབྱུང་བར་ཕན་ཐོགས་བྱུང་། ཞེས་སོ།
ཕུག་ཕུག་ཁྱི་སྐད་རང་རེད།
ལྟད་མོ་བལྟ་གིན་ཡིན་ཟེར། གསང་བརྡ་འདྲ་བོ་འབོད་སྐུལ་འདྲ་བོ་ཅིག་ཞུ་གི་ཡོད་པ་མེད་འགྲོ་ཨ།
ཕུག་ཕུག་ཁྱི་སྐད་རང་རེད། ད་ཡིན་ན་ཅིག་ལས་ཀ་འགྲོ་གིན་ཡོད་དམ་འབད་མེད་ལྷུན་གྲུབ་བྱེད་ཀྱིན་ཡོད་ཨ།
བསམ་ཤེས་ལགས། ཁྱེད་ཀྱིས་ཁོང་གི་སྐོར་ཐོས་མྱོང་ཡོད་འདུག ཁྱེད་ལ་དེ་ལས་ལྷག་པའི་གསལ་ཞིབ་འདྲ་གླེང་རྒྱུ་ཡོད་དམ། ངས་ཀྱང་དེ་འདྲ་རེ་ཐོས་མྱོང་། གང་ལྟར་ཡང་ཁོང་གི་མི་ཚེའི་ལོ་རྒྱུས་ཤིག་འབྲི་གི་ཡོད་འདུག དེ་ཡིན་དུས་ལོ་རྒྱུས་ནང་དུ་ཐེབས་མིན་གང་ལྟར་ཡང་བཟང་ངན་གང་ཡིན་ཡང་ཅུང་ཟད་རེ་གླེང་ནས་ལོ་རྒྱུས་འབྲི་མཁན་ཚོའི་རྣ་བའི་ནང་ལ་ཐེབས་དགོས་པ་གལ་ཆེན་པོ་རེད། དེ་ནི་ངས་ཁོང་གི་སྐོར་ཞིག་འདིར་འགོད་དགོས་དོན་ཡང་ཡིན།
སྐུ་ཞབས་ཅི་རི་ཉི་མས་མི་ལ་ཏང་ཕྲུག་ཟེར་ནས་གཤེ་བ་ཡ་མཚན་པོ་རེད། ཏང་ཕྲུག་ངོ་མ་དེ་ཁྱེད་ཡིན་ས་རེད། ཁྱེད་ལོ་ནས་ལོ་མཐུད་དེ་སྐད་ཆ་གང་བཤད་ཀྱང་བླ་མས་གྲྭ་བ་ཟེར་ཡོང་དུས་མི་གསོན་པོའི་ཤ་ཟ་མཁན་དང་ཁྲག་འཐུང་མཁན་ཞིག་ལ་བརྩིས་ནས་སྐད་ཆ་ཤོད་གི་འདུག ཐ་ན་བོད་མཐོ་སྒང་དུ་སྟོང་ལ་ཉེ་བའི་འབྲི་གཡག་གསོད་དགོས་ཟེར་ནས་སྐད་འབོད་རེ་བྱསཡོང་དུས་ཤན་པ་ཞིག་གི་བུ་མིན་ནམ་སྙམ་པ་ཡང་འདུག གྲྭ་ལོག་ཞིག་ཡིན་ཚུལ་ཁྱེད་རང་གིས་བཤད་སོང་། ཆོས་ཀྱི་སློབ་གསོ་ཐེབས་པ་ཕར་ཞོག་ཕྱི་གླིང་དུ་བསྡད་ནས་སྐྱེ་ཁམས་ཁོར་ཡུག་སྣོད་བཅུད་སྲུང་སྐྱོབ་དང་དང་དུད་འགྲོའི་ཐོབ་ཐང་ཟེར་བ་ཙམ་རེ་ཡང་རྣ་བར་ཐོས་ཨེ་མྱོང་བསམ་པ་ཞིག་འདུག
གསར་བརྗེ་བ་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་འབྲི་མཁན་དེ་སྤོབས་མཐའ་རང་ཉིད་མིན་པར་ཤོག ཡིན་ཀྱང་སྐྱོན་མེད་རྗེས་སུ་ཡི་རངས་ཡོད། སྤོབས་མཐའ་ལགས་དྲ་གྲོགས་ཅོ་རི་ཉི་མའི་ལྟ་བ་དང་ཁྱེད་ཀྱི་ལྟ་བ་བསམ་ཚུལ་སོགས་ཆ་མང་པོ་ནས་མཐུན་ཕྱོགས་སུ་ཡོང་བཞིན་ཡོད་པས་ཁོང་ལ་དེ་འདྲ་རང་གསུངས་མི་ཉན། སྔོན་མ་ཞིག་ལ་ངས་ཁྱེད་ལ་དགག་བཞག་ཅིག་བྱེད་དུས་དྲ་གྲོགས་ཅོ་རི་ཉི་མས་དེ་འདྲ་མ་བཤད་སྤོབས་མཐའ་དང་ང་ཚོའི་དབར་ལ་བསམ་ཚུལ་མཐུན་པ་མང་དུ་འདུག་གསུངས་བྱུང་བྱས་ཙང་ངས་དེ་ད་དུང་ཡང་བྱེད་མེད། ང་ཚོ་མཚན་ཉིད་རིག་པའི་རྩོད་སྤོངས་དང་བློ་སྦྱོང་བྱེད་མཁན་ཚོའི་སྐྱོན་ཞིག་ལ་ཚིག་རྩུབ་ཙམ་འབྱུང་གི་ཡོད། དེ་མཚན་ཉིད་རིག་པར་སྦྱངས་བ་མེད་མཁན་ཚོས་ལྟ་དུས་ཉན་དུས་ཅུང་འགྲིག་གི་མེད། འོན་ཀྱང་མཚན་ཉིད་རིགས་པ་སྨྲ་བ་པོ་རྣམས་ལ་ཚིག་དེ་རིགས་རྩུབ་པོ་ཅི་གང་མ་རེད། ད་དུང་ཞལ་མཛུམས་མདངས་དང་བཅས་ཏེ་དབྱིངས་སྟོན་གྱི་རེད།
ཨོ་རེད། སྤོབས་པ་མཐའ་ཡས་ལགས། བླ་མ་དང་གྲྭ་པ་ཚོ་མི་གསོན་པོ་ཟ་མཁན་ཞིག་ལ་བལྟ་གིན་འདུག་ཟེར་ན་ཁས་ལེན་གྱི་མིན། བླ་སྤྲུལ་ཚོའི་བྲན་གཡོག་ཏུ་གྱུར་པའི་གྲྭ་པ་གྲྭ་རྐྱང་རྣམས་སྡུག་སྐྱ་རེད་ལབ་་ཀྱི་མེད་ལ་དགག་པ་དགོས་དོན་ཡང་མེད།
ངས་དགག་མྱངས་བ་བླ་སྤྲུལ་ཡིན། བླ་སྤྲུལ་ལ་དགག་དགོས་ན་ང་ལས་ཁྱོད་ངར་བ་ཡོད་པ། སྤྲུལ་སྐུའི་བཟོ་གྲྭ་ཆེན་པོ་གཉིས་ངོས་འཛིན་ནས་དགག་མཁན་ང་རེད་དམ་ཁྱོད་རེད།་་་་ཧཧཧཧ ཁྱོད་ཀྱིས་བླ་སྤྲུལ་ལ་དགག་དགོས་པའི་རྒྱུ་མཚན་དང་ཕུགས་བསམ་ཅི་ཡིན་ངས་མི་ཤེས།
༡་་་ངས་བླ་སྤྲུལ་དགག་པ་ལ་རྒྱུ་མཚན་ཆེན་པོ་ཡོད། བོད་མི་རིགས་ཀྱི་མགོ་ཐོག་ཏུ་བདེ་སྐྱིད་ཀྱི་ཉི་མ་ཤར་དགོས་ན་ཡང་དག་པའི་རང་དབང་དམངས་གཙོ་ལ་ལོངས་སྤྱོད་ཐུབ་དགོས། ཀླད་པ་ཆོས་ཀྱིས་བཟི་སོང་བའི་མི་རིགས་ཤིག་གིས་རྨོངས་དད་བྱེད་པར་མ་གཏོགས་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་མི་ཐུབ་པ་མིག་མདུན་དུ་ཡོད། བོད་མི་རིགས་ཀྱི་ཀླད་པའི་ནང་དུ་རྨོངས་དད་དར་སྤེལ་གཏོང་མཁན་གཙོ་བོ་བླ་སྤྲུལ་རྣམས་ཡིན།
བོད་ཀྱི་བླ་སྤྲུལ་ཚོས་བོད་མི་རིགས་ཀྱི་དབང་ཆ་ཟིན་ཐུབ་པའི་རྒྱུ་མཚན་ཡང་རྩ་བ་རྨོངས་དད་ལ་བརྟེན་ནས་བྱུང་། དད་ལྡན་དམངས་ཚོགས་ཀྱི་དབང་ཆ་ཡོངས་སུ་རྫོགས་པ་བླ་སྤྲུལ་ཚོའི་ལག་ཏུ་ཤོར་ཡོད་དུས་བླ་སྤྲུལ་ཚོས་གང་བཤད་དང་གང་བསྒྲུབ་ཡིན་པ་ལས་མི་དམངས་ལ་རང་དབང་དང་དམངས་གཙོ་ཟེར་བ་ཞིག་མེད། དེའི་ཕྱིར།་དགག་གི་ཡོད།
༢་་་སོན་ཙེའི་དམག་དོན་རིགས་པའི་བསྟན་བཅོས་ནང་དུ་གྲི་གཡར་ནས་མྱི་གསོད་ཅེས་པའི་ལེའུ་ཞིག་ཡོད། ཀྲུང་གོའི་ཆབ་སྲིད་རིགས་པའི་ནང་དུ་རྫིའུ་གླ་ནས་ལུག་འཚོལ་ཞེས་པའི་སྲིད་ཇུས་ཤིག་ཡོད། ཆོས་མེད་ཏང་གིས་གླས་པའི་སྤྲུལ་སྐུ་རྒྱལ་མཚན་ནོར་བུ་ལྟ་བུ་རེད། དད་ལྡན་བོད་མི་ལ་དབང་སྒྱུར་བྱེད་ཆེད་དུ་ལྟོ་ཕོག་སྤྲད་ནས་བླ་སྤྲུལ་རྫིའུ་ལྟ་བུ་བེད་སྤྱོད་བཏང་གི་རེད། ལོ་རྒྱུས་ལ་ཕྱིར་བལྟ་བྱོས་དང་ཤེས་ཀྱི་རེད། རྒྱ་སོག་གཉིས་ཀྱིས་མྱི་ལོ་བརྒྱ་ཕྲག་མང་པོའི་རིང་དུ་རྫིའུ་གླ་བའི་སྲིད་ཇུས་བེད་སྤྱོད་བཏང་མྱངས་བ་རེད།
༣་་་ཁྱོད་རང་གིས་དུད་འགྲོ་ཐོབ་ཐང་བཤད་པའི་སྔོན་ལ་བོད་མིའི་ཐོབ་ཐང་བཤད་དགོས་རེད་ལ་ཤེས་དགོས་རེད། ཆོས་དང་འཇིག་རྟེན་གང་གི་ཐོག་ནས་ཡིན་ནའང་སྔོན་ལ་མིའི་ཐོབ་ཐང་དང་བདེ་སྡུག་བསམ་དགོས་པ་རེད། ཐེག་ཆེན་ཆོས་ལུགས་པའི་དབང་དུ་བྱས་ན་དང་པོར་ཨ་མའི་ཐོབ་ཐང་དང་བཀའ་དྲིན་ཤེས་དགོས་པ་རེད། དེ་ནས་སེམས་ཅན་ཐམས་ཅད་དང་དུད་འགྲོ་ལ་བསམས་གཞིགས་བྱེད་ན་འགྲིག་གི་རེད། མ་གཏོགས་་་ཨ་མ་སྒོ་རྒྱབ་ཕུད་མཁན་གྱི་ཐེག་ཆེན་སེམས་དཔའ་ཟེར་བ་ཞིག་ཡོང་མི་སྲིད་པ་རེད། ཨ་མ་མུ་གེ་ཤི་བཅུག་ནས་དུད་འགྲོའི་ཐོབ་ཐང་བཤད་ན་འགྲིག་གི་མ་རེད། བྱས་ཙང་་་ཁྱོད་རང་ཨ་མ་སྒོ་རྒྱབ་ཕུད་མཁན་གྱི་ཐེག་ཆེན་སེམས་དཔའ་མ་བྱེད་ན་དགའ་གི་རེད།།།་་ཧཧཧཧ
དྲ་གྲོགས་བན་དེ་བ་ལགས། སྤོབས་མཐའ་འདིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གངས་སེང་ཁ་སྤྲོད་འདི་ལ་ལོ་རྒྱུས་མེད་མདོག་དང་། ཇར་པན་གྱི་དམག་དར་ཞིག་ལ་དཔེ་ལེན་བཟོས་པ་ཡིན་མདོག་མདོག་བཤད་མྱངས་བ་རེད། ང་ཅོ་རིའི་སེམས་ལ་གསལ་པོ་ཡོད། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ཁུངས་བསྒྲུབ་འདོད་བྱེད་ཀྱི་མིན་ནམ་སྙམ་པའི་དོགས་པ་དེ་དུས་ནས་བྱུང་། དགག་ལན་དེ་དུས་ནས་བརྒྱབ་ཡོད།
སྤོབས་མཐས་བོད་རང་བཙན་གྱི་ལྟ་བ་ཡོད་མདོག་མདོག་བྱས་པ་རེད། བདེན་པ་ཡིན་གྱི་རེད་བསམས་ནས་དགའ་པོ་ཡོད། ་དིང་སང་རང་ཚིག་སྔ་ཕྱི་འགལ་བ་དང་ཁས་ལེན་དངོས་ཤུགས་འགལ་བའི་ལྟ་སྤྱོད་ཇེ་མང་ནས་ཇེ་མང་རེད་འདུག ་དྲ་གྲོགས་ལགས།
སངས་རྒྱས་ཡེ་ཤེས་ཟེར་བ་རྒྱལ་འཚོལ་བ་དེ་འགའ་ཞིག་གིས་གསར་བརྗེ་བ་ཡིན་རབས་སྒྲོག་བཞིན་གདའ། ངོ་མ་ཡ་མཚན་རེད། ད་དུང་། འབའ་པ་ཕུན་དབང་ཡང་གཅིག་མཚུངས་རེད། ཕུན་དབང་ལ་མཚོན་ན། དགྲ་དམག་ནང་འདྲེན་བྱེད་མཁན་གཏེ་གྲས་རེད། འོན་ཀྱང་མཐར་བོད་དོན་སྐོར་འདྲ་ཆག་པོ་རེ་བཤད་སྐབས་ཕྱིས་ཚར་བ་རེད།
དགྲ་བོ་ནང་འདྲེན་བྱེད་མཁན་ལ་བསྟོད་བསྔགས་དང་ཆོ་ལོ་ཕུལ་མཁན་བོད་པ་མ་གཏོགས་སུ་ཡང་ཡོད་མ་རེད།
ཁ་བརྡས་ཉེ་ཆར་བོད་ནང་འདས་གྲོངས་སོང་བའི་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སྐོར་ལ་ཅིག་བཀོད་ཐུབ་ན་ལེགས།
ངས་བོད་རང་བཙན་མེད་ན་བོད་ཀྱི་གནད་དོན་ཐག་མི་ཆོད་པ་དང་། བོད་རང་བཙན་མེད་ན་བོད་མིའི་མདུན་ལམ་ལ་ཉི་མ་མི་འཆར་བར་ཡིད་ཆེས་ཡོད། རྒྱ་དམར་གཞུང་གིས་ཐོག་དང་པོའི་གོམ་པ་དེ་བོད་ཡུལ་བོད་མི་ལ་དབང་བར་ངོས་ལེན་དགོས། དེ་མིན་ངས་བོད་མི་ནང་ཁུལ་གཅིག་གིས་གཅིག་ལ་ཁྱོད་རྒྱལ་ཚོང་བ་རེད། འདི་རྒྱ་དམག་ཁྲིད་མཁན་རེད། དེ་ལག་དམར་རེད། འདི་ལྷ་དགོངས་དཀྲུག་མཁན་རེད། དེ་རྒྱུགས་ཁྱི་རེད་ཟེར་བ་ལ་མི་དགའ། ངས་བོད་མི་ཕལ་ཆེ་བས་ཅི་དྲག་གང་དྲག་བྱས་ཡོད་རེད། ཡིན་ན་ཡང་ནོར་འཁྲུལ་ཡང་བྱུང་ཡོད་རེད།
སྤོབས་པ་་་་ངས་བསམས་པར་བོད་མི་གུན་ཁྲན་ཏང་ཡ་སོགས་གཙོ་བོ་གྱུར་པའི་བོད་མི་ཡོད་ཚོད་རྡོག་རྩ་གཅིག་སྒྲིལ་མ་བྱུང་བར་དུ་བོད་རང་བཙན་ལེན་མི་ཐུབ་བསམས་ཀྱི་འདུག བོད་མི་ཏང་ཡ་དེ་དག་གིས་ཐུགས་བསམ་བཞེས་དགོས་པའི་གནད་དོན་རེད། ངས་ཡང་བོད་མི་ཡོངས་རྫོགས་ཀྱི་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པར་འདོད་ཀྱི་ཡོད། མ་ཟད་་ཤུགས་ལྡན་ཚོགས་པ་ལའང་བོད་མི་རིགས་ཀྱི་མཉམ་དུ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ལས་རྒྱང་ཕུད་གཏོང་མི་ཉན་པར་འདོད་ཀྱི་ཡོད། ཆོས་སྲིད་ཀྱི་དགྲ་བོ་རེད་ཟེར་མི་ཉན། ང་དགའ་པོ་མེད། བོད་རྒྱལ་ཁབ་འདི་འཐོབ་དགོས་ན་གསར་བརྗེ་བ་དང་ཆོས་ལུགས་པ། བོད་མི་ཡོངས་རྫོགས་ཀྱི་རྡོག་རྩ་གཅིག་སྒྲིལ་དགོས་པ་ནི་རིགས་པའི་གྲུབ།
འདིའི་སྐོར་ལ་རྩོམ་ཡིག་ཞིག་འབྲི་བཞིན་པའི་སྒང་ཡིན། མི་རིང་བ་དྲ་ཐོག་ཏུ་གཏོང་གི་ཡིན།
བོད་མི་གུན་ཁྲན་ཏང་ཡ་ཡི་ནང་དུ་བོད་ལ་དགའ་བའི་བོད་མི་ཧང་ཅང་མང་པོ་ཡོད་པ་ནི་ང་རང་རང་གིས་ཤེས་ཀྱི་ཡོད། བོད་ལ་ཕན་ཐོགས་པའི་ཏང་མི་མང་པོ་ཡོད་པ་ནི་དེ་ལས་གསལ་པོ་ཡིན།
དེ་རེད། དོལ་རྒྱལ་ཚོགས་པས་ལམ་ནོར་ལྡོག་ཤེས་བྱ་དགོས་པ་རེད། ཁོང་ཚོར་བདམ་ཁ་མེད་པ་མ་རེད། ཁོ་ཚོས་བོད་ཀྱི་ཆོས་སྲིད་ཀྱི་དགྲ་བོ་བྱེད་པ་དེ་ཁོ་རང་ཚོས་བདམས་པའི་ལམ་རེད། དོལ་རྒྱལ་བརྟེན་ན་བརྟེན་སྟངས་ཡོད་པ་རེད། མཐའ་གཅིག་ཏུ་ཏཱ་ལའི་བླ་མས་འགྲོ་བ་མིའི་ཐོབ་ཐང་འཕྲོག་པ་སོགས་ཀྱི་སྐྱོན་རྗོད་བྱེད་དགོས་དོན་མི་འདུག་ག དོལ་ཚོགས་ཀྱི་རྒྱབ་ལ་རྒྱ་དམར་ལངས་བ་ཤེས་ནས་ཁོ་ཚོས་ཟ་སྒོ་ཆེ་ས་དེ་བདམས་པ་ཡིན་དུས་ང་དེ་ལ་དགའ་གི་མེད། ཆོས་ཕྱོགས་ནས་དགྲ་བོ་ཟེར་ན་ཡང་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་དང་འགལ་ཡོད་པ་བརྒྱ་ཆ་བརྒྱ་རེད། མདོར་ན་ཤི་འདྲེ་མཆོད་པ་རེད།
དོལ་རྒྱལ་གྱི་ཐད་ནས་ཏཱ་ལའི་བླ་མས་ནོར་འཁརུལ་བྱས་པ་མཐོང་མ་སོང་། ཏཱ་ལའི་བླ་མས་ཁོ་རང་དེ་ལ་མི་དགའ། དེ་བརྟེན་ན་ངའི་རྩ་ནས་ཆོས་མ་ཞུ་གསུངས་པ་རེད། དེ་དྲང་པོ་རེད་བསམ་གི་འདུག སློབ་མ་ལ་བླ་མ་འདེམས་པའི་ཐོབ་ཐང་ཡོད་ལ་བླ་མ་ལ་སློབ་མ་འདེམས་པའི་ཐོབ་ཐང་ཡོད། དེ་ནི་ཆོས་དད་རང་མོས་ཀྱི་ཆ་ཤས་གལ་ཆེན་ཞིག་རེད། ཅོ་རི་ཉི་མས་རྩོམ་ཡིག་ཅིག་འབྲི་བཞིན་པ་དེར་དགའ་བསུ་ཡོད། ངས་སྒུག་ནས་འདུག་ངེས།
དེ་བཞིན་དུ་ཏཱ་ལའི་བླ་མ་ཡང་ལྷ་ག་འདྲ་ཞིག་བདམ་པའི་ཐོབ་ཐང་ཡོད་རྒྱུ་རེད། དེ་ཡང་ཆོས་དད་རང་མོས་ཀྱི་ཆ་ཤས་རེད། དེ་ལ་དོལ་ཚོགས་ཀྱིས་རྙོགས་དྲ་བཟོ་དགོས་དོན་མི་འདུག་ག
སྤོབས་པ་་་་ཧཧཧ ཁྱོད་རང་དྲང་མ་བྱུང་། རྒྱ་དམག་ཁྲིད་ཡོང་ནས་ཏྭ་ལའི་བླ་མའི་རྐུབ་ལ་མེ་མདའ་བརྒྱབ་ནས་རྒྱ་གར་དུ་སྐྱབས་བཅོལ་ཕུད་མཁན་ཚོ་ལས་ཤུགས་ལྡན་ཚོགས་པ་སྡུག་བ་ཅང་ཨ་ཡོད་ན། ཤྭཀྱའི་ཆོས་ལུགས་དང་མཐུན་མི་མཐུན་རྩོད་འདོད་མི་འདུག
ཐེན་པོས་གཤེགས་ཟིན་པ་རེད། ད་ལྐོག་གསོད་ཀྱི་ལས་ཀ་དེ་ཚོར་འབྱུང་གིན་མ་རེད། རང་དབང་ལུང་པའི་ནང་གི་དོལ་ཚོགས་ཀྱི་ད་དུང་ཡང་ལྐོག་གསོད་བྱེད་སྲིད་པ་རེད། འདི་ནི་སྒྲོ་བཏགས་ནས་བཤད་མེད།
ཐེན་པོས་གཤེགས་ཟིན་པ་རེད། ད་ལྐོག་གསོད་ཀྱི་ལས་ཀ་དེ་ཚོར་འབྱུང་གིན་མ་རེད། རང་དབང་ལུང་པའི་ནང་གི་དོལ་ཚོགས་ཀྱི་ད་དུང་ཡང་ལྐོག་གསོད་བྱེད་སྲིད་པ་རེད། འདི་ནི་སྒྲོ་བཏགས་ནས་བཤད་མེད། ཐེན་པོ་དང་མི་འདྲ་བའི་ཁྱད་པར་འདི་རེད།
སྲིད་ཀྱིས་ཐོག་ནས་བཤད་ན། རང་དབང་ལུང་པར་བོད་མི་ཉུང་ཉུང་ལས་མེད། ཡོད་པ་དེའི་ནང་དུ་རྒྱ་ནག་གི་ལག་ཆ་གཅིག་ཡོད་པ་ར་འཕྲོད་བྱུང་ན་གསལ་བོར་བཟོ་དགོས་པ་ནི། ཧ་ཅང་གི་གསལ་བོ་རེད། དོལ་ཚོགས་ནི་ཅོ་རི་བཞིན་ཏུ་གབ་དགོས་དོན་མེད། དོལ་སྐུ་ཞབས་དཔེར་ན་དྲ་ཐོག་ནས་ཀྱང་ཏང་རྫུན་བྱས་པ་མ་གཏོགས་རང་བཙན་བཤད་པ་ནང་བཞིན་ཁ་སངས་ཐུབ་ཀྱིན་མེད་པ།
སྲིད་དོན་གྱི་དཀའ་ངལ་ཡོད་ན་བོད་མའི་བསྒྲིག་འཛུག་ལ་དཀའ་ངལ་བྱུང་ན་བཤད་ཆོག་པ་ལས་རྒྱ་གཞུང་ལ་ཞུ་དགོས་མེད། ལྐོག་གསོད་ཀྱི་ལས་ཀ་དེ་ཚོར་མཚམས་བཞག་པ་ཡིན་ན། ཆོས་ཕྱོགས་ནས་ཀྱང་ལམ་ཀ་ཞིག་ཡོད་པ་རེད། ད་དུང་པན་ཆེན་སྐུ་གཤེགས་རྐྱེན་བོད་མའི་བསྒྲིགས་ལ་བོད་པ་རེད་འདྲ་བོ་བཤད་ནས་སྡད་བསྡད་པ་ཡིན་ན་བོད་མི་ཚོར་ཡིད་ཆད་ནས་ཤི་བ།
སྤོབས་པ་མཐའ་ཡས་འདི་དངོས་ནས་རྣམ་རྟོག་གང་ཤར་ཁོ་རང་ལ་གང་དྲན་བདེན་དྲང་གི་ཐོག་ནས་བོད་ཡིག་འབྲི་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། བན་དེ་བ་ཅོ་རི་ཟེར་བའི་དོལ་འདྲེ་འདི་ཚོས་ནམ་རྒྱུན་གྱོད་དང་ཁ་མཆུ། སྤྱི་ཚོགས་དཀྲུགས་ཤིང་ཞིག་མ་གཏོགས་ཅི་བཤད་རྒྱུ་མི་འདུག ལྟས་ངན་བོན་དང་དོལ་འདྲེ་ལ་རྒྱབ་སྐྱོར་བྱེད་ན་ཁྲེལ་མེད་རང་རེད། དོལ་འདྲེའི་སྡིག་བཤེས་དེ་ཚོ་ལ་དམར་ཕྱོགས་རྒྱུ་ནོར་སྟེར། ཆོས་ཕྱོགས་ཀྱི་ཁྲེལ་མེད་དྲེད་ལྤགས་གྱོན་ནས་དྲ་ཉུལ་བསྟན་བཤིག་འདི་ཚོས་རོ་མདོག་དངོས་སྟོན་ཀྱིན་འདུག ༧གོང་ས་མཆོག་དགུང་གྲངས་མཐོན་པོ་འདི་ཀ་ཙམ་ལ་འཕེབས་པར་བསམ་ཞིབ་མེད་པར་དམར་ཕྱོགས་ལ་སྐྱབས་བཅོལ་ནས་དགེ་ལུགས་དང་ནང་ཆོས་ཁ་ལ་ཁྱེར་ནས་བོན་དང་བཀའ་གདམས་ཟེར་བ་ངོ་ཚ་མེད་པར་ནང་ཆོས་ལ་གཏོར་བཤིག་འདི་ཚོས་ལྷག་ཅི་མི་འདུག ཕེསསསསསསསསསསསས
ཕེ།
དཔལ་དགྱེས་པདྨ་ས་སྒོ་བསམ་གཏན་ཨ་ཕྱི་འདྲེན་མོ་འདི་ནི་ངོ་མ་གཤིན་འདྲེ་ཁོག་ཞུགས་འདི་ཡི་ཁ་ལ་ལྟས་ངན་པ་ཞིག་མ་གཏོགས་བཤད་ཀྱི་མི་འདུག ད་དུང་༧ གོང་ས་མཆོག་དགུང་གྲངས་མཐོན་པོར་སླེབ་ཚུལ་ཅིག་བཤད་ཀ་འདྲ་བྱེད། ༧ གོང་ས་མཆོག་གི་བཀའ་ལ་བརྩི་གི་ཡོད་ན་ཁྱོད་ཀྱི་ཁ་ནས་བོད་མི་རིགས་དབར་ལ་དཀྲུགས་ཤིང་རྒྱབ་རྒྱུ་དང་ཆོས་ལུགས་དབར་ལ་འགལ་ཟླ་བཟོ་བ་འདི་ཅིས་ཕྱིར་བཤད་ཀྱི་ཡོད་དམ། འདྲེ་མོ་སྲིན་མོ། ཁ་བརྡ་དྲ་བ་འདི་ཡང་མི་ངན་འདི་འདྲ་བ་རྐྱང་ཡོང་དུ་བཅུག་ན་ཉིན་ཅིག་མི་ཚོས་ཁ་བརྡའི་དྲ་བར་མཐོང་ཡག་པོ་མི་འབྱུང་བའི་ཉེན་ཡོད་པས་དེ་དོན་དགོངས་བཞེས་གནང་རོགས་ཞུ། འདྲེ་མོ་ཁྱོད་ཀྱི་ཕ་གསོད་མཁན་མ་ཁྲག་འཇིབ་མཁན་དེ་བོན་པོ་མ་རེད་རྒྱ་མི་ཡིན་པར་ཤེས་པར་གྱིས། མི་ཤེས་ན་སྐྱག་ཁ་བཙུམས།
ཨ་ཕྱི་འདྲེ་མོ་འདིས་བོན་རྙིང་གཉིས་ཁྲག་ལྟར་དཀྲུགས་དཀྲུགས་བཏང་ཡོད། འོན་ཀྱང་དྲ་གྲོགས་བོན་པོ་དང་རྙིང་མ་བ་ཚོས་ངེས་པར་དུ་སྤྱང་གྲུང་བྱེད་པའི་དུས་ལ་བབ་ཡོད། བོན་པོ་བ་ཚོས་ཨ་ཕྱིའི་སྐྱག་གཏམ་ལ་བརྟེན་ནས་རྙིང་མ་བ་ཚོར་བསྐུར་འདེབས་དང་རྙིང་མ་བ་ཚོས་འདྲེ་མོ་འདི་ཡིས་ཁ་ལ་འཁྲུལ་ནས་བོན་པོར་བསྐུར་འདེབས་བྱེད་རྒྱུའི་མཚམས་འཇོག་དགོས་པའི་རེ་བསྐུལ་ཞུ་གི་ཡོད།
བན་དེ་བྱོན་ལེགས།
ཁྱེད་ཀྱིས་དྲན་སྐུལ་ནི་བོད་ཀྱི་མ་འོངས་པའི་རེ་བ་དང་། ཐད་ཀར་འབྲེལ་བ་འདུག་པས་ཡིད་ལ་འཆང་ངེས་ཡིན།
འོན་གྱང་དྲྭ་བདག་ནི་སྐད་ཡིག་དུངས་པའི་གྲོགས་པོ་ཞེ་གཅིག་ཡིན་རབས་ཡོད་དེ་ཡང་བཟང་གི རང་དབང་ལུང་པའི་དྲ་བ་རེད་མོ།
སྤོབས་པ་མཐའ་ཡས་ལགས། ཚེ་བརྟན་སྒྲོལ་མ་བོད་སྐད་ཀྱི་སྟེང་ནས་ཆབ་སྲིད་གནས་བབ་དང་མཐུན་པའི་དེང་རབས་ཅན་གྱི་གླུ་དབྱངས་གསར་བཏོད་བྱེད་མཁན་ཞིག་ལ་བཞག་ཆོག་ན། ཁྱེད་ཀྱིས་ཚེ་བརྟན་སྒྲོལ་མས་གསར་བཏོད་གནང་བའི་གླུ་དབྱངས་གཅིག་འཁྱེར་ཤོག་དང་། ཡང་ཁྱེད་རང་གི་ཤེས་དགོས་པ་ཞིག་ལ། རྒྱ་ནག་དམར་ཤོག་གི་ཚོགས་མིར་གྱུར་བའི་བོད་མི་ཚང་མ་གསར་བརྗེ་བ་ཡིན་པའི་ངེས་པ་ག་ལ་ཡོད། གད་མོ་ཤོར་བ་ལ། ཏང་ཡོན་ཁོ་ཚོ་རྩ་བའི་དགྲ་སྣ་ནང་འདྲེན་བྱེད་མཁན་གྱི་རྒྱའི་རྒྱུག་ཁྱི་དེ་ཚོ་རེད། ཁོ་ཚོའི་ཤ་ཁྲ་རུས་གསུམ་བོད་ལ་གཏོགས་པའི་ཆ་ནས་མི་རིགས་ཀྱི་ཆེད་དུ་བདེན་པ་ཚིག་གསུམ་བཤད་ཀྱང་ཧ་ལས་དོན་མེད་ཀྱང་། བོད་མི་སྔོན་ཐོན་པ་དེ་དག་གིས་དོན་ངོ་མར་རང་གི་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བཤད་ཡོད་མེད་དང་། ཅི་ཞིག་བསྒྲུབས་ཡོད་མེད་ལ་དཔྱད་ཞིབ་ཅི་ཡང་མེད་པར་བསྐོར་ལམ་དང་ཇ་ཁང་ནང་གི་གཏམ་འཁྱར་བསྒྲུགས་ཏེ་མིའི་ཆེ་བ་བརྗོད་པ་ནི་ཤེས་རློམ་པ་དང་རྣམ་དཔྱོད་ཅན་ཚོའི་བྱེད་སྟངས་ཤིག་ག་ལ་ཡིན།
ད་དུང་སྣོན་པ་དས་སུ་འདག་་་་་
སྤོབས་པ་མཐའ་ཡས་ལགས། ཚེ་བརྟན་སྒྲོལ་མ་བོད་སྐད་ཀྱི་སྟེང་ནས་ཆབ་སྲིད་གནས་བབ་དང་མཐུན་པའི་དེང་རབས་ཅན་གྱི་གླུ་དབྱངས་གསར་བཏོད་བྱེད་མཁན་ཞིག་ལ་བཞག་ཆོག་ན། ཁྱེད་ཀྱིས་ཚེ་བརྟན་སྒྲོལ་མས་གསར་བཏོད་གནང་བའི་གླུ་དབྱངས་གཅིག་འཁྱེར་ཤོག་དང་། ཡང་ཁྱེད་རང་གི་ཤེས་དགོས་པ་ཞིག་ལ། རྒྱ་ནག་དམར་ཤོག་གི་ཚོགས་མིར་གྱུར་བའི་བོད་མི་ཚང་མ་གསར་བརྗེ་བ་ཡིན་པའི་ངེས་པ་ག་ལ་ཡོད། ཁོ་ཚོ་ཏང་ཡོན་རེད། ངོ་མ་བཤད་ན་དགྲ་སྣ་ནང་འདྲེན་བྱེད་མཁན་རྒྱའི་རྒྱུག་ཁྱི་དེ་ཚོ་རེད། ཁོ་ཚོའི་ཤ་ཁྲ་རུས་གསུམ་བོད་ལ་གཏོགས་པའི་ཆ་ནས་རང་གི་མི་རིགས་ཀྱི་ཆེད་དུ་བདེན་པ་ཚིག་གསུམ་བཤད་ཀྱང་མ་འོས་པ་མེད་མོད། བོད་མི་སྔོན་ཐོན་པ་དེ་དག་གིས་དོན་ངོ་མར་རང་གི་མི་རིགས་ཀྱི་ཆེད་དུ་ཅི་ཞིག་བཤད་ཡོད་མེད་དང་། ཅི་ཞིག་བསྒྲུབས་ཡོད་མེད་ལ་དོན་དངོས་ཀྱི་དཔྱད་ཞིབ་ཅི་ཡང་མེད་པར་བསྐོར་ལམ་དང་ཇ་ཁང་ནང་གི་གཏམ་འཁྱར་བསྒྲུགས་ཏེ་མིའི་ཆེ་བ་བརྗོད་པ་ནི་ཤེས་རློམ་པ་དང་རྣམ་དཔྱོད་ཅན་ཚོའི་བྱེད་སྟངས་ཤིག་ག་ལ་ཡིན། ད་དུང་བཤད་རྒྱུ་ཞིག་ལ། འབའ་བ་ཕུན་དབང་གིས་ཚེ་གང་བོར་བོད་མི་ཚོས་དགྲར་ལྟ་བའི་རྒྱ་དམར་གུང་བྲན་ཚོགས་པར་བློ་དཀར་གཞུང་དྲང་གིས་ཞབས་ཞུ་བསྒྲུབས་ཀྱང་། གུང་བྲན་གྱིས་ཁོ་ལ་སྤྲད་པའི་ལེགས་སྐྱེས་ནི་མི་ཉི་ཤུ་མ་ཟིན་ཙམ་ལ་བཙོན་འཇུག་དང་མནར་གཅོད་ཚད་མེད་བཏང་དེ་རེད་ལ། ཐ་ན་རང་གི་ཚེ་གྲོགས་དང་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ཚོར་ངོ་འཕྲད་པའི་སྐལ་བ་དེ་ཡང་གུང་བྲན་ཏང་གིས་གནང་བ་ཞིག་ག་ལ་ཡིན། ཁོ་ལྟ་བུའི་སྔོན་ཐོན་པ་ཁ་ཤས་ཀྱིས་རང་ཉིད་འཆི་ལ་ཉེ་སྐབས་གཞི་ནས་རང་ཉིད་མི་རིགས་བླ་བཙོང་བ་དང་རྒྱལ་འཚོང་བ་ཡིན་པའི་མནོང་འགྱོད་བློ་ལ་མ་ཤོང་བར་རྫུན་གཏམ་མང་པོ་ཞིག་གིས་རང་ཉིད་དཀར་མདོན་བྱེད་འདོད་ཀྱང་། དེས་ཁོ་ཅག་གི་མི་ཚེ་གང་བོའི་བྱས་ཉེས་ཐ་དག་སྦས་འགེབས་བྱེད་ཐབས་གཏན་ནས་མེད།
ཁྱེད་ཀྱིས་བོད་མི་ཏང་ཡོན་ཡོད་ཚད་རྒྱུགས་ཁྱི་རེད་ཟེར་གྱིན་ཡོད་དམ།
ཡོད་ཚད་ཟེར་གྱི་མེད་ལགས།
དེ་ཡིན་ན་མར་གྱི་ནང་ནས་སྤུ་འཐེན་པ་ལྟར་ཕུན་དབང་མཆོག་ལ་གུས་ལུགས་མེད་པ་དེ་འདྲ་རང་གསུང་ན་དགོས་པ་འདུག་གམ།
ཕུན་དབང་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་རྒན་གསུམ་ཐམ་པ་བྲིས་འདུག དེའི་ནང་བོད་ཀྱི་དགོན་སྡེ་ནི་བོད་པའི་ཡོད་ཚད་རེད། དགོན་པའི་ནང་རིག་གནས་དང་། དཔལ་འབྱོར། ཕྲུ་གུ་ཡོད་ཚད་ཡོད། དེ་ཕྱིར་དགོན་སྡེ་ནི་བོད་པ་དང་། ཁ་བྲལ་ཐབས་རྩ་བ་ནས་མེད་ཅེས་བཤད་འདུག
དོལ་རྒྱལ་ནི་ཆོས་ལུགས་ཤིག་ཡིན་པས་དེའི་དད་མོས་ལ་དཀག་འགོག་དང་རྒྱབ་སྐྱོར་བྱེད་དགོས་མེད་ལ། དེའི་ཆེད་དུ་རྩོད་པ་རྒྱབ་ན། བོད་དོན་ལ་གནོད་ལས་ཕན་མེད། བོད་མི་ཡོད་ཚད་ཡག་པོ་མ་རེད། བོད་མིའི་ནང་ནས་ནང་མི་བཙོང་མཁན་དང་གསོད་མཁན་ཡོད་པས་དེ་ལ་དགའ་བསུ་བྱེད་པ་ནི་རྨོངས་ཞེན་ཆེ་དྲགས་པའི་སྐྱོན་ལས་གཞན་དུ་མ་མཐོང་། ཉེས་ཅན་པ་ནི་ཉེས་ཅན་པ་དང་། ཉེས་མེད་ནི་ཉེས་མེད་རེད། དེ་ལ་བོད་པ་ཡིན་མིན་དང་། ལྟ་གྲུབ་མཐུན་མིན། མི་རིགས་ཀྱི་ཁྱད་པར་མེད།
འདྲེ་ཡིན་ཡིན་པར་ཁོ་རང་གིས་བཤད་པ་རེད།
འདྲེ་ཡིན་ཡིན་པར་ཁོ་རང་གིས་བཤད་པ་རེད།
འདྲེ་ཡིན་ཡིན་པར་ཁོ་རང་གིས་བཤད་པ་རེད།
ཅོ་རི། ཁྱེད་རང་དོན་གྱིས་ཆིལ་སྒྲིལ་གལ་ཆེ་ཤོས་སུ་བརྩི་མཁན་ཞིག་ཡིན་ན། ༧སྐུ་མདུན་གྱིས་དོལ་རྒྱལ་འགོག་དགོས་བའི་རྒྱུ་མཚན་ལྟེ་བ་བོད་ཀྱི་ཆོས་རྒྱུད་ཁག་མཐུན་སྒྲིལ་དང་དམ་གཙང་ཡོང་ཆེད་རེད། དོལ་རྒྱལ་ཟེར་བ་འདི་བོད་ཀྱི་ཆོས་རྒྱུད་གཞན་དག་ལ་དགྲ་དགྲ་ནག་ཏུ་ལྟ་མཁན་ཞིག་ཡིན་འདུག སྐུན་མདུན་གྱིས་བཀག་འགོག་མ་གནང་གོང་ནས་དོལ་རྒྱལ་ཟེར་བ་འདིས་ཆོས་ལུགས་བར་མཐུན་ལམ་བྱེད་དུ་མི་འཇུག་པའི་ལོ་རྒྱུས་འདུག ཆོས་ལུགས་རེས་མེད་གནང་མཁན་གྱིས་སྐྱེས་ཆེན་ཁ་ཤས་ཤིག་གི་སྐུ་སྲོག་འཕྲོག་པའི་ལོ་རྒྱུས་དོལ་རྒྱལ་བ་ཚོས་བྲིས་པ་མཐོང་མྱོང་། དེ་འདྲ་ཡིན་ཙང་དོལ་རྒྱལ་དང་ཆིལ་སྒྲིལ་ཟེར་བ་གཉིས་མཉམ་གཅིག་ཏུ་ཡོང་ཐབས་མེད་པ་གཟིགས་ནས། ༧སྐུ་མདུན་གྱིས་ཆིལ་སྒྲིལ་གི་ཆེད་དུ་དོལ་རྒྱལ་ཟེར་བ་དེ་བཀག་པ་རེད།
མདོ་དོན་བོད་མི་ཚོའི་མདུན་དུ་དྲི་བ་གཉིས་སླེབས་པ་རེད། དང་པོ་བོད་ཀྱི་ཆོས་རྒྱུད་ཁག་ཐུགས་མཐུན་དམ་གཙང་དང་ཆིལ་སྒྲིལ་དགོས་སམ། ཡང་ན་དོལ་རྒྱལ་དགོས་ལབ་པ་འདྲ་བོ་རེད། བྱས་ཙང་༧སྐུ་མདུན་གྱིས་དང་པོ་དེ་འདམས་པ་རེད། གངས་བླ་སོགས་ཀྱིས་ཕྱི་མ་དེ་འདམས་པས་མ་ཚད་བོད་ཀྱི་གནོད་བཅུད་གཉིས་ཀྱི་ལག་དམར་རྒྱ་དམར་ལ་མགོ་འདོགས་དཔུང་སྒྲིག་བྱས་པ་རེད། བོད་མི་ཞིག་གི་ངོས་ནས་བཤད་ན་༧སྐུ་མདུན་ག་ཚོད་སྡུག་ནའང་རྒྱ་དམར་ལས་ཀྱང་ངན་པ་ཞིག་ཡིན་མི་སྲིད་པ་མ་རེད་དམ།
གཞན་གྱིས་དམག་དོན་དཔལ་འབྱོར། མངའ་ཁོངས་དང་བདག་དབང་རྩོད་པ་སྐབས་སུ་བོད་པ་གླན་པ་འདི་ཚོས་ད་དུང་ཡང་། གནའ་བོའི་ལྟར་ཆོས་ལུགས་སྲུང་མ་རྩོད་ཀྱི་འདུག ད་བོད་ལ་རེ་བ་ཁག་པོ་རེད། ཁ་ཡར་གྲགས་ཀྱིས་སྐུ་མདུན་ད་མར་གྲགས་ཀྱིས་སྐུ་མདུན། བོད་ལ་རེ་བ་དགོས་ན་ཆོས་ལུགས་མི་སྣ་ཆབ་སྲིད་ཁྲིད་མ་ཡོང་རོགས་ཞེས་ཞུ་འདོད་སྐྱེས།
གཞན་གྱིས་དམག་དོན་དང་དཔལ་འབྱོར། མངའ་ཁོངས་དང་བདག་དབང་རྩོད་པའི་སྐབས་སུ་བོད་པ་གླན་པ་འདི་ཚོས་ད་དུང་ཡང་། གནའ་བོའི་ལྟར་ཆོས་ལུགས་དང་སྲུང་མ་རྩོད་ཀྱི་འདུག ད་བོད་ལ་རེ་བ་ཁག་པོ་རེད། ཁ་ཡར་གྲགས་ཀྱིས་སྐུ་མདུན་དང་མར་གྲགས་ཀྱིས་སྐུ་མདུན། བོད་ལ་རེ་བ་དགོས་ན་ཆོས་ལུགས་མི་སྣ་ཆབ་སྲིད་ནང་ཁྲིད་མ་ཡོང་རོགས། བོད་པ་འདི་ལྟར་ཆགས་པའང་ཆོས་དཔོན་ཚོས་བཟོས་བ་རེད། གཡག་གསད་པའི་སྒང་ལ་རྔ་མ་གནམ་ལ་འཕྱར་བ་ནི་བོད་འདི་རྩ་མེད་འགྲོ་བའི་སྔ་ལྟས་རེད།
སྟག་སྨྱོན། ང་ཅོ་རི་དངོས་མེད་ལྷ་འདྲེ་ལ་ཡིད་ཆེས་མེད་མཁན་ཞིག་ཡིན། དོལ་རྒྱལ་གྱིས་མི་བསད་པ་རེད་ཟེར་ན་ཁས་ལེན་ཐུབ་ས་མ་རེད། བོད་པའི་ལྷ་འདྲེ་དེ་ཚོ་ལ་མི་གསོད་པའི་འཇོན་སྟངས་མེད་པར་གསལ་པོ་ཡིན།་་ཧཧཧ རྒྱ་མི་ལ་མགོ་བཏགས་ནས་རྒྱའི་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ཟེར་མཁན་ཏྭ་ལའི་བླ་མ་དང་དབུ་མའི་ལམ་པ་བ་ཡོངས་སུ་རྫོགས་པ་རེད། དོལ་རྒྱལ་བ་ཚོས་རྒྱ་ལ་མགོ་བཏགས་ཅི་ལྟར་བྱས་མིན་གསལ་པོ་ངས་མི་ཤེས། ཁྱོད་ཀྱིས་ཤེས་ན་གསལ་པོ་ཞིག་གསུངས་རོགས་བྱོས་དང་།
དོལ་རྒྱལ་ཚོགས་པས་བོད་རྒྱ་ཁུངས་སུ་སྡོད་ཀྱི་ཡིན་ཟེར་ནས་ཡིག་ཆ་འདྲ་ཞིག་རྒྱ་ནག་གཞུང་ལ་སྤྲད་པ་རེད་དམ། དོལ་རྒྱལ་ཚོགས་པའི་སྒྲིག་གཞིའི་ནང་དུ་ཁོ་ཚོ་རྒྱ་མི་ཡིན་ལབ་ཀྱི་ཡོད་པ་རེད་དམ། ཏྭ་ལའི་བླ་མས་འབྲེལ་བ་བྱེད་སའི་རྒྱ་མི་དེ་ཚོ་རྒྱ་ཡག་དང་དོལ་རྒྱལ་ཚོགས་པས་འབྲེལ་བ་བྱེད་སའི་རྒྱ་མི་དེ་ཚོ་རྒྱ་སྐྱ་དེ་འདྲ་ཡིན་པས་ཁྱད་པ་འདྲ་ཞིག་ཡོད་པ་རེད་དམ། ཕྱོགས་གཉིས་ཀས་རྒྱ་མི་ལ་འབྲེལ་ལམ་འཛུགས་ཀྱི་ཡོད་པ་མིན་ནམ།་་་་ཧཧཧ
དྲང་བདེན་དགོས་པ་རེད། རྒྱུ་འབྲས་སྲུང་དགོས་པ་རེད། དབང་ཆེ་བ་དེས་ཉམ་ཆུང་བ་དེ་ལ་བརྙས་བཅོས་བྱེད་སྡོད་ན་འགྲིག་གི་མ་རེད། ཆིག་སྒྲིལ་ཡོང་གི་མ་རེད། བོད་མི་ཚོས་ལྷ་འདྲེ་གང་བརྟེན་འདོད་ནའང་ཁོ་རང་ཚོས་འདོད་མོས་རེད། ཆོག་དང་མི་ཆོག ཡག་དང་སྡུག་གི་སྐད་ཆ་བཤད་ན་འགྲིག་གི་མ་རེད་འདོད་ཀྱི་ཡོད་དོ།།
རིག་པའི་བུ་ཡིས་གསུངས་པ་བདེན་ངོ་མ་བདེན་་་་་ནོ་ཟེར་གྱི་ཡིན།།
མ་ཤེས་པའམ་མ་རིག་པ་རེད། འདྲེ་རྩོད་ཀྱིན་འདུག འདྲེ་གསོལ་མཆོད་བྱེད་པ་ཐན་པོ་ལས་སྡིག་པ་ཡིན་མིན་རྩོད་ཀྱིན་འདོག
སྲུང་མ་ཁ་ནས་ཤོར་མེད་ད། ཐེན་པོ་ལས་དོལ་རྒྱལ་རྗེས་འབྲང་སྡིག་པ་རེད་ཅེས་དྲན་དཀར་ནས་བཤད་སོང་བ་ཁོ་རེ།
ཆོས་མེད་ཡིན་མདོག་གིས་ཕན་མ་སོང་བ། རང་དབང་ལུང་བའི་མི་རེད། རྒྱུ་མཚན་ཡོད་མེད་གཙོ་བོ་ཆགས་སོང་བ།
དགེ་སློང་གི་ལྕེ་ཡིས་རྫུན་མ་བཤད་མི་ཆོག་པ་ཅེས་ཐ་ཚིག་སྒྲོག་མཁན་༧གོང་ས་རྒྱལ་བ་རིན་པོ་ཆེ་རེད།
༡༤༡༽ ཅོ་རི་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ གི་ཆུ་ཚོད་ ༦ སྐར་མ་ ༥༧
སྤོབས་པ་་་་ཧཧཧ ཁྱོད་རང་དྲང་མ་བྱུང་། རྒྱ་དམག་ཁྲིད་ཡོང་ནས་ཏྭ་ལའི་བླ་མའི་རྐུབ་ལ་མེ་མདའ་བརྒྱབ་ནས་རྒྱ་གར་དུ་སྐྱབས་བཅོལ་ཕུད་མཁན་ཚོ་ལས་ཤུགས་ལྡན་ཚོགས་པ་སྡུག་བ་ཅང་ཨ་ཡོད་ན། ཤྭཀྱའི་ཆོས་ལུགས་དང་མཐུན་མི་མཐུན་རྩོད་འདོད་མི་འདུག
༡༤༣༽ དྲན་དཀར་དཔལ་ཡོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༠ གི་ཆུ་ཚོད་ ༨ སྐར་མ་ ༢༤
ཐེན་པོས་གཤེགས་ཟིན་པ་རེད། ད་ལྐོག་གསོད་ཀྱི་ལས་ཀ་དེ་ཚོར་འབྱུང་གིན་མ་རེད། རང་དབང་ལུང་པའི་ནང་གི་དོལ་ཚོགས་ཀྱི་ད་དུང་ཡང་ལྐོག་གསོད་བྱེད་སྲིད་པ་རེད། འདི་ནི་སྒྲོ་བཏགས་ནས་བཤད་མེད། ཐེན་པོ་དང་མི་འདྲ་བའི་ཁྱད་པར་འདི་རེད།
སྲིད་ཀྱིས་ཐོག་ནས་བཤད་ན། རང་དབང་ལུང་པར་བོད་མི་ཉུང་ཉུང་ལས་མེད། ཡོད་པ་དེའི་ནང་དུ་རྒྱ་ནག་གི་ལག་ཆ་གཅིག་ཡོད་པ་ར་འཕྲོད་བྱུང་ན་གསལ་བོར་བཟོ་དགོས་པ་ནི། ཧ་ཅང་གི་གསལ་བོ་རེད། དོལ་ཚོགས་ནི་ཅོ་རི་བཞིན་ཏུ་གབ་དགོས་དོན་མེད། དོལ་སྐུ་ཞབས་དཔེར་ན་དྲ་ཐོག་ནས་ཀྱང་ཏང་རྫུན་བྱས་པ་མ་གཏོགས་རང་བཙན་བཤད་པ་ནང་བཞིན་ཁ་སངས་ཐུབ་ཀྱིན་མེད་པ།
སྲིད་དོན་གྱི་དཀའ་ངལ་ཡོད་ན་བོད་མའི་བསྒྲིག་འཛུག་ལ་དཀའ་ངལ་བྱུང་ན་བཤད་ཆོག་པ་ལས་རྒྱ་གཞུང་ལ་ཞུ་དགོས་མེད། ལྐོག་གསོད་ཀྱི་ལས་ཀ་དེ་ཚོར་མཚམས་བཞག་པ་ཡིན་ན། ཆོས་ཕྱོགས་ནས་ཀྱང་ལམ་ཀ་ཞིག་ཡོད་པ་རེད། ད་དུང་པན་ཆེན་སྐུ་གཤེགས་རྐྱེན་བོད་མའི་བསྒྲིགས་ལ་བོད་པ་རེད་འདྲ་བོ་བཤད་ནས་སྡད་བསྡད་པ་ཡིན་ན་བོད་མི་ཚོར་ཡིད་ཆད་ནས་ཤི་བ།
ཁྱེད་རང་བསམ་བློ་བཏང་ཤེས་ན་བཏང་རན་ཡིན་དངོས་གནས་དྲང་ནས་ལབ་ཡོད། མདོག་དེ་བལྟ་དང་།
མའོ་ཡིས་བོད་པ་བསད་ཡོད་ན་དོལ་རྒྱལ་གྱིས་མི་བསད་པ་གསལ་བོ་རེད་དོ། ཏང་ཉམས་འདྲ་བོ་ཅིག་བཏོན་ཁ་བྱས་ཁྱི་ཕྲུག
རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་མི་བརྟེན་པ་དང་དོལ་རྒྱལ་བརྟེན་མཁན་དང་ལྷན་དུ་ཆོས་ཕྱོགས་ཀྱི་འབྲེལ་བ་བཅད་པ་དེ་ལ་སྐྱོན་ཞིག་མཐོང་མ་སོང་། རྒྱལ་བ་རིན་པོ་ཆེ་ཆོས་དད་པ་ཞིག་ཡིན་པའི་ཆ་ནས་ལྷ་ག་འདྲ་ཞིག་ལ་དད་པ་འཇོག་མིན་གྱི་དབང་ཆ་ཡོད་དགོས་པ་རེད། དེ་ལ་རྒྱལ་བ་རིན་པོ་ཆེས་འགྲེལ་བཤད་རྒྱག་དགོས་པ་དང་ཁུངས་སྐྱེལ་བྱེད་དགོས་དོན་མི་འདུག དེ་ཁོ་རང་གི་ཐོབ་ཐང་རེད། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བརྟེན་ན་ངས་བོད་མིའི་གྲས་ནས་ཕུད་ཀྱི་ཡིན་གསུངས་མེད། དོལ་རྒྱལ་བརྟེན་མཁན་བོད་དོན་ལས་འགུལ་ལ་ཞུགས་མི་ཆོག་གསུངས་མ་སོང་། རྒྱལ་བ་རིན་པོ་ཆེའི་ཆོས་དད་རང་མོས་ཀྱི་རང་དབང་ལ་དོལ་རྒྱལ་ཚོགས་པས་གནོན་ཤུགས་སྤྲད་ན་ཏན་ཏན་ང་ཚོས་རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་ལངས་དགོས་པ་རེད། དོལ་རྒྱལ་དང་ལྷན་དུ་འབྲེལ་བ་བྱེད་དང་མི་བྱེད་དེ་ཡང་ཆོས་དད་མང་ཚོགས་ཁོ་རང་ཚོའི་འདོད་མོས་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེ་བླ་མར་རྟེན་མཁན་ཞིག་ཡིན་ན་བླ་མའི་བཀའ་ལ་མི་རྩི་མཁན་དང་ལྷན་དུ་ཆོས་ཀྱི་འབྲེལ་བ་བཞག་ན་ཡ་མཚན་པོ་རེད་བསམ། ང་ཆོས་ལ་དད་པ་ཡོད་མེད་གང་ལྟར་ཡང་ཆོས་དད་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་སྟབས་ཆོས་ཀྱི་ཤེས་བྱ་ཕྲན་བུ་ཞིག་ཡོད་ཐོག་ཆོས་དད་མང་ཚོགས་ཀྱི་སེམས་ཁམས་ལ་ཆ་རྒྱུས་ཡོད་པའི་ཆ་ནས་བཤད་པ་ཡིན།
༡༦༩༽ སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་མངོནཔར་བསྟོད་དོ། དེ་དེ་བཞིན་ནོ། ཞུའོ།། །།
རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་བཀག་པ་དེས་ཕུགས་ཀྱི་བོད་མིའི་མཐུན་སྒྲིལ་ལ་ཕན་པས་འགྲིགས་ཤག་སྙམས། དེ་བཞིན་རྗེ་ཙོང་བའི་རིང་ལུགས་ལ་དད་མོས་བྱེད་མཁན་ཞིག་ལ་མཚོན་ན། ཁོང་གི་བསྟན་པ་སྲུང་བར་ལས་འགན་གཙོ་བོ་འདི་དམ་ཆེན་ཆོས་རྒྱལ་ལ་བཏགས་ཡོད་པ་དང་། དགེ་ལྡན་པའི་སྲུང་མ་གཙོ་བོ་དམ་ཆེན་ཆོས་རྒྱལ་ཡིན་པ་གསལ་པོ་རེད། དམ་ཆེན་ཆོས་རྒྱལ་ལ་རྙོག་ཁྲ་དང་དོགས་གཞི་མེད།
དེ་བཞིན་གོང་ས་མཆོག་གི་བྱམས་སེམས་དང་བོད་མིའི་བཟོད་པར་བརྟེན་ནས་ང་ཚོས་ག་ལེར་ཤུགས་ལྡན་བསྟེན་མཁན་ཚོར་བྱམས་དང་སྙིང་རྗེ། བཟོད་པ་ལ་སོགས་ཀྱི་སྟོབས་ལ་བརྟེན་ནས་ཁོང་ཚོ་ཚུར་གོ་སྐོན་བྱས་ནས། ཤ་ཁྲག་གཅིག་གི་བོད་མི་དེ་ཚོ་ཡང་རིམ་བཞིན་དམིགས་རྒྱང་རིང་པོའི་ང་ཚོ་ཐུན་མོང་གི་ཁེ་ཕན་ལ་བསམས་ནས་མཉམ་སྒྲིག་ཡོང་བ་ནི་ངའི་རྨི་ལམ་དང་རེ་སྒུག་ཡིན། ང་ཚོས་རང་གི་ཕ་ཡུལ་དང་ཕ་མ་གསོད་མཁན་དགྲ་རྒྱ་མིར་མཐུན་སྒྲིལ་བྱེད་ཐུབ་ན། དེ་བས་སོ་སོའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོར་དེ་ལས་ལྷག་པའི་བཟོད་ཡངས་དང་སྙིང་རྗེ་སྒོམས་དགོས། དེ་བྱེད་མ་བཏུབ་པ་མིན་འདུག
་་་་་་ ཁོ་༼འབའ་ཕུན་༽ལྟ་བུའི་སྔོན་ཐོན་པ་ཁ་ཤས་ཀྱིས་རང་ཉིད་འཆི་ལ་ཉེ་སྐབས་གཞི་ནས་རང་ཉིད་མི་རིགས་བླ་བཙོང་བ་དང་རྒྱལ་འཚོང་བ་ཡིན་པའི་མནོང་འགྱོད་བློ་ལ་མ་ཤོང་བར་རྫུན་གཏམ་མང་པོ་ཞིག་གིས་རང་ཉིད་དཀར་མདོན་བྱེད་འདོད་ཀྱང་། དེས་ཁོ་ཅག་གི་མི་ཚེ་གང་བོའི་བྱས་ཉེས་ཐ་དག་སྦས་འགེབས་བྱེད་ཐབས་གཏན་ནས་མེད། ་་་་་ཟེར།
སྤོབས་པ་དང་བསམ་ཤེས་ཚོར་བཀུར་རུང་བའི་ཆ་དངོས་གནས་འདུག ཨ་ཅང་ཅང་ཡིན་དང་ཡིན། གསལ་འདེབས་ཅིག་དགོས་པ་ནི་བླ་མར་མི་གུས་པ་ཚོར་འབྲེལ་བ་བཞག་དགོས་པ་མི་འདུག་ཅེས་སྤོབས་པས་ཟེར་བ་དེ་རེད།
ཡིན་དང་ཡིན། ཐུགས་ཁག་མི་འདུག་བསམ འདུལ་བ་ཟེར་བ་དེ་རབ་ཏུ་འབྱུང་དུས་དགོས་མཁོ་ཡོད་པ་ནི་བོད་མི་མང་ཆེ་བས་མཁྱེན་གི་རེད་ལ་བརྗེད་མི་ཉན་པ་ཅིག་ནི་གྲ་བ་ལོག་ཁའི་བར་ཡང་དགོས་ཀྱིན་ཡོད། འདུལ་བ་ནི་དམག་དང་དྲག་ཤུགས་ལ་མ་བརྟེན་པར་རབ་བྱུང་བ་ཚོར་ཉ་མོ་ཆུ་ལ་བརྟེན་པ་བཞིན་རབ་བྱུང་བའི་སྲོག་གི་རྟེན་རེད་ཅེས་འགྲིན་པ་གཟེངས་ཏེ་སྨྲར་ནུས། ཉ་མོའི་རིགས་ཅི་ཙམ་མི་འདྲ་ན་ཡང་ཉ་ཡི་ངོ་བོར་གནས་པ་དེ་སྲིད་དུ་འདུལ་བས་རྒྱ་མཚོ་ཆེན་པོ་བཞིན་དུ་དགོས་མཁོ་བསྐོང་ནུས་པར་འདུལ་བར་རྒྱུས་ཡོད་པའི་དོལ་རྒྱལ་བས་གྱང་ཁས་བླངས་དགོས་པར་ཐུག་གི་རེད། ཐབས་སྡིག་པོ་ཞིག་ལ་བོད་མིའི་བསྒྲིག་འཛུགས་ལ་འདུལ་བ་ཁས་བླངས་པའི་ཉམས་སྟོན་ཞོར་དུ། ཡང་རྒྱ་གཞུང་ལ་ཁས་མ་བླངས་པའི་གྲོད་པ་ཡང་བཟེད་ཀྱིན་ཡོད། དོལ་ཚོགས་ཀྱི་མུ་མཐུད་ནས་ཞབས་འདྲེན་ཞུས་བསྡད་པ་ཡིན་ན་ཡུལ་གྱར་བའི་བསྒྲིག་འཛུགས་ལ་ནུས་པ་གཞན་མེད་སྟབས་ཁྱིམ་པ་ཚོས་བཟོད་བསྲན་བསྟེན་པ་དང་འགན་བླངས་ཏེ་འོང་བ་རེད་ལ། ད་དུང་ཡང་འཚེ་མེད་ཐོག་འགན་བླངས་འོས་པ་ཞིག་ཏུ་བདག་གིས་ནི་མཐོང་གིན་འདུག དཔེར་ན་ཅོ་རི་ཟེར་བ་འདི་ཚོས་ཆེད་དུ་དཀྲུགས་ཤིང་རང་བྱས་ནས་འཚོ་བ་བསྐྱལ་གྱིན་འདུག
འདི་ཡང་ཁ་བརྡ་དྲ་བ་དོལ་རྒྱལ་བས་བེད་སྤྱོད་ཚུལ་ཙམ་ཞུས་པ་ཡིན། འདི་ཚོ་ཡ་མཚན་པོ་མི་འགུག་གམ།
༼རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བརྟེན་ན་ངས་བོད་མིའི་གྲས་ནས་ཕུད་ཀྱི་ཡིན་གསུངས་མེད། དོལ་རྒྱལ་བརྟེན་མཁན་བོད་དོན་ལས་འགུལ་ལ་ཞུགས་མི་ཆོག་གསུངས་མ་སོང་། རྒྱལ་བ་རིན་པོ་ཆེའི་ཆོས་དད་རང་མོས་ཀྱི་རང་དབང་ལ་དོལ་རྒྱལ་ཚོགས་པས་གནོན་ཤུགས་སྤྲད་ན་ཏན་ཏན་ང་ཚོས་རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་ལངས་དགོས་པ་རེད། དོལ་རྒྱལ་དང་ལྷན་དུ་འབྲེལ་བ་བྱེད་དང་མི་བྱེད་དེ་ཡང་ཆོས་དད་མང་ཚོགས་ཁོ་རང་ཚོའི་འདོད་མོས་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེ་བླ་མར་རྟེན་མཁན་ཞིག་ཡིན་ན་བླ་མའི་བཀའ་ལ་མི་རྩི་མཁན་དང་ལྷན་དུ་ཆོས་ཀྱི་འབྲེལ་བ་བཞག་ན་ཡ་མཚན་པོ་རེད་བསམ།༽
སྐད་ཆ་འདི་ནི་བསམ་བཞིན་དུ་མཐུན་ཕྱོགས་བསྒྲིགས་པ་ལས་བདེན་པ་མིན་པ་འདོད། རྒྱལ་པ་རིན་པོ་ཆེ་དོལ་རྒྱལ་བསྟན དང་མི་བསྟན་གྱི་ཐོབ་ཐང་ཡོད་པ་བདེན་ཡང་། དེ་རྒྱུ་མཚན་དུ་བྱས་ནས་དོལ་རྒྱལ་བསྟན་མཁན་ཚོ་གྲ་ས་ནས་ཕུད་དེ་དགོན་པ་ལོགས་སུ་བཟོས་དགོས་དོན་མེད། དེ་ནི་ཆོས་ལུགས་དབྱེ་འབྱེད་རེད། བོད་གཞུང་ལྟ་ཅི་ཐ་ན་གཞུང་དང་འབྲེལ་བའི་ཚོགས་པ་ཁག་གིས་ཚོགས་མི་བསྡུ་ལེན་སྐབས་དོལ་རྒྱལ་དང་འབྲེལ་བ་མེད་པ་དག་འབུལ་བྱེད་དགོས། དེ་ནི་གྲངས་ཉུང་ཆོས་ལུགས་པ་མཐོང་ཆུང་རེད། རྒྱལ་བ་རིན་པོ་དགའ་མཁན་ཞིག་ཡིན་ན་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་བ་བདེན་ཡང་། དེ་རྒྱུ་མཚན་དུ་བྱད་ནས་དོལ་རྒྱལ ཚོགས་པ་ཟིང་ཟིང་གི་འབྲེལ་བ་གཅད་པ་ནི་ཆོས་ལུགས་དབྱེ་འབྱེད་ཀྱི་ཀླ་ཀློས་བྱེད་ཐབས་རེད། བྱེད་ཐབས་བོད་ཀྱོ་མ་འོངས་བར་གནོད་ངེས་རེད།
ཁྱེད་ཚོས་ཁ་སངས་པོ་ཐོག་ནས་སྐད་ཆ་བཤད་ན་བཟང་། གུང་ཁྲན་ལས་༧གོང་ས་མཆོག་ལ་སྡང་ཁུལ་འདྲ་བོ་བྱས་བསྡད་པ་ཡིན་ན། ང་དང་བོད་མིའི་ཁྱེད་ཚོའི་སྤྱོད་ལམ་ལ་བལྟ་དགོས་ཐུག་གི་རེད། མི་བསད་པའི་དོགས་གཞི་ཡོད་པ་དང་མེད་པ་གཉིས་མཚོན་ཐུབ་པའི་ཆེད་དུ། གདན་སའི་ནང་དབྱེ་བ་བྱས་པ་རེད། འདིའི་མིང་ལ་བོད་མི་ཡོད་དོ་ཅོག་གི་བཀུར་གནས་རྒྱལ་བའི་གསུང་རབས་འདུལ་བའི་ནང་ཆོས་དང་ཆོས་མིན་འབྱེད་པའི་ལས་ཅེས་འབོད་ཀྱིན་ཡོད། ཡོད་དོ་ཅོག་ནི་དོལ་རྒྱལ་ལ་མི་བསྟེན་པ་དང་བསྟེན་པ་ཡོད་དོ་ཅོག་ཟེར་གྱིན་ཡོད། ཨ་ཅང་ཅང་ཐབས་འདི་འདྲ་མེད་པ་ཡིན་ན་གྲྭ་བས་མི་བསད་སོང་ཟེར་ནས་སྤྱི་ཚོགས་སྐད་གྲགས་ཆོད་པ་རེད་གྲྭ་བས་མཚན་མཐོང་ཆགས་པ་རེད་ལ་དགེ་ལྡན་པའི་མཐོང་ཡང་ཆགས་པ་རེད། དགེ་ལྡན་པའི་མཚན་མཐོང་དོལ་རྒྱལ་བས་ཀྱང་མི་དགོས་ལབ་མེད། བྱས་ཙང་དགེ་ལྡན་པས་ཆོས་དང་ཆོས་མིན་ལས་བྱས་པ་རེད། བྱུང་རབས་ངོ་མ་འདི་འདྲ་རེད།
བསམ་བཞིན་དུ་ལོག་འགྲེལ་རྒྱག་གིན་ཡོད་ན་ཁྱེད་རང་ཚོའི་འདོད་པ་རེད། དོགས་པ་རྣམ་རྟོག་ཡོད་ན་གང་ཤེས་ཤེས་བཤད་འདོད། དོལ་རྒྱལ་བ་ལ་ལྐུགས་རྟགས་དཔེ་མི་སྲིད་པ་ཅིག་ཡོད་པ་ནི་བོད་མི་ཚོར་ཞེད་སྣང་སྐུལ་བ་དང་། ད་དུང་༧གོང་ས་མཆོག་ལ་འཇིགས་སྐུལ་འདྲ་བོ་བྱས་བསྡད་པ་ཡིན་ན་ཁྱེད་རང་ཚོས་འབད་འབྲས་སུ་༧གོང་ས་མཆོག་མེད་པ་ཡང་ཆགས་སྲིད་ཀྱིན་རེད།
ཉི་མ་དེ་ཡང་བསྐྱར་ཤར་བ་ཡིན་ན། རིས་མེད་པ་ཕྱོགས་ཐམས་ཅད་ལས་རྒྱལ་བ་རེད་ལ་དོལ་རྒྱལ་རྗེ་འབྲང་རྣམས་ཚེ་ཚེ་རབས་སུ། བོད་མི་སྤྱི་བྱིངས་དང་ཁ་བྲལ་བ་རེད། ཆོས་དང་ཆོས་འབྱེད་པའི་ལས་ནི་དགེ་ལྡན་པ་སྤྱིའི་ཉམས་ལེན་གནང་བ་རེད་དེ།
འོན་གྱང་དོལ་རྒྱལ་རྗེས་འབྲང་བས་དེ་ལྟར་མི་བྱེད་པར་ལྐོག་གསོད་པའི་རྒྱུད་འཛིན་བྱས་ཀྱིན་འདུག་ག། དེ་ལ་འཇིགས་ཉམས་གང་ཡང་མེད་པར་ལྐུགས་ཉམས་དོད་པོར་བདག་གིས་མཐོང་། གོང་དུ་བསམ་ཚུལ་གསུང་མཁན་གཅིག་བདག་གི་ངོ་ཤེས་གྲོགས་པོ་ཡིན་ན་ཕྱོགས་བསྒྲིག་པ་ལབ་ཆོག་མོད། ངས་དཀོན་མཆོག་དཔང་བཙུགས་བགྱིས་ནས་གཅིག་ཀྱང་ངོ་ཤེས་གྲོགས་པོ་མིན་ལབ་ཀྱི་ཡིན། ཁྱེད་ལ་ཡང་ཟེར་རྒྱུས་ཕངས་ནས་དེ་ལྟར་ལབ་པ་ཡིན་ན་རང་དགར་བྱས་ཨ།
ཁྱེད་ཚོས་ཁ་སངས་པོའི་ཐོག་ནས་སྐད་ཆ་བཤད་ན་བཟང་། གུང་ཁྲན་ལས་༧གོང་ས་མཆོག་ལ་སྡང་ཁུལ་འདྲ་བོ་བྱས་ཏེ་བསྡད་པ་ཡིན་ན། ང་དང་བོད་མིའི་ཁྱེད་ཚོའི་སྤྱོད་ལམ་ལ་བལྟ་དགོས་ཐུག་གི་རེད། མི་བསད་པའི་དོགས་གཞི་ཡོད་པ་དང་མེད་པ་གཉིས་མཚོན་ཐུབ་པའི་ཆེད་དུ། གདན་སའི་ནང་དབྱེ་བ་བྱས་པ་རེད། འདིའི་མིང་ལ་བོད་མི་ཡོད་དོ་ཅོག་གི་བཀུར་གནས་རྒྱལ་བའི་གསུང་རབས་འདུལ་བའི་ནང་ཆོས་དང་ཆོས་མིན་འབྱེད་པའི་ལས་ཅེས་འབོད་ཀྱིན་ཡོད། ཡོད་དོ་ཅོག་ནི་དོལ་རྒྱལ་ལ་མི་བསྟེན་པ་དང་བསྟེན་པ་ཡོད་དོ་ཅོག་ཟེར་གྱིན་ཡོད། ཨ་ཅང་ཅང་ཐབས་འདི་འདྲ་མེད་པ་ཡིན་ན་གྲྭ་བས་མི་བསད་སོང་ཟེར་ནས་སྤྱི་ཚོགས་ཐོག་སྐད་གྲགས་ཆོད་པ་རེད། གྲྭ་བས་མཚན་མཐོང་ཆག་པ་རེད་ལ་དགེ་ལྡན་པའི་མཐོང་ཡང་ཆག་པ་རེད། དགེ་ལྡན་པའི་མཚན་མཐོང་དོལ་རྒྱལ་བས་ཀྱང་མི་དགོས་ལབ་མེད། བྱས་ཙང་དགེ་ལྡན་པས་ཆོས་དང་ཆོས་མིན་འབྱེད་པའི་ལས་བྱས་པ་རེད། བྱུང་རབས་ངོ་མ་འདི་འདྲ་རེད།
བསམ་བཞིན་དུ་ལོག་འགྲེལ་རྒྱག་གིན་ཡོད་ན་ཁྱེད་རང་ཚོའི་འདོད་པ་རེད། དོགས་པ་རྣམ་རྟོག་ཡོད་ན་གང་ཤེས་ཤེས་བཤད་འདོད། དོལ་རྒྱལ་བ་ལ་ལྐུགས་རྟགས་དཔེ་མི་སྲིད་པ་ཅིག་ཡོད་པ་ནི་བོད་མི་ཚོར་ཞེད་སྣང་སྐུལ་བ་དང་། ད་དུང་༧གོང་ས་མཆོག་ལ་འཇིགས་སྐུལ་འདྲ་བོ་བྱས་བསྡད་པ་ཡིན་ན་ཁྱེད་རང་ཚོས་འབད་འབྲས་སུ་༧གོང་ས་མཆོག་མེད་པ་ཡང་ཆགས་སྲིད་ཀྱིན་རེད།
ཉི་མ་དེ་ཡང་བསྐྱར་ཤར་བ་ཡིན་ན། རིས་མེད་པ་ཕྱོགས་ཐམས་ཅད་ལས་རྒྱལ་བ་རེད་ལ་དོལ་རྒྱལ་རྗེ་འབྲང་རྣམས་ཚེ་ཚེ་རབས་སུ། བོད་མི་སྤྱི་བྱིངས་དང་ཁ་བྲལ་བ་རེད། ཆོས་དང་ཆོས་མིན་འབྱེད་པའི་ལས་ནི་དགེ་ལྡན་པ་སྤྱིའི་ཉམས་ལེན་གནང་བ་རེད་དེ།
འོན་གྱང་དོལ་རྒྱལ་རྗེས་འབྲང་བས་དེ་ལྟར་མི་བྱེད་པར་ལྐོག་གསོད་པའི་རྒྱུད་འཛིན་བྱེད་ཀྱིན་འདུག་ག། དེ་ལ་འཇིགས་ཉམས་གང་ཡང་མེད་པར་ལྐུགས་ཉམས་དོད་པོར་བདག་གིས་མཐོང་། གོང་དུ་བསམ་ཚུལ་གསུང་མཁན་གཅིག་བདག་གི་ངོ་ཤེས་གྲོགས་པོ་ཡིན་ན་ཕྱོགས་བསྒྲིག་པ་ལབ་ཆོག་མོད། ངས་དཀོན་མཆོག་དཔང་བཙུགས་བགྱིས་ནས་གཅིག་ཀྱང་ངོ་ཤེས་གྲོགས་པོ་མིན་ལབ་ཀྱི་ཡིན། ཁྱེད་ལ་ཡང་ཟེར་རྒྱུས་ཕངས་ནས་དེ་ལྟར་ལབ་པ་ཡིན་ན་རང་དགར་བྱོས་ཨ།
ང་ཚོས་སྙན་པོ་ཅི་ལྟར་བཤད་ཀྱང་རུང་། སོ་སོའི་བསམ་ཚུལ་བཤད་ཆོག་ཀྱང་། དེས་བདེན་པར་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། ཆོས་ལུགས་ཀྱི་ཕྱོགས་ནས་འདི་ལ་དད་པ་བྱེད་དགོས་དང་དེ་ལ་དད་པ་བྱེད་མི་དགོས་ཟེར་བ་གཉིས་ཆ་ཆོས་དད་རང་མོས་ཀྱི་ཁྲིམས་དང་འགལ་ཡོད་པ་རེད།
དེ་འདྲ་རང་ཡིན་ཤོག ཞུ་འདོད་བྱུང་།
ང་ཚོས་སྙན་པོ་ཅི་ལྟར་བཤད་ཀྱང་། ཆོས་དད་རང་མོས་ཀྱི་རང་དབང་ལ་སྤྱོད་ན། ལྐོག་གསོད་རྒྱུད་འཛིན་ཚོགས་པ་ངོས་འཛིན་དགོས་སོ།