ཁྲོ་གཏུམ།
གནག་གནག་པའི་དེ་རིང
ངའི་སྒེའུ་ཁུང་གི་རས་ཡོལ་ལ་ཉི་འོད་ཕོག་འདུག
ཁང་ཆུང་ནང་ནི་ཁ་སང་གི་འོད་ལས་དཀར་བ་ལ
མཚེར་ས་འདི་ནས
ཉི་འོད་ལ་འོ་མ་བྱས་པར་ཡུན་རིང་འགོར
དུག་ལོག་གི་ཚིལ་མ་བཀྲུས་པར་ལོགས་སུ་སྤུངས
སྔ་མོར་སད་དུས
ཉི་ཐིག་གིས་སྒེའུ་ཁུང་བརྟོལ་ནས་ཨོང་མགོར་རྒྱབ
ཧར་ལངས་ཀྱིས་ཞོག ས་དབུགས་འབྱིན་རྔུབ་ལ་འཁྱུད་ཙམ་བྱས
འདི་ལྟར་རྩོམ་འདི་བཞུར་སྐབས
ཉི་མས་ང་ལ་གློ་བུར་ངོ་སྡུག་འཕངས་སོང
རྟག་བྱ་མེད་པའི་དབྱར་ཁའི་གནམ་ངོ་འདི
སེམས་པ་དག་གི་གསང་དོར་རལ་བྱེད་རེད
རེ་འདུན་དག་གི་གློ་ཁུག་སྟོང་བྱེད་རེད
གང་ལྟར
རྩོམ་ཐུང་འདིའི་སྣར་མ་བརྟན་པའི་ཉི་འོད་འདི
སྤྲིན་ནག་གི་ཡོལ་ངོས་སུ་འཛུམ་ཞིག་བསྟན་པ་དགའ་ཡང
ངའི་མདུན་རྒྱབ་ལ་མཁོ ་བ་གང་ཞིག་གི་རེ་སྒུག
རྡ་སའི་ཆར་དུས་བཞིན་རོག་རོག་རེད་འདུག
2013/8/20ཉིན་ཞོགས་ཇའི་ཚབ་ཏུ།