རྡོ་མེ་འབུད་ཀྱིས་བོད་བསྒྱུར་བྱས། རྩོམ་མཁན་མི་གསལ།
སྐད་ཆ་འདི་ནི་གནའ་བོའི་གྷི་རི་སིའི་མཚན་ཉིད་རིག་པ་ཨེ་རེ་སི་ཁྲོ་ཁྲེལ་གྱིས་གསུངས་བ་ཞིག་རེད། གལ་ཏེ་ཕུལ་བྱུང་ནི་གོམས་གཤིས་ཤིག་ཡིན་ཚེ་ལེ་ལོ་ཡང་གོམས་གཤིས་ཤིག་ཡིན་ངེས། མི་སྐྱེས་ཙམ་ནས་གཤིས་རྒྱུད་ནི་ལྷན་སྐྱེས་སྒོས་གཞན་དང་མི་མཚུངས་ཤིང་གཞན་དག་ནི་ཕྱིས་བྱུང་གི་གོམས་འདྲིས་ལས་བྱུང་བ་ཞིག་སྟེ། ཁྱིམ་ཚང་དང་བག་ཆགས་སློབ་གསོ་སོགས་ཀྱི་མཇུག་འབྲས་སུ་མངོན།
དེ་བས། ངེད་ཅག་གི་གང་བཤད་ཅི་བྱས་ཡོད་ཚད་དུས་ཀྱིབཞུར་འགྲོས་ཀྱི་ཁྲོད་ནས་གྲུབ་པའི་གོམས་གཤིས་ཤིག་ཡིན། ང་ཚོ་མི་ལ་ལར་གོམས་གཤིས་བཟང་པོ་དང་ལ་ལར་གོམས་གཤིས་ངན་པ་ཆགས་འདུག
དེ་བས་ང་ཚོས་ད་ནས་བཟུང་ཕུལ་དུ་བྱུང་བ་ཉིད་གོམས་གཤིས་སུ་གཏོང་དགོས་ཤིང་། ཕུལ་བྱུང་གི་གོམས་གཤིས་དེ་ཉིད་རྒྱུན་འཇགས་སུ་བཏང་ནས་དེ་ནི་ངེད་ཅག་གི་ལྷན་སྐྱེས་ཀྱི་གཤིས་རྒྱུད་གཉིས་པ་ཆགས་སུ་འཇུག་དགོས། ང་ཚོས་རྗེས་མཐུན་གྱི་གོམས་གཤིས་དེས་བསམ་གཞིག་དང་ནན་ཏན་གྱི་བྱ་བཞག་སྒྲུབ་པ། གཞན་དང་འབྲེལ་འདྲིས། མ་ཟད་རང་བྱུང་ཁམས་ཆེན་མོར་རོལ་མྱོང་བྱེད་པ་བཅས་ལ་གཞོག་འདེགས་བྱེད་དུ་འཇུག་དགོས།
2013/8/20ཉིན།
འདི་གྷོ་རིག་གི་གནའ་བོའི་མཁས་པ་ཨ་རིས་ཊོ་ཊེལ་གྱིས་གསུང་བའི་སྙན་གྲགས་ཅན་གྱི་ལེགས་བཤད་ཅིག་རེད། འདིར་ཆ་ཚང་འདུག
We are what we repeatedly do. Excellence, then, is not an act, but a habit.
ང་ཚོའི་རང་བཞིན་ནི་ང་ཚོས་རྒྱུན་པར་བཀོལ་བའི་བྱ་བ་དང་འབྲེལ་ཡོད། ཕུལ་བྱུང་ཟེར་བ་ནི་བྱ་བ་ཞིག་མ་ཡིན་གྱི། དེ་ནི་གོམས་གཤིས་ཤིག་ཡིན་ནོ།
Aristotle
ང་ཚོས་རྒྱུན་པར་བཀོལ་བའི་བྱ་བ་དང་། གོམས་གཤིས། རིག་གཞུང་། ལེགས་བྱང་སོགས་ལ་ཁྱད་པར་གང་དང་ཡོད་རེད་དམ། ལགས།