རིགས་སློབ། མཚོ་སྒོ་འཇམ་དབྱངས།
མི་ཚེ་ནི་ཞི་བདེ་དང་མཐུན་སྒྲིལ་ནང་གནས་དགོས་པ་དང། མཐར་ཐུག་གི་གོ་འཕང་ཞིག་མ་ཐོབ་པར་གནས་བཟོད་བདེ་པོའི་ངང་གནས་མི་ཐུབ་པ་ཞིག་རེད། མཐར་ཐུག་གི་གོ་འཕང་འདིའི་སྙིང་པོ་ནི་ཁྱེད་ཀྱི་མུན་པ་བསལ་ཞིང་། ཁྱེད་ཀྱི་མི་ཚི་དེ་ཇི་ལྟར་གནས་དགོས་མིན་དང་། དྲན་ཤེས་ཅན་དུ་གང་འདྲ་བྱས་ནས་གནས་ཐུབ་མིན་དེ་རེད། མཐར་ཐུག་གི་གོ་འཕང་འདིའི་སྙིང་པོ་ནི་ཁྱེད་ཀྱི་མི་ཚེ་དེ་གང་འདྲ་བྱས་ནས་ཡང་དག་དང་། ལས་སླ་པོར་འཚོ་དགོས་མིན་ཤེས་ཐུབ་རྒྱུ་དེ་རེད། འབད་བརྩོན་དེ་རྩོལ་མེད་ཀྱི་གནས་སྐབས་སུ་སོན་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་ལ་རྩོལ་མེད་ཀྱི་གནས་བབ་མངོན་དུ་འགྱུར་མ་ཐུབ་བར་དུ་འབད་བརྩོན་དེ་རང་འཇགས་སུ་གནས་དགོས་པ་དང་། དངོས་པོའི་རང་བཞིན་ལ་ལྟ་བ་དང་། ཁྱེད་ཀྱི་འབད་བརྩོན་གྱི་གྲུབ་འབྲས་རང་ཆས་དང་མཐུན་པོ་བཟོ་གིན་ཡོད། དེ་ནི་དངོས་པོའི་ཆོས་ཉིད་ཅིག་རེད།
རྙོག་དྲ་ཁ་ཤས་ཀྱི་དབང་གིས་ང་ཚོ་ཇི་ལྟར་གནས་དགོས་མིན་མི་ཤེས་ཀྱང་ང་ཚོས་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས། འབད་རྩོན་དང་དེའི་དབང་གིས་སྐབས་རེ་ཇེ་ཞན་དང་ཇེ་ཞན་ཁོ་ནར་གཏོང་གི་ཡོད་ལ། འབད་རྩོན་དེ་ཞི་བདེ་དང་བརྩེ་བ་མཐུན་སྒྲིལ་གང་གི་ཆེད་དུ་གོང་འཕེལ་དུ་གཏང་ན་ཁྱེད་ཀྱི་མི་ཚེའི་དཀའ་རྙོག་དང་ཐེ་ཚོམ་མང་པོ་ཞིག་སོ་སོས་སེལ་ཐུབ་ཀྱི་ཡོད། དུད་འགྲོས་སོ་སོ་གང་འདྲ་བྱས་ནས་གནས་དགོས་མིན་ཤེས་ཀྱི་ཡོད་ལ་དེ་དག་ཧ་ཅང་བདེ་པའི་ངང་ནས་གནས་ཡོད། ལྗོན་ཤིང་ཚང་མས་སོ་སོ་གང་འདྲ་བྱས་ནས་གནས་དགོས་མིན་ཤེས་ཀྱི་ཡོད་ལ་དེ་དག་བདེ་ཐང་ངང་ནས་གནས་ཡོད་པ་མ་ཟད་ཁོང་ཚོའི་འབད་བརྩོན་དེ་རང་ཆས་སུ་གནས་ཡོད། ང་ཚོ་འགྲོ་བ་མི་ལ་རྙོག་དྲ་ཁ་ཤས་ཡོད།
ང་ཚོ་ཇི་ལྟར་གནས་དགོས་མིན་མི་ཤེས་ཀྱང་ང་ཚོས་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་དགོས། འབད་བརྩོན་དང་འབད་རྩོན་དབང་གིས་སྐབས་རེ་ང་ཚོ་ཇེ་ཞན་ནས་ཇེ་ཞན་ཁོ་ནར་གཏོང་གི་ཡོད་ལ། འབད་རྩོན་དེས་ཞི་བདེ་དང་བརྩེ་བ་མཐུན་བསྒྲིལ་གང་གི་ཆེད་དུ་གོང་འཕེལ་དུ་གཏང་ན་ཁྱེད་ཀྱི་མི་ཚེའི་དཀའ་རྙོག་དང་ཐེ་ཚོམ་མང་པོ་ཞིག་སོ་སོས་སེལ་ཐུབ་ཀྱི་ཡོད། ད་ལྟ་ང་ལ་ཁྱེད་རང་གི་རང་བྱུང་ཁམས་ཀྱི་གསང་བ་ཞིག་ཤོད་དང། ཐོག་མར་མི་སུས་ཀྱང་རྐང་འཁོར་ཇི་ལྟར་གཏོང་ཚུལ་ཤེས་ཀྱི་མེད། ཡིན་ཡང་ཁྱེད་རང་ལ་ག་དུས་རྐང་འཁོར་གཏོང་བའི་མངོན་འདོད་ཤུགས་ཆེན་པོ་འམ་འདོད་པ་ཡོད་དུས་རྐང་འཁོར་ངེས་པར་དུ་གཏོང་དགོས། དུས་དེ་ནས་བཟུང་ཁྱེད་ཀྱི་འབད་བརྩོན་དེ་སྦྱང་འགོ་ཚུགས་དགོས་པ་དང་ཁྱེད་ག་དུས་སྦྱང་པ་དང་མཉམ་དུ་རྐང་འཁོར་གང་འདྲ་སེ་གཏོང་དགོས་མིན་གྱི་ལུས་ཀྱི་རྣམ་འགྱུར་དེ་ཡང་ངེས་པར་དུ་སྦྱོང་དགོས། ཁྱེད་ཀྱིས་ནོར་འཁྲུལ་མང་དག་ཅིག་བཟོ་གི་རེད།
ཡིན་ཡང་ཁྱེད་ཀྱི་འབད་བརྩོན་མུ་མཐུད་བྱེད་དགོས་པ་ལས་མཚམས་འཇོག་ནམ་ཡང་བྱེད་མི་ཉན། མི་ཚེ་ནི་རྐང་འཁོར་གཏང་བ་ལྟ་བུ་རེད། འབད་བརྩོན་བྱོས། གལ་སྲིད་ཁྱེད་ཀྱི་འབད་བརྩོན་དེ་འགྲིགས་པ་དང་ནོར་བ་ལ་སོགས་པ་འབྱུང་ན། སེམས་མི་སྐྱིད་པ་ནམ་ཡང་བྱེད་མི་ཉན། ཡིན་ཡང་ཁྱེད་ཀྱི་བསམ་དོན་ཁ་གསལ་ཆགས་ཀྱི་རེད། ཁྱེད་ཀྱིས་རྐང་འཁོར་གང་འདྲ་སེ་གཏོང་དགོས་མིན་འབད་བརྩོན་བྱེད་དགོས། ཉིན་གཅིག་གི་རྗེས་ལ་ནོར་འཁྲུལ་མང་དག་ཅིག་བཟོ་གི་ཡོད་ཀྱང་། ཉིན་གཅིག་ཁྱེད་ཀྱིས་ནོར་འཁྲུལ་མེད་པར་ཧ་ཅང་བདེ་པོའི་ཐོག་གཏོང་ཐུབ། ང་ཚོས་ད་དུང་རང་བྱུང་ཁམས་དང་ལྷན་དུ་ང་ཚོའི་མི་ཚེ་འདི་གང་འདྲ་བྱས་ནས་གནས་དགོས་མིན་ཤེས་ཀྱི་མེད། ཚད་ཅན་གྱི་ཤེས་པས་འབད་བརྩོན་ངང་རང་ཉིད་རང་བྱུང་ཁམས་ནང་དུ་ཇི་ལྟར་གནས་དགོས་མིན་ཆེད་སྦྱོང་བྱེད་ཀྱི་ཡོད།
ཡིན་ཡང་། ང་ཚོའི་འབད་བརྩོན་ཆུང་ཆུང་ཡིན་པར་བརྟེན་ཤེས་པའི་ཚད་གཞི་འདི་ཡང་ཚད་ཅན་དུ་འགྲོ་གི་ཡོད། ང་ཚོ་དཀོན་མཆོག་གི་དྲུང་དུ་ཡོད་པ་ཤེས་ཚོར་ཐུབ་པ་བྱེད་དགོས། དེ་ནི་གོ་རྟོགས་ཤིག་ཡིན་ལ་མཐར་ཐུག་གི་འབྲས་བུ་དེ་ཡང་ཡིན། གལ་སྲིད་ང་ཚོ་དཀོན་མཆོག་གི་རྗེས་སུ་བཟུང་ན་ལྷའི་རྣམ་གཞག་གི་རིག་པ་འདི་ཅིའི་ཕྱིར་ནུས་ལྡན་དུ་བཟོ་དགོས་རེད།
ང་ཚོས་ལྷའི་རྣམ་གཞག་གི་རིག་པ་འདི་ག་དུས་ནུས་ལྡན་དུ་བཟོ་ཐུབ་པ་དང་ང་ཚོས་ཡང་དག་པའི་ཁ་ཕྱོགས་ནང་དུ་འབད་བརྩོན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་འབད་མེད་ཀྱི་མི་ཚེ་ཞིག་ཀྱང་སྣེ་ཁྲིད་གསལ་པོ་བྱེད་ཀྱི་ཡོད། ཡིད་ཆེས་འཕེལ་བ་དང། ཁྱེད་ཀྱི་བསམ་བློའི་ཚད་གཞི་རྟེན་དགོས་མེད། ཁྱེད་ཀྱི་དཀོན་མཆོག་ལ་བརྟེན་པ་མ་ཟད་མགོ་ཡང་སྒུར་དགོས། དཀོན་མཆོག་ཁྱེད་དང་ལྷན་དུ་ཡོད། དཀོན་མཆོག་ནི་ཁྱེད་ཀྱི་ནུས་པ་ཆེ་ཤོས་ཞིག་ཡིན་པ་མ་ཟད་རང་བཞིན་མཐོ་ཤོས་ཤིག་ཀྱང་རེད། ཁྱེད་ག་དུས་འགྲོ་བ་དང་། ག་དུས་བསམ་བློ་གཏོང་བ། རྣམ་འགྱུར་ག་དུས་ཐོན་པ། ག་དུས་འཁྲབ་པ་བཅས་ཀྱི་བྱ་སྤྱོད་དང་། རྣམ་འགྱུར། གཡོ་འགུལ་བཅས་ནི་ནི་དཀོན་མཆོག་གི་འོད་ཟེར་དང་རྣམ་འགྱུར་གྱི་ནུས་པ་བཅས་དང་ལྷན་དུ་འབྲེལ་ཡོད།
དེ་ནས་ཡོད་ཚད་རང་བྱུང་དུ་རང་འགུལ་གྱིས་འགྱུར་འགྲོ་གི་ཡོད། ང་ཚོས་དེ་ལྟ་བུའི་རྣམ་གཞག་རྣམས་ཤེས་རྟོགས་ཐུབ་པ་བྱེད་དགོས། ཉིན་ལྟར་གུ་ཡངས་ཀྱི་ཐོག་ནས་དཀོན་མཆོག་གི་བཀའ་དྲིན་བསམ་ཤེས་བྱེད་དགོས། ཞི་བདེ་དང་བརྩེ་བས་ཕོངས་པའི་ཆིངས་རྒྱ་དེ་ལས་བསམ་བློའི་ནུས་པ་དེ་གང་འདྲ་སེ་གསལ་པོ་བཟོ་དགོས་རེད། ཤེས་ཡོན་དང་རིག་པ་དེ་དག་གང་གི་ཚད་ཅན་དང་ཚད་དང་བཅས་པ་ཞིག་བཟོ་གི་ཡོད། དྲན་ཤེས་དང་སྤྲོ་སྣང་། མཐར་ཐུག་གི་བདེ་བའི་ནང་དུ་འཚོར་བར་གང་ཞིག་བྱེད་ཆོག་གི་མེད་དམ། དེ་ནི་འབད་བརྩོན་གྱིས་ཐག་གཅོད་བྱེད་པའི་དྲི་བ་ཞིག་ཡིན་ལ་དེ་ནས་གོ་རིམ་བཞིན་འགྲོ་གི་ཡོད།
(The Times of India རྒྱ་གར་གྱི་དུས་བབ་ནས་ཟུར་བཏོན་བྱས་ཏེ་བསྒྱུར།)
བཀའ་དྲིན་ཆེའོ།
བོད་པས་ཚེ་ཚེ་རབས་སུ་རྒྱ་གར་བའི་རྐང་པར་མཆོད་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
རྒྱ་གར་བས་ནམ་ནམ་དུ་བོད་ལ་གཅིག་བསླབ་ཀྱིན་ཡོད་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
རྒྱ་ནག་པས་ཚེ་ཚེ་རབས་སུ་བོད་ལ་གྲོས་མོལ་བྱེད་དགོས་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
བོད་པས་ནམ་ནམ་དུ་རྒྱ་ནག་ལས་དཔལ་འབྱོར་འཚོལ་དགོས་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
ཚིག་གཅིག་རང་གིས་ཆོག་པའི་འདིའི་ལན་ཡོད་དམ། མེད་པར་སྨོན།
བཀའ་དྲིན་ཆེའོ།
བོད་པས་ཚེ་ཚེ་རབས་སུ་རྒྱ་གར་བའི་རྐང་པར་མཆོད་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
རྒྱ་གར་བས་ནམ་ནམ་དུ་བོད་ལ་གཅིག་བསླབ་ཀྱིན་ཡོད་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
རྒྱ་ནག་པས་ཚེ་ཚེ་རབས་སུ་བོད་ལ་གྲོས་མོལ་བྱེད་དགོས་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
བོད་པས་ནམ་ནམ་དུ་རྒྱ་ནག་ལས་དཔལ་འབྱོར་འཚོལ་དགོས་པ་ལྟ་བུར་བྱེད་ཀྱིན་འདུག་པ་ནི་ཅི་རེད། ད་གང་དྲག
ཚིག་གཅིག་རང་གིས་ཆོག་པའི་འདིའི་ལན་ཡོད་དམ། ཡོད་པར་སྨོན།
ཞང་ཞུང་པས་ནམ་ནམ་གཞར་གཞར་ལ་བོད་ཀྱི་ཡོད་ཚད་ཞང་ཞུང་ལ་ཁུངས་བཏུག་ཁུལ་བྱེད་པ་ནི་ཅི་རེད།
་་་་་ ལྗོན་ཤིང་ཚང་མས་སོ་སོ་གང་འདྲ་བྱས་ནས་གནས་དགོས་མིན་ཤེས་ཀྱི་ཡོད་ལ་དེ་དག་བདེ་ཐང་ངང་ནས་གནས་ཡོད་པ་མ་ཟད་ཁོང་ཚོའི་འབད་བརྩོན་དེ་རང་ཆས་སུ་གནས་ཡོད། ང་ཚོ་འགྲོ་བ་མི་ལ་རྙོག་དྲ་ཁ་ཤས་ཡོད། ་་་་ཟེར།
བོད་ཀྱ་རིག་གཞུང་ངམ་ལེགས་གཞུང་ངམ་ལེགས་བྱང་ནི། གནའ་བོའི་མེས་པོ་ནས་དང་། ཁྱིམ་མཚེས་རྒྱ་ནག རྒྱ་གར། བལ་ཡུལ ཏག་ཟིག སོག་པོ་སོགས་ནས་ཀྱང་ཤུགས་རཀྱེན་ཡོད་མངོན་གསལ་ཅན་དུ་ཡོད་པས། དེས་ན་ཤིནད་ཏུ་ཕྱུག་པོ་ཆགས་པ་རེད། ལགས་མ་རེད་པེ། ལགས།
ད་ལྟའི་བལ་པོའི་རིག་གཞུང་ཕྱུག་པོ་མ་ཡིན་ཏེ། དུས་ད་ལྟ་ཡང་། དམར་མཆོད་ལ་རེ་བ་བཅོལ་བའི་ཕྱིར། དེ་བཞིན་རྒྱ་གར་སོགས་ཡུལ་གཞན་དུ་སྦྱར་ནས་ཤེས་ཐུབ་པ་འདུག་གོ །
སྔར་གྱི་ཨ་རིའི་གདོད་མའི་མི་རིགས་Red Indian དང་། ད་ལྟའི་ White American གཉིས། རིག་གཞུང་སུ་ཕྱུག་ག་ཡོད་དམ། ལགས།
ངའི་ལྟར་ན་ཡང་ང་ཚོ་གང་འདྲ་བྱས་ནས་གནས་དགོས་པ་མ་ཤེས་པས་རེད་སྙམ། ད་གང་དྲག
ད་ལྟའི་བལ་པའི་རིག་གཞུང་ཕྱུག་པོ་མ་ཡིན་ཏེ། ད་ལྟ་ཡང་དམར་མཆོད་ལ་རེ་བ་བཅོལ་བའི་ཕྱིར་ཟེར།།
ད་ལྟའི་བལ་པོའི་རིག་གཞུང་ཕྱུག་པོ་མ་ཡིན་པ་རྟགས་མ་གྲུབ་སྟེ་ཀརྡོ་ལས་ཕྱུག་པའི་ཕྱིར།
དེས་ན་རྣམ་ཐོས་སྲས་ཀྱི་བང་མཛོད་ལ་ཡི་དྭགས་ཀྱིས་ཕྱ་དམོད་བྱེད་པ་ངོ་མཚར་ཆེ།
༩༽ གཏེར་རོང་ཕོ་ཉ་ལགའ།
སངས་རྒྱས་ཤྰཀྱ་ཐུབ་པ་དང་། རྗེ་མི་ལ་དང་སེམས་དཔའ་ཆེན་པོ་གྷན་དྷི་གསུམ་ཆོས་ཅན། རིག་གཞུང་ཕྱུག་ཤོས་གང་ཟག་གསུམ་མ་ཡིནཔ་ར་ཐལ། རྒྱུ་དངོས་པོའི་ཆ་ནས་སྤྲང་པོ་སྤྲང་རྐྱང་ཡིན་པའི་ཕྱིར། དཔེར་ན་བོད་རིགས་སྤྲང་ཕྲུག་གཏེར་རོང་བཞིན། ཟེར་ན་མི་ཆོག་གམ། ལགས། ཧཧ། རིག་གཞུང་ཟེར་དུས་གསེར་དངུལ་ཅིག་ལ་གོ་བ་བླུན་རྟགས་ཆ་ཚང་བསྟན་པ་རེད་དོ།།