ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་འདྲེ་སྒྲུང་གི་སྣང་ཚུལ་དེ་སྟོན་ཆེད། འདི་ལོའི་ཨ་རིའི་སྲོལ་རྒྱུན་གྱི་གདོན་འདྲེའི་དུས་ཆེན་དང་སྟབས་བསྟུན་གྱིས་སྤྱི་ཟླ་༡༠ བའི་ཚེས་༢༥ ཉིན་གྱི་དགོང་མོ་བོད་ཀྱི་འདྲེ་སྒྲུང་བཤད་པའི་འགྲན་བསྡུར་ཞིག་སྤེལ་གྱི་ཡིན། འདྲེ་སྒྲུང་གི་རྩོམ་ཡིག་རྒྱལ་སྤྱི་ཁྱོན་ནས་བསྡུས་པའི་ནང་ནས་ཕུལ་བྱུང་འདྲེ་སྒྲུང་ལྔ་བདམས་ནས་དགོང་མོ་དེར་དམིགས་བསལ་གདན་ཞུས་སྐུ་མགྲོན་གྱིས་གྱེར་ཀློག་གནང་རྒྱུ་དང་། ཚོགས་ཁང་ལ་དངོས་ཞུགས་སམ་དྲ་ཐོག་ནས་ཞུགས་པའི་ཉན་པ་པོ་རྣམས་ཀྱིས་འདྲེ་སྒྲུང་ལྔ་བོ་དེ་ལ་འོས་འཕེན་གྱིས་རྩེར་ཕུད་གསུམ་བདམས་པ་ལ་རིམ་པ་གསུམ་གྱི་བྱ་དགའ་འབུལ་རྒྱུ་ཡིན། འགྲན་བསྡུར་གྱི་གྲས་སུ་ཚུད་པའི་འདྲེ་སྒྲུང་ལྔ་བོ་ཀུན་ཕན་ཐེབས་རྩ་ཚོགས་པའི་དྲ་རྒྱའི་ཐོག་ནས་བོད་དབྱིན་སྐད་གཉིས་ཀྱི་ལམ་ནས་དཔེ་སྐྲུན་བྱེད་རྒྱུ་ཡིན།
ང་ཚོས་བོད་ཕྱི་ནང་གཉིས་ཀ་ནས་འདྲེ་སྒྲུང་ཤེས་མཁན་རྒན་གཞོན་རྣམས་ཀྱིས་ང་ཚོ་ལ་འདྲེ་སྒྲུང་གི་རྩོམ་ཡིག་བསྐུར་རྒྱུའི་འབོད་སྐུལ་ཞུ་བ་དང་མཚུངས་སུ་གཤམ་གསལ་དོན་གནད་རྣམས་དགོངས་འཇགས་གནང་རོགས་ཞུ་གི་ཡོད།
༡། འདྲེ་སྒྲུང་གི་རྩོམ་ཡིག་སྤྱི་ཟླ་ ༩ བའི་ ༡༥ སྔོན་ཚུད་ལ་info@latse.org བརྒྱུད་ནས་གནང་རོགས།
༢། འདྲེ་སྒྲུང་གི་རྩོམ་ཡིག་ཚང་མ་བོད་ཡིག་ཏུ་འབྲི་དགོས། འདྲེ་སྒྲུང་གསར་རྩོམ་དང་ངག་རྒྱུན་ལས་བཤུས་པ་གང་ཡང་རུང་།
༣། འདྲེ་སྒྲུང་གི་རྩོམ་ཡིག་རྣམས་ངེས་པར་དུ་ཨང་གྲངས་གཅིག་གྱུར་ཅན་གྱི་ཡིག་གཟུགས་སུ་འབྲི་དགོས།
༤། འདྲེ་སྒྲུང་གི་རིང་ཐུང་ཤོག་ངོས་དྲུག་ལས་མ་བརྒལ་བ་བྱེད་དགོས།
༥། འདྲེ་སྒྲུང་གི་རྩོམ་ཡིག་སྐུར་མཁན་རྣམས་ཀྱི་རྩོམ་ཡིག་དང་ལྷན་དུ་རང་གི་དངོས་མིང་། གློག་ཡིག་གི་ཁ་བྱང་། ཡིག་སྐུར་བྱང་། ཁ་པར་ཨང་གྲངས་བཅས་བསྐུར་དགོས།
༦། འདྲེ་སྒྲུང་གང་ཞིག་ལ་ཟུར་རྒྱན་གྱི་རྒྱབ་ལྗོངས་ལྟ་བུ་སྣོན་རྒྱུ་ཡོད་ན་བསྣན་རོགས་གནང་།
འདིའི་སྐོར་གྱི་ཕྱིས་འབྱུང་གི་གནས་ཚུལ་ www.trace.org ལ་གཟིགས་རོགས།
གསལ་བསྒྲགས་འདི་བཞིན་ PDF ཐོག་འདི་ན་ཡོད་ལགས།
L038_flyer_F_BO copy
ཡ་ཡ། ངའི་འདྲེ་སྒྲུང་གིས་ཁྱོད་ཚོ་ལས་འཛིན་པ་ཚོའི་གཅིན་པ་གུ་ཐུང་ནང་དུ་འཆོར་མ་བཅུག་ན་ངས་སང་ཕྱིན་ཆད་སྨྱུ་གུ་ལག་ཏུ་མི་འཛིན།
ཀུན་ཕན་ཐེབས་རྩ་ཚོགས་པ་སོགས་ཀྱིས་བོད་རིག་གཞུང་སྐད་སྲུང་སྐྱོབ་ལ་བརྩོན་དགོས། གསལ་བསྒྲགས་ཀྱི་རྩོམ་ཐུང་འདིར་ཡང་ཚད་ལྡན་ཀྱི་མིང་ཚིག་མིང་མ་ཡིན་པར་ལུང་པ་སོ་སོའི་ཁ་སྐད་(slang)སྤྱོད་ཡོད་པ་མང་། དེ་འདྲར་མ་སོང་བར་མདོ་སྨད་པ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་བརྩོན་པ་བཞིན་བོད་སྐད་རིགས་གཅིག་ཏུ་འབྱུང་བ་འབད་རྩོལ་དགོས་སོ།
འབྱུང་བ་འབད་རྩོལ། ཞེས་པ་ འབྱུང་བར་འབད་རྩོལ། ཞེས་བཅོས་སོ།
བྱ་འགུལ་འདི་ཧ་ཅང་ཡག འདྲེ་སྒྲུང་ཡང་བོད་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ལྷག་པར་དུ། ངག་རྒྱུན་དུ་ཡོད་པའི་འདྲེ་སྒྲུང་རྣམས་ཡིག་ཐོག་ལ་ཕབ་ཐུབ་ན་ཧ་ཅང་ཡག ང་ཆུང་ཆུང་ཡིན་དུས། མཚན་ལ་གཉིད་མ་ཁུག་ན། རྨོ་རྨ་ོལགས་ལ་སྒྲུང་བཤད་ལབ་ནས་ཨུ་ཚུགས་མང་པོ་བྱེད་ཀྱི་ཡོད། རྨོ་རྨོས་ཀྱང་འདྲེ་སྒྲུང་བཤད་གི་རེད། འདྲེ་སྒྲུང་བཤད་རྗེས་མཚན་ལ་གཅིན་པ་ཕྱི་ལ་གཏོང་འགྲོ་མ་ཐུབ་པར། ཉལ་སའི་ནང་ལ་ཤོར་བ་ཐེངས་མང་ཡིན། ང་ཡང་ལོ་རྒས་ནས། ཆུང་ཆུང་དུས་ཀྱི་འདྲེ་སྒྲུང་ཚང་མ་དྲན་དཀའ་མོད། རེ་གཉིས་ལྷོད་ལྷོད་བྱས་ནས་བསམ་བློ་བཏང་ན་དྲན་པ་འདྲ། ངས་འདྲེ་སྒྲུང་དང་དངོས་སྒྲུང་འདྲེས་མ་གཅིག་བསྐུར་ཐུབ་པ་བྱ་ངེས།
ལས་བསྒུལ་བཟང་པོར་འཚམས་འདྲི་དང་ལམ་ལྷོངས་ཡོང་བའི་སྨོན་ལམ་ཞུ།
བསམ་འཆར་ཚིག་འགའ།:
མཁའ་སྤྱོད་མའི་བཀའ་སྲུང་དུར་བདག་ཡབ་ཡུམ་གྱི་སྐུ་དཔར་ཞིག་གིས་འདྲེ་མཚོན་པར་བྱས་འདུག་པ་ནི། གསང་སྔགས་ཆོས་ལུགས་པའི་སེམས་ཁམས་ལ་གནོད་པ་ཞིག་ལོས་ཡིན་པས། བརྗེ་སྤོར་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ།
འདྲེ་རྭ་ཅོ་གདེངས་ཤིང་སྡེར་མོ་བགྲད་པ་ལས་བཅོས་མའི་མཛུམ་དང་མིག་ཟུར་གཡོ་བའི་སྒེག་མོ་དག་འཇིགས་སུ་རུང་བར་སྣང་བས་དེས་ཅི་ཞིག་སྟོན་གྱི་འདུག
༥༽ དབྱངས་ཅན་འབངས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༢༤
ལས་བསྒུལ་བཟང་པོར་འཚམས་འདྲི་དང་ལམ་ལྷོངས་ཡོང་བའི་སྨོན་ལམ་ཞུ།
བསམ་འཆར་ཚིག་འགའ།:
མཁའ་སྤྱོད་མའི་བཀའ་སྲུང་དུར་བདག་ཡབ་ཡུམ་གྱི་སྐུ་དཔར་ཞིག་གིས་འདྲེ་མཚོན་པར་བྱས་འདུག་པ་ནི། གསང་སྔགས་ཆོས་ལུགས་པའི་སེམས་ཁམས་ལ་གནོད་པ་ཞིག་ལོས་ཡིན་པས། བརྗེ་སྤོར་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ།
གསུངས་པ་འདི་ལ་རྒྱབ་སྐྱོར་དང་། འདི་ལྟ་བའི་སྐྱོན་འདོན་ལ་དགའ་བསུ་དང་། ཐུགས་རྗེ་ཆེ་ཞེས་ཞུའོ།། །།
ངས་ཀྱང་འདྲེ་སྒྲུང་ཞིག་བྲིས་ནས་སྐུར་དགོས་བསམ་སོང་།
གང་དུ་སྐུར་སའི་ཁ་བྱང་གསལ་བོ་ཞིག་གནང་རོགས་གནང་།
དྲ་རྒྱའི་ལམ་ནས་དཔེ་སྐྲུན་བྱེད་ཅེས་པའི་དོན་གོ་མ་སོང་། དྲ་ཐོག་ཏུ་འཇོག་གི་ཡིན་ཟེར་བ་ཡིན་ནམ། དང་པོར་དྲ་ཐོག་ཏུ་བཞག དེ་ནས་ཤོག་ངོས་སུ་དཔེ་སྐྲུན་བྱེད་ཀི་ཡིན་ཟེར་བ་ཡིན།
འདྲེ་སྒྲུང་།
དཀར་པོ་ལྷ་དང་ནག་པོ་འདྲེ་རུ་བརྩིས། །
དགའ་ན་ལྷ་དང་མི་དགའ་འདྲེ་རུ་མཐོང་། །
ལྷ་འདྲེར་མཆོད་པ་མི་རབས་ཀུན་ལ་ཡོད། །
ད་ལྟའང་འདྲེ་སྒྲུང་བསྡུས་པ་ཤིནད་ཏུ་ལེགས། །
གཅིན་ཤོར་འདྲེ་སྒྲུང་ཅིག
གུ་ཐུང་ནང་ལ་གཅིན་པ་ཤོད་སྒྲུང་ཅིག །
ཀླུ་སྨྱོན་ལགས་ཀྱིས་འདྲེ་སྒྲུང་རྩོམ་བགྱི་ཟེར། །
ཤོད་སྒྲུང་བརྩམས་ནས་དྲ་རྒྱར་འཇོག་བགྱི་ཡིན། །
དྲ་རྒྱར་འཇོག་ནས་ཀར་སྐྲུན་བྱེད་འཆར་ཟེར། །
ཀར་སྐྲུན་འདི། པར་སྐྲུན། ལ་བཅོས།
དགེ་ཆོས་ལགས་ཀྱིས་གསུངས་པའི་འདྲེ་སྒྲུང་ཡག་པོ་ཞེད་པོ་ཅིག་ཀྱང་ཡོད།
འདྲེ་སྒྲུང་ཤོག་བུ་དྲུག་ཅན་ཞིག་དོ་དགོང་འགྲོ་ཞོར་འདུག་ཞོར་ལ་བྲིས་ཟིན། སང་ཉིན་ཞུ་དག་བྱས་རྗེས་སྔ་བོར་བསྐུར་གྱི་ཡིན། བྱ་དགའི་དངུལ་གྲངས་གསལ་བོ་ཞིག་ལབ་ཡོད་ན་ངས་སྒོར་མོའི་ཆེད་དུ་ཞག་གང་བོར་འབྲི་ནི་རེད། ང་སྒོར་མོའི་ཆེད་དུ་འཆི་ཕོད།
འདྲེ་ཟེར་དུས། འཆི་ཁ་མར་ཁོང་ཁྲོས་དབང་གིས། ཕར་བར་སྲིད་ལ་འགྲོ་མ་ཐུབ་པའི་སྔར་གྱི་རྣམ་དྲན་པ་བརྟན་པོའི་སྒོ་ནས་ཤི་མ་ཐག རྣམ་ཤེས་སུ་ལུས་ལ་འདྲེ་ཞེས་ཟེར་བ་འདྲ།
་ལུས་ལ་འདི། ལུས་པ་ལར་བཅོས།
བྱ་འགུལ་འདི་ཧ་ཅང་ཡག་པོར་མཐོང་སོང་།
འདྲེ་སྒྲུང་ཐ་ངེ་ཐང་ངེ་མང་པོ་ཞིག་ཡོད་དེ། དགའ་རྟགས་ལེན་ཐུབ་ནའི་འདྲེ་སྒྲུང་ཞིག་ཡོད་མེད་མི་ཤེས། ཐུང་ཐུང་ཞིག་བྲིས་སྐུར་ཨེ་ཐུབ་བལྟ་ཡ།
རང་ཉིད་ཀྱིས་དུར་བརྒྱ་འགྲིམས་སྐབས་མྱོང་བ་རང་ཐོག་ཏུ་བྱུང་བའི་འདྲེ་མོ་དེའི་སྐོར་འབྲི་འདོད་འདུག་ན་ཡང་། འགོ་ཇི་ལྟར་འཛུགས་དགོས་པ་དང་མཇུག་ཇི་ལྟར་སྐྱོང་དགོས་པ་མ་ཤེས་པར་བསྡད་ཡོད།
ཡ་ཡ་་་་ད་སྔོན་སུས་ཀྱང་བཤད་མ་ཐུབ་པའི་དངོས་བྱུང་འདྲེ་སྒྲུང་རྙིང་པ་ཞིག་ཡིག་ཐོག་ལ་ཕབ་ནས་སྐུར་ཡོང་གོ རྣམ་པ་ཚོས་ཡག་པོ་ཀློག་རོགས། རེ་འབོད་ཞུ་རྒྱུར། རྗེས་མར་ང་ལ་དེ་འབྲེལ་གྱི་མིང་ཆད་དང་བསྡིག་དམོད་མི་གནང་བ་མཁྱེན།
འདྲེ་མོ་མགོ་དཀར་མ་དང་འདྲེ་རྐ་ཆག་གི་སྐོར་བཤད་དུས་ཁྱེད་ཅག་གི་སྙིང་རྩ་བཀད་འགྲོ་འི་རེད་བསམ་ནས་ང་ཁ་བཙུམ་མས་འདུག་གི་ཡིན། རྣམ་པ་དག་ཙམ་བཤད་ན། ནུ་མ་ཡ་གཅིག་ཕྲོག་ལ་གཡུག། ཡ་གཅིག་ས་ལ་དྲུད་ནས། ཁྱོད་སྡོད་དང་ན་ཁྱོད་སྡོད་དང་ཟེར་ནས་རྒྱུག་ཡོང་གི་ཡོད་པ་རེད།
སྒྲུང་མཁན་མང་པོ་གསར་རྙེད་ཡོང་བའི་རེ་བ་འདུག
ཀླུ་སྨྱོན་ལགས་ཀྱི་ཞལ་ཕོ་ནི་ཞེ་དྲག་གསུངས་སོང་། ང་ཚོས་རྗེས་མར་མིག་ཆེན་པོ་གདངས་ནས་བལྟ་ཡི་ཡིན་དཱ། རྩེ་ཕུད་གསུམ་གྱི་གྲས་ལ་ཚུད་ན་འགྲིག་པ་བརྩི་རྒྱུ་ཡིན། དེ་མིན་ལྟོས་ཤིག ཧཧཧཧཧ
ལས་འགུལ་ལ་བཀྲ་ཤིས་བདེ་ལེགས།
འོ་འདྲེ་ཕོ་མོ་དགའ་པོ་འཁྲབ་ཀྱོ་དེ་འདྲ་བྲིས་ན་འགྲིག་གི་རེད་པེ། ཞེད་སྣང་ཚ་པོ་དེ་འདྲ་དགོས་ཡ་མིན་འདུག་ཝ།
ལ་རྩེ་ནས་འདྲེ་སྒྲུང་སྐུར་མཁན་གྱི་སྒྲུང་དཔར་བསྐྲུན་བྱེད་ན་གླ་ཆ་དང་འབྲེལ་བའི་ཤེས་རིག་ཐོབ་ཐང་དང་དཔར་དབང་ལ་སྲུང་སྐྱོབ་ག་འདྲ་བྱེད་རྒྱུ་ཡིན།༼Intellectual Property༽ དེའི་ཐད་ལ་གསལ་བཤད་ཅིག་གནང་རོགས།
གོང་གི་གསལ་བསྒྲགས་ནང་ཡིག་སྐུར་བྱང་ཟེར་བ་ཞིག་འདུག དེ་ནི་ག་རེ་ཡིན་ནམ། སྡོད་གནས་ཁ་བྱང་རེད་དམ།
འདྲེ་སྒྲུང་ཤོག་བུ་དྲུག་ཅན་ཞིག་མདང་དགོང་བྲིས་ཚར་ཡོད་པར་ཞུ་དག་གྲུབ་སྟེ་ལ་རྩེ་དཔེ་མཛོད་ཁང་དུ་བསྐུར།
བྲག་དཀར་གཡོན་ལུང་ན་འདྲེ་ཡོད་པར་ཤོད་ཚུལ་དེ་ནི། གནའ་སྔ་མོ་ཞིག་ནས་བཤད་མཚམས་མ་ཆད་པར་་ཡོང་བ་ཞིག་རེད། འདྲེ་ཚང་དེ་ན་དགོས་མི་དགོས་བཅོ་བརྒྱད་པོ་ཡོད། ཨ་ཁུ་ལྷ་པ་ཡང་དེར་ཡོད། ཨ་ཁུ་མོ་བ་བན་དོ་དང་། ཨ་ཁུ་སྔགས་རྒན་སྐྱབས་ལོ། ཨ་ཡེས་བྱམས་སྐྱིད། ཨ་ཅེ་ཡག་མོ། ཨ་མ་རྡོ་མོ་སོགས་ཚང་མ་བྲག་དཀར་གཡོན་ལུང་ན་ཡོད་པ་རེད་ཅེས་བྲག་དཀར་གཡོན་ལུང་གི་འདྲེ་ཚང་དང་འབྲེལ་ནས་འདྲེ་སྒྲུང་བཤད་མཁན་ཚོས་ཤོད་པ་ཡིན། ཡིན་ནའང་། དེ་ནི་གནའ་སྔ་མོ་སྔ་མོ་ཞིག་ནས་ཤོད་སྲོལ་ལ་ཡོད་པ་ཞིག་རྒྱུན་ཆགས་སུ་བཤད་བཞིན་པ་ཙམ་རེད། དེ་རིང་ཁ་སང་གི་གསར་བཟོས་གང་ཡང་མ་རེད།
ཨ་ཁུ་ལྷ་པའི་མཉམ་དུ་ལྷ་རྩེད་ཞུས་མྱོང་ཟེར་མཁན་དང་། ཨ་ཁུ་མོ་བའི་མཉམ་དུ་ཁ་གླས་མྱོང་ཟེར་མཁན། ཨ་ཁུ་སྔགས་རྒན་གྱི་མཁན་མཉམ་དུ་བཀའ་བསྡུས་བཏོན་མྱོང་ཟེར་མཁན། ཨ་ཡེ་བྱམས་སྐྱིད་ཀྱི་མཉམ་དུ་ཐག་འཐག་མྱོང་ཟེར་མཁན། ཨ་ཅེ་ཡག་མོའི་མཉམ་དུ་ལ་གཞས་ལེན་མྱོང་ཟེར་མཁན་མཚམས་མ་ཆད་པར་ཡོང་གི་ཡོད།
ཉིན་ཞིག་དོན་རྒྱ་སྡེ་པའི་ཨ་ཁུ་གཡང་སྐྱབས་ཞུ་བ་ཞིག བདེ་རོང་ལུང་པའི་གཉེན་ཉེ་ཞིག་ཡོད་པ་ནད་ཀྱིས་ཟིན་ནས་ཡོད་པར་ཁམས་འདྲིར་ཕྱིན། ཕྱིར་རང་ཡུལ་དུ་སྙེགས་ནས་ཡོང་སྐབས་ལམ་བར་ནས་ས་རུབ། བྲག་དཀར་གཡོན་ལུང་གི་ལྕང་གསེབ་ཁུག་ཟེར་ས་དེ་ནས་ངལ་གསོ་ཏོག་ཙམ་བྱས་ནས་བསྡད་སྐབས། ཁོས་སློག་སྐྱ་རྙིང་ཧྲུལ་གྱོན་མཁན་གྱི་རྒན་མོ་ལོ་ལོན་ཞིག་མཐོང་། སུ་ཡིན་གང་ཡིན་བསམ་ནས་ཨ་རོ་ཨ་ཡེས་ཞེས་བོས། གང་ལ་འགྲོ་ཞེས་དྲིས། དེར་ཨ་ཡེས་དེས། ཅི་གང་ལ་མི་འགྲོ། ཁྱེད་རང་ལ་གནས་ཚང་གཡོར་དགོས་ན་ངའི་མཉམ་པོར་ཤོག་ཅེས་སྨྲས། ཨ་ཁུ་གཡང་སྐྱབས་ཀྱིས་ད་ནི་ས་ཡང་རུབ། ལམ་ཐག་ཀྱང་རིང་། དོ་དགོང་འདི་ནས་བསྡད། སང་ཞོགས་སོང་བས་འགྲིག་བསམ་མུར་ཨ་ཡེ་དེའི་མཉམ་དུ་སོང་། ཨ་ཡེས་དེས་ཁྲིད་ཁྲིད་ནས་ཉག་ཁར་སླེབས། དེར་རྒན་གཞོན་གང་འཚམ་ཡོད་པ་ཚོས། ཨ་ཁུ་ལྷ་པ། ཨ་ཁུ་མོ་བ། ཨ་ཅེ་སོགས་ཟེར་ནས་གཅིག་གིས་གཅིག་ལ་འབོད་པ་སོགས་མཐོང་། ཁོང་ཅག་དང་ལྷན་དུ་ཟ་མ་ཞིག་ཀྱང་བཟས། ཆང་ཏོག་ཙམ་ཡང་འཐུང་། གཉིད་ཀྱང་ཉལ། སང་ཞོགས་གཉིད་ལས་སད་པ་ན། རྒད་པོ་གཡང་སྐྱབས་ཀྱིས་རང་ཉིད་བྲག་དཀར་གཡོན་ལུང་གི་འདྲེ་ཚང་ཟེར་བའི་གད་སྐྱིབས་ན་ཡོད་པ་འདི་ཅི་ཡིན་བསམ་པ་སྐྱེས། ཕྱིས་སུ། མི་ཚོས་ཟེར་ན་ཨ་ཁུ་གཡང་སྐྱབས་ནི་འདྲེ་ཚང་ནས་ཞག་འདུག་བྱས་མྱོང་བའི་མི་མང་པོ་ཡོད་པའི་ནང་གི་གཅིག་ཡིན་པ་སྐད། ཨ་ཁུ་གཡང་སྐྱབས་ཀྱིས་མཚན་གཅིག་གི་གནས་ཚང་དེའི་སྐོར་ལ་སྒྲུང་འདྲ་པོ་ཞིག་རྒྱུན་དུ་ཤོད་ཀྱི་ཡོད། ཁོང་ལ་སྒྲུང་ཁྱད་མཆར་པོ་གཞན་དང་གཞན་ཡང་མང་པོ་ཤོད་རྒྱུ་ཡོད།
ཁོས་གསར་བུ་སྣང་བ་ཅན་ཚོར་ཞེད་སྣང་སློང་སྐབས། ཁྱེད་ཚོ་བྲག་དཀར་གཡོན་ལུང་བརྒྱུད་ནས་ཡར་མར་འགྲོ་སྐབས། ཐ་མག་བག་ཆ་རེ་ཉོས་ནས་སོང་ལ། ས་སྟོང་ལུང་སྟོང་ནས་ཡ་དུ་འཐེན་ཚང་མ་ཤོག་དང་དུ་བ་འཐེནད། དོ་འཐེན་མཁན་ཚང་མ་ཤོག་ཅེས་ལོབས་ལ། ཐ་མག་རྐང་རེ་ལག་པར་ཕར་བསྲོངས་དང་། ལེན་མཁན་འཐེན་མཁན་མེད་སོང་ན་ངའི་སྐེ་གཅོད་ཅེས་ཤོད་ཀྱི་ཡོད། གསར་བུ་ལ་ལས་ཚོད་ལྟ་བྱས་ནས་བླ་འཁྱམ་སོང་བ་དང་། སྐྲག་ནས་གཅིག་ཤོར་སོང་བ་ཤོད་རྒྱུ་ཡོད། གསར་བུ་སྙིང་དཀར་སྣ་ལོ་ནི་དེའི་ནང་གི་གཅིག་རེད། འོ་ཡ། ད་མི་བཤད། འདྲེ་སྒྲུང་དེ་ཚོ་བཤད་ན་ཤ་གསེང་ལ་ཙག་ཤད་རྒྱུ་གིན་འདུག བྲག་དཀར་གཡོན་ལུང་ནས་འདྲེ་ཚོའི་མཉམ་པོར་ཆང་འཐུང་བ། བྲག་དཀར་གཡོན་ལུང་ནས་དོམ་འདེད་སླེབས་པ། ཨ་ལགས་ཁྲ་མོ་ཚང་འདྲ་ཡིས་བཀག་པ། དགེ་བཤེས་སྐྱི་མོ་ཚང་བྲག་དཀར་གཡོན་ལུང་ལ་མག་པར་སོང་བ་སོགས་མང་། ད་ངས་བཤད་ཕོད་ས་མ་རེད། འདྲེ་སྒྲུང་བཤད་མཁན་ཚོ་དང་འདྲེ་སྒྲུང་ཚང་མ་ཞེད་སྣང་ཅན་ཞིག་ཏུ་མཐོང་ཡོང་གི་འདུག
དེ་ལས་ང་ཟླ་༡༠ བའི་ཚེས་༢༥ ཉིན་གྱི་དགོང་མོ་ལ་རྩེ་དཔེ་མཛོད་ཁང་ལ་སླེབས་པ་བྱེད། ངས་འདྲེ་སྒྲུང་འབྲི་བ་ལས། བཤད་ན་ཉམས་ཡོད། དེ་དུས་ངས་བཤད་ཨ།
ཀླུ་སྨྱོན་ལགས། ཁ་བྱང་གང་རེད་འདུག་འདིར་འགོད་རོགས།
ང་ལའང་འདྲེ་སྒྲུང་ཁ་ཤས་ཞིག་ཡོད། འོན་ཀྱང་ཡི་གེར་འབྲི་བ་ལས་ཉི་ཤུ་དགུ་ཡི་སྨག་དང་འདྲ་བའི་ས་རུ་མ་བཤད་ན་འདྲེ་སྒྲུང་གི་དོན་གོ་མི་ཆོད། ངས་འདྲེ་སྒྲུང་བཤད་ནས་ལོ་ན་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་གི་བླ་འཁྱེར་བ་ཉུང་ཉུང་མིན། བྱས་ཙང་ངས་འདྲེ་སྒྲུང་དང་རོ་སྒྲུང་དེ་ཚོ་ཤོད་རྒྱུར་ཅུང་ཞེད་སྣང་སྐྱེས་ཡོང་གི་འདུག
ལྷག་པར་དུ་རོ་ལང་གི་སྒྲུང་དེ་ཚོ་ཤོད་དུས་འཇིག་པའི་རྣམ་འགྱུར་དང་བཅས་དེ་ཤོད་དགོས་དུས་ཤོག་ཤོག་གི་སྟེང་དུ་བྲིས་ན་རྣམ་འགྱུར་དེ་ཚོ་འདོན་ཐུབ་ཀྱི་མི་འདུག དེ་ལས་ལ་བཙས་དཔེ་མཛོད་ཁང་ནས་ང་དེར་མགྲོན་འབོད་བྱས་ནས་གློག་བརྙན་ཞིག་བཟོ་ཐུབ་ན་དེས་འདྲེ་སྒྲུང་དང་རོ་སྒྲུང་བཤད་པའི་དོན་གོ་ཆོད་པ་ཞིག་འབྱུང། ཨ་ཁུ་ཀླུ་སྨྱོན་གྱི་འདྲེ་སྒྲུང་དེ་འདྲེ་མོའི་སྒྲུང་ཞིག་ཡིན་པར་ཐག་ཆོད། ང་ནི་འདྲེ་མོའི་སྒྲུང་ཇི་ཙམ་འཇིགས་རུང་བཤད་རུང་ཞེད་སྣང་སྐྱེ་མཁན་ཞིག་མིན།
༢༨༽ སེར་ཤུལ་རིན་ཆེན་དོན་གྲུབ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༦ གི་ཆུ་ཚོད་ ༥ སྐར་མ་ ༣༩
ཀླུ་སྨྱོན་ལགས། ཁ་བྱང་གང་རེད་འདུག་འདིར་འགོད་རོགས
info@latse.org
ཁ་བྱང་འདི་ཡིན་ས་རེད།
ཨ་རོགས་ཚོ།
རང་རང་གི་ཤེས་རིག་ཐོབ་ཐང་ལ་ཆུང་ས་ནས་སྲུང་སྐྱོབ་དང་བདག་པོ་མ་བྱས་ན་ལ་རྩེ་ནས་ཁྱེད་ཅག་གི་སྒྲུང་དཔར་བསྐྲུན་དང་བརྙན་ཕབ་བྱས་ནས་སྒོར་མོ་རྡོག་རྡོག་པོ་བཙལ་ཡོང་དུས་ཁྱེད་ཚོ་འགྱོད་ན་འཕྱི་བ་རེད།
རང་གི་ཤེས་རིག་ནོར་བུ་དེ།
ཆུང་ཡང་བདག་གཉེར་ལེགས་པར་མཛོད།
འཇིག་རྟེན་ཁམས་ཀྱི་ཤེས་རིག་དག
ལམ་བུ་འདི་ལ་བརྟེན་ནས་དར།
དེ་ཡག་པོ་རེད། གྲོགས་པོ་ཚོ། བོད་རང་གི་ཁྱད་ཆོས་ལྡན་པའི་འདྲེ་སྒྲུང་འབྲི་དགོས། ནུབ་ཕྱོགས་པའི་འདྲེ་ཡི་གློག་བརྙན་སོགས་ལ་འདྲ་བཟོ་བྱས་ན་ཤར་ཕྱོགས་ཨེ་ཤེ་ཡ་དང་ལྷག་པར་ཡང་བོད་རང་གི་ལྷ་འདྲེ་ཡི་རིག་གཞུང་གི་ངོ་བོ་བརླགས་འགྲོ་བས་སྒྲུང་འཁྲུག་པོ་ཞིག་ཡོང་དགོས་ན་ཡང་གཙོ་བོ་བོད་རང་གི་ལྷ་འདྲེ་རིག་པའི་སེམས་ཁམས་ཀྱི་ཁྱད་ཆོས་དེ་བརླགས་མི་རུང་།
བོད་རང་གི་ལྷ་འདྲེ་རིག་པའི་སེམས་ཁམས་ཀྱི་སྟེང་ནས་བལྟས་ན་བོད་འདི་ལྷ་འདྲེ་ཡི་སྒྲུང་གིས་ཕྱུག་ཐག་ཆོད་ཡིན་པས་འབྲི་རྒྱུ་མི་རག་པའི་དཀའ་ངལ་མེད། འདྲེ་སྒྲུང་བཟང་ངན་དཔྱད་ཐག་གཅོད་མཁན་རྣམ་པས་ཀྱང་དེ་ལུགས་གཏན་ནས་བརྗེད་མི་རུང་། འདྲེ་སྒྲུང་དེ་བོད་རང་གི་འཚོ་བ་དང་། ཡིད་ཆེས་དད་མོས། ལྟ་གྲུབ་མཛེས་དཔྱོད་སོགས་སུས་མང་བ་གླེང་ཐུབ་ཡོད་ན་དེ་ལ་ཨང་གྲངས་མཐོན་པོ་སྤྲོད་དགོས། ང་ཚོས་འཛམ་གླིང་ལ་རིག་གནས་འདི་ངོ་སྤྲོད་བྱེད་དགོས་པ་རེད། དེ་ཡིན་དུས་ཕྱི་ཕྱོགས་ནས་གསར་དུ་དར་བའི་གློག་བརྙན་སོགས་ཀྱི་སྒྲུང་གཞི་ལ་སྐྱབས་བཅོལ་མ་དགོས་པའི་ཐོག་ནས་བོད་ཀྱི་རིག་གནས་འདི་ངོ་སྤྲོད་ཐུབ་དགོས།
རེད། འདྲེ་སྒྲུང་བྲིས་པ་ལས་དངོས་སུ་ཤོད་ན་ལུས་ངག་གི་རྣམ་འགྱུར་གྱིས་བྲོ་བ་གང་ཆེ་མཐོན་མོད། འབྲི་རྩལ་གྱིས་ཀྱང་དེ་འདྲའི་བྲོ་བ་སྟོན་ཐུབ་ན་གཅིག་ནས་བོད་ཡིག་གི་ཁྱད་ཆོས་དང་གཉིས་ནས་འབྲི་བ་པོའི་རྩོམ་རྩལ་ཕྱིར་མངོན་རྒྱུ་རེད། ལ་ཙེས་ང་ལ་མགྲོན་ཤོག་ཅིག་བཏང་ན་ཉིན་མཚན་གཅིག་ཏུ་བསྒྲ་ཏེ་འདྲེ་སྒྲུང་འཇིགས་སུ་རུང་བ་དག་ཤོད་རྒྱུར་བརྩོན་གྱི་ཡིན།
ཤུགས་ལྡན་དོལ་རྒྱལ་གི་ལོ་རྒྱུས། རྒྱུ་སྨོན་ལམ་ལོག་པ། ངོ་བོ་དམ་སྲི་འབྱུང་པོ། འབྲས་བུ་བསྟན་སྲིད་མི་མངས་ལ་གནོད་པའི་སྐོར་བྲིས་དང་། འདྲེ་སྒྲུང་གི་རྒྱལ་པོ་ལྟ་བུར་ཆགས་པར་ངེས་སོ།། །།
བྱ་ཕུར་ལྷུན་གྲུབ་རྒྱ་མཚོ་ལགས་ཀིས་དུར་བརྒྱ་འགྲིམས་དུས་འདྲེ་མོའི་སྐོར་ཞེས་གསུངས་སོང་ གལ་ཏེ་མ་འགྲིག་པ་མེད་པ་དང་དུས་ཚོད་བྱུང་ན་ གདུར་བརྒྱ་འགྲིམས་པའི་དགོས་དམིགས་ཞིག་གསུང་བ་བཞུ།
འདྲེས་མི་འཁྲིད་པའི་གནས་ཚུལ་དང་ ཡང་དགོང་མོ་གསོན་འདྲི་ཚོགས་བཞིན་པ་རེད་ཟེར་ མེ་དམར་ལྷང་ལྷང་བྱེད་པ་དེ་འདྲ་ཡང་འདུག་ཟེར་དེ་ཚོ་གང་འདྲ་ཡིན་ནམ།
ཤུགས་ལྡན་འདྲེ་ཡིན་ན་ཁ་འདང་། མིག་འབུར། མཚོན་ཆ་སྣ་ཚོགས་ཐོགས། མི་སྙིང་ཟ་འདུག་མཁན་གྱི་སྲུང་མར་འབོད་པ་ཚང་མ་འདྲེ་ཡིན་ངེས་རེད། མ་རེ་པེ་ལགས། ལགས།
འདྲེ་བཤད་འབྲི་འི་ཡིན་ན་འབྲི་འི་ཡིན་ཟེར་ནས་ངར་བ་ལས། བྲིས་བཞག་པ་ནི་གཅིག་ལ་ཡོང་རྒྱུ་མི་འདུག། སྐད་ཡིག་གི་གསོན་ཉམས་ལ་དོན་སྣང་མ་བྱས་ན། བྱུང་རྒྱུ་འདི་རེད། ད་ཆོས་དཔེ་འབྲི་འབྲི་བྱས་ན་སྙན་མོ་ཅང་ཡོང་ནི་ན་རེད། ཤ་ཉེ་ཚོ།
དེ་རིང་ལས་ཀར་རྒྱུན་ལྡན་བཞིན་ནད་པ་ཞིག་གིས་གཟུགས་པོ་འཁྲུ་དུས་ སྔོན་ལྟར་འཁྲུས་རྫས་རྣམས་བེད་སྤྱོད་བྱས་རུང་དེ་འགྲིགས་མ་སོང་བའི་རྣམ་འགྱུར་བསྟོན་བཞིན་འདུག། སླར་ཡང་ཁོ་པའི་འདུན་པ་ལྟར་གང་མཁས་དང་གང་བཟང་འདྲ་བྱས་པ་ཡིན། ལས་ཀ་འཇུག་མ་རྫོགས་དགོང་ལ་ནད་པའི་ལུས་པོའི་འགུལ་ཕྱོགས་ཞིག་གིས་རྐྱེན་པས་ གུས་པའི་གདོང་པར་ཐུག་ཙམ་ཞིག་བྱས་སོང།
སྐབས་དེར་གང་ནས་ཡོང་བ་མ་ཤེས་པའི སེམས་ནང་འདྲེ་ངན་རང་འཕུང་གཞན་འཕུང་བཟོ་མཁན་ཞིག་ བལྟ་དུས་མཐོང་རྒྱུ་མེད་པ་ མཆེད་དུ་བསམ་དུས་གང་ཡང་འཚོར་རྒྱུ་མེད་པ་ཞིག་སླེབས་ནས་ ཉམས་ཐག་པའི་ནད་པར་ཚིགས་ངན་ཞིག་དབང་མེད་དུ་ཤོར་སོང་ དེ་ནས་དུས་རིང་མ་སོང་པར་ཁོང་ལ་འགྱོད་བཤགས་བྱས་ཡིན་ ད་དུང་སེམས་ནང་མ་བདེ་བ་ཞིག་འདུག། འདྲེ་དེ་འདྲ་འདུལ་བའི་དམ་ངག་འདྲ་གནང་མཁན་ཨེ་ཡོད།
ལ་ཙེ་ཚང་གི་ཨ་ཁུ་པདྨ་འབུམ་འདི་ལོ་ཤས་ནང་ལ་འགྱུར་ལྡོག་བྱུང་བ་ལྟོས་དང་། ལོ་ཤས་སྔོན་ལ་རྡ་སར་ཡོད་དུས་བོད་ཀྱི་ལྷ་འདྲེ་གདོན་བགེགས་ལ་དགག་རྒྱག་རྩོམ་ཡིག་བྲིས་ནས་གཙང་སེལ་བྱེད་དགོས་མཁན་ཞིག་ཡིན། ཨ་རིའི་ནེའུ་ཡོག་ནས་བོད་ཀྱི་ལྷ་འདྲེ་གདོན་བགེགས་འབྲི་མཁན་ལ་བྱ་དགའ་སྤྲོད་མཁན་ཞིག་ཆགས་འདུག ཧཧཧཧཧ བསམ་བློའི་འགྱུར་བ་འདིའི་རྒྱབ་གཞུང་ན་་་་་་་་་་་་
ཀླུ་སྨྱོན་ངེད་གཉིས་འདྲེ་སྒྲུང་གི་འདྲེན་བསྡུར་བྱེད་ཡ། བོད་ཀྱི་འདྲེས་སྒྱུང་སྟོང་ཕྲག་ཁ་ཤས་བཤད་ཀྱི་ཡོད་ནི་རེད།
འདྲེ་དང་སྲུང་མའི་ཁྱད་པར་ཐོག་ལྐོག་གསོད་རྒྱུད་འཛིན་ཚོགས་པ་དང་མེ་དཀར་མའི་ལྟ་ཚུལ་གཅིག་པ་རེད་འདུག་ག
པདྨ་འབུམ་ལགས་ལྷ་འདྲེ་ལ་ཡིད་ཆེས་མཁན་ཅིག་ཆགས་ཟིན་ན། འཇམ་ནོར་དང་ལྷག་བསམ་གཉིས་ལྷ་འདྲེ་ལ་ག་དུས་ཡིད་ཆེས་བྱེད་སྲིད་དམ། ལགས།
ལྐོག་གྱུར་པ་གཅིག མངོན་གྱུར་པ་གཅིག མངོན་ལྐོག་རེད་མིན་གམ་དྲན་མིང་ལགས།
རྟགས་ལས་གོ་བར་བྱ་བ་མངོན་གྱུར་རེད། རྟགས་མ་བརྟེན་པར་གོ་ནུས་པ་མངོན་གྱུར་རེད།
དྲན་དཀར་གྱིས་མེ་དཀར་ལ་མངོན་ལྐོག་གི་དོན་མགོ་མཇུག་སློག་ནས་ཀྱག་ཀྱག་བྱས།
ཀྱག་ཀྱག་བྱེད་སྟངས་ལ་ཨཱ།
དབྱངས་ཅན་འབངས་བྱོན་ལེགས། སྟེས་དབང་གིས་དེ་འདྲ་ཆགས་པ་རེད་མ་གཏོགས་པ་ངས་ནི་འདི་ལྟར་བཤད་འདོད་བྱུང་།
རྟགས་ལས་གོ་བར་བྱ་བ་ལྐོག་གྱུར་དང་། རྟགས་ལ་མ་བརྟེན་པར་གོ་ནུས་པ་མངོན་གྱུར་རེད་ཅེས་པ་ཡིན་ལགས།
ཧཧཧཧཧཧཧ
བསྐྱར་ཟློས།
༥༽ དབྱངས་ཅན་འབངས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༢༤
ལས་བསྒུལ་བཟང་པོར་འཚམས་འདྲི་དང་ལམ་ལྷོངས་ཡོང་བའི་སྨོན་ལམ་ཞུ།
བསམ་འཆར་ཚིག་འགའ།:
མཁའ་སྤྱོད་མའི་བཀའ་སྲུང་དུར་བདག་ཡབ་ཡུམ་གྱི་སྐུ་དཔར་ཞིག་གིས་འདྲེ་མཚོན་པར་བྱས་འདུག་པ་ནི། གསང་སྔགས་ཆོས་ལུགས་པའི་སེམས་ཁམས་ལ་གནོད་པ་ཞིག་ལོས་ཡིན་པས། བརྗེ་སྤོར་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ།
དོན་དག་ཡག་པོ་འདི་རིགས་ཀྱིས་དཀྲོག་རྐྱེན་བྱེད་སྲིད་པས་
བསྐྱར་ཟློས།
༥༽ དབྱངས་ཅན་འབངས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༢༣ སྐར་མ་ ༢༤
ལས་བསྒུལ་བཟང་པོར་འཚམས་འདྲི་དང་ལམ་ལྷོངས་ཡོང་བའི་སྨོན་ལམ་ཞུ།
བསམ་འཆར་ཚིག་འགའ།:
མཁའ་སྤྱོད་མའི་བཀའ་སྲུང་དུར་བདག་ཡབ་ཡུམ་གྱི་སྐུ་དཔར་ཞིག་གིས་འདྲེ་མཚོན་པར་བྱས་འདུག་པ་ནི། གསང་སྔགས་ཆོས་ལུགས་པའི་སེམས་ཁམས་ལ་གནོད་པ་ཞིག་ལོས་ཡིན་པས། བརྗེ་སྤོར་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ།
ལས་བསྒུལ་བཟང་པོ་འདི་རིགས་གནས་ཚུལ་ཆུང་ཙག་ཅིག་གིས་དཀྲོག་རྐྱེན་བྱེད་སྲིད་པས་ཐུགས་གཟབ་གནང་སྐྱོང་ཡོང་བ་མཁྱེན།
ད་ལ་ཙེ་ཚང་གི་སྦྱིན་བདག་ཆེན་པོ་སྲིན་པོ་འདྲ་བ་རྣམས་ཤི་ལ་ཉེ་དུས་དམྱལ་བར་མི་འགྲོ་བའི་ཆེད་དུ་བོད་ཀྱི་ལྷ་འདྲེ་ལ་སྐྱབས་སུ་སོང་བ་ཡིན། དེའི་གྲལ་ནས་བོད་ཀྱི་ལས་བྱེད་སྲིན་བུ་མེ་ཁྱེར་དེ་ཚོང་ཆུང་ཆུང་རེད།
གོང་གི་དབྱངས་ཅན་འབངས་ཟེར་བ་དེ་ལ་ཞུ་རྒྱུར། ཉིད་ཀྱིས་སེམས་བཟང་གིས་བསམ་འཆར་འདོན་གྱིན་ཡོད་པར་ཐེ་ཚོམ་མེད། ཡིན་ན་ཡང་། ཆོས་ལུགས་པས་འདི་ལྟར་མི་གཞན་གྱི་བྱ་བྱེད་ལ་གནོན་ཤུགས་དང་བཀག་འགོག་བྱས་བསྡད་ནས་མི་མང་པོ་ཆོས་ལ་མི་དགའ་བར་འགྱུར་བཞིན་ཡོད་པ་རེད། ཆོས་པ་མང་པོ་ཞིག་གིས་འདི་ལྟ་བུ་བཤད་བསྡད་ནས་མི་མང་པོའི་སེམས་ལ་ཆོས་ཉམས་ལེན་ཟེར་དུས་མི་ལ་ཁུར་བོ་གཅིག་ཇེ་ལྗིད་དུ་བཏང་བ་ཙམ་མ་གཏོགས་མེད་པར་སེམས་བཞིན་ཡོད་པ་རེད། གལ་སྲིད་འདི་་སྙན་བཏགས་ནས་ཆོས་ལུགས་འཇིགས་སྐུལ་རིང་ལུགས་པ་ཞིག་སླེབས་ཡོང་ན་ང་ཚོས་རྒྱུ་མཚན་གྱི་སྒོ་ནས་ཚར་གཅད་ཆོག་གི་རེད། ཁྱེད་སྐྲག་ག་ལ་དགོས། མ་གཞི་འདི་འདྲའི་སྲོག་ཆགས་ཤིག་མཐོང་ན་ངས་ནི་འདྲེ་ཟེར་བ་ཡིན་རྐྱང་མ་གཏོགས་གཞན་ཞིག་ཡིན་པ་སེམས་ལ་ཡང་འཁོར་ས་མ་རེད། སངས་རྒྱས་པ་ཚོ་ཆོས་ལུགས་གཞན་དང་ལྟོས་འཇོག་གིས་བཤད་ན་ཅུང་ཟད་གུ་ཡངས་པོ་འདྲ་ཞིག་ལ་བརྩི་སྲོལ་ཡོད་ན་ཡང་ཁར་སང་དེ་རིང་འབར་མ་དང་ཤྲི་ལང་ཁའི་ནང་གི་གྲྭ་བ་ཁ་ཤས་ཤིག་གིས་ཁ་ཆེ་ལ་སྡང་པོ་བྱས་པའི་གནོན་ཤུགས་བྱུང་ནས་ཉེ་སྔོན་སངས་རྒྱས་པའི་འཇིགས་སྐུལ་རིང་ལུགས་པ་ཟེར་བའི་འདྲ་པར་ཡང་དུས་བབ་ཟེར་བའི་ཟླ་དེབ་སྟེང་དུ་ཐོན་པ་སོགས་ལ་བསམ་གཞིག་བྱེད་རོགས།
ག་རེ་་་འདྲེ་ཟེར་ན་མ་ཟེར་ན་མི་ལས་ལོགས་སུ་ཡོད་ནི་མ་རེད། མི་ཡང་འདྲེ་རེད་ལ་་་འདྲེ་ཡང་མི་རེད།
འདྲེ་རྐང་ཐོ་ལགས།
མི་ཚང་མ་རང་ནང་བཞིན་འདྲེ་རེད་བསམ་ན་ནོར་བ་རེད། འདྲེ་རྐང་ཏོ་ཟེར་བ་ཞིག་གོ་མྱོང་། རང་དེ་ཡིན་ན་ཞེད་སྣང་ཚ་སེ་བྱུང་ང་། རང་ལ་ཡག་རྟགས་ཞིག་མེད།
སྤོབས་པ་ཟེར་བ་འདི་ཅུས་གཏོགས་ཚ་བོ་དེ་འདྲ་ག་རེ་རེད།
ཨ་ནེ་བསམ་གཏན་སྒྲོལ་མ་ལགས།
འདྲེ་ང་ཁ་མི་ཉན་རྒྱུ་ཞིག་ཡིན་ནི་རེད་་་་་སྟུ་ལ་བདག་པོ་ཡག་པོ་ཞིག་རྒྱོབས་མ་གཏོགས་སྟུ་ནང་ལ་འཛུལ་ན་ཐང་།
ད་ལོ༢༠༡༧ ལོར་འདྲེ་སྒྲུང་དགོས་མཁོ་ཡོད་ན་ངས་སྤུས་ལེགས་གཅིག་འབུལ་ཆོག