མི་གསོན་པོ།
chinese idol ཞེས་པའི་ཀྲུང་གོ་རྒྱལ་ཡོངས་ཀྱི་གླུ་གཞས་འགྲན་བསྡུར་ཆེན་མོ་ནང་དུ་འགྲན་རྩོད་པ་གླུ་བ་བརྒྱ་ཕྲག་ལས་བརྒལ་བས་ཉིན་བརྒྱའི་འགྲན་རྩོད་དེ་ཉིད་དེ་རིང་འཇུག་ཡོངས་སུ་གྲིལ་ཏེ་བོད་ཀྱི་གླུ་མ་ཚེ་རིང་གཡང་སྐྱིད་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས་སོང་། འགྲན་རྩོད་འདི་ནི་ཧ་ཅང་གཞི་རྒྱ་ཆེ་བའི་སྒྱུ་རྩལ་གྱི་ལས་རིམ་ཞིག་དང་མཚན་སྙན་ཆེ་བའི་གླུ་གར་གྱི་གར་སྟེགས་ཤིག་རེད། idol ཨ་ཡི་སྒྲོལ་ཞེས་པའི་གླུ་གར་གྱི་འགྲན་རྩོད་འདི་ཉིད་ལོ་ཤས་གོང་དུ་ཨ་རི་ནས་མགོ་འཛུགས་བྱས་ཏེ་ད་ལོ་ཀྲུང་གོ་རུ་ཐོག་མར་དབུ་བརྙེས་པ་རེད་འགྲན་རྩོད་འདི་ནི་རྒྱ་སྤྱིའི་ཐོག་ཏུའང་གླུ་གཞས་འགྲན་བསྡུར་སྐད་གྲགས་ཆེ་ཤོས་དེ་ཆགས་ཡོད།
གླུ་གཞས་འགྲན་རྩོད་འདི་ཡི་རྒྱུད་རིམ་ནང་དུ་རྒྱལ་ཁབ་ཕྱི་ནང་ཡོངས་ནས་ལྟད་མོ་བ་རྒན་དར་གཞོན་གསུམ་གྱིས་མི་སྣ་ཀུན་གྱིས་བྱ་དགའ་ཨང་དང་པོ་དེ་གཡང་སྐྱིད་མ་ལ་ཐོབ་པའི་སྔོན་བརྩིས་བྱས་ཡོད་ལ་དོན་དངོས་འགྲན་རྩོད་ཀྱི་ཁྲོད་ནས་ད་བར་བརྒྱ་ཆ་མང་ཤོས་དང་མི་མང་གིས་དགའ་ཕྱོགས་ཆེ་ཤོས་དེ་ཡང་གཡང་སྐྱིད་མ་ཆགས་ཡོད། འོན་ཏེ་གཡོན་པོའི་སྲིད་ཀྱིས་འཁྱོགས་པོའི་ལམ་ནས་ཐག་གཅོད་ཁོ་ན་བྱེད་པའི་ངན་གོམས་ཅན་གྱིས་དཔྱད་འདེམས་པ་དག་གིས་བལྟས་བལྟས་རིག་རིག་ཉིད་དུ་དྲང་བདེན་མེད་པའི་ཐོག་ནས་ཐ་མའི་བྱ་དགའ་དེ་ལིའུ་ཤང་ཤང་ཞེས་པའི་གཡང་སྐྱིད་མའི་ཁ་གཏད་ཕོ་གཞོན་དེ་ལ་སྤྲད་སོང་།
གནས་ཚུལ་འདིའི་ཐད་དུ་རྒྱ་ནག་རང་དུ་རྟེན་གཞི་བྱས་པའི་གསར་ཤོག་མང་པོས་མཐའ་མའི་ཐག་གཅོད་དེ་དྲང་བདེན་མ་ཡིན་པའི་གླེང་སློང་བྱས་འདུག་པ་མ་ཟད་དངོས་སུ་དཔྱད་འདེམས་པ་དག་ལ་དྲི་བ་གཏོང་མཁན་ཡང་བྱུང་འདུག དཔྱད་འདེམས་པ་མི་བཞི་པོ་ཡོངས་ཀྱིས་འོས་ཤོག་ལིའུ་ཤང་ཤང་ལ་བླུགས་ཡོད་པ་མ་ཟད་ཉིན་ཤས་གོང་ནས་གསང་བ་ཕྱིར་གྱར་ལྟ་བུས་ཨང་དང་པོ་དེ་ལིའུ་ཤང་ཤང་ལ་ཐོབ་རྒྱུ་རེད་ཅེས་མི་མང་ནང་དུ་ཁྱབ་ཡོད་པ་སོགས་ཀྱིས་དཔྱད་འདེམས་པ་བཞི་པོས་སྔོན་ནས་ཐག་གཅོད་བྱས་ཟིན་པའི་གནས་ཚུལ་ཡོངས་གྲགས་ཆགས་འདུག
གནས་ཚུལ་འདིས་ང་ཚོ་བོད་རིགས་ལ་སློབ་སྦྱོང་དང་སྒྱུ་རྩལ་སོགས་ཀྱིས་ཆུ་ཚད་ཡོད་ཀྱང་མི་རིགས་དབྱེ་འགྱེད་ཀྱི་སྲིད་ཇུས་ནག་པོ་དེས་གྱོང་དང་ཕམ་ཁ་སྟེར་ས་ནི་གྲངས་ཉུང་མི་རིགས་སྤྱི་དང་དམིགས་བསལ་བོད་རིགས་རྣམས་ལ་ཡིན་པའི་བདེན་དཔང་བྱས་ཡོད། ངས་འདི་ལྟར་བཤད་པ་ནི་ཕྱོགས་ཞེན་ཙམ་མིན་པ་འགྲན་རྩོད་འདིའི་རྒྱུད་རིམ་ཆ་ཚང་ལ་བལྟས་ནས་ངེས་པར་རྙེད་པ་ཞིག་ཡིན། ལིའུ་ཤང་ཤང་ཐེངས་གཉིས་ལ་ཕམ་པའི་ཁ་གཏད་གྱི་གླུ་བ་དག་གཡང་སྐྱིད་མས་ཕམ་པ་བཟོས་ཟིན་པ་མ་ཟད་ཉིན་ཐ་མའི་འགྲན་རྩོད་པ་གླུ་བ་དྲུག་ལས་སྐད་གྲགས་ཆེ་ཤོས་ཀྱི་གླུ་བ་ཨ་ལེན་དང་ཨ་ཧྥིག་གཉིས་ཀར་མོ་ཡིས་ཕམ་པ་བཟོས།
ད་དུང་ལིའུ་ཤང་ཤང་དང་ཨ་ཧྥིག་གཡང་སྐྱིད་མ་གསུམ་ལས་ཐ་མའི་འགྲན་རྩོད་ཁྲོད་ཕྱིའི་དྲ་ཐོག་གི་འོས་འདེམས་པ་དང་ནང་གི་འོས་འདེམས་པ་བཞི་བརྒྱའི་འོས་ཤོག་གི་བརྒྱ་ཆ་མཐོ་ཤོས་དེ་གཡང་སྐྱིད་མ་ལ་ཐོབ་ཡོད། འོན་ཏེ་གཡང་སྐྱིད་མ་དང་ལིའུ་ཤང་ཤང་གཉིས་ཀྱི་ཆེས་ཐ་མའི་འགྲན་རྩོད་སྐབས་དཔྱད་འདེམས་པ་བཞི་པོས་འོས་ཤོག་ལིའུ་ཤང་ཤང་ལ་བླུགས་ཏེ་Chinese idol ཐ་མའི་འགྲན་རྩོད་ཀྱི་གླུ་བ་གཉིས་ལས་ཨང་དང་པོ་འདེམས་རྒྱུ་ཧ་ཅང་དཀའ་མོད་གླུ་གར་འགྲན་བསྡུར་གྱི་གར་སྟེགས་འདིའི་མ་འོང་པའི་ཆེད་དུ་ལིའུ་ཤང་ཤང་འདེམས་རྒྱུ་ཡིན་ཞེས་བཤད།
སྤྱིར་བཏང་འདི་ལྟ་བུའི་གཞི་རྒྱ་ཆེ་བའི་འགྲན་རྩོད་ཀྱི་གར་སྟེགས་ནས་ཨང་རིམ་གཉིས་པ་ཐོབ་རྒྱུ་དེ་ཡང་ཧ་ཅང་གཟི་བརྗིད་ཅན་ཞིག་ཡིན་མོད་གླུ་མ་གཡང་སྐྱིད་མའི་གླུ་ངག་སྒྱུ་རྩལ་དང་མི་མང་གིས་དགའ་ཕྱོགས་སོགས་དང་བསྡ྄ུར་ཚེ་ཨང་རིམ་དང་པོ་དེ་གཡང་སྐྱིད་མར་བདག་ངེས་ཅན་ཞིག་རེད། ཡིན་ནའང་ང་རང་ཚོའི་ཞང་ཚང་གིས་ག་དུས་ཡིན་ཡང་དཔོན་གནས་བསྐོས་པ། ཡིག་ཚད་ཨང་གྲངས། གླུ་གར་འགྲན་རྩོད་སོགས་དོན་དངོས་ལ་མི་བལྟ་བར་མི་རིགས་དབྱེ་འབྱེད་ཀྱི་བསམ་བློ་དབང་བཙན་པ་བྱེད་ནས་ཐ་མའི་ཐག་གཅོད་དེ་བྱེད་ཀྱི་ཡོད་པ་ལྟར་ད་ལན་གཡང་སྐྱིད་མ་ལ་དབང་ངེས་པའི་བྱ་དགའ་དེ་བཙན་གྱིས་གཞན་ལ་བྱིན་པ་རེད།
ང་ཚོ་ལ་སྡུག་བསྔལ་དང་སེམས་ཚོར་ཅི་ཙམ་བཤད་རྒྱུ་ཡོད་ཀྱང་ཤོད་སའི་གནས་ཡུལ་མེད་པའི་གཞན་དབང་ལ་སྟབས་བསྟུན་ནས་མགོ་སྒུར་དགོས་པའི་གནས་བབ་འདི་བསམ་ཚེ་ངོ་མ་སེམས་གཏིང་ནས་སྐྱོ། གཤམ་དུ་གཡང་སྐྱིད་མའི་གླུ་གར་འགྲན་རྩོད་ཀྱི་སྐོར་གུས་པས་བྲིས་པའི་རྩོམ་ཐུང་ཁག་གཉིས་ཡོད་གཟིགས་ཙམ་གནོང་རོགས་ཞུ།
གངས་དཀར་ཏི་སེ་ལས་འཕོས་ཏེ་ཡར་ཀླུང་གཙང་པོ་ནས་བརྒྱུད་པའི་མ་ནི་དབྱངས་རྟ་དང་སྒྲོལ་མའི་གཟུངས་སྔགས། ད་དུང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཨ་ལ་ལ་མོ་དང་བས་ཡ་ལ་སོགས་དེ་རིང་རྒྱ་སྤྱིའི་གླུ་གར་གྱི་གར་སྟེགས་ནས་ལྷང་ངེ་ཐོས་བྱུང་། དེ་ནི་ལྷ་ཡི་བུ་མོ་དང་གཡུ་འབྲུག་གི་སྲས་མོ་སོགས་ཀྱི་མཚན་སྙན་ཐོབ་པའི་བོད་ཀྱི་གླུ་དབྱངས་ཀྱི་རྒྱལ་མོ་གཡང་སྐྱིད་མ་སྟེ།
ལྷད་མེད་པའི་གཤིས་ཀ
བབ་ཆགས་པའི་ཆས་གོས།
ཆ་སྙོམས་པའི་གོམས་སྟབས།
མཛེས་སྡུག་གི་ལང་ཚོ།
ད་དུང་མི་རིགས་རང་གི་རིག་གཞུང་དུ་གྱུར་པའི་རོལ་ཆས་སོགས་ཀྱིས།
སྤྲོ་བ་བསྐྱེད་པ།
དང་བ་འདྲེན་པ།
གདེང་ཚོད་སླེབས་པ།
ཡིད་ཆེས་འཕེལ་བ།
སོགས་ཀྱིས་ལྟད་མོ་བ་ཁྲི་ཕྲག་མང་པོས་མིག་ཟུང་ཁྱེད་ལ་བགྲད་དེ་གཡང་སྐྱིད་མ་ཞེས་མིང་བྱང་དགུང་དུ་གཏེགས་ནས་དགའ་བསུའི་ཐལ་སྒྲ་དང་ལྷ་མོ་ང་ཁྱོད་ལ་དགའ་ཞེས་པའི་འབོད་སྐད་སྣ་ཚོགས་ཁྲོད། ཁྱེད་ཀྱིས་ངའི་ཕ་ཡུལ་ནི་ཧ་ཅང་ས་ཐག་རིང་ཞེས་པའི་གླུ་ཚིག་ཅན་གྱི་ཡོངས་གྲགས་སུ་”ཨོ་ལིབ་ཤིང”་ཞེས་པའི་གླུ་གཞས་དེ་ཉིད་སྒྲོལ་མའི་མཚན་སྔགས་དང་སྦྲེལ་ཏེ།
དལ་མོའི་འགྱིངས་འགྲོས་ཀྱིས།
ཟབ་མོའི་གཟུངས་སྔགས་དང་ལྷན།
བདེ་མོའི་གྲེ་བ་ནས་ཕྱུངས།
སྙན་མོའི་དབྱངས་རྟ་རུ་དྲངས།
དུས་དེར་གྲགས་ཅན་གྱི་དཔྱད་འདེམས་པ་དག་ཀྱང་མིག་ཟུང་བཙུམས་ནས་ཁྱེད་ཀྱི་གླུ་དབྱངས་ལ་རོལ་བ་ནི་ཚངས་པ་ཆེན་པོས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་སྒྲ་དབྱངས་ཉན་པའི་གཏམ་རྒྱུད་ཀྱི་དཔེ་ཟླ་ཉག་ཅིག་ཏུ་གྱུར། ཉིན་དེ་ནས་བཟུང་མི་རྣམས་ཀྱིས་གླུ་གཞས་དེའི་མིང་དུ་”བྱང་ཆུབ་ཀྱི་ཤིང”་ཞེས་བསྒྱུར་བ་མ་ཟད་དུས་ཡུན་ཧ་ཅང་ཐུང་ངུའི་ནང་དུ་དྲ་ཐོག་ནས་ཉན་མཁན་མི་འབུམ་ཕྲག་གསུམ་ལས་བརྒལ། ད་དུང་ཁྱེད་ཀྱིས་བླངས་པའི་”ཁྱོད་དྲན་པའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ”་ཞེས་པའི་གླུ་གཞས་དེའང་ད་བར་འགྲན་བསྡུར་གླུ་གཞས་ཡོངས་ཀྱི་ཨང་དང་པོ་ཆགས་པ་མ་ཟད་རྒྱལ་ཡོངས་ནས་ཁྱེད་ཀྱི་གླུ་དབྱངས་རྣམས་ལ་དགའ་རྟགས་ཕུལ་མཁན་གྱི་མི་སྣ་དུང་ཕྱུར་གསུམ་ལྷག་ཙམ་བྱུང་ཡོད་པ་འགྲན་བསྡུར་གོ་སྒྲིག་པས་བརྗོད་ཡོད། ད་ལྟར་ཐ་མའི་འགྲན་རྩོད་པ་གླུ་བ་དྲུག་ལས་དྲ་ཐོག་ནས་དགའ་རྟགས་མང་ཤོས་ཀྱི་ཨང་དང་པོ་དེའང་ཁྱེད་ཉིད་ཡིན་པས་གལ་སྲིད་གཞུང་ངོས་ནས་དཀག་སྡོམ་བྱེད་བཞིན་པའི་འགྲན་རྩོད་འདི་ཉིད་མུ་མཐུད་འགྲན་རྒྱུ་བྱུང་ཚེ་བྱ་དགའ་དེ་ཉིད་ཁྱོད་ཁོ་ནར་དབང་བའི་གདེང་ཚོད་ལོས་ཡོད། བོད་རྒྱལ་ལོ། གཡང་སྐྱིད་མ་རྒྱལ་ལོ།།
ཁ་ནག་འདི་ཚང་གིས་ནམ་ཡང་དྲང་བདེན་གྱི་ལས་ཀ་བྱེད་མ་མྱོང་།
དངོས་བྱུང་གི་གནས་ཚུལ་བཀོད་པར་བཀའ་དྲིན་ཆེ་ཨ།
རྒྱ་གཞུང་གི་སྤྱོད་པ་ངན་མོ།
འཛངས་མ་རྒྱལ་ལོ།
བདེན་པ་ཉིད་རྒྱལ་གྱར་ཅིག
བུ་མོ་དེ་མོན་པ་རིགས་ཡིན་པ་ལས་བོད་རིགས་རེད་ཟེར་གིན་མི་འདུག་དྲན་སོང་།
ངའི་ཡང་མགོ་ནས་འཇུག་པར་དུ་བལྟས་ཡིན་ མོ་ལ་སྐད་སྙན་མོ་ཙམ་ལས་གཞན་སྒྱུ་རྩལ་གི་ཕྱོགས་སྐྱོ་བོ་རེད དྲང་བདེན་མིན་པ་མཐོང་མ་སོང
ཨ་ལགས། མོན་པ་བོད་པ་མ་རེད་དམ།
ཀླུ་སྨྱོན་ལགས་ཀྱིས་ཆོ་མེད་པའི་བཀའ་མོལ་དྲི་མ་ཅན་ཞིག་དྲ་ཐོག་འདིར་གཡུགས་འདུག ཆོ་འདུག མིན་འདུག་ཡ།
མ་རེད། མ་རེད། ང་ལ་ཡང་རྒྱ་མོ་ངོ་ཤེས་ཤིག་གིས་ཨུ་ཚུགས་བརྒྱབ་ནས་ལེ་ཚན་འདི་ལ་ལྟ་བཅུག་སོང་། ངས་དེ་ཡག་པོ་ཞིག་ལ་མཐོང་མ་སོང་། ང་བོད་མི་ཞིག་རེད། མོ་བོད་མི་ཞིག་རེད། བོད་མི་ཞིག་གིས་རྒྱལ་ཡོངས་ཀྱི་བྱ་དགའ་སྐད་གྲགས་ཅན་རག་ན་དགའ་དགོས་པ་ཞིག་རེད་མོད། དོན་དུ་ཡག་པོ་ཞིག་ཅང་བྱས་མ་སོང་སྙམ། བླ་དགའ་ལེན་མཁན་གྱིས་ངོས་ན་ཡང་ཅི་བྱེད་དགོས་རུང་བྱས་ནས་བྱ་དགའ་ཞིག་ལེན་རྒྱུའི་བསམ་པ་མ་གཏོགས་མེད་པའི་རྣམ་འགྱུར་འདུག མོས་སྐད་ཆ་འདི་བཤད་སོང་སྙམ། མོ་རང་ལ་བྱ་དགའ་ལེན་འདོད་མེད། ཕ་མེས་ནས་བརྒྱུད་པའི་རིག་གནས་ངོ་མཚར་ཅན་འདི་ངོ་སྤྲོད་དུ་ཡོང་བ་ཡིན་ཟེར། ཡིན་ན་ཡང་དོན་དུ་དེ་རེད་མི་འདུག མོའི་གླུ་དབྱངས་དེ་ཕ་མེས་ནས་བརྒྱུད་པའི་གླུ་ཞིག་ཡིན་པ་ཕར་ཞོག་ཐ་ན་བོད་སྐད་ཆ་ཚང་བ་ཞིག་ཡིན་མིན་ཡང་དོག་གཞི་རེད། གྱོན་ཆས་ཡ་མ་ཟུང་། ཏིང་ཤག་གཉིས་མཛུབ་མོའི་རྩེར་གྱོན། འཁྲབ་སྟེགས་སྟེང་དུ་ཡར་ལངས་དགོས་པ་ཡང་མི་ཤེས་པར་མར་བསྡད་ནས་དེ་ནི་མོ་རང་གི་མི་རིགས་དེ་སྒོམ་རྒྱག་པར་གོམས་གཤིས་ཡོད་པས་ཡིན་པ་ལྟ་བུ་བཤད། མདོར་ན་མོས་བོད་མི་རིགས་ཟེར་བ་འདི་ཅི་ཡང་མི་ཤེས་མཁན། གདོད་མིའི་མི་ལྟ་བུ། འགྲན་རྩོད་མི་ཤེས་མཁན་སྟེ་རྒྱ་རིགས་ཀྱི་ཅི་ལྟར་མཐོང་འདོད་འདོད་པའི་བོད་མི་རིགས་ཏེ་བསྟན་པ་རེད་མ་གཏོགས་བོད་མི་རིགསཀྱི་ཅི་ལྟར་མཐོང་འདོད་པའི་བོད་མི་རིགས་ཏེ་བསྟན་མ་སོང་། མདོར་ན་རྒྱ་དམར་གྱི་སློབ་གསོའི་འོག་གི་རྒྱ་མི་ཚོར་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ལ་ལྟ་འདོད་མི་འདུག ཨེ་རྒྱ་མི་ཕ་བཟང་གི་བུ་ཚོ། ང་ཚོ་བོད་ལ་འདི་ལས་དྲག་པའི་བྱ་དགའ་སྤྲོད་ས་ཡོད་རེད།
མདོར་ན་ཕྱིའི་མི་རིགས་ཚོས་བོད་ཀྱི་སྐོར་ལ་རྩོམ་ཡིག་བྲིས་པ་དང་། གློག་བརྙན་འཁྲབ་པ། ཐ་ན་གླུ་གཞས་ལ་བྱ་དགའ་སྤྲོད་སྟངས་མང་ཆེ་ཤོས་དེས་བོད་མི་རིགས་འདི་ཀླ་ཀློ་ལྟ་བུ་ཡིན་པར་བསྒྲུབ་ཅི་ནུས་དང་སྟོན་ཅི་ཐུབ་བྱེད་ཀྱིན་འདུག ཐ་ན་རང་རེས་ཇུས་གཏོགས་ཅུང་ཟད་རེ་བྱེད་ཐུབ་ཡོད་པའི་གློག་བརྙན་བོད་ནང་དུ་ལོ་བདུན་དང་སྐུ་མདུན་ལ་ཡང་སྐྱོན་དེ་ཅུང་ཟད་རེ་འདུག
རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་ཟླ་བ་ང་ཨ་ལེ་ཡི་སྒྲུང་རྩོམ་སོགས་ལ་རྒྱ་མིས་མཐོང་ཆེན་བྱེད་དོན་ཡང་དེ་རེད། ཁོང་གཉིས་ཀ་མི་སྤྱང་པོ་རེད། རྒྱ་མིས་ཅི་ལྟར་མཐོང་འདོད་པ་དང་བཤད་པའི་བོད་དེ་སྨྱུ་གུའི་རྩེ་ནས་བཟོ་འགོད་བྱས་པས་རྒྱ་མི་ཚོ་དགའ་སོང་བ་ཙམ་རེད། དེ་ཚོ་ཤེས་དགོས་པ་འདུག
བུ་མོ་དེ་ཀོང་པོ་ནས་ཡིན་ཡང་མོས་བོད་པ་ཡིན་པའི་ཚིག་གཅིག་ཀྱང་མ་ཐོན་པ། རྒྱ་ནག་གིས་འཆར་བགོས་ཀྱི་་མོན་པ་མི་རིགས་ཡིན་ཟེར་ནས་སྐྱར་ཟློས་ཡང་ཟློས་བྱས་བས་བློ་ཕམ་གནང་མཁན་ཡང་འདུག
གང་ལྟར་རྟེན་འབྲེལ་ཞུ།
ཆོ་ཐིག་པ་གཅིག་ཀྱང་མིན་འདུག བྱི་ལའི་མདུན་ལ་བྱི་བ་ཁྲབ་བཅུག་ནས། ལྟོ་ངོམས་བསྟན་པ་ལྟ་བུ་རེད། ཨི་སི་རལ་གྱིས་འདི་ལྟ་བུའི་ཁྲབ་སྟོན་ཞིག་གྲ་སྒྲིག་བྱས་ན། ཁ་ཆེ་གཅིག་གིས་ཀྱང་ཞུགས་ཀྱི་མ་རེད། ཞུགས་ན་རྒྱལ་བཙོང་པ་ཅེས་ཚེ་སྲོག་ཕྲ་མོ་དེའི་སྐུད་པ་བཅད་ཀྱི་རེད།
རྒྱ་མིས་མོན་པ་རིགས་བོད་རིགས་ལས་ལོགས་སུ་ཕྱེས་་འདུག གླིང་སྒྲུང་དུ་ཡང་མོན་གླིང་གཡུལ་འགྱེད་དང་ཧོར་གླིང་གཡུལ་འགྱེད་ཅེས་བྲིས་འདུག མོན་པ་བོད་པ་ཡིན་ན་འབྲུག་པ་ཡང་བོད་པ་རེད། མོན་པ་བོད་པ་རེད་ཟེར་ན་ཡིན་པའི་སྒྲུབ་བྱེད་ཁུར་ཤོག ངས་མ་ཤེས་གླུ་བར་དྲིས་ནི་ཡིན།
བལ་ཡུལ་སོགས་སུ་ང་ཚོ་ཚང་མ་བླ་མ་ཟེར་བའི་མི་རིགས་དེ་ཆགས་འགྲོ་འདུག ང་ཚོ་ཚང་མ་བླ་མ་མི་རིགས་རེད། ང་བོད་པ་མིན། ང་བླ་མ་ཡིན། ངའི་ཁྱིམ་ཚང་གང་བོ་བླ་མ་ཡིན། ངའི་གྲོགས་པོ་གྲོགས་མོ་ཚང་མ་ཡང་བླ་མ་རེད།
གང་ལྟར་བོད་པའི་མི་རིགས་དང་འབྲེལ་བ་ཡོད་པའི་བུ་མོ་ཞིགས་རེད་འདུག་ང་རང་ནི་ཕྲན་ཙམ་དགའ་ནས་ཡོད་ལགས།
གླུ་གཞས་འདྲན་བསྡུར་འདིའི་སྐོར་དྲྭ་རྒྱ་གང་ནས་ལྟ་ཐུབ་ཀྱིན་རེད་དམ་་་ངོ་སྤྲོད་རེ་གནང་མཁན་ཡོད་ན་་་ངས་རྙེད་ཀྱིན་མི་འདུག་་་་་དྲིན་ཆེ་ཚོ།
གང་ལ་གང་འདུལ་དེ་ལ་དེ་སྟོན་པ།
གླུ་མ་དབྱངས་ཅན་མ་ལ་བདག་ཡི་རང་།
བོད་པ་མོན་པ་སུས་ཡིན་ཡང་།
འགྲོ་རྣམས་དགའ་རུ་བཅུག་ན་རྒྱན།
ངག་དབང་མཁས་མཆོག་ཚུན་ཆད་ནས།
གླུ་མ་ཁྱེད་འདྲ་གླིང་ན་དཀོན།
དྲི་ཟ་ཚངས་དབང་གདངས་དབྱངས་ཀྱིས།
རྒྱ་བོད་གདུང་བ་སེལ་བར་ཤོག
བཞེངས་བཞུགས་སྟངས་སྟབས་ཅི་རིགས་ཀྱིས་།
དབྱངས་ཅན་མ་ཡི་ཤིས་པ་སྩོལ།
འགྲོ་རྣམས་མགུ་བའི་ཞིང་མཆོག་ན།
དང་པོ་གཉིས་བ་ཁྱད་པར་མེད།
བོད་གནས་གསར་འཕྲིན་གང་དུའང་། འདིའི་སྐོར་གྱི་རྒྱུན་རིམ་དང་།
རྒྱལ་ཁ་སོགས་དྲིལ་བསྒྲགས་བྱེད་ཀྱི་མི་འདུག་པས།
ཀླུ་སྨྱོན་རྒན་པོས་ལབ་པ་ལྟར་་བོད་ལ་མཁོ་བའི་བུ་མོ་ཞིག་མིན་ཤས་ཆེ།
ཧི་མ་ལ་ཡའི་མི་རིགས་སྤྱི་དབྱིངས་ནས་བོད་པ་རེད། དེ་སང་རྒྱ་གར་དང་ནེ་པ་ལ་བས་མི་སེར་སྤེལ་ཡུལ་དུ་གྱུར་ཡོད་རེད།
ཤར་བ་དང་རྟ་མང་། ལབ་སྐྱ་སོགས་པ་ལ་ནེ་པ་ལ་བ་དག་གིས་བླ་མ་ཞེས་འབོད། བླ་མ་ནི་ཞེ་ས་སྦྱར་བ་རེད། བོད་རིགས་འདི་དག་གིས་ནང་ཆོས་ལ་ཉམས་ལེན་བྱེད་ཀྱིན་ཡོད་པས་བླ་མ་ཞེས་གུས་པ་མཚོན་གྱིས་ཡོད་རེད།
དེ་སང་ཟླ་བ་ཤར་བ། ཟླ་བ་བླ་མ། བཀྲ་ཤིས་རྟ་མང་། བཀྲ་ཤིས་བླ་མ། ཉི་མ་བླ་མ། ཚེ་རིང་ཆོས་སྒྲོན་བླ་མ། སོགས་ལྟ་བུ་རེད།
བོད་པས་བླ་མ་ལ་རིན་པོ་ཆེ་ལབ་པ་དང་གཅིག་མཚུངས་རེད། དོན་དངོས་སུ་རིན་པོ་ཆེ་ནི་རྡོ་ཡི་རྣམ་གྲངས་ཞིག་རེད།
བོད་པ་ནི་རྒྱུ་ནོར་ལ་དགའ་བས་རིན་པོ་ཆེ་ལ་དགའ་བར་གྱུར། ཡག་པོ་ཚང་མ་རིན་པོ་ཆེའི་མིང་བཏགས་པ་རེད།
རིན་པོ་ཆེ་ལབ་ན་དོན་ལ་ཅི་ཡང་གོ་ཡ་ཡོད་མ་རེད།
་་་་ འགྲན་རྩོད་པ་གླུ་བ་བརྒྱ་ཕྲག་ལས་བརྒལ་བས་ཉིན་བརྒྱའི་འགྲན་རྩོད་དེ་ཉིད་དེ་རིང་འཇུག་ཡོངས་སུ་གྲིལ་ཏེ་བོད་ཀྱི་གླུ་མ་ཚེ་རིང་གཡང་སྐྱིད་ཀྱིས་ཨང་གཉིས་པའི་བྱ་དགའ་བླངས་སོང་། ་་་་་ཟེར།
༡༢༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༧ གི་ཆུ་ཚོད་ ༢༠ སྐར་མ་ ༥༢
བལ་ཡུལ་སོགས་སུ་ང་ཚོ་ཚང་མ་བླ་མ་ཟེར་བའི་མི་རིགས་དེ་ཆགས་འགྲོ་འདུག ང་ཚོ་ཚང་མ་བླ་མ་མི་རིགས་རེད། ང་བོད་པ་མིན། ང་བླ་མ་ཡིན། ངའི་ཁྱིམ་ཚང་གང་བོ་བླ་མ་ཡིན། ངའི་གྲོགས་པོ་གྲོགས་མོ་ཚང་མ་ཡང་བླ་མ་རེད།
མི་རིགས་འདི་དག་གི་མིང་མཐའ་ན་བླ་མ་ཡོད། དེ་ཧ་ཅང་གི་གལ་ཆེན་པོ་རེད། གང་ཡིན་ཟེར་ན་དེས་མི་རིགས་དེའི་ངོ་བོ་མཚོན་ཐུབ་ཀྱི་ཡོད་རེད། ཁོ་ཚོས་མི་རིགས་གཞན་དང་ནེ་པ་ལའི་ནང་དུ་མི་འདྲེས་པའི་ཆེད་དུ་རང་མིང་གི་མཐའ་ལ་བླ་མ་ཞེས་སྦྱར་ཡོད། འདི་ཁོ་ཚོའི་ནང་ཁྲིམས་ཞིག་ཀྱང་ཡིན། དཔེར་ན་ཚེ་རིང་བླ་མ། བསམ་གཏན་སྒྲོལ་མ་བླ་མ་ལྟ་བུ་རེད། སྤོབས་པ་མཐའ་ཡས་ཟེར་བས་འདི་ལ་ཟུར་ཟ་ལྟ་བུ་བྱས་འདུག་ཀྱང་མ་ཤེས་པའི་སྐྱོན་རེད་ལགས། ཤེས་ན་དེ་འདྲ་ལབ་སྲིད་ཀྱི་མ་རེད།
བོད་པ་ཚོས་ཀྱང་དེ་བཞིན་དུ་རྒྱ་གར་བའི་ནང་དུ་མི་འདྲེ་བའི་ཆེད་དུ་རང་གི་མི་མཐའ་ལ་བྷོ་ཌི་ཡ་ཟེར་གྱི་ཡོད།དཔེར་ན་སྐལ་བཟང་བྷོ་ཌི་ཡ། སྒྲོལ་མ་བྷོ་ཌི་ཡ་ལྟ་བུ་རེད།
འགའ་ཤས་ཀྱིས་དོན་མེད་ལ་འཕྱ་སྨོད་ལྟ་བུ་བྱེད་ཀྱིན་འདུག དེ་འདྲ་མ་གནང་རོགས།
གནས་ཚུལ་འདིའི་ཞིབ་ཕྲ་ཆ་ཚང་ངས་ཤེས་ཀྱི་ཡོད། རྒྱབ་མདུན་ཚང་མ་ངས་ཤེས་ཀྱི་ཡོད། གཙོ་བོ་འདི་རེད། གཙོ་བོ་ཁྲབ་སྟོན་འདིའི་དཔོན་པོ་དེས་དགོངས་མོ་ཞིག་ཁ་ལག་བཏང་ནས་བོད་མོ་འདི་དང་རྒྱ་མོ་འདི་མགྲོན་ལ་འབོད། དགོངས་མོ་ཕྱི་པོ་ཆགས་ནས་ར་ཏོག་ཙམ་གཟི། དཔོན་པོ་དེས་བོད་མོ་འདི་ལ་ཁ་སྐྱེལ་བར་འགྲོ་སྐབས། བོད་མོ་འདིས་ཁོ་ཕར་འབུད་པ་རེད། ལམ་གསེང་རྒྱ་མོ་དེ་ཤོར་ཡོང་ནས་བོད་མོ་འདི་ལ་འགྲམ་ལྕག་གཅིག་ཞུས། དཔོན་པོ་དེ་ཡར་བླངས་ནས་མགྲོན་ཁང་ནང་ལ་ཁྲིད་སོང་། སང་ཉིན་འདེམ་ཤོག་གི་འབྲས་བུ་དེ་བཏོན་སོང་། འོ་རྒྱུ་མཚན་འདི་རེད།
བོད་ཀྱི་གླུ་མ་ཚེ་རིང་གཡང་སྐྱིད་ཀྱི་བསམ་དོན་འགྲུབ་པར་ཤོག །
བོད་ཀྱི་གླུ་མ་ཚེ་རིང་གཡང་སྐྱིད་ཀྱིས་བོད་དོན་བསྒྲུབ་པར་ཤོག །
གླུ་མ་འདིའི་པར་རེ་ཡོད་ན་ངོ་སྤྲོད་རེ་བྱེད་རོགས།
གཞན་དེང་སང་དྲ་ཐོག་སོགས་ན་ཡོད་པའི་དབྱངས་ཅན་མ་ཟེར་བའི་བུ་མོ་འདི་གཉིས་གཅིག་པ་ཨེ་རེད།
གྲོགས་པོ་ཚོ། མོན་པ་ཟེར་བ་འདི་མི་རིགས་ཤིག་ལ་བཏགས་པ་མ་རེད། མོན་ཡུལ་གྱི་མི་ལ་མོན་པ་ཟེར་བ་རེད། གཙང་པ། དབུས་པ། ཨ་མདོ་བ། སོགས་ལྟ་བུ་རེད། གླིང་སྒྲུང་སོགས་ལའང་དེ་ལྟར་རེད། མ་གཞི་ནས་གླིང་སྒྲུང་གི་སྐད་ཆ་ཚང་མར་ལོ་རྒྱུས་ཀྱི་ཚད་ཐིག་རྒྱག་པ་ནི་མཐའ་ལ་ལྷུང་བའི་སྐད་ཆ་རེད། མདོར་ན་མོན་པ་ཟེར་བ་འདི་བོད་པའི་ཆ་ཤས་ཤིག་རེད། མོན་ཡུལ་ཟེར་བ་འདི་བོད་ཡུལ་གྱི་ཆ་ཤས་ཤིག་རེད།
སྤེན་པ་མཚོ་མོ་ལགས། youtube ནང་དུ་སོང་ནས་ China Idolགཏགས་ན་ཡོང་རྒྱུ་རེད་བསམ།
རྨུ་བུ་ལགས། རྒྱ་དམར་གཞུང་གི་མི་རིགས་༥༦་གི་གྲངས་ཐོ་བཀོད་པ་ན་བོད་མི་ས་ཡ་དྲུག་ཡོད། མོན་པ་སྟོང་ཕྲག་གསུམ་ཡོད། ཀློ་པའམ་ལྷོ་པ་སྟོང་ཕྲག་གསུམ་དང་ཕྱེད་ཀ་ཡོད་ཟེར་ནས་ལོག་སུ་བགྲངས་འདུག
གྲོགས་པོ་མཚོ་མོ་ལགས། གླུ་གཞས་འགྲན་བསྡུར་དེའི་མཐའ་མའི་ཐག་གཅོད་ལ་གཟིགས་འདོད་ན་youtube ནང་དུ་ཕེབས་ནས་china idol 2013 finalཟེར་བར་གཟིགས་ན་མཐོང་གིན་འདུག་ལགས། ང་ནི་སྤྱིར་ལྟད་མོ་དེ་ལ་ལྟ་བར་མི་དགའ་བ་ཅང་བྱུང་མ་སོང་མོད་བུ་མོ་དེའི་བོད་མིའི་ཚབ་བྱས་ནས་བོད་པའི་རིག་གཞུང་སྟོན་པར་ཁས་འཆེ་བ་དེ་མིག་ལ་འཕྲོད་མ་སོང་། གཅིག་བྱས་ན་ང་ནོར་ཡོད་སྲིད། ངས་ནི་མོས་བོད་སྐད་ཆ་ཚང་བའི་གླུ་ཞིག་ཀྱང་ལེན་ཤེས་ས་མ་རེད་བསམ་སོང་།
བུ་མོ་དེའི་མིང་གཡང་སྐྱིད་མ་རེད་མི་འདུག།དབྱངས་ཅན་མ་རེད།རྒྱ་ནག་གཞུང་གིས་བོད་དེ་མི་རིགས་མང་པོར་བཀར་ཡོད་པ་ལྟར།མོན་པ་རིགས་སུ་བཀར་གདའ།
དྲ་གྲོགས་མང་པོ་ཞིག་གིས་དགོངས་ཚུལ་གསུངས་པར་དགའ་ཡོད། སྤོབས་མཐའ་མཆོག་ནས་བུ་མོ་འདིས་བོད་གཞས་གཏོང་ཤེས་མིན་ཐོག་དགོངས་འཆར་གསུངས་འདུག ཁྱེད་ཀྱིས་འགྲན་རྩོད་འདི་ཆ་ཚང་གཟིགས་ཡོད་ན་དྲི་བ་འདི་སླེབས་རྒྱུ་མ་རེད་སྙམ། གང་ཡིན་ཟེར་ན་མོས་འགྲན་བསྡུར་ནང་དུ་ཞུགས་སྐབས་ཐེངས་དང་པོ་འི་གླུ་གཞས་དེ་བོད་གཞས་བཏང་སོང་།
ཚེ་རིང་གཡང་སྐྱིད་ནི་རྒྱ་ནག་གི་གླུ་གར་འགྲན་ཚོགས་ཆེན་མོ་ཞིག་ཏུ་ཞུགས་ཏེ་གླུ་བ་བརྒྱ་ལྷག་ལས་ད་སྐབས་རྩེ་ཕུད་ཀྱི་གླུ་བ་ཉི་ཤུ་གྲལ་དུ་འདེམས་ཟིན་པ་མ་ཟད་ལྷ་ཡི་སྲས་མོ་ཞེས་པའི་མཚན་སྙན་གྱི་ཆེ་བསྟོད་དང་དགའ་བསུ་ཐོབ་ཡོད། ད་དུང་བརྙན་འཕྲིན་མང་པོའི་ནང་དུ་དྲི་བ་ལ་ལན་འདེབས་དང་རང་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་གླུ་ངག་གིས་དཔྱད་འདེམས་པ་དག་དང་གཟིགས་མོ་བ་ཡོངས་ཀྱིས་ཚད་མཐོན་པོས་དགའ་བསུ་ཞུས་སོང་། རྒྱ་ནག་གི་གྲགས་ཅན་གླུ་མ་དང་ནུབ་གླིང་ཨ་རི་ཕྱོགས་སུའང་སྐད་གྲགས་ཡོད་པའི་གླུ་མ་ཁོ་ཁོ་ཡིས་ཚེ་རིང་གཡང་སྐྱིད་ཀྱིས་གླུ་ངག་ཐོས་པ་མཉམ་དུ་སེམས་པ་ལྷོད་ལ་བབ་ནས་ཞི་བདེ་སྣང་བ་འདྲེན་གྱི་འདུག་ཅེས་བཤད། ད་དུང་ཁོ་ཁོས་ཚེ་རིང་གཡང་སྐྱིད་ནི་ལྷ་ཡི་སྲས་མོ་ངོ་མ་དང་མོ་ཡི་གླུ་དབྱངས་ནི་ཡིད་སེམས་འཕྲོག་པའི་ནུས་པ་ལྡན་འདུག་པས་ང་རང་ཉིད་ཀྱིས་ཐབས་ལམ་བསྐྲུན་ཏེ་ཚེ་རིང་གཡང་སྐྱིད་རྒྱལ་སྤྱིའི་གླུ་བའི་གྲལ་དུ་གདན་འདྲེན་བྱ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད། རྒྱལ་ནང་དུ་ཧ་ཅང་སྐད་གྲགས་ཆེ་བའི་བོད་རིགས་གླུ་མ་ཧན་ཧང་གིས་གླུ་མ་ཚེ་རིང་གཡང་སྐྱིད་ཀྱི་གླུ་དབྱངས་གིས་སེམས་པ་རང་དབང་མེད་པར་བྱེད་ཀྱིན་འདུག་པས་ངས་ནམ་ཡང་ཁྱེད་ཀྱི་གླུ་དབྱངས་ལ་ཉན་ཞེས་བཤད། དེ་བཞིན་གློག་བརྙན་འཁྲབ་སྟོན་པ་དང་སྒྱུ་རྩལ་བ་གྲགས་ཅན་ཧང་སྤྱོ་མེན་གྱིས་ཚེ་རིང་གཡང་སྐྱིད་ལ་ཁྱེད་ཉིད་གར་སྟེགས་སུ་ཐོན་སྐབས་ངས་འཁྲབ་སྟོན་བྱས་མྱོང་བའི་གཡུག་འབྲུག་གི་སྲས་མོ་དེ་དྲན་པ་སོས་སོང་ལ་ཁྱེད་ཀྱི་གླུ་ངག་ནི་ངོ་མ་ལྷ་ཡུལ་ནས་མར་བབས་པའི་དབྱངས་རྟ་ཞིག་ལས་མི་ཡུལ་གྱི་གླུ་སྐད་ཅིག་རེད་ཟེར་བདེན་པ་འཛིན་ཐུབ་པ་དཀའ་ཞེས་བརྗོད། བུ་མོ་ཚེ་རིང་གཡང་སྐྱིད་སྤྱི་ཚེས་སུམ་བཅུ་ནས་སླར་ཡང་འགྲན་བསྡུར་གོམས་སྟབས་རིམ་བཞིན་སྤོ་རྒྱུ་ཡིན་ཕྱིར་མི་ཡི་ནུས་པ་ནི་སེམས་ཤུགས་ལས་བྱུང་ཞིང་སེམས་ཤུགས་དེ་ཉིད་དཀོན་མཆོག་གིས་གནང་བའི་བྱིན་རླབས་ཉག་གཅིག་ཡིན་སྟབས་རྒྱ་ཆེན་གཟིགས་མོ་བ་ཡོངས་ནས་གསོལ་འདེབས་སྨོན་ལམ་རེ་མཛད་རོགས་ཅེས་ཞུ་རྒྱུ་ཡིན། མོ་རང་ཉིད་ལ་ཁ་པར་བརྒྱུད་ནས་བཀའ་མོལ་ཞུ་སྐབས་བྱ་དགའ་ཐོབ་རྒྱུ་རེ་བ་ཆེན་པོ་བཅང་མེད་ཀྱང་མི་རིགས་དང་མི་རིགས་འདིའི་མ་འོང་པའི་བྱིས་པ་ཚོའི་ཆེད་དུ་མོས་གླུ་དབྱངས་མུ་འཐུད་དུ་ལེན་རྒྱུ་ཡིན་ལ་རང་ལ་འབྲེལ་ཡོད་དང་སེམས་ཁུར་བྱེད་མཁན་ཡོངས་ལ་གླུ་དབྱངས་བརྒྱུད་ནས་སྨོན་འདུན་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་། མོ་ནི་ཀོང་པོ་རུ་སྐྱེས་ཤིང་སྐྱབས་རྗེ་བདུང་འཇོམས་་ཚང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གཉེན་ཚན་དུ་གཏོགས་པའི་ཆོས་དད་ཆེ་ལ་གཤིས་ཀ་བཟང་བའི་བུ་མོ་ཞིག་རེད
སྤོབས་པ་ལགས། རྒྱ་ནག་གིས་མི་རིགས་བགོ་སྟངས་དེར་མོ་མཐུན་ཡོད་པ་ཨེ་ཡིན། ཡིན་ན་དེ་གར་ཟད་དོ། ངས་ཤིན་ཏུ་དྲན་སོས་པ་ཞིག་ལ། ཁོ་མོས་ཐེངས་དང་པོར་དཔྱད་འདེམས་པ་ཚོར་རང་ཉིད་ངོ་སྤྲོད་བྱེད་སྐབས་བོད་རིགས་མ་ཡིན་པ་ཤུགས་བསྟན་གྱི་སྐད་ཆ་ཞིག་བཤད་སོང་ནའང་གླུ་མ་ཧཱན་ཧུང་韩虹གིས་ཁྱོད་ནི་ང་ཚོའི་མི་རིགས་ཀྱིས་གཟི་བརྗིད་དང་སྤོབས་པ་རེད་ཅེས་བཤད་སོང་། སྐད་ཆ་འདི་གཉིས་ཀ་ངའི་སེམས་ལ་ཧ་ཅང་ཟུག་པོ་ཞིག་བྱུང་སོང་།
གོང་ནས་ཁ་ཤས་ཀྱིས་བུ་མོ་དེ་ཀོང་པོ་རེད་ལབ་ཀྱིན་འདུག་དེ་ཁུངས་མེད་ཀྱི་སྐད་ཆ་རེད་གལ་སྲིད་མོ་རྒྱ་ནག་གིས་བཀོད་བཞག་གནང་བའི་མོན་པ་མིན་རུང་ཀོང་པོ་ཡིན་བའི་རྒྱུ་མཚན་གང་ཡང་མེད་གང་ལྟར་བོད་རིགས་ཤིག་ཡིན་པ་ལ་དོགས་གཞི་མེད་ཨང་རིམ་གཉིས་པ་ཐོབ་པ་ལ་དགའ་བོ་བྱུང་ཨང་རིམ་དང་པོ་དྲང་མོ་བཤད་ན་མོ་འཚམ་པོ་རང་མི་འདུག་དྲན་སོང་ཡིན་ན་ཡང་མཐའ་མའི་འཇུག་སྡོམ་དེ་བློ་བདེ་བོ་རང་བྱུང་མ་སོང་སློབ་སྟོན་པ་བཞི་བོ་གཅིག་མཚུངས་ཡིན་པ་ཡ་མཚན་པ་རེད།
ཡང་ཁ་བརྡ་དྲ་བའི་འབར་ཁ་དེ་ཚོ་འབར་གི་འདུག ངས་བལྟས་མེད། དང་པོ་སྤོབས་པའི་ལམ་སྟོན་ལྟར་you tupe བརྒྱུད་ནས་གཅིག་བལྟས་རྗེས་འདི་ཡོང་ནས་ཁ་འབར་མའི་གཟུངས་སྔགས་ཁ་ཤས་འདོན།
མི་མང་གིས་དབྱངས་ཅན་མ་ལ་འོས་ཤོག་མང་བ་བླུགས་འདུག
༡ རྒྱལ་བ་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་བོད་པ་ཨེ་རེད། ཁོང་མོན་པ་ནི་བཀྲུས་ན་མི་དག་པ་རེད། ཁོང་གི་རྣམ་ཐར་སྡེ་སྲིད་ཀྱིས་མཛད་པ་སོགས་ལ་བལྟས་ན་བོད་པ་གཙང་མ་རེད་འདུག
༢ མོན་ཡུལ་འདི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དག་ཏུ་མིའུ་ལྡོང་དྲུག་གི་བརྒྱུད་པ་ཡིན་པ་དེ་གསལ་པོ་ཆགས་ཀྱི་རེད་ལ། མོན་ལ་འོག་ཡུལ་གསུམ་གྱི་ས་ཆ་མང་པོ་ཞིག་ད་ལྟའི་བོད་རང་སྐྱོངས་ཟེར་བའི་ཁོངས་སུ་ཡོད་པ་རེད། དེ་མིན་ ༡༩༥༠ ང་གྲངས་ནས་བཟུང་རྒྱལ་བ་ཚངས་དབྱངས་པའི་འཁྲུངས་ཡུལ་ཚུད་པའི་མོན་ས་གནས་དེ་དག་ད་ལྟ་རྒྱ་གར་གྱིས་བདག་སྐྱོང་བྱས་པ་རེད། རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་བཞིན་བཞེངས་པའི་མོན་རྟ་དབང་རྣམ་རྒྱལ་ལྷ་རྩེ་དགོན་ཡང་དེ་གར་ཡོད་པ་རེད།
༣ མོན་ཡུལ་ནི་བཙན་པོའི་དུས་སུ་ཉེས་ཆད་དུ་མཐར་འབུད་གཏོང་ཡུལ་འགའ་ཡོད་པའི་ནང་གི་གཅིག་རེད། མོན་ཡུལ་དུ་བཙན་པོའི་གདུང་བརྒྱུད་གཅིག་མཐར་འབུད་བཏང་བའི་བརྒྱུད་པ་ད་ལྟ་ཡང་ཡོད་རེད། རྒྱལ་མོ་ཚ་བ་རོང་ཟེར་བའི་ཡུལ་གྱི་མི་མང་དེ་ཚོ་བོད་རིགས་ཨེ་རེད། ཡུལ་འདི་ཡང་བོད་ཀྱི་ཉེས་ཅན་པ་རྒྱང་འབུད་གཏོང་ཡུལ་གཅིག་རེད། ཧ་གོ་དགོས་པ་གཅིག་ཡོད་པ་ནི། རྒྱང་འབུད་གཏོང་ཡུལ་དེ་བོད་ཀྱི་མཐའ་མཚམས་ས་ཁུལ་གཅིག་ཡིན་པ་དེ་རེད།
༤ རྒྱ་ནག་གཞུང་གི་བོད་མི་ལ་ནང་གསེས་མི་རིགས་འདྲ་མིན་གྱི་མིང་བཏགས་ཡོད་པ་རེད། ལྷོ་པ་མི་རིགས་དང་། རྒྱལ་རོང་མི་རིགས། མོན་པ་མི་རིགས་ཟེར་ནས་བཏགས་ཡོད་པ་རེད། རྒྱ་ནག་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་བོད་མི་དུམ་བུར་བཏང་ནས་དབང་བསྒྱུར་བྱེད་ཀྱི་ཡོད་རེད། དེ་བས་བོད་རིགས་ཟེར་བའི་ཚིག་འདི་ལ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ཁབ་ཏུ་བཏང་བའི་ཚིག་རེད། རྒྱ་ནག་གི་དབང་བསྒྱུར་བོད་དུ་མ་སླེབས་པའི་སྔོན་གྱི་ཡིག་ཆ་ཁག་ཏུ་བོད་རིགས་ཟེར་བའི་ཚིག་འདི་མཐོང་ཧ་ཅང་དཀོན་པའི་ཚིག་གཅིག་རེད། དེ་བས་གླུ་མ་ཚེ་རིང་གཡང་སྐྱིད་ཀྱིས་རྒྱ་གཞུང་གི་གཏན་འབེབས་སྲིད་བྱུས་ལ་ཁ་གཏད་བཅག་ནས་འགྲན་བསྡུར་བྱེད་དགོས་པ་རེད། བཙན་དབང་གི་འོག་ནས་མོ་ལ་ཁག་ཅི་ཡོད་རེད།
༥ དེང་སང་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁུལ་གྱི་ཁྲིམས་བཞིན་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔ་ཟེར་བའི་ནང་གི་བོད་རིགས་ཟེར་བའི་ཚིག་འདི་བེད་སྤྱད་ནས་མི་རིགས་རིང་ལུགས་ཀྱི་སྐུལ་སློང་བྱེད་ཀྱི་ཡོད་རེད། འོན་ཀྱང་དགོངས་པ་བཞེས་དགོས་པ་གཅིག་ཡོད་པ་ནི། ཚིག་འདིའི་འོག་ཏུ་བོད་མི་ས་ཡ་དྲུག་ཟེར་བའི་བོད་ཀྱི་ཡུལ་མི་ཡོངས་སུ་རྫོགས་པ་ཚུད་ཐུབ་ཀྱི་ཡོད་མ་རེད།
༦ སྤྱིར་ན་བོད་ནི་སྔར་ནས་མི་རིགས་མང་པོ་འདུས་སྡོད་བྱས་ནས་ཡོད་པའི་རྒྱལ་ཁབ་ཅིག་རེད། དཔེར་ན། མདོ་སྨད་ཁུལ་གྱི་སོག་རིགས་བཞིན་ནོ། དེར་བརྟེན་བོད་དེ་མི་རིགས་བྱེ་བྲག་པ་གཅིག་གི་རྒྱལ་ཁབ་ཅིག་མ་རེད། དེང་སང་འདི་ཧ་གོ་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་རེད།
ཀླུ་སྨྱོན་དང་། སྤོབས་པ་མཐའ་ཡས་ཟེར་བའི་དྲ་གྲོགས་གཉིས་ལ་ཕུལ་ལོ།
༼མོ་ནི་ཀོང་པོ་རུ་སྐྱེས་ཤིང་སྐྱབས་རྗེ་བདུང་འཇོམས་་ཚང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གཉེན་ཚན་དུ་གཏོགས་པའི་ཆོས་དད་ཆེ་ལ་གཤིས་ཀ་བཟང་བའི་བུ་མོ་ཞིག་རེད་ཟེར།༽ འོ་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱང་བོད་པ་མ་ཡིན་པར་ཐལ་བའི་སྐྱོན་འདུག་པས་ཀླུ་སྨྱོན་ནི་དོན་ལ་སྨྱོ་ལབ་བྱེད་མཁན་ཞིག་ཡིན་པ་དེ་བས་གསལ་པོར་མཐོང་།
འཇིགས་བྲལ་བསྟན་འཛིན་མཁས་མདོག་མ་སྟོན། རྒྱ་ནག་གི་མི་རིགས་ལྔ་བཅུ་ང་དྲུག་ནང་ལ། རྒྱལ་རོང་མི་རིགས་ཟེར་པ་ཅིག་ག་བ་འདུག སྟོན་ཅིག
ཧ་ཧ་ཧ། དངོས་གནས་རེད། སྨྱོ་ལབ་བྱེད་མཁན་ལ་དགག་ཞོར་དུ་སྨྱོ་བཤད་རྒྱབ་ན་ག་ནས་འགྲིག ཡ་མས་ཡག་པོ། གསུངས་འདུག
མོ་བོད་པ་ཡིན་མིན་ཐེ་ཚོམ་མི་དགོས་པ་ཞིག་རེད་ལ། བོད་སྐད་ཤེས་པ་ཡང་མངོན་གསུམ་རེད། དེ་ལ་རྩོད་དགོས་པ་ཅང་མ་མཐོང་། འོན་ཀྱང་སྐད་ངག་གི་ཐད་ནས་འདི་ལས་ལྷག་པ་བོད་པའི་བུ་མོའི་ཁྲོད་མང་པོ་ཡོད། གཟུགས་བྱེད་ཀྱི་ཐད་ནས་ངོ་མ་བཤད་རྒྱུ་མེད་ཀི
སྤོབས་མཐའ་དང་ཀླུ་སྨྱོན་གཉིས་ཀྱི་སྐད་ཆ་ལ་ཞེ་དྲག་ཉན་རྒྱུ་ཡོད་མ་རེད། སྐབས་རེ་འགའ་ཨ་བསམ་བསམ། མི་ཚང་མ་ཡིད་སྨོན་སྐྱེ་དགོས་པ། སྐབས་རེ་འགའ་ཨུ་བསམ་བསམ་མི་ཚང་མ་ཞེན་པ་ལོག་དགོས་པ། འདི་ཁོ་རང་གཉིས་ཀྱི་གཤིས་ཀ་ཡིན་ནི་རེད།
ལུང་རྟོགས་ལགས། དེ་ནི་མི་ཚང་མའི་གཤིས་ཀ་ཞིག་མ་རེད་དམ། ཁྱེད་ལ་ཡང་གཤིས་ཀ་འདི་མེད་དམ། མེད་ན་མེད་ཅེས་མནའ་སྐྱོལ།
ཀླུ་སྨྱོན་ལ་ཐུགས་ཁག་མེད། མིང་ཟུར་ལ་ཡང་སྨྱོན་མིང་འདུག་ག སྨྱོན་པ་དྲང་སེ་བྱུང་། མི་ཚང་མ་ཟེར་ན་ཁག་པོ་རེད་གྲུབ་མཐའི་འགལ་མཚམས་ཅིག་མེད་འགྲོ ལུང་རྟོགས་ཀྱིས་བདེན་པ་གསུངས་འདུག་ག
དྲྭ་གྲོགས་རྣམ་པ། གླུ་མ་འདི་ནི་བཀྲུས་ན་མ་དག་པའི་བོད་རིགས་ངོ་མ་ཞིག་རེད། བོད་རིགས་ཤིག་བོད་ལ་གནས་བཞིན། རྒྱ་བོད་ཀྱི་མཐའ་མཚམས་ལས་བརྒལ་བའི་མཚན་སྙན་ཞིག་འཇོག་དགོས་ན། བཀོད་མངགས་ཟིན་པའི་སྒྲིག་གཞི་ཞིག་གི་བརྒྱུད་ནས་འགྲོ་དགོས་པ་ནི་ང་ཚོའི་ལས་དབང་ཞིག་རེད། གླུ་མ་གཡང་སྐྱིད་ཡང་རྒྱུ་རྐྱེན་དེའི་ར་བ་ལ་གནས་དགོས་ཁེལ་ཡོད། དེས་ན་སྒྲིག་འགལ་ཁོ་ནའི་ལམ་ནས་ས་ལམ་གང་ཡང་བགྲོད་མི་ནུས་པ་ཕར་བལྟས་ཚུར་མཐོང་རེད།
མ་གཞི་ང་ཚོ་བོད་པ་ཚང་གི་བག་ཆགས་འཐུག་ཤོས་དེ། མི་ཞིག་གི་སྐྱོན་སྤུ་རྩེ་ཙམ་ཞིག་ཡང་མཐོང་མི་ནུས་པ། མཐོང་ན་ཡང་གུ་ཡངས་གཏོང་མི་ནུས་པ་དེ་རེད།
དོན་དངོས་སུ། བུ་མོ་འདི་ལྟ་བུ་ཞིག་ང་ཚོ་བོད་ཀྱི་ན་གཞོན་ནང་ནས་རྒྱ་སྤྱིའི་གླེང་སྟེགས་ཐོག་འགྲོ་ཐུབ་པའི་འཇོན་ཐང་ཅན་ཞིག་བྱུང་ཚེ། གང་ཟག་སྒེར་རེ་རེའི་སེམས་སུ་མ་སོང་སྤྱོད་སྣ་རེར་བརྟེན་སྐྱོན་བརྗོད་ཁོ་ནས་སེམས་ཤུགས་བཅག་རྒྱུའི་ཚབས་སུ། གནས་སྐབས་ཀྱི་ཕམ་ཁ་དང་སྐྱོན་ཆུང་རིགས་བློས་གཏོང་གནང་སྟེང་། མིག་རྒྱང་དང་དགོས་དོན་ཆེར་གཟིགས་ཀྱིས་སྙིང་སྟོབས་སྤར་ཡའི་ཐབས་ལམ་ལ་འབད་དགོས། མི་རིགས་གཞན་པའི་བྱེད་སྟངས་ལ་གིཟགས་དང་ཧ་གོ་ནུས།
གླུ་མ་འདིའི་སྐོར་ཆ་ཚང་བ་ཁུངས་ལྡན་གྱི་ཆ་རྒྱུས་ཆེ་བས་དེ་ལྟར་ཞུས་པ་ཡིན།། །།
རྒྱ་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ལ་མི་རིགས་ལྔ་བཅུ་ང་དྲུག་ཡོད་པར་བསྒྲགས། དེའི་ནང་བོད་མི་རིགས་ལ་ར་ཚང་ནང་རེའུ་ཚང་བཅད་ཅིང་བཀར་ཡོད། དཔེར་ན་ཆའང་རིགས། མོན་པའི་རིགས། ཀློ་པའི་རིགས་ཟེར་བ་ལྟ་བུའོ།།
གཏམ་གྱིས་དཀྱིས་སུ་སོང་ན། ཚེ་རིང་གཡང་སྐྱིད་ཟེར་བ་མོ་རང་ངང་རྒྱུད་རིང་བའི་འཛངས་མ་ཅིག་ཡིན་པའམ། ཡང་ན་འཛངས་བློན་ཅིག་གིས་སྐྱབས་འོག་ཏུ་ཡོད་པ་ལྟར་ཞི་བདེ་བག་ཕེབས་ཀྱི་བོད་རང་གི་དབྱངས་ལ་ངོས་འཛིན་ཟབ་མོ་ལྡན་པའི་གདེངས་དང་བཅས་པའི་འགུར་འདིས་ཡིད་དབང་བཀུགས་པ་ལ་ཚད་མེད་པ་ནས་དུངས་ཞེན་སླེབས་པ་ནི། མི་གསོན་པོས། བྱས་རྗེས་རང་ཡིན། བཀའ་དྲིན་ཆེ།
སྐྱབས་རྗེ་བདུད་འཇོམས་ཀྱི་ཉེ་འབྲེལ་ཡིན་ན་ཆོག་གི་མིན་ན་ཆོག་གི། མོན་པ་ཡིན་ན་ཆོག་གི་བོད་པ་ཡིན་ན་ཆོག་གི། རྒྱ་མོ་ཞིག་གིས་བོད་མི་ཡིན་མདོག་གིས་བྱ་དགའ་ལེན་གི་ཡོད་ན་མི་བཟང་གི། བརྟག་དཔྱད་ཡག་པོ་གྱིས། རྒྱ་མོ་ཞིག་མ་རེད་དམ།
འཇིགས་བྲལ་བསྟན་འཛིན་ལགས། དེ་རིང་ཁྱེད་ཀྱིས་ངའི་ལྟ་སྟངས་གཏན་ནས་མི་མཐུན་པའི་ཚིག་འདི་ཁ་ཤས་ལབ་སོང་། དེ་ནི་ཁྱེད་ཀྱི་མཆན་རིང་པོ་དེའི་དོན་ཚན་དྲུག་པ་དེ་རེད།
(སྤྱིར་ན་བོད་ནི་སྔར་ནས་མི་རིགས་མང་པོ་འདུས་སྡོད་བྱས་ནས་ཡོད་པའི་རྒྱལ་ཁབ་ཅིག་རེད། དཔེར་ན། མདོ་སྨད་ཁུལ་གྱི་སོག་རིགས་བཞིན་ནོ། དེར་བརྟེན་བོད་དེ་མི་རིགས་བྱེ་བྲག་པ་གཅིག་གི་རྒྱལ་ཁབ་ཅིག་མ་རེད། དེང་སང་འདི་ཧ་གོ་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་རེད།)
སྐུ་ཞབས་འཇིགས་བསྟན་ལགས། རྒྱ་དམར་གཞུངགིས་བོད་ཡུལ་བོད་མི་ལ་མི་དབང་བའི་སྒྲུབ་བྱེད་ངོ་མ་དེ་འདི་རེད། བོད་ཟེར་བ་དེ་ཡུལ་ཞིག་རེད། རྒྱ་མི་གནའ་ནས་བོད་ཡུལ་དུ་ཡོད། བཙན་འཛུལ་བྱས་པ་མིན། བོད་ཡུལ་ནི་བོད་རིགས་སོགས་མི་རིགས་མང་པའི་ཁྱིམ་གཞི་རེད་མ་གཏོགས་བོད་རིགས་གཅོག་པོའི་མ་རེད་ཟེར་བ་དེ་རེད།
ཁྱེད་ལྟ་བུས་བོད་མི་ཤེས་ཡོན་ཅན་གྱིས་འདི་འདྲ་བ་བཤད་ཡོང་ན་ཁྱད་མཚར་རེད་དྲན་གྱི་འདུག་ལགས།
ང་ལ་ཞུ་རྒྱུ་ཞིག་ཡོད་པ་ནི།
ཀླུ་སྨྱོན་སོགས་བོད་པའི་རྩོམ་པ་པོར་རློམ་པ་ཁ་ཤས་ཀྱིས་ཆབ་སྲིད་ལ་དོད་སྣང་མེད་གསུངས་པ་དེ་བདེན་པ་རེད་འདུག
ཐ་ན་རྒྱ་ཀུང་ཁྲན་ཏང་གིས་རྒྱ་ནང་ལ་མི་རིགས་ལྔ་བཅུ་ལྔ་དྲུག་ཡོད་ཟེར་བ་དེ་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་པའང་ཤེས་མི་འདུག
དེ་ནི་མོ་ཙད་ཏུང་གི་སྲིད་ཇུས་ཞིག་ཡིན་པ་ལས་དོན་ལ་རྒྱ་ནག་ལ་མི་རིགས་ལྔ་བཅུ་ལྔ་དྲུག་ཡོད་མ་རེད།
བོད་པ་ནང་ཁུལ་གཅིག་པོ་ལ་མི་རིགས་ཁ་ཤས་ཕྱེས་ཡོད་རེད།
དཔེར་ན། མཚོན་སྔོན་ས་ཁུལ་ནས་དཔའ་རིས་དང་སུའི་ཁྲམ་ས་ཁུལ་ནས་རྒྱ་མོ་ཚ་བ་རུང་དབུས་གཙང་ས་ཁུལ་ནས་མོན་པ་སོགས་མང་པོ་རེད།
སྐད་ཆ་བསམ་ནས་ཤོད། རྩམ་པ་བལྡད་ནས་མིད།
རྩོད་མི་དགོས་ས་ལ་རྩོད་པ་མ་རྒྱགས
ཨ་ལགས་ཀླུ་སྨྱོན་འདི་ཉིད་དེང་སྐབས་སྒྱུ་རྩལ་མིན་པའི་སྨྱོ་ནད་ངོ་མ་ཞིག་གིས་ཟིན་ཡོད་པ་འདྲ། ཟླ་སྔོན་མ་ངས་སྡེ་དགེའི་གླུ་བ་འཇམ་དཔལ་ལགས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་བྲིས་ཏེ་དྲ་ཐོག་ཏུ་བཀོད་རོགས་ཞུས་པས་ཁོ་ཆབ་སྲིད་དང་འབྲེལ་བ་མེད་ཟེར། ད་ལན་ཨུ་ཚུགས་ཆེན་པོས་གཡང་སྐྱིད་མས་རང་ཉིད་བོད་པ་མ་ཡིན་པ་བཤད་ཀྱི་འདུག་ཟེར་ནས་ལན་ཁ་ཤས་དྲ་མཆན་བཏབས་སོང་། གཡང་སྐྱིད་མས་ང་མོན་པ་ཡིན་བོད་ལྗོངས་ཉི་ཁྲི་ཀྲམ་ཆུས་ནས་ཡོང་བ་ཡིན་ཞེས་ཆེས་ཐོག་མའི་མོ་རང་གི་འཚམས་སྦྱོར་ངོ་སྤྲོད་ནང་དུ་གསལ་པོ་བཤད་སོང་། ཡིད་མ་ཆེས་ན་འོག་གི་དྲ་ཐག་འདིའི་ནང་དུ་གཟིགས། མོན་པ་ཡིན་ཞེས་བརྗོད་པས་བོད་པ་མ་ཡིན་པ་འགྱུར་ན་ཁྱེད་ཀྱང་བོད་པ་མ་ཡིན་པའམ། ཁྱོད་རང་ཉིད་ཀྱིས་ཀྱང་བོད་པ་ཡིན་པ་ཁས་ལེན་མི་བྱེད་པ་ཉིད་དུ་འགྱུར་ཏེ། ཁྱོད་ཀྱིས་རྟག་ཏུ་ཨ་མདོ་བ་ཡིན་ཞེས་བཤད་པས་སོ། རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས།
http://www.youtube.com/watch?v=Mc6bz–BQck
གླུ་མ་ཚེ་རིང་གཡང་སྐྱིད་མ་ནི་བོད་པའི་རིག་གཞུང་ལ་དོ་སྣང་ཆེ་བ་མ་ཟད་ནང་ཆོས་ལ་དད་པ་ཧ་ཅང་ཆེ། ལོ་ཤས་སྔོན་བདག་གིས་འཚམས་སྦྱོར་བྱས་ནས་སིངྒ་པུར་བོད་པའི་ཆོས་ཚོགས་ཤིག་གིས་གྲགས་ཅན་གླུ་བ་ཤེར་བསྟན་དང་མཉམ་དུ་གདན་འདྲེན་ཞུས་ཏེ་གླུ་དབྱངས་མང་པོ་བླངས་སོང་ལ་གླུ་ཚིག་མང་ཆེ་བ་ནི་གཟུངས་སྔགས་དང་འབྲེལ་བའི་ཆོས་ཚིག་ཁོ་ན་རེད་འདུག
བོད་མོ་ཞིག་གིས་རྒྱལ་ནང་གི་གླུ་གཞས་འགྲན་རྩོད་ནང་ཞུགས་ནས་གནས་རིམ་གཉིས་པ་ནང་དུ་སླེབས་པ་ལ་དགའ་བསུ་ཡོད། འོན་ཀྱང་། འགའ་ཞིག་གིས་དཔྱད་ཞིབ་པའི་དྲང་བདེན་མིན་པའི་བྱ་སྤྱོད་ཟེར་ནས་སྐྱོན་བརྗོད་བྱེད་བཞིན་འདུག་ཀྱང་། དེ་ལ་རྒྱབ་སྐྱོར་མེད། ཨང་དང་པོ་མ་ཐོབ་པ་ནི་མ་ཐོབ་པ་རང་རེད། བོད་པ་ཡིན་ན་ཨང་དང་པོ་སླེབས་དགོས་པའི་རྒྱུ་མཚན་ངེས་པ་མེད། དཔྱད་ཞིབ་པའི་མཐའ་མའི་ཐག་གཅོད་ལ་ངོས་ལེན་ངེས་པར་དུ་དགོས་པ་རེད། བོད་པ་ཚང་ནི་དུས་རྟག་ཏུ་བཤད་ནས་གཞན་ལ་སྐྱོན་སྨོད་ཤ་སྟག་རེད།
ཀླུ་སྨྱོན་ལགས། དེ་མི་ཚང་མའི་གཤིས་ཀ་ག་ལ་ཡིན། ང་ལ་ནི་ཨུ་བསམ་བསམ་གྱི་གཤིས་ཀ་དེ་ལས་ཨ་བསམ་བསམ་གྱི་གཤིས་ཀ་དེ་ཡོད་ནི་མ་རེད།
སྤོབས་པ་མཐའ་ཡས་ལ་ལན་དུ་ཕུལ།
(སྤྱིར་ན་བོད་ནི་སྔར་ནས་མི་རིགས་མང་པོ་འདུས་སྡོད་བྱས་ནས་ཡོད་པའི་རྒྱལ་ཁབ་ཅིག་རེད། དཔེར་ན། མདོ་སྨད་ཁུལ་གྱི་སོག་རིགས་བཞིན་ནོ། དེར་བརྟེན་བོད་དེ་མི་རིགས་བྱེ་བྲག་པ་གཅིག་གི་རྒྱལ་ཁབ་ཅིག་མ་རེད། དེང་སང་འདི་ཧ་གོ་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་རེད།)ཟེར་བའི་འགྲེལ་བཤད།
རྒྱ་གཞུང་གིས་བོད་ཡུལ་བོད་རིགས་ཁོ་ན་ལ་མི་དབང་ཟེར་གྱི་ཡོད་པ་ལས། བོད་མི་ལ་མི་དབང་ཟེར་གྱི་ཡོད་མ་རེད། བོད་མི་ཟེར་དུས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཐོག་གི་བོད་ཀྱི་ཡུལ་མི་ལ་གོ་བ་རེད། དེ་བས་བོད་མི་ཟེར་བའི་ཚིག་འདིའི་འོག་ཏུ་བོད་སོག་དང་། ཆང་པ། མོན་པ། ཀློ་པ་ཟེར་བ་སོགས་ཕྱི་ལོ་ ༡༩༤༩ ལོའི་ཡར་སྔོན་བོད་ཀྱི་ཆབ་འབངས་ཡིན་ནོ་ཅོག་ལ་གོ་བ་རེད། བོད་རིགས་ཟེར་བའི་ཚིག་འདི་ཡི་འོག་ཏུ་གོང་གསལ་ལོ་རྒྱུས་ཐོག་གི་བོད་མི་དེ་དག་ཚུད་ཡོད་མ་རེད། དེ་བས་བོད་མི་དང་བོད་རིགས་ཟེར་བ་གཉིས་ལ་གོ་དོན་དང་ཁྱབ་ཚད་ཧ་ཅང་ཁྱད་པར་ཡོད་རེད་ལ། ཁེ་ཉེན་ཡང་དེ་མཚུངས་ཡོད་རེད་ཅེས་ཞུ་འདོད་བྱུང་། དེ་ནས་ཁ་སང་རོབ་བསྡུས་ཞུས་པ་བཞིན་མོན་ནི་ཆོས་རྒྱལ་ཚོའི་དུས་ནས་ཡོད་པ་དང་། ཡུལ་དེར་འདུས་སྡོད་ཀྱི་མི་མང་ལ་མོན་པ་ཟེར་གྱི་ཡོད་པ་རེད། སྐབས་དེར་གཙོ་ཆེ་དེང་གི་འབྲུག་ཡུལ་ལ་གོ་ཡི་ཡོད་ཀྱང་རྗེས་མོན་ཡུལ་གྱི་མིང་ཚིག་དེའི་ཁྱབ་ཚད་ཇེ་ཆུང་དུ་སོང་འདུག་ལ། ད་ལྟ་རྒྱ་ནག་གིས་མོན་པ་མི་མང་ལ་མོན་པ་རིགས་ཟེར་ནས་མི་རིགས་གཞན་དག་ཅིག་བཟོ་ཐབས་བྱེད་ཀྱི་ཡོད་རེད། བོད་སོག་དེ་དག་ལ་མཚོན་ན་ས་སྐྱའི་དུས་སྐབས་གཡས་གཡོན་ནས་སོག་པོ་ནང་འཁྲུག་གི་རྐྱེན་པས་བོད་མདོ་སྨད་ཁུལ་དུ་གནས་གཞི་བཅས་པ་ཞིག་ཡིན་པ་ཡོད། གང་ལྟར་རྒྱལ་དབང་ལྔ་པའི་སྐུ་དུས་ནས་དགའ་ལྡན་ཕོ་བྲང་གི་མངའ་འོག་གི་བོད་ཀྱི་ཡུལ་མི་ཡིན་པས་བོད་མི་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་རེད་ལ། དེང་གི་ཨ་ཀྱ་རིན་པོ་ཆེ་དང་། སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་སོགས་བོད་སོག་ཡིན་པ་རེད། ད་ལྟའི་རྒྱ་གཞུང་གིས་མི་རིགས་དབྱེ་བགོས་ལྟར་ན། དེ་དག་ཀྱང་བོད་རིགས་མ་རེད། ངས་ཁོང་རྣམ་པ་བོད་མི་རེད་ཟེར་གྱི་ཡོད་ལ། གུས་བཀུར་ཞུ་གི་ཡོད། ཁོང་རྣམ་པས་བོད་ཀྱི་ཡུལ་མི་ཞིག་གིས་སྒྲུབ་དགོས་པའི་ལས་འགན་ཡང་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་རེད། དེ་བས་ང་ཚོས་དགྲ་བོའི་རྙི་ཐག་༼བོད་རིགས་༽ཟེར་བ་འདིའི་ནང་མི་ལྷུངས་པར་ ༡༩༤༩ ལོའི་སྔོན་གྱི་ལོ་རྒྱུས་ཐོག་གི་བོད་ཆོལ་ཁ་གསུམ་གྱི་ཁུལ་དུ་གནས་སྡོད་མི་མང་དེ་དག་ལ་༼བོད་མི་༽ཟེར་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ལ། ༢༠༡༡ ལོར་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་སོགས་ལ་བརྟེན་ནས་བཅའ་ཁྲིམས་བསྐྱར་བཅོས་སྐབས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་དང་མཐུན་ཐབས་སུ་༼བོད་མི་༽ཟེར་བའི་ཚབ་ཏུ་༼བོད་རིགས་༽འཇུག་ཐབས་བྱས་པར་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་། སྤྱི་འཐུས་གྲོས་ཚོགས་གཉིས་ཀས་ངོས་ལེན་རྩ་བ་ནས་གནང་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་དོ་སྣང་བྱེད་རོགས་ཅེས་ཀྱང་ཞུ་འདོད་བྱུང་། དེར་བརྟེན་སྤྱིར་ན་བོད་ནི་སྔར་ནས་མི་རིགས་དབྱེ་འབྱེད་མེད་པར་མི་རིགས་མང་པོ་འདུས་སྡོད་བྱས་ནས་ཡོད་པའི་རྒྱལ་ཁབ་ཅིག་རེད་ཟེར་གྱི་ཡོད་ལ། དེ་བཞིན་བོད་ལ་ནང་པ་དང་། བོན་པོ། ཁ་ཆེ་བཅས་འགའ་བཅས་ཆོས་ལུགས་ཀྱང་འགའ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། དེ་དག་ཀྱང་ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་གཟི་བརྗིད་ཅིག་རེད་བསམ་བཞིན་ཡོད། རྒྱ་དམག་བཙན་འཛུལ་བ་རེ་ཟུང་དང་། རྒྱ་འཁྱར་ཟེར་བའི་སྤྲང་འཁྱམ་པ་འགའ་ཞིག་མ་གཏོགས་རྒྱ་མི་གནའ་ནས་བོད་དུ་ཡོད་པའི་ལོ་རྒྱུས་མེད་པ་བཀའ་ཟུར་ཨ་ལགས་ཙ་ཡུས་དང་། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས། བེ་རི་ཟླ་ཚེའི་ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད་ཅེས་པ་སོགས་མདོ་ཁམས་ཁུལ་གཉིས་ཀྱི་ལོ་རྒྱུས་ཁག་ལ་ཞིབ་གཟིགས་གནང་ན་མཁྱེན་གྱི་རེད།
མདོར་ན་དེང་སང་རྒྱ་ནག་གི་མི་རིགས་སྲིད་བྱུས་དང་། དེའི་ཁྲིམས་ལུགས་ལ་དགའ་ཐག་འདྲ་ཞིག་ཆོད་ནས་༼མི་རིགས་དང་མི་རིགས་༽ཟེར་རྒྱུ་མང་དྲགས་ན་བོད་ལ་ཡག་པོ་རང་ཨེ་ཡོང་སྙམ་པ་བཅས་སེམས་པ་ན་བའི་གཏམ་འདི་དག་འགོག་མེད་དུ་ཐལ་བར་དགོངས་འགལ་མེད་པ་ཞུ།
ཁམས་པ་དེ་ཚོས་བོད་པའམ་པོད་པ་ཟེར་དུས་མི་ངན་སྡུག་ཐག་ཆོད་ལ་བརྩི་སྲོལ་འདུག ཁམས་པ་ཞིག་ལ་ཁྱོད་པོད་པ་རེད་ལབ་ན་ངུ་ས་རེད། འབྲུག་པ་དེ་ཚོས་བོད་པ་ཟེར་དུས་མི་སྡུག་པོ་དང་ཁམས་པ་ཟེར་དུས་མི་བཟང་པོ་ལ་བརྩི་སྲོལ་འདུག ཨ་མདོ་ཟེར་ན་ཁམས་ཀྱི་ཆ་ཤས་འདྲ་ཞིག་ལ་བརྩི་གི་འདུག
སྤོབས་པ་ལགས། བོད་པའི་ཁམས་པ་ཟེར་དུས་མི་སྡུག་ཅག་ལ་རྩི་སྲོལ་འདུག རྐུན་མ་ཇག་པ་མང་ཆེ་བ་བོད་པའི་ནང་ཁམས་པ་རེད་ཟེར་གྱི་འདུག གང་ལྟར་སྐྱོན་འདོན་ན་གཉིས་ཆ་ལ་འདོན་རྒྱུ་འདུག ཡག་པོ་རྩི་ན་གཉིས་ཆ་ལ་ཡག་པོ་ཡོད་འགྲོ
ཁམས་པ་ཕྱི་རྩུབ་ནང་འཇམ་ དབུས་པ་ཕྱི་འཇམ་ནང་རྩུབ། ཟེ་ན་ཅི་འདྲ་འདུག།
འཇིགས་བྲལ་བསྟན་འཛིན་ལགས་ནས་གསུངས་པ་ལ་རྒྱབ་སྐྱོར་ཡོད། ཡག་པོ་བྲིས་འདུག
སྤོ་བོ་ཀ་གནམ་རྒྱལ་པོའི་གདུང་ལས་ཕེབས་པའི་ལྷའི་སྲས་མོ་རུ་གྲགས་པའི་བུ་མོ་”གཡང་སྐྱིད་མ”།
རིག་པའི་རལ་གྲིས།
འོ། ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་མིང་སྲིང་ཡོངས་ལ། ང་ལ་དེ་རིང་བུ་རམ་ལས་མངར་ཞིང་། ཨ་མྲ་ལས་ཞིམ་པ། རྒྱུད་མང་ལས་སྙན་པའི་གཏམ་བཟང་ཞིག་ཞུ་རྒྱུ་ཡོད། དེ་ནི་སྐྱབས་རྗེ་བདུད་འཇོམ་འཇིག་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་སྐུ་ཡི་ཚ་མོ་བུ་མོ་ཚེ་རིང་”གཡང་སྐྱིད་”མའི་སྐོར་རེད།
༢༠༡༣ ལོར་རྒྱ་ནག་གི་ཆེས་དགའ་ཤོས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་འགྲན་རྩོད་ཀྱི་གླུ་གར་སྤྱི་སྟེགས་རྒྱ་ནག་ཧྲང་ཧེ་ལ་རྟེན་གཞི་བྱས་པའི་ཐོག་ནས། བུ་མོ་གཡང་སྐྱིད་མ་རང་གིས། གྲེ་བ་བདེ་མོའི་འགྱུར་ཁུག་ལས་དྲངས་ཤིང་། ཡན་ལག་དྲུག་བཅུའི་དབྱངས་དང་ལྡན་པར་བླངས་པའི་གླུ་དབྱངས་སྙན་མོ་དང། གུས་ཞབས་དང་ནང་དོན་གྱིས་ཕྱུག་པའི་གཏམ་གྱི་དྲི་ལན། ཧ་ཅང་གིས་མཛེས་སྡུག་ལྡན་པའི་བཞིན་རས། ཡིན་ལུགས་ཚུལ་མཐུན་གྱི་བབ་ཆགས་པའི་འཛུམ་མདངས། དཀའ་ངལ་ཆེ་ཕྲ་ཀུན་ཀྱང་ཁོག་ལ་ཤོང་ཐུབ་ཅིང་དགའ་སླ་སྡུག་འགྱོག་གང་ཡང་མེད་པའི་རྣམ་འགྱུར་བཟང་པོ། ཕྲ་ཞིང་རན་པའི་སྐུ་ལུས་ཀྱི་ལྡེམ་འཁྱུག་སོགས་ཕྱོགས་གང་གི་ཐོག་ནས་འཛམ་གླིང་འདིར། ང་ཚོ་མཐོ་སྒང་བོད་ཀྱི་མི་རིགས་ལ་གང་འདྲ་ཞིག་ཡོད་པ་དང་། ལྷག་པར་ང་ཚོའི་མ་སྲུ་མོ་སྨན་རྣམས་ལ་གང་འདྲ་ཞིག་ཡོད་པ་མངོན་གསལ་དོད་པོས་བསྟན་ཅིང་། སྐྱེ་བོ་བྱེ་བ་མང་པོའི་ཁ་ཞེ་གཉིས་མེད་དུ་ལུས་ངག་ཡིད་གསུམ་གྱིས་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་པ་འདི་ནི། ངོ་མ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཆེན་པོ་བྱེད་རྒྱུ་ཡོད་པའི་གོ་སྐབས་ཤིག་རེག་སོང་། གྲོགས་པོ་ཚོ་བསམ་གཞིག་ནན་པོ་ཞིག་གྱིས་ནས། འགྲན་རྩོད་འདིའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཡོངས་ལ་སྡོམ་ཞིག་རྒྱོབ་དང་། ཐོག་མར་ཡར་འགྲན་རྩོད་འདིར་ཞུགས་པའི་ཉིན་མོ་རུ། འཛམ་གླིང་རྒྱལ་སྤྱི་ལ་ཆེས་སྙན་གྲགས་ཆེ་ཤོས་ཀྱི། ཨ་རིའི་གྲགས་ཅན་གྱི་གཞས་གཏོང་མཁན་གྱི་སྒྱུ་རྩལ་བ། ཉིས་སྟོང་བཅུ་གཅིག་ལོར་ཡིན་པ་ཡོད། ཨ་རིས་ཀྱི་ཆེས་དགའ་ཤོས་ཀྱི་གླུ་གར་བའི་གཟིང་རྟགས་ཐོབ་པའི་གླུ་བ་ཨེ་ཌམ་ལགས་དང་། འཛམ་གླིང་རྒྱལ་སྤྱིའི་གླུ་མའི་རྒྱ་མོ་རུ་གྲགས་པའི་ཀོ་ཀོ་ལིས་དང་། རྒྱ་ནག་ནང་ཁུལ་གྱི་གླུ་མའི་རྒྱལ་མོ་ཧང་ཧང་སོགས་དཔང་པོ་ཟེར་ན་འདྲ། དཔྱད་གདེམས་པ་ལྔས། བུ་མོ་གཡང་སྐྱིད་མས་ཕ་མེས་ཀྱིས་བཞག་པའི་ཆས་གོས་སྐུ་ལུས་ལ་བསྒོས། རོལ་མོ་ཕྱག་དུ་ཁྲོལ་བ་དང་ལྷན། རྨོ་རྨོ་ལགས་ཀྱིས་བསླབས་གནང་བའི་བོད་ཀྱི་དམངས་གཞས་རྙིང་པ་དེ་པི་ཝང་ལས་ཀྱང་སྙན་ཙམ་ཞིག དེ་སྔོན་འགྲན་རྩོད་དེ་འདྲའི་ནང་བྱུང་མྱོང་མེད་པའི་ལུས་ཀྱི་སྟངས་སྟབས་དང་བཅས་བླངས་པ་མཐོང་བའི་ཚེ། ། མིག་གཉིས་གཡོ་འགུལ་མེད་པར་མོ་ལ་གཟིགས་ཤིང་། གྱང་ལ་རི་མོ་བྲིས་པ་ལྟར་གྱུར་བ་མ་ཟད། ཧ་ཅང་གི་བསྟོད་བསྔགས་ཆེན་པོར་གནང་བ་ནས་བཟུང་། ཟླ་བ་བཞིའི་རིང་འགྲན་རྩོད་པ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བརྒྱ་ཕྲག་ལས་བརྒལ་བ་ཡོངས་ལས་ཐེངས་གཅིག་ཙམ་མ་གཏོགས་ཤོར་མྱོང་མེད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ་ཡོད་པ་སུས་ཀྱང་མོའི་སྐད་ངག་སྙན་མོ་ཐོས་ཚེ་སྐད་རིགས་གང་འདྲའི་ཐོག་ལ་བླང་ཡོད་མེད་ལ་མ་ལྟོས་པར། སེམས་ནང་ལ་ཞི་བདེ་ཡི་ཚོར་བ་ཞིག་སྤྲད་ཀྱིན་་འདུག་ཟེར་ཁ་སྒོ་གཅིག་ལས་གྲགས་པའི་བདེན་པའི་གཏམ་བཞིན་གྱུར་ནས། ལྷ་མོ་ཞེས་པའི་མཚན་གྱི་ཅོད་པཎ་དེ་ཆེད་དུ་མ་འབད་བར་མོའི་སྤྱི་བོར་བབས།
མཐའ་མའི་འགྲན་རྩོད་ཉིས་སྟོང་བཅུ་གསུམ་གྱི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་ལྔའི་དགོངས་མོ་ལྟ་བུར་མཚོན་ནའང། ཁ་བའི་སྲས་མོ་གཡང་སྐྱིད་མ་རང་ཉིད་ཀྱིས་བརྩམས་གནང་མཛད་པའི་ཚིག་དང་དབྱངས་ཕུན་སུམ་ཚོགས་པ། དཔེར་ན། “སད་པར་གྱིས” ནམ་འགྱོགས་པོར་ལངས་རན། ལམ་ལ་ཆས། ལམ་ཐག་རིང་། མཛའ་བརྩེའི་མི། ཁྱོད་སྐྲག་སྣང་མ་བྱེད། མུན་པ་ནི་འོད་ཟེར་འཆར་ཀའི་སྔ་རོལ་ཙམ་རེད། འོད་སྣང་ཞེས་དང་། གུ་རུ་རིན་པོ་ཆེའི་གསོལ་འདེབས་དང་། གཞན་ཡང་མ་ཎི་པད་མེ་དང་། ཏ་རེ་ཏུ་རེ་སོགས་དང་། ལྷ་ས་ཞེས་པའི་སྙན་འཇིབས་ལྡན་པའི་གསར་བཞད་རྐྱང་རྐྱང་གིས་འགྲན་རྩོད་པ་ཡོངས་ལས་རྣམ་པར་རྒྱལ་བ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་སྤྱན་ལམ་དུ། ཕར་བལྟས་ཚུར་གསལ། ཟུར་བལྟས་ལེབ་མཐོང་དུ་གྱུར་ནའང་། མོ་རང་གི་དད་པ་དང་དམ་ཚིག་བརྟན་པོ་ལ་གཡོ་འགུལ་མེད་པའི་ཉེར་ལེན་གྱིས། གོ་སྒྲིགས་པའི་ངོས་ནས། བརྗོད་མི་ནུས་པའི་གསང་བའི་གཏམ་རྒྱུད་ཞིག་འཁྲབ་ནས་གཟིང་རྟགས་དེ། རྒྱ་རིགས་བུ་ཆུང་ཐེངས་གསུམ་བཞིར་ཤོར་མྱོང་བའི་ལོའུ་ཤང་ཤང་ལ་སྤྲད་ཅིང་གཡང་སྐྱིད་མ་ལ་ཨང་གཉིས་པའི་བྱ་དགའ་མ་གཏོགས་མ་རེག་པ་འདིས་ནི། བུ་མོ་གཡང་སྐྱིད་མས། གཞན་བཀའ་མ་ཆོག་ནས་བཏང་དགོས་ཐུག་པའི་དམར་པོའི་ཐིག་ལེ་དེ་གཏན་ནས་བསུབ་བཏང་བ་མ་ཟད། མོ་ཡི་རིགས་ཞེན་ཟབ་མོ་དང་། ཆོས་དད་ཆེ་བའི་ནོར་བུའི་རྒྱན་ཆ་གང་དང་གང་འདྲ་ཞིག་བཏགས་ཡོད་མེད་གསལ་བཤད་བྱས་ཡོད་རེད་ལ། མོའི་རྒྱན་ཆ་དང་མོ་ཡི་རིན་ཐང་དེ་བླ་ནས་བླ་རུ་མཐོ་བར་བྱས་ཡོད་པ་འདིས། བུ་མོ་རང་གི་མི་རབས་མི་བརྒྱུད་ལ་མཚོན་ན། གྱིག་ལས་བཟོས་པའི་མཐའ་མའི་གཟིངས་རྟགས་དེ་བུ་མོ་གཡང་སྐྱིད་མའི་ཕྱག་ལ་སོན་པ་ལས་ཀྱང་། གཟི་བརྗིད་དང་རིན་ཐང་ཆེ་བའི་དོན་གྱི་གཟིང་རྟགས། ཕ་མེས་ཀྱི་དགོངས་པ་རྫོགས་ནུས་ངེས། དེབ་ཐེར་ལ་འཁོད་ཆོག་པའི་ཕྱག་རྟགས་བཟང་པོ་དེ་མོའི་ཕྱག་ཙམ་དུ་མ་ཟད་སྙིང་དཀྱིལ་དུ་སོན་ཡོད་པ་དང་། ལོ་རྒྱུས་དེ་ནི་ཇི་སྲིད་བོད་ཀྱི་ལོ་རྒྱས་སྨྲ་བའི་ལྕེ་རྩེ་མ་སྟོང་བར་འཇིག་རྟེན་ཆེན་པོ་འདིར་གནས་པར་འགྱུར་བའི་ངོས་འཛིན་ཞུ་བཞིན་ཡོད། །
རྩོམ་འདི་ཁ་བརྡ་དྲྭ་བར་བསྐུར་ཡིན་ནའང་། བཀོད་རིན་མེད་པའམ། ཁོ་བ་ཅག་གི་ཕྱོགས་ཞེན་ལ་ནན་པོར་བྱས་པའི་ཉེར་ལེན་གྱིས་ཡིན་མི་འགྲོ། བཀོད་ཀྱིན་མི་འདུག་པས། འདི་གར་མཆན་དུ་མ་བཀོད་རང་བཀོད་ཆགས་སོང་།
ཆོལ་ཁ་དབྱེ་འབྱེད་ཀྱི་ནང་སྐྱོན་གླེང་ནས་མ་འདུག །དོན་ལྡན་གྱི་མཆན་འདེབས་ན་དགའ་བསུ་ཞུ་རྒྱུ།
བོད་མི་རིགས་རྣམས་ཆོལ་ཁ་དབྱེ་འབྱེད་བྱེད་རྒྱུ་དགའ་བོ་ཞེ་དྲག་ཡོད། དམིགས་བསལ་གསར་འབྱོར་བ་ཚོ།
བུ་མོ་འདིའི་མིང་ངོ་མ་ལ་དབྱངས་གཅེས་མ་ཡིན་པ་འདྲ། པད་བཀོད་བདུད་འཇོམས་སྤྲུལ་སྐུ་ལ་ཀོང་པོ་ན་བུ་ཞིག་མེད། བུ་མོ་ཞིག་ཡོད་པ་དེ་བདེ་ཆེན་གཡུ་སྒྲོན་རེད། དེའི་དགོན་པ་ནི་བླ་མ་གླིང་ཟེར་བ་སྒོའི་གཡས་གཡོན་ན་ཕོ་མཚན་ཆེན་པོ་འགྲེངས་པའི་གཟུགས་ཡོད་ས་དེ་རེད། ང་དེ་ལ་འགྲོ་ཡང་མྱོང་། མཆན་འབྲི་མཁན་གཅིག་གིས་བདུད་འཇོམས་ཀྱི་བུ་ཆུང་བའི་རྒྱུད་རེད་ཟེར། བདུད་འཇོམས་ལ་བོད་ན་བུ་གཅིག་མ་གཏོགས་མེད་བསམ། དེ་ནི་ས་སྐྱའི་སྤྲུལ་སྐུ་མདོ་ལ་འཇིགས་མེད་ལགས་རེད། དེང་སང་གི་བདུད་འཇོམས་སྤྲལ་སྐུ་སྐུ་གཞོན་གཅིག་དེ་ཚང་ལ་འཁྲུངས་པ་རེད། ཁོང་ཡང་ཀོང་པོ་ལ་མི་བཞུགས། བུ་ཆུང་བ་དེ་ཕྱི་རྒྱལ་ན་ཡོད་པ་རེད། བོད་ནང་ལ་འབྲེལ་བ་མེད་མཁན་ཞིག་རེད། ངས་ངོ་མ་བུ་མོ་འདི་སུ་ཡིན་ཤེས་འདོད་འདུག
༥༩༽ སྤོབས་པ་མཐའ་ཡས་ནས།
བུ་མོ་འདིའི་མིང་ངོ་མ་ལ་དབྱངས་གཅེས་མ་ཡིན་པ་འདྲ། པད་བཀོད་བདུད་འཇོམས་སྤྲུལ་སྐུ་ལ་ཀོང་པོ་ན་བུ་ཞིག་མེད། བུ་མོ་ཞིག་ཡོད་པ་དེ་བདེ་ཆེན་གཡུ་སྒྲོན་རེད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བོད་ནང་ལ་འབྲེལ་བ་མེད་མཁན་ཞིག་རེད། ངས་ངོ་མ་བུ་མོ་འདི་སུ་ཡིན་ཤེས་འདོད་འདུག