ལུང་རྟོགས།
བོད་མོ་གཡང་སྐྱིད་མའི་བྱ་དགའ།།
ལིའུ་ཞ་ཞ་ལ་ཤོར་སོང་།།
ལྟ་མཁན་ཁྲི་འབུམ་གྱི་དགའ་བསུ།།
མཐོ་སྒང་མཛངས་མ་ལ་ཐོབ་ཀྱང་།།
རང་དབང་མེད་པ་ཡི་ཡུལ་ན།།
དྲང་བདེན་ཟེར་བ་ཞིག་ཡོད་དམ།།
ཁྱོད་ཀྱི་མཛེས་སྡུག་གི་ཉམས་འགྱུར།།
སྒྲོལ་མ་དཀར་མོ་ལ་འགྲན་ཞིང་།།
ཁྱོད་ཀྱི་གསུང་སྐད་ཀྱི་སྙན་འཇེབས།།
ཚངས་སྲས་ལྷ་མོ་དང་མཚུངས་ཀྱང་།།
མཐའ་མའི་རྩེ་ཕུད་ཀྱི་རྒྱལ་ཁ།།
ཁྱོད་ལ་མ་སྤྲད་པ་འདི་ནི།།
བུད་མེད་ཡིན་པ་ཡིས་མིན་ན།།
བོད་ལ་སྐྱེས་པ་དེས་ལན་སོང་།།
གདོང་དམར་བོད་པ་ཡི་རྒྱུད་ལ།།
བློ་རིག་འཇོན་ཐང་ནི་ཡོད་ཀྱང་།།
བཙན་གནོན་གདུག་རྩུབ་ཀྱི་འོག་ནས།།
རྒྱལ་ཁ་ཕམ་ཁ་ལ་བསྒྱུར་སོང་།།
ཡིན་ཡང་སེམས་པ་ནི་མ་སྐྱོ།།
ནམ་ཞིག་རང་དབང་གི་ཉི་གཞོན།།
ཕོ་བྲང་པོ་ཏ་ལའི་རྩེ་ནས།།
གསེར་འོད་ལམ་ལམ་དུ་ཤར་དུས།།
གངས་ཅན་ཕུ་ནུ་ཡི་མིང་སྲིང་།།
མཐུན་པའི་ལག་གདངས་ནི་སྦྲེལ་ཏེ།།
འཛམ་གླིང་ཡང་རྩེ་ལ་ཆས་འགྲོ།།
ལུང་རྟོགས་ལགས། བུ་མོ་འདི་བོད་པ་མིན་པ་འདྲ། ཁར་ཉིན་རྒྱ་ནང་གི་གླུ་གཞེས་འདྲན་འཚོགས་མང་པོའི་སྟངས། མོ་རང་གིས་ངའི་མིང་ལ་དབྱངས་ཅན་མ་ཟེར། ང་བོད་པ་མིན་། བོད་པ་ལ་ཐག་ཉེ་བོ་རེད། ང་མོན་པ་ཡིན་ལབ་གི་འདུག ག་ལེར་བསྐྱར་ཉན་ཞིག་གནོང་དང་།
མོ་རང་གིས་བོད་པ་མིན་ལབ་ནས་ཚུར་ཨུ་ཚུགས་བརྒྱབ། བོད་པ་སྐོར་ཞིག་གིས་བོད་པ་རེད་ལབ་ནས་ཕར་ཨུ་ཚུགས་བརྒྱབ།
པར་འདི་གཡང་སྐྱིད་མ་མ་རེད། པར་ནོར་ཡོད་པ་འདྲ།
དྲང་བདེན་སྐྱོང་མཁན་སྐྱོང་མཁན་ངོ་མ་ཞིག་ཡིན་ན། མོ་མི་རིགས་གང་ཡིན་དང་རྣམ་པ་ཡོད་མེད་ལ་མི་ལྟ། ཡོན་ཏན་དངོས་ལ་ལྟ་དགོས།
བོད་པ་ཨང་དང་པོ་དེ། ཨང་གཉིས་པར་བཞག་པ་རེད་ཟེར།
བོད་པ་མ་རེད། མོན་པ་རེད་ཟེར།
མོས་ང་བོད་པ་མིན། བོད་པ་དང་ཉེ་བ་ཅིག་ཡིན་ལབ་པ་རེད་ཟེར།
པར་འདི་གཞས་མ་གཡང་སྐྱིད་པར་མ་རེད། པར་འདི་ནོར་བ་རེད་ཟེར།
ཧ་ཧ། ངས་ནི་འདིའི་སྐོར་གང་ཡང་མི་ཤེས་པས་་་་་་
གཞས་མ་འདིའི་མིང་ལ་གཡང་སྐྱིད་མ་ཞེས་བོད་མིང་ཞིག་བཏགས་འདུག། གླུ་ནི་བོད་གླུ་ཞིག་བླངས་འདུག། ངོ་གདོང་ནི་བོད་གདོང་ཞིག་འཁྱེར་འདུག། ལུས་ངག་གི་རྣམ་འགྱུར་ནི་བོད་པ་རང་རེད་འདུག། ཡོང་ས་ནི་ཉིང་ཁྲི་ནས་ཡིན་ལབ་སོང་། མོན་པ་ཡིན་ན་ནི་འགྲོ་བ་བཟང་མོའི་རྣམ་སྤྲུལ་མིན་ནམ། ད་ག་རེ་ལབ་དགོས་སམ། མི་ཤེས་ཁུ། འགྲན་རྩོད་ཨང་རིམ་གཉིས་པར་སླེབས་པར་བཀྲ་ཤིས་བདེ་ལེགས་ཞུ། རྣམ་པ་དང་སྐད་ངག་གི་འགྱུར་ཁུག་ལ་ཞུ་དགོས་མི་འདུག་ལ་ཨང་རིམ་དང་པོའི་རྒྱལ་ཁ་ཤོར་བར་བློ་མ་བདེ།
ཚེ་རིང་གཡང་སྐྱིད་ཡག་བྱུང་།
ཇོ་ངས་ལྟ་སྐྱོང་མེད་ཀྱང་།
གྲོག་ཚང་ནང་གི་འགྲོ་འདུག།
ཀོང་ཇོ་ལས་ཀྱང་གྲུང་ང་།
ངང་རྒྱུད་བལ་ལས་འཇམ་པ།
སྐད་ངག་མི་ལའི་ལྟ་མགུར།
གྲོག་ཚང་དཀྱིལ་ནས་གྲགས་དུས།
སྨྱོན་པའི་སྟུ་ཁ་བཀག་བྱུང་།
མི་ལས་མི་ཡི་ལུང་པར།
སྐྱིད་རོང་ཡང་ཡང་གླེང་བ།
གྲོག་མས་ག་བ་ག་བ།
སྐྱིད་ཆུའི་གསན་པ་ཨེ་བྱུང་།
མཚོ་སྣ་སྐྱིད་པའི་ཕ་ཡུལ།
མི་ལ་མེད་ན་དྲན་པ།
མི་ལ་སྤྲང་པོ་སྤྲང་ནག
མགུར་གླུ་མེད་ན་ཤི་བ།
སྲས་མོས་མོན་པ་ཡིན་ཟེར།
ཚངས་དབྱངས་རྒྱ་མཚོ་དྲན་སོང་།
ཀླད་པ་རྩབ་ཧྲལ་མིན་པས།
མགུར་གྱི་ཆོ་ག་བྱས་ཡོད།
ད་ཡག་རྒྱུ་མི་འདུག ཀོང་པོ་ནི་རྒྱ་ནག་གི་མི་འཁྱམས་གཞིས་ཆགས་ཡུལ་ཆེ་ཤོས་ཤིག་ཆགས་ཡོད་རེད། ཀོང་པོ་བརྒྱད་གཅིག་གམ་པ་ཡིས་ཟེར་བ་དེ་ནི་རྒྱ་མི་བརྒྱད་ཀྱི་ནང་ན་བོད་མི་གཅིག་ཡིན་པའི་གྲོང་བརྡལ་ཆེན་པོ་ཞིག་ཟེར་གྱིན་ཡོད་རེད། བུ་མོ་འདི་རྒྱ་མོ་ཞིག་གིས་བོད་མི་ཡིན་ལབ་ན་བོད་མི་ཤེས་མཐོང་རྒྱ་ཅན་ཅུང་མང་སྟབས་མོན་པ་ཡིན་ལབ་ན་མོན་པ་ནི་གྲངས་ཉུང་ཐོག་སྤྱི་ཚོགས་ཐོག་ཏུ་འབྲེལ་བ་དེ་ཙམ་མི་ཆེ་བས་སྦས་གསང་ཐུབ་ཆེད་དུ་མོན་པ་ཡིན་ལབ་ནས་མགོ་སྐོར་གཏོང་གིན་ཡོད་ན་ཅི་ཤེས། ལས་འགུལ་བཀོད་སྒྲིག་བྱེད་མཁ་ཚོས་ཧ་མ་གོ་བར་བོད་མི་གྲངས་ཉུང་མི་རིགས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་བསམ་ནས་དོན་དུ་རྒྱ་མིཞག་ལ་སྤྲད་བཞག་ན་ཐབས་སྐྱོ་བོ་རེད། བུ་མོ་འདི་ལ་ཕ་མའི་པར་སོགས་བོད་ཆས་ཅན་ཞིག་ཀྱང་བསྟན་རྒྱུ་མི་འདུག་བསམ། རང་ཁྱིམ་སོགས་བོད་ཀྱི་ཁྱད་ཆོས་མངོན་པའི་པར་ཞིག་ཀྱང་བསྟན་རྒྱུ་མིའདུག ངོ་མ་ཁྱོད་ཚོར་ཆ་རྒྱུས་ཏན་ཏན་མེད་ན་འདྲེ་ཤར་ལ་བཞག་ནས་གླུདནུབ་ཏུ་གཏོང་གིན་ཡོད་མིན་མི་ཤེས་པས་བརྟག་དཔྱད་གྱིས། བརྟག་དཔྱད་གྱིས།
མོ་རང་་་མོན་པ་ཡིན་ན་འདྲ་་་་ཀོང་བོ་ཡིན་ན་འདྲ་རུས་གཅིག་པའི་སྤུན་ཟླ་ཞིག་ཡིན་ཁོ་ཚོད་རེད། མོས་ང་བོད་པ་མིན་ཟེར་པ་རྒྱུན་མཚན་ཞིག་ཡོད་ན་ཐང་། དེང་སང་བཙན་བྱོལ་ནའང་ང་བོད་པ་མིན་ཟེར་མཁན་སྐྱ་སྟོང་ཕོ་གསར་མོ་གསར་ཁ་མེད་རྣ་མེད་རེད། མི་བདེན་འདོད་ན་དྷི་ལི་མན་ཇི་ཀྲི་ལར་་་་ས་རུབ་མ་རུབ་མཚམས་ལ་ཇ་འཐུང་ཞོར་ཡར་མར་ལ་བལྟས་ནས་སྡོད་དང་་་་ཉན་རྒྱ་དང་ལྟ་རྒྱུ་ཡོད་ཡ།
ད་ཁྱོད་ཚོས་རྩད་མ་རྒྱག མོ་རང་གི་གླུ་ཁ་ཤས་ལ་ཉན་པ་ཡིན། ཨ་མ་ལ་བླངས་པའི་གླུ་དེ་ལེན་སྐབས་མོ་རང་གི་ཨ་མ་བསྟན་སོང་། ད་དུང་ལྷ་ས་ལ་བསྟོད་པའི་གླུ་དེའི་ནང་ནས། གང་ཡང་བརྗེད་ཐུབ་ཀྱི་རེད། ལྷ་ས་བརྗེད་མི་ཐུབ་ཟེར་བ་དེའི་ནང་ན་མོ་རང་གི་སྐྱེས་ཡུལ་ངོ་སྤྲོད་བྱེད་ཀྱི་འདུག ད་དུང་བོད་གཞས་ཁ་ཤས་ལེན་བཞིན་པའི་གླུ་དབྱངས་ལ་ཡང་ཉན་པ་ཡིན། བོད་པ་ནི་རེད། འོན་ཀྱང་མོ་རང་གིས་མོན་པ་ཡིན་ཟེར་ནས་ངོ་སྤྲོད་བྱེད་ཀྱི་འདུག ད་དུང་མི་བཞི་ཅན་ཞིག་གིས་གླུ་དབྱངས་བླངས་སོང་། དེའི་ནང་ནས་ཕོ་གསར་གཅིག་བོད་པ་ཡིན། མོ་རང་མོན་པ་རེད་ཟེར་སོང་། ངའི་བསམ་ཚུལ་བྱས་ན་འདི་ནི་ཆབ་སྲིད་ཀྱི་བཀོད་སྒྲིག་ཞིག་རེད་བསམ། མོན་པ་ནི་དེང་སང་རྒྱ་གར་འོག་ལ་ཡིན་རུང་། ཀྲུང་གོའི་མི་དམངས་འཐུས་ཚོགས་ཀྱི་མོན་པའི་འཐུས་མི་ཅིག་ག་དུས་ཡིན་ན་ཡང་ཡོད་ཡོད་པ་རེད། འོན་ཀྱང་ཆབ་སྲིད་གཅིག་བུ་དེས་ཕྱི་ལ་ཁྱབ་བསྒྲགས་འགྲོ་མི་ཐུབ་པ་ཤེས་ནས། ད་ནི་རྒྱུ་རྩལ་གྱི་ལམ་ནས་མོན་པ་ཀྲུང་གོའི་ཁུངས་སུ་འགུགས་བཞིན་པ་འདྲ། མོའོ་ཀྲུའུ་ཞིའི་རྩོམ་ཡིག་ཞིག་བྲིས་ཡོད་པའི་ཁ་བྱང་ལ། ༼ཁུ་ནུ་རི་བོ་མེས་རྒྱལ་གྱི་བང་དུ་ལོག་པ༽ཟེར་བ་ཞིག་ཡོད། ད་ལྟའི་chiese idol ལ་ཡང་རྒྱ་སྐད་ལ་ཀྲུང་གོའི་རྨི་ལམ་ཟེར་ནས་བཏགས་འདུག
ཁྱོད་ཚོས་དཔྱད་པ་གཏོང་མི་ཤེས་ན་སྐྱག་ཁ་བཙུམས་ནས་སྡོད། མོན་པ་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་རྩོད་གཞི་རེད། རྩོད་ན་རྩོད་བཅུགས། ང་ཚོས་རྒྱང་ནས་བལྟ། དེ་མ་གཏོགས་ང་ཚོས་ཅང་འཇོན་ས་མ་རེད།
དབྱངས་ཅན་མ་ཟེར་ནས་མིང་བཏགས་འདུག ཡང་འདི་ན་གཡང་སྐྱིད་མ་ལ་བསྒྱུར་འདུག འ་འ་འ ད་ངོ་རྫོགས། འདི་ཚོས་མིང་ཡང་གསལ་བོ་ཞིག་འབོད་མི་ཤེས་པ་རྒྱ་མི་ལས་ཀྱང་སྡུག་ཀ
མོས་བཏང་བའི་གླུ་དང་སྐད་ཆ་དེ་ཚོ་ག་བར་འདུག། འདིར་སྟོན་རོགས་གནོངས། དེ་མིན་ལུང་སྟོང་ཀུ་ཅོའི་བཀང་ན་ཆོ་ཅི་ཡོད། །
དྲ་འབུ་དག་གིས་བཤད་པའི་འུར་གཏམ་ལ་ལེན་འདེབས་དང་འགྲེལ་བཤད་བྱེད་དགོས་མ་མཆིས་ཀྱང་། ཨ་ལགས་ཀླུ་སྨྱོན་འདི་ཉིད་དེང་སྐབས་སྒྱུ་རྩལ་མིན་པའི་སྨྱོ་ནད་ངོ་མ་ཞིག་གིས་ཟིན་ཡོད་པ་འདྲ། ཨུ་ཚུགས་ཆེན་པོས་གཡང་སྐྱིད་མས་རང་ཉིད་བོད་པ་མ་ཡིན་པ་བཤད་ཀྱི་འདུག་ཟེར་ནས་ལན་ཁ་ཤས་དྲ་མཆན་བཏབས་སོང་། གཡང་སྐྱིད་མས་ང་མོན་པ་ཡིན་བོད་ལྗོངས་ཉི་ཁྲི་ཀྲམ་ཆུས་ནས་ཡོང་བ་ཡིན་ཞེས་ཆེས་ཐོག་མའི་མོ་རང་གི་འཚམས་སྦྱོར་ངོ་སྤྲོད་ནང་དུ་གསལ་པོ་བཤད་སོང་། ཡིད་མ་ཆེས་ན་འོག་གི་དྲ་ཐག་འདིའི་ནང་དུ་གཟིགས། མོན་པ་ཡིན་ཞེས་བརྗོད་པས་བོད་པ་མ་ཡིན་པ་འགྱུར་ན་ཁྱེད་ཀྱང་བོད་པ་མ་ཡིན་པའམ། ཁྱོད་རང་ཉིད་ཀྱིས་ཀྱང་བོད་པ་ཡིན་པ་ཁས་ལེན་མི་བྱེད་པ་ཉིད་དུ་འགྱུར་ཏེ། ཁྱོད་ཀྱིས་རྟག་ཏུ་ཨ་མདོ་བ་ཡིན་ཞེས་བཤད་པས་སོ། རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས།
http://www.youtube.com/watch?v=Mc6bz–BQck
མ་གཞི་ནས་མོ་རང་འགྲེན་ཚོགས་དེར་ཁྲིད་ཡོང་མཁན་ཕྱི་རྒྱལ་གྱི་བྱི་ལི་ཕོ་ལོག་མོ་ལོག་འདྲ་བོ་དེ་ཡིན་པ་འདྲ། ཐེངས་དང་པོར་མོ་རང་འཛུལ་ཞུགས་བྱེད་སྐབས་ཡོང་ནས་བལྟ་ཞིབ་པ་བཞི་ལ། དེ་རིང་ང་ཡང་བལྟ་ཞིབ་པ་བྱེད་ཀྱི་ཡིན་ཟེར་གི་འདུག་ག འོ་མི་དེས་ཁྲིད་ཡོང་བ་འདྲ་འདུག གཅིག་བྱས་ན་མི་དེ་དང་ཡིན་ལོག་མིན་ལོག་གི་འབྲེལ་བ་ཡོད་ན་ཐང་། འོ་ད་ཡིན་ན་ངའི་སྐྱག་ཁ་འདིའི་ནང་ནས་ཀྱང་འདྲ་མི་འདྲ་ཐོན་ཡོང་གི་འདུག དེ་རིང་ཉི་མ་གཅིག་ལ་ངོ་དེབ་དང་མོ་རང་དང་འབྲེལ་བའི་ལྟད་མོ་མང་པོ་ཞིག་ལ་བལྟས་པ་ཡིན། མོ་རང་ལ་ངོ་དེབ་འདུག ཡིན་ན་ཡང་རྒྱ་ཡིག་རྐྱང་རྐྱང་རེད་ཞ། ཁྱོད་ཚོས་ཅང་མགོ་ཚོས་ས་མ་རེད། ངས་ཀྱང་མགོ་ཡག་པོ་ཞིག་ཚོས་ཀྱི་མི་འདུག ཧཧཧཧ
ཟླ་མེད་འདི་ངའི་དྲ་གྲོགས་དགའ་ཤོས་ཡིན་ན་ཡང་། ང་འདིའི་བཤད་སྟངས་མང་པོ་ལ་ངོས་ལེན་གཏན་ནས་བྱེད་སྙིང་མི་འདོད།་ཡང་མིན་ན་ངའི་སྐྱོན་རེད། ཡང་མིན་ན་ཁོའི་སྐྱོན་རེད། ཟླ་མེད། མོན་པ་ཡོད་ཚད་རྒྱ་གར་ལ་ཡོད་པ་མ་རེད། བོད་རང་སྐྱོང་ལྗོངས་ཁོང་ན་མོན་པ་སྟོང་ཕྲག་གསུམ་དང་དྲུག་བརྒྱ་ཡོད་ཟེར་ནས་བྲིས་འདུག
སྤོབས་པ་ཁྱོད་ཀྱི་ད་ཐེངས་བཤད་པ་འདི་གཅིག་བུ་ལ་ངས་ངོས་ལེན་བྱེད་ཐུབ། རེད་རང་སྐྱོང་གཞུང་ཁུངས་ན་མོན་པ་མེད་ན་མོན་པ་ཙོ་ཟེར་ནས་བོད་པ་ལས་མི་རིགས་ལོག་པ་ཞིག་དགར་རྒྱུ་མེད་པ་ཆགས་འགྲོ་གི་རེད། དེ་ཁྱོེད་ཀྱིས་བཤད་པ་བདེན་པ་རེད་ཟེར་ནས་བདེན་ཁ་སྤྲོད་ཐུབ། དེ་མ་གཏོགས་ངས་བཤད་པ་མང་པོ་ལ་ཁྱེད་ཀྱིས་བདེན་ཁ་སྤྲོད་མི་འདོད་པ་ནི་བདེན་པ་མ་རེད། ཁྱེད་ཀྱིས་ངའི་བཤད་པ་མང་བོ་ལ་བདེན་ཁ་སྤྲོད་ཐུབ་ནི་རེད།
ཀུ་རེ་ཡིན། གཞོན་ནུ་ལས་དགའ་ཞིག་སུ་གཅིག་ཀྱང་མེད།། ངས་སྔོན་མ་དབུ་མ་འཇུག་པའི་ཚིག་འགའ་ལ་འགྲེལ་བཤད་རྒྱག་མདོག་བྱེད་དུས་ངས་ཀུན་རྫོབས་དེ་ཉིད་གཤོག་ཡངས་དཀར་པོ་ཟེར་བའི་ཀུན་རྫོབས་དེ་ཉིད་གཉིས་ཀ་ཀུན་རྫོབས་ཁོ་ན་རེད་ཅེས་བཤད། དེ་ལ་གཞོན་ནུ་ལགས་ཀྱིས་ཟླ་བའི་རང་འགྲེལ་ན་ཀུན་རྫོབ་དོན་དམ་གཉིས་ལ་འགྲེལ་ཡོད་གསུངས་ནས་ཁྲེལ་དགོད་གནང་། དེར་ངས་བོད་འགྲེལ་ལ་སྐྱབས་མི་བཅོལ་བསམ་ནས་བསྟན་འགྱུར་གྱི་ཀ་ཕྱེས་ནས་འཇུག་པ་རང་འགྲེལ་དང་། ཛ་ཡ་ཨ་ནན་ཏའི་འགྲེལ་བ་གཉིས་ཆར་ལ་བལྟས། གཞོན་ནུས་གང་གསུངས་པ་དེ་ཁོ་ན་རེད་འདུག་པས་ངས་གཞོན་ནུ་འདི་འདྲ་ས་མི་འདུག་བསམ། ཐུགས་རྗེ་ཆེ།
ཧ་ཧཧ་ང་ནི་གད་མོས་ནི། གཞས་སྙན་མོ་ཞེ་དྲག་བཏང་གིན་འདུག་ག མི་གསོན་པོའི་རིགས་པ་ཁ་སྤོ་བ་ལྟར་ན་ཀླུ་སྨྱོན་ཨ་མདོ་ཙོའི་རེད་འདུག་ག
བུ་མོ་འདི་སྐྱེ་ཡུལ་ཀོང་པོ་ནས་ཡིན་པ་མ་ཟད་སྐྱབས་རྗེ་བདུད་འཇོམ་ཚང་གི་རྒྱུད་པ་ཡིན་འདུག བདུད་འཇོམ་ཚང་ནི་སྤོ་བོ་ཀ་གནམ་རྒྱལ་པོའི་རྒྱུད་པ་ཡིན་པས། འདི་བོད་པ་མ་རེད་ཟེར་མཁན་ཞིག་ཡོད་ན་མི་དེ་རྩ་མ་ཚང་བ་མིན་ན་གདོན་གྱིས་ཟིན་སོང་བ་ཡིན་རྒྱུ་རེད། མོ་རང་གིས་མོན་པ་རིགས་ཡིན་ཞེས་བཤད་པ་ལས་བོད་པ་ཡིན་ཞེས་བཤད་མེད་ཀྱང་དེ་ལ་རྒྱུ་མཚན་ཡོད་པ་རེད། སྤྱིར་རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་ཡོངས་གྲག་རེད་ལ། ལྷག་ཏུ་བོད་མི་རིགས་ལ་དགྲ་བོའི་འདུ་ཤེས་ཤུགས་ཆེན་པོ་ཡོད་པ་གསལ་པོ་རེད། དེས་ན་བོད་པ་ཡིན་ཞེས་ལབ་ན་འགྲན་རྩོད་ནང་ནས་ཕྱིར་མ་ཕུད་ན་ཡང་རྒྱལ་ཁ་ཐོབ་རྒྱུར་སྐྱོན་བྱེད་ངེས་པ་དེ་སུས་ཀྱང་ཚོད་དཔག་ཐུབ་པ་ཞིག་རེད། གྲང་ཉུང་མི་རིགས་ལ་གཟིགས་མཐོང་ཞེས་པ་དེ་ཚོ་ནི་རྒྱ་མིས་གཞན་མགོ་སྐོར་བྱེད་ཀྱི་ལག་ཆ་ཙམ་རེད།
གཞོན་ནུ་ཟླ་མེད་ལགས། གླུ་མ་འདིས་མིང་ཆ་ཚང་ལ་ཚེ་རིང་གཡང་སྐྱིད་འབོད་ཀྱི་འདུག དེས་ན་གཡང་སྐྱིད་མ་ཟེར་བ་དེ་དོན་ལ་གནས་པའི་མིང་ཞིག་ཡིན་པ་ལས་འོལ་ཚོད་བྱས་ནས་བཏགས་བཞག་པ་ཞིག་མིན།
མོས་རྟིང་མའི་གཞས་དེ་ངོ་མ་སེམས་སྐྱོ་བོ་ཞིག་བཏང་འདུག །ངོ་མ་སྤོབས་པ་ཡོད།
འགྲོ་མྱོང་བའི་ས་ཆ་ཡོད་ཚད་བརྗེད་ཀྱང་ལྷ་ས་ནམ་ཡང་བརྗེད་པ་མི་འདུག་ཟེར།
དབྱང་སྐྱིད་མའི་གཏིང་རྩོད་འགྲན་བསྡུར་སྐབས་ཀྱི་གླུ།
ཀོང་པོའམ་མོན་པ་གང་ཡིན་རུང་། ཁྱད་མེད། བོད་མི་རིགས་ཀྱི་གདུང་རྒྱུད་ཡིན་པ་ཙམ་གྱིས་ད་གས་འགྲིག་འདུག
གཞས་མ་འདིས་་་བླ་མ་ལ་སྐྱབས་སུ་མཆི་་་་སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་སྟངས་དང་གདོང་གི་ཤ་མདངས་བཅས་ལ་བལྟས་ན་བོད་པ་གཙང་མ་གཙང་རྐྱང་ཡིན་པར་ཐག་ཆོད།
་་་་ བུ་མོ་འདི་སྐྱེ་ཡུལ་ཀོང་པོ་ནས་ཡིན་པ་མ་ཟད་སྐྱབས་རྗེ་བདུད་འཇོམ་ཚང་གི་རྒྱུད་པ་ཡིན་འདུག བདུད་འཇོམ་ཚང་ནི་སྤོ་བོ་ཀ་གནམ་རྒྱལ་པོའི་རྒྱུད་པ་ཡིན་པས། འདི་བོད་པ་མ་རེད་ཟེར་མཁན་ཞིག་ཡོད་ན་མི་དེ་རྩ་མ་ཚང་བ་མིན་ན་གདོན་གྱིས་ཟིན་སོང་བ་ཡིན་རྒྱུ་རེད། ་་་་་ཟེར།
མོན་མོ་ཡིན་ཡང་ཡིན་། ཀོང་མོ་ཡིན་ནང་ཡིན། བོད་མོ་ཡིན་ན་ཡང་ཡིན། མིན་ན་ཡང་མིན། མོ་རང་རྒྱ་རིགས་མིན་པར་བོད་རིགས་ཡིན་པ་ཀུན་གྱིས་བཤད་འདུག་པས། ང་ལ་ནི། དེ་གས་འགྲིགས་ཤག
སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག དགྲ་མཉེན་ཐམས་ཅད་སྐྱིད་པོ་ཡོང་བར་ཤོག ང་དང་ཁྱོད་ཞེས་རྩོད་པ་མེད་པར་ཤོག།
གླུ་མ་དབྱངས་ཅན་མས་ང་ནི་བོད་ལྗོངས་ཉིང་ཁྲིའི་ས་ཁུལ་ནས་ཡོང་བའི་མོན་རིགས་ཡིན་ཞེས་ཐོག་མའི་ངོ་སྤྲོད་སྐབས་སུ་བཤད་སོང་། དེས་ན་བོད་པ་མིན་པས་རྣམ་འགྱུར་སྟོན་པའི་སྐད་ཆ་ཞིག་མོས་ཐོག་མཐའ་བརགསུམ་དུ་བྱུང་མེད། དོན་མེད་ཁའི་རླང་མ་འབུད་དྲ་གྲོགས་ཚོ། ར྄གྱ་ནག་མི་དམངས་ས་ཡ་མང་པའི་དཀྱིལ་ནས་གང་ལྟར་དབྱངས་ཅན་མའི་མིང་དོན་མཚུངས་བ་བྱས་སོང་། མོའི་སྐད་གྲགས་ནི་བོད་ཀྱི་ས་ཁུག་ལུང་ཁུག་དག་ནས་ཐོན་པའི་སྐད་གྲགས་དེ་འདྲ་མ་རེད་དོ།།
ཡང་། ༢༧༽ རོང་བཙན་ནས། གཡང་སྐྱིད་དེ། དབྱངས་ཅན་མར་བཟོས་སོང་།
མོར་དབྱངས་ཅན་མའི་མིང་དོན་མཚུངས་འདུག།
། ངའི་བསམ་ཚུལ་བྱས་ན་འདི་ནི་ཆབ་སྲིད་ཀྱི་བཀོད་སྒྲིག་ཞིག་རེད་བསམ། མོན་པ་ནི་དེང་སང་རྒྱ་གར་འོག་ལ་ཡིན་རུང་། ཀྲུང་གོའི་མི་དམངས་འཐུས་ཚོགས་ཀྱི་མོན་པའི་འཐུས་མི་ཅིག་ག་དུས་ཡིན་ན་ཡང་ཡོད་ཡོད་པ་རེད། འོན་ཀྱང་ཆབ་སྲིད་གཅིག་བུ་དེས་ཕྱི་ལ་ཁྱབ་བསྒྲགས་འགྲོ་མི་ཐུབ་པ་ཤེས་ནས། ད་ནི་རྒྱུ་རྩལ་གྱི་ལམ་ནས་མོན་པ་ཀྲུང་གོའི་ཁུངས་སུ་འགུགས་བཞིན་པ་འདྲ། མོའོ་ཀྲུའུ་ཞིའི་རྩོམ་ཡིག་ཞིག་བྲིས་ཡོད་པའི་ཁ་བྱང་ལ། ༼ཁུ་ནུ་རི་བོ་མེས་རྒྱལ་གྱི་བང་དུ་ལོག་པ༽ཟེར་བ་ཞིག་ཡོད། ད་ལྟའི་chiese idol ལ་ཡང་རྒྱ་སྐད་ལ་ཀྲུང་གོའི་རྨི་ལམ་ཟེར་ནས་བཏགས་འདུག
ཁྱོད་ཚོས་དཔྱད་པ་གཏོང་མི་ཤེས་ན་སྐྱག་ཁ་བཙུམས་ནས་སྡོད། མོན་པ་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་རྩོད་གཞི་རེད། རྩོད་ན་རྩོད་བཅུགས། ང་ཚོས་རྒྱང་ནས་བལྟ། དེ་མ་གཏོགས་ང་ཚོས་ཅང་འཇོན་ས་མ་རེད།
ཟེར།
རྗེ་རིན་པོ་ཆེས།
ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན། །
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །
དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན། །
རིང་ནས་འདྲིས་པའི་ལྷ་མོ་ད་ཚུར་བྱོན། „།
གསུངས་པའི་དབྱང་ཅན་མ་དེ་དངོས་གནས་འདི་ཡིན་ས་རེད།
སྤོབས་པ་མཐའ་ཡས་ལ་ལན་དུ་ཕུལ།
(སྤྱིར་ན་བོད་ནི་སྔར་ནས་མི་རིགས་མང་པོ་འདུས་སྡོད་བྱས་ནས་ཡོད་པའི་རྒྱལ་ཁབ་ཅིག་རེད། དཔེར་ན། མདོ་སྨད་ཁུལ་གྱི་སོག་རིགས་བཞིན་ནོ། དེར་བརྟེན་བོད་དེ་མི་རིགས་བྱེ་བྲག་པ་གཅིག་གི་རྒྱལ་ཁབ་ཅིག་མ་རེད། དེང་སང་འདི་ཧ་གོ་དགོས་པ་ཧ་ཅང་གནད་འགག་ཆགས་ཡོད་པ་རེད།)ཟེར་བའི་འགྲེལ་བཤད།
རྒྱ་གཞུང་གིས་བོད་ཡུལ་བོད་རིགས་ཁོ་ན་ལ་མི་དབང་ཟེར་གྱི་ཡོད་པ་ལས། བོད་མི་ལ་མི་དབང་ཟེར་གྱི་ཡོད་མ་རེད། བོད་མི་ཟེར་དུས་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཐོག་གི་བོད་ཀྱི་ཡུལ་མི་ལ་གོ་བ་རེད། དེ་བས་བོད་མི་ཟེར་བའི་ཚིག་འདིའི་འོག་ཏུ་བོད་སོག་དང་། ཆང་པ། མོན་པ། ཀློ་པ་ཟེར་བ་སོགས་ཕྱི་ལོ་ ༡༩༤༩ ལོའི་ཡར་སྔོན་བོད་ཀྱི་ཆབ་འབངས་ཡིན་ནོ་ཅོག་ལ་གོ་བ་རེད། བོད་རིགས་ཟེར་བའི་ཚིག་འདི་ཡི་འོག་ཏུ་གོང་གསལ་ལོ་རྒྱུས་ཐོག་གི་བོད་མི་དེ་དག་ཚུད་ཡོད་མ་རེད། དེ་བས་བོད་མི་དང་བོད་རིགས་ཟེར་བ་གཉིས་ལ་གོ་དོན་དང་ཁྱབ་ཚད་ཧ་ཅང་ཁྱད་པར་ཡོད་རེད་ལ། ཁེ་ཉེན་ཡང་དེ་མཚུངས་ཡོད་རེད་ཅེས་ཞུ་འདོད་བྱུང་། དེ་ནས་ཁ་སང་རོབ་བསྡུས་ཞུས་པ་བཞིན་མོན་ནི་ཆོས་རྒྱལ་ཚོའི་དུས་ནས་ཡོད་པ་དང་། ཡུལ་དེར་འདུས་སྡོད་ཀྱི་མི་མང་ལ་མོན་པ་ཟེར་གྱི་ཡོད་པ་རེད། སྐབས་དེར་གཙོ་ཆེ་དེང་གི་འབྲུག་ཡུལ་ལ་གོ་ཡི་ཡོད་ཀྱང་རྗེས་མོན་ཡུལ་གྱི་མིང་ཚིག་དེའི་ཁྱབ་ཚད་ཇེ་ཆུང་དུ་སོང་འདུག་ལ། ད་ལྟ་རྒྱ་ནག་གིས་མོན་པ་མི་མང་ལ་མོན་པ་རིགས་ཟེར་ནས་མི་རིགས་གཞན་དག་ཅིག་བཟོ་ཐབས་བྱེད་ཀྱི་ཡོད་རེད། བོད་སོག་དེ་དག་ལ་མཚོན་ན་ས་སྐྱའི་དུས་སྐབས་གཡས་གཡོན་ནས་སོག་པོ་ནང་འཁྲུག་གི་རྐྱེན་པས་བོད་མདོ་སྨད་ཁུལ་དུ་གནས་གཞི་བཅས་པ་ཞིག་ཡིན་པ་ཡོད། གང་ལྟར་རྒྱལ་དབང་ལྔ་པའི་སྐུ་དུས་ནས་དགའ་ལྡན་ཕོ་བྲང་གི་མངའ་འོག་གི་བོད་ཀྱི་ཡུལ་མི་ཡིན་པས་བོད་མི་ཡིན་པ་ལོ་རྒྱུས་ཀྱི་དོན་དངོས་རེད་ལ། དེང་གི་ཨ་ཀྱ་རིན་པོ་ཆེ་དང་། སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་སོགས་བོད་སོག་ཡིན་པ་རེད། ད་ལྟའི་རྒྱ་གཞུང་གིས་མི་རིགས་དབྱེ་བགོས་ལྟར་ན། དེ་དག་ཀྱང་བོད་རིགས་མ་རེད། ངས་ཁོང་རྣམ་པ་བོད་མི་རེད་ཟེར་གྱི་ཡོད་ལ། གུས་བཀུར་ཞུ་གི་ཡོད། ཁོང་རྣམ་པས་བོད་ཀྱི་ཡུལ་མི་ཞིག་གིས་སྒྲུབ་དགོས་པའི་ལས་འགན་ཡང་ལེགས་སྒྲུབ་བྱེད་ཀྱི་ཡོད་པ་རེད། དེ་བས་ང་ཚོས་དགྲ་བོའི་རྙི་ཐག་༼བོད་རིགས་༽ཟེར་བ་འདིའི་ནང་མི་ལྷུངས་པར་ ༡༩༤༩ ལོའི་སྔོན་གྱི་ལོ་རྒྱུས་ཐོག་གི་བོད་ཆོལ་ཁ་གསུམ་གྱི་ཁུལ་དུ་གནས་སྡོད་མི་མང་དེ་དག་ལ་༼བོད་མི་༽ཟེར་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ལ། ༢༠༡༡ ལོར་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་སོགས་ལ་བརྟེན་ནས་བཅའ་ཁྲིམས་བསྐྱར་བཅོས་སྐབས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་དང་མཐུན་ཐབས་སུ་༼བོད་མི་༽ཟེར་བའི་ཚབ་ཏུ་༼བོད་རིགས་༽འཇུག་ཐབས་བྱས་པར་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་། སྤྱི་འཐུས་གྲོས་ཚོགས་གཉིས་ཀས་ངོས་ལེན་རྩ་བ་ནས་གནང་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་དོ་སྣང་བྱེད་རོགས་ཅེས་ཀྱང་ཞུ་འདོད་བྱུང་། དེར་བརྟེན་སྤྱིར་ན་བོད་ནི་སྔར་ནས་མི་རིགས་དབྱེ་འབྱེད་མེད་པར་མི་རིགས་མང་པོ་འདུས་སྡོད་བྱས་ནས་ཡོད་པའི་རྒྱལ་ཁབ་ཅིག་རེད་ཟེར་གྱི་ཡོད་ལ། དེ་བཞིན་བོད་ལ་ནང་པ་དང་། བོན་པོ། ཁ་ཆེ་བཅས་འགའ་བཅས་ཆོས་ལུགས་ཀྱང་འགའ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། དེ་དག་ཀྱང་ང་ཚོ་བོད་ཀྱི་ལོ་རྒྱུས་ཀྱི་གཟི་བརྗིད་ཅིག་རེད་བསམ་བཞིན་ཡོད། རྒྱ་དམག་བཙན་འཛུལ་བ་རེ་ཟུང་དང་། རྒྱ་འཁྱར་ཟེར་བའི་སྤྲང་འཁྱམ་པ་འགའ་ཞིག་མ་གཏོགས་རྒྱ་མི་གནའ་ནས་བོད་དུ་ཡོད་པའི་ལོ་རྒྱུས་མེད་པ་བཀའ་ཟུར་ཨ་ལགས་ཙ་ཡུས་དང་། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས། བེ་རི་ཟླ་ཚེའི་ཟུངས་ཁྲག་དྲོན་མོ་གངས་ཅན་ལྗོངས་སུ་མཆོད་ཅེས་པ་སོགས་མདོ་ཁམས་ཁུལ་གཉིས་ཀྱི་ལོ་རྒྱུས་ཁག་ལ་ཞིབ་གཟིགས་གནང་ན་མཁྱེན་གྱི་རེད།
མདོར་ན་དེང་སང་རྒྱ་ནག་གི་མི་རིགས་སྲིད་བྱུས་དང་། དེའི་ཁྲིམས་ལུགས་ལ་དགའ་ཐག་འདྲ་ཞིག་ཆོད་ནས་༼མི་རིགས་དང་མི་རིགས་༽ཟེར་རྒྱུ་མང་དྲགས་ན་བོད་ལ་ཡག་པོ་རང་ཨེ་ཡོང་སྙམ་པ་བཅས་སེམས་པ་ན་བའི་གཏམ་འདི་དག་འགོག་མེད་དུ་ཐལ་བར་དགོངས་འགལ་མེད་པ་ཞུ།
༡ རྒྱལ་བ་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་བོད་པ་ཨེ་རེད། ཁོང་མོན་པ་ནི་བཀྲུས་ན་མི་དག་པ་རེད། ཁོང་གི་རྣམ་ཐར་སྡེ་སྲིད་ཀྱིས་མཛད་པ་སོགས་ལ་བལྟས་ན་བོད་པ་གཙང་མ་རེད་འདུག
༢ མོན་ཡུལ་འདི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དག་ཏུ་མིའུ་ལྡོང་དྲུག་གི་བརྒྱུད་པ་ཡིན་པ་དེ་གསལ་པོ་ཆགས་ཀྱི་རེད་ལ། མོན་ལ་འོག་ཡུལ་གསུམ་གྱི་ས་ཆ་མང་པོ་ཞིག་ད་ལྟའི་བོད་རང་སྐྱོངས་ཟེར་བའི་ཁོངས་སུ་ཡོད་པ་རེད། དེ་མིན་ ༡༩༥༠ ང་གྲངས་ནས་བཟུང་རྒྱལ་བ་ཚངས་དབྱངས་པའི་འཁྲུངས་ཡུལ་ཚུད་པའི་མོན་གྱི་ས་གནས་ཁག་ཅིག་ད་ལྟའི་རྒྱ་གར་གྱིས་བདག་སྐྱོང་བྱས་པ་རེད། རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་བཞིན་བཞེངས་པའི་མོན་རྟ་དབང་རྣམ་རྒྱལ་ལྷ་རྩེ་དགོན་ཡང་དེ་གར་ཡོད་པ་རེད།
༣ རྒྱ་ནག་གཞུང་གི་བོད་མི་ལ་ནང་གསེས་མི་རིགས་འདྲ་མིན་གྱི་མིང་བཏགས་ཡོད་པ་རེད། ཀློ་པ་མི་རིགས་དང་། མོན་པ་མི་རིགས་ཟེར་ནས་བཏགས་ཡོད་པ་རེད། རྒྱ་ནག་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་བོད་མི་དུམ་བུར་བཏང་ནས་དབང་བསྒྱུར་བྱེད་ཀྱི་ཡོད་རེད། དེ་བས་བོད་རིགས་ཟེར་བའི་ཚིག་འདི་ལ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ཁབ་ཏུ་བཏང་བའི་ཚིག་རེད། རྒྱ་ནག་གི་དབང་བསྒྱུར་བོད་དུ་མ་སླེབས་པའི་སྔོན་གྱི་ཡིག་ཆ་ཁག་ཏུ་བོད་རིགས་ཟེར་བའི་ཚིག་འདི་མཐོང་ཧ་ཅང་དཀོན་པའི་ཚིག་གཅིག་རེད། དེ་བས་གླུ་མ་ཚེ་རིང་གཡང་སྐྱིད་ཀྱིས་རྒྱ་གཞུང་གི་གཏན་འབེབས་མི་རིགས་སྲིད་བྱུས་ལ་ཁ་གཏད་བཅག་ནས་འགྲན་བསྡུར་བྱེད་དགོས་པ་རེད་དམ།???????
བུ་མོ་འདིའི་ལོ་རྒྱུས་དང་བརྙན་གཟུགས་ལྟ་རྒྱུ་མ་བྱུང་ཡང་འདྲ་པར་འདིར་བལྟས་པ་ཙམ་གྱིས་ཡིད་ཀྱི་དང་བ་དབང་མེད་དུ་འཕྲོག་འགྲོ་བ་ཞིག་འདུག
འཇིགས་བྲལ་ལགས། དེ་ན་1959གོང་ལ་བོད་ཡུལ་དུ་ཡོད་པའི་རྒྱ་མི་ཚོ་ཡང་བོད་མི་རེད་དམ།
ཟམ་གདོང་སྤྲུལ་སྐུ་འཇང་རིགས་རེད་འདུག
མི་ཁ་ཤས་ཀྱིས་ཁ་བརྡ་རིང་པོ་གནང་ཤེས་ཀྱིན་འདུག་ག དེ་ཞེ་དྲག་ཡག་པོ་རེད། ཤེས་ཡོན་ཏོག་ཙམ་ཡོད་པའི་རྟགས་རེད།
མི་གསོན་པོ་ཟེར་བ་འདིའི་ཚེ་རིང་གཡང་སྐྱིད་སྐོར་མཁྱེན་རྒྱ་ཆེ་སེ་བྱུང་། དུས་ཚོད་ཡོད་ན་ཁྱེད་ཀྱིས་འཛངས་མ་འདིས་སྐུ་ཡོན་ཐོག་
ཅུང་ཙམ་རེ་གསུངས་ཐུབ་ན་ཉན་འདོད་ཤིན་ཏུ་ཆེ།
རྩ་མ་ཚང་བའི་མི་བུ་ཁ་ཤས་ཀྱིས། མོ་རང་གིས་མོན་པ་ཡིན་ཟེར་གྱི་འདུག་བོད་པ་ཡིན་མདོག་བསྟན་གྱི་མི་འདུག་ཟེར། གོང་དུ་དྲྭ་གྲོགས་ཁ་ཤས་ཀྱིས་ངོ་མཁྱེན་གྱི་ཡོད་པའི་གསལ་བཤད་གནང་བ་ལྟར། བུ་མོ་འདིའི་མིང་ལ་ཚེ་རིང་གཡང་སྐྱིད་ཞུ་འདུག་ལ་མོ་རང་ཀོང་ཡུལ་ནས་རེད། དཔྱད་འདེམས་པ་ཧང་ཧང་གིས་ག་དུས་ཡིན་ནའང་། ཁྱོད་ནི་ང་ཚོ་བོད་པའི་གཟི་བརྗིད་ཡིན་ཟེར། འགྲན་རྩོད་ལས་རྣམ་པར་རྒྱལ་བའི་སྐབས་སུ་བསྟོད་བསྔགས་ཆེན་པོ་གནང་གི་འདུག་པ་དེ་གཞན་ལ་ཚུར་བསྒྱུར་རོགས་ཞུས་དང་མཁྱེན་ཐུབ་ཀྱི་རེད་ལ། དཔྱད་འདེམས་མ་ཧང་ཧང་ལྟ་བུར་མཚོན་ན། མོ་རང་གི་ མ་ཆབ་མདོ་ནས་ཡིན་པ་ལ་ཕ་རྒྱ་མི་ཡིན་པ་ཞིག་རེད་འདུག་སྟེ། ག་དུས་ཡིན་ནའང་མོ་རང་བོད་པ་ཡིན་ཟེར་གྱི་འདུག གྲོགས་པོ་དག ལྷག་པར་ཨ་ལག་དག་ལ་ཞུ་རྒྱུར། བོད་པར་ངོས་འཛིན་པའི་ལག་ཁྱེར་དེ་བོད་ཀྱི་ཤ་རུས་ཁྲག་རྒྱུན་གཙང་མ་ཡིན་པའི་ཐོག་ལ་བོད་སྐད་གཙང་མ་རྒྱག་ཤེས་ཐུབ་ཡ་དེ་མ་རེད་པས། གཞན་དུ་བོད་ཡིན་པའི་ངོས་འཛིན་བྱེད་པའི་ལག་ཁྱེར་དེ་གང་ཡིན་ངོས་འཛིན་ཞིག་གནང་དང་། ག་ལེར་ཞུས་ཆོག །
མོ་རང་གིས་་སྐྱེ་རྒུ་ལ་ས་འགུལ་ཆེན་པོ་རྒྱབ་སྐབས། པད་མ་བསམ་འགྲུབ་སོགས་ཀྱི་མཉམ་དུ། རྒྱ་སྐད་ཐོག་ཏུ། ང་ཡི་ཁྲག ང་ཡི་བརྒྱུད་ཟེར་བའི། སྡུག་གླུ་ལེན་མཁན་གྱི་གྲས་ལ་་ཡོད་རེད། ཞིབ་གཟིགས་གནང་དང་ཤེས་ཀྱི་རེད། མོ་རང་པེ་ཅིན་གཙུག་ལག་སློབ་གྲྭ་ནས་ཐོན་པ་ཞིག་རེད་ལ། སྐྱབས་རྗེ་བདུད་འཇོམ་སྐུ་གོང་མའི་སྲས་ཆུང་བའི་སྲས་མོའི་བུ་མོ་ཞིག་རེད།
ཟམ་གདོང་རིན་པོ་ཆེ་འཇང་རིགས་ཡིན་ན་ཧང་སོང་ཡ་མི་འདུག་ག འཇམ་ནོར་ལྟར་ན་གོང་ས་མཆོག་ཨ་མདོའི་རིགས་རེད།
མི་གསོན་པོ་རིགས་པ་ལྟར་ན་ཀླུ་སྨྱོན་ཡང་ཨ་མདོའི་ཙོའི་རེད།
རིག་པའི་རལ་གྲི་བཀའ་དྲིན་ཆེ་ཨ། ད་དུང་ཡང་ཉུང་དྲག་པ་འདྲ་མོ་ཞིག་མཐོང་སོང་། མོ་རང་དངོས་གནས་བདག་གི་ཚོད་དཔགས་ལྟར་ན་ད་སྔ་འགྲན་སྟེགས་སྟེང་ནས་ལྗིད་ཆགས་པའི་འཛངས་མ་འདི་འདྲ་མཐོང་མ་མྱོང་ཟེར་ན་ཆོག་པ་ཤིག་རེད།
ཨེ་ཟམ་གདོང་རིན་པོའི་ཆེའི་གཅིག་གཟིགས་པ་ཡིན་ནའང་། བཀྲ་ཤིས་པའི་བོད་ཀྱི་འཛངས་མར་བརྩི་ཤག་ཤག་རེད།
ཡང་ཚོད་དཔགས་ཡིན་ཡིན་ད།
“འཁྲབ་སྟོན་ཏུ་འགྲོ་སྐབས་ང་དང་ངའི་ཨ་མ། ད་དུང་ང་ཚོའི་གྲོང་ཚོ་གཅིག་པའི་ཨ་ཅ་ཞིག་བཅས་ང་ཚོ་གསུམ་ལས་མེད་ཅིང་། མི་རིགས་གཞན་པའི་འཁྲབ་སྟོན་པ་ཧ་ཅང་མང་བས་གར་སྟེགས་ཐོག་མི་ཤོངས་བའི་ཚད་དུ་འདུག” འདི་ཚེ་རིང་དབྱངས་སྐྱིད་ཀྱིས་བཤད་པའི་སྐད་ཆ་རེད། ཁོང་ཚོ་འཁྲབ་སྟོན་བྱེད་དུ་འགྲོ་ས་ལྷ་ས་རེད། དེར་བརྟེན་ད་དུང་སྐད་ཆ་མང་པོ་བཤད་དགོས་པ་མི་འདུག་གོ།
གྲོགས་པོ་རྣམ་པ། དེང་སང་རྒྱ་ཕྱི་ནང་ཀུན་ཏུ་མཚན་སྙན་གྱི་གཟི་འོད་དབྱར་རྔ་བཞིན་གྲགས་ཤིང་། དོན་ངོ་མའི་ཐོག་ཁོ་མོ་ལ་རྒྱུས་མངའ་ཡོད་མེད་ཅི་ཞིག་ཡིན་རུང་ང་ཚོས་གླེང་བཞིན་པའི་གླུ་མ་ཚེ་རིང་གཡང་སྐྱིད་དམ་་གཡང་སྐྱིད་མ་ནི་བཀྲུས་ན་ཡང་མ་དག་པའི་རིགས་བཟང་ཆོས་ལྡན་ཚང་གི་སྲས་མོ་ངོ་མ་ཞིག་ཡིན་པ་མཟད། གྲུབ་བརྒྱའི་སྤྱི་མེས་སྐྱབས་རྗེ་བདུད་འཇོམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྐུ་ཡི་གདུང་སྲས་འཁྲུལ་མེད་རེད། དེ་ཙམ་དུ་མ་ཟད་གླུ་མ་གཡང་སྐྱིད་མ་ནི་བློ་སེམས་ཆོས་ལ་དཀར་ཞིང་། དད་འདུན་དང་སྐྱབས་གནས་དཀོན་མཆོག་ལ་བཅོལ་ཞིང་། མོ་རང་གི་ཆེད་ལས་གླུ་དབྱངས་ལས་མཚམས་ནམ་བྱུང་བྱུང་མཚམས་བསྙེན་བསྒྲུབ་ཁོ་ན་བྱེད་མཁན་ཞིག་རེད།
དོན་ངོ་མ་ཞུ་འདོད་པ་ནི། མོ་དང་ང་ཚོ་ལྟ་བུ་ལས་དབང་ཞིག་གིས་བསྐྲུན་པའི་ཁོར་ཡུག་འདི་འདྲ་ཞིག་ལ་གནས་བཞིན་དུས་རབས་ཀྱི་འཕེལ་རྒྱས་ལ། ཤེས་རིག་གི་གོམ་སྟབས་བསྒྱུར་ནས། བཀག་བསྡམས་ཀྱི་ར་བ་ལས་བརྒལ་ཏེ་འགྲོ་བ་མི་རིགས་སྤྱི་ལ་ཁེ་དབང་སྤྱོད་རྒྱུ་ཡོད་པ་བཞིན་རྒྱ་སྤྱིའི་གླེང་སྟེགས་ཀྱི་ཐོག་ཏུ་སྐུ་མགྲོན་ཚད་ལྡན་ཞིག་ལ་བསྐྱོད་འདོད་པ་འམ་འགྱུར་དགོས་པ་ཡིན་ན།
མ་འདོད་བཞིན་དུ་ང་ཚོར་ལས་དབང་གིས་བསྐྲུན་པའི་འཆིང་བྱེད་དམར་པོའི་བཀས་བཀོད་ཀྱི་སྒྲོག་ཁ་ལ་ཉན་འགྲིས་ཅུང་རེ་བྱས་ཤིང་། མིག་རྒྱང་དང་ཕུག་འདུན་ཆེར་ས་གཟིགས་ནས་སྐབས་བབས་དགོས་དབང་གིས་ངེས་པར་དུ་བསྟུན་དགོས་ཁེལ་བ་ནི་ང་ཚོའི་ལས་དབང་གིས་བཞག་ཟིན་པའི་ཆོས་ཉིད་ཅིག་རེད།
མོ་ཡང་ལས་དབང་འདིའི་བཀའ་རྒྱ་མྱོང་ནས་རྒྱ་སྤྱིའི་མཚན་སྙན་འདེམས་ཁ་ལ་འགྲོ་དགོས་དུས། ང་དང་ཁྱེད་ལྟ་བུ་རང་དབང་གི་ལུང་པར་གནས་བཞིན་། ཅི་བསམ་པ་བཞིན་ལས་ཆོག་པ་དང་། ཅི་འདོད་པ་བཞིན་སྨྲ་ཆོག་པའི་ཁོར་ཡུག་ཅིག་ནས་བལྟས་ཚེ། ང་ཚོའི་བསམ་བློ་ཐ་དད་པ་ལ་ཅུང་མི་འབབ་པའི་རྣམ་འགྱུར་འགའ་རེ་ཡོང་སྲིད་པ་ནི་རྟོག་བློའི་འཆར་སྒོ་ལ་མཐའ་མེད་པས་ལོས་ཡིན།
མ་གཞི་ནས་བཤད་ན་རང་གི་རང་ལ་མ་དཔྱད་བཞིན་ང་ཚོའི་སྤྱི་ཚོགས་ནང་མི་སུ་ཞིག་གིས་བྱས་རྗེས་ཅུང་ཟད་རེ་མཐོང་ཚེ་བཟང་ཕྱོགས་ལ་བསྟོད་སྔགས་རེ་དགོས་པ་ལས་ལྡོག་སྟེ། རང་བློ་ལ་མ་བབས་པའི་སྐྱོན་སྣ་རེ་ཡན་མཐོང་ཚེ་སྤྱི་ཚོགས་ཁྲོད་སྒྲག་ངེས་བྱེད་པ་ནི་གཞན་སྐྱོན་སྒྲོག་པའི་ཉེས་པ་དུ་མ་ཞིག་ཆོས་དང་འཇིག་རྟེན་གཉིས་ནས་བཤད་པ་དེ་འབྱུང་ངེས། དེས་ན་སྐུ་མགྲོན་རྣམ་པས་ང་ཚོའི་ཕུ་ནུ་མིང་སྲིང་སུ་ཞིག་གིས་འཇོན་པ་མཐོང་ཚེ། དེ་ལ་རྒྱབ་སྐྱོར་རེ་གནང་རོགས་ཞུ་རྒྱུ་ནི་ལྷག་བསམ་གྱིས་ཞུས་པ་ཡིན།། །།
དྲ་མཆན་པ་དག་གིས་ཕན་གནོད་གཉིས་ཡང་ལྕི་མི་གཞལ་བ་ནོར་འཁྲུལ་ཆུང་ངུ་ཞིག་ཚོལ་ནས་མི་དེ་ནག་པོ་བྱེད་ཅི་ཐུབ་ཀྱིས་སྐད་ཆ་བཤད་རྐྱང་བྱེད་པ་འདི་ཉིད་རང་མི་རིགས་དང་མི་རིགས་ཀྱི་སྒྱུ་རྩལ་བ་དག་ལ་གྱོང་གུད་སྟེར་བའི་རྒྱུ་རྐྱེན་དུ་ཆགས་ཀྱི་ཡོད། དེས་ན་ཡོངས་དགེ་མི་འགྱུར་རིན་པོ་ཆེས་རྩོམབགནང་བའི་དགའ་བའི་འཚོ་བ་ཞེས་གྲགས་ཅན་གྱི་དབྱིན་དེབ་ལས་ལུང་འདྲེན་ཞུས་པ་ཞིག་འདིར་བཀོད་ཡོད་བློ་བསྐྱེད་རེ་ཐོབ་པའི་རེ་བ་ཡོད།
དགའ་བའི་འཚོ་བ་ཞེས་པ་ལས་མི་གསོན་པོས་བཤུས།
ཚན་རིག་པ་དག་གིས་བཤད་སྲོལ་ཞིག་ཏུ་གལ་སྲིད་འགྲོ་བ་མི་ཞིག་ལ་མཚོན་ན་ཁྱེད་ལ་བཟང་ཕྱོགས་ཀྱི་ཆ་དགུ་དང་ངན་ཕྱོགས་ཀྱི་ཆ་གཅིག་བཅས་བཅུ་ཡོད་ཚེ་མི་རྣམས་ངན་ཕྱོགས་ཀྱི་ཆ་དེ་དང་པོ་མཐོང་ལ་དེས་བཟང་ཕྱོགས་ཀྱ་ཆ་དེ་དག་ཀྱང་ངན་ཕྱོགས་སུ་བསྒྱུར་འགྲོ་ཞེས་བཤད་ཀྱིན་འདུག ང་ཚོས་མི་ཡི་ནོར་འཁྲུལ་དང་སྐྱོན་ལས་སླ་བོའི་ཐོག་ནས་མཐོང་ཐུབ་ལ་ནོར་འཁྲུལ་ཐེངས་ཤིག་གིས་མི་དེ་ནག་པོ་བྱེད་ཐུབ་ཀྱང་དགེ་མཚན་ཐེངས་ཤིག་གིས་མི་དེ་དཀར་པོ་བཟོ་མི་ཐུབ། དེའི་ཕྱིར་མི་ཚེ་རིང་པོའི་ནང་དུ་མི་སུ་ཡིན་ཡང་ནོར་འཁྲུལ་ཤོར་སྲིད་པས་ང་ཚོས་ནག་ཉེས་ཡོ་བསྲང་བྱེད་རྒྱུའི་གོ་སྐབས་ངེས་པར་སྤྲོད་དགོས།།
བུ་མོ་འདིའི་སོ་སོ་མི་རིགས་གང་ཞིག་གི་ཁོངས་སུ་གཏོགས་མིན་ཡང་ཤེས་ཀྱི་མི་འདུག མོ་བོད་པ་མིན་མོན་པ་ཡིན་ཟེར། ངོ་ཚ་ཡ་རང་རེད། མོན་པ་མི་རིགས་གཞན་ཤིག་ཡིན་ན་རྒྱལ་རོང་བ་ཚོ་ཡང་མི་རིགས་གཞན་ཤིག་ཡིན་རྒྱུ་རེད། རྒྱ་མ་བོད་ཞིག་ལ་ཨང་དང་པོ་མ་ཐོབ་པར་ཁྱེད་ཅག་ངུ་སྐད་ཤོར་དགོས་མ་རེད། དྲ་རོགས་ཚོ།
གསར་འགྱུར་ལས་བསྒྲགས་པ་ལྟར་ན་ད་ཐེངས་གི་འགྲན་བསྡུར་འདི་བརྒྱུད་ནས་གླུ་བ་གླུ་མ་མང་བོ་ལ་དགའ་བོ་རེག་ཡོད་པ་འདྲ། དེ་བཞིན་དུ་དབྱིན་ཡུལ་ནས་ཡོང་བའི་རྒྱ་མི་ཕོ་གསར་རྐམ་པོ་དེ་ང་ཚོའི་དབྱངས་ཅན་མ་ལ་དགའ་བོ་བྱས་རྩིས་བྱས་པ་ཡིན་ས་རེད། ཁ་ལག་མཉམ་དུ་ཟོས་པ་དང་། རྩེད་མོ་མཉམ་དུ་རྩེས་པ་སོགས་བྱས་པས། རྒྱ་མི་དེར་རེ་བ་ཅུང་ཟད་ཡོད་ས་རེད་བསམ་པ་འདྲ། འོན་ཀྱང་མཐའ་མར་མོ་རང་གི་དགའ་རོགས་ངོ་མ་དེ་དང་ཨ་མ་བཅས་མཉམ་དུ་བླངས་པའི་འདྲ་པར་བསྟན་པས། རྒྱ་མི་ཕོ་གསར་དེ་ཁ་ལ་ཕྱི་དག་ཅིག་བྱས་ནས་རྒྱང་རིང་དུ་སོང་ཡོད་པ་འདྲ། ཞིབ་ཏུ་ཤེས་འདོད་ན་འོག་གི་དྲ་ཐག་ལ་གཟིགས།http://www.youtube.com/watch?v=eoO6uzInEgY
ཁ་སང་དེ་རིང་བུ་མོ་འདིས་ཁ་བརྡ་དྲ་རྒྱ་ནག་གི་ཁ་འབར་ཚོ་ལ་ལས་འགན་རིང་མོ་ཞིག་སྤྲད་འདུག བུ་མོ་འདིར་མ་ཐུག་པར་རྒྱག་རེས་རྒྱག་སྟངས་ལ་ལྟོས་དང་། བུ་མོ་འདི་དངོས་སུ་ཐུག་རྒྱུ་ན་ཁ་བརྡ་དྲ་བའི་ཁ་འབར་ཚོས་གསོད་རེས་བྱེད་ས་རེད། ཁག་མི་འདུག ད་ཐེངས་གི་འགྲན་བསྡུར་སྐབས་སུ་ཡང་། འགྲར་བསྡུར་བ་དང་། སྐར་མ་སྤྲོད་མཁན། ལས་བྱེད་པ་སོགས་ཀྱི་ཁྲོད་ན། ཉལ་ས་མ་དྲོས་སྔོན་ལ་རྐང་པ་བསྐྱངས་ཡོང་མཁན་མང་པོ་ཡོད་ས་རེད། ཧཧཧཧ
http://www.youtube.com/watch?v=eoO6uzInEgYའདི་འི་ནང་ལ་གླུ་མ་འདིས་རང་མིང་། གཡང་སྐྱིད་མའམ། དབྱངས་ཅན་མ་ལྟ་བུར་ལན་རྒྱབ་པར་གོ་བྱུང་།
བོད་ཀྱི་ས་ཆ་མང་པོ་ཞིག་ནས་བོད་པ་ཟེར་དུ་བོད་དབུས་ཁུལ་གྱི་མི་ལ་ངོས་འཛིན་བྱེད་ཀྱི་རེད་་དེ་ཡང་ལྷ་སའི་གཡས་གཡོན་དང་ལྷག་པར་དུ་ལྷོ་ཁ་ཁུལ་ལ་ངོས་འཛིན་བྱེད་སྲོལ་འདུག།
དཔེར་ན་ངས་ཕ་ཡུལ་ནག་ཆུ་ནས་ལྷ་སར་འགྲོ་སྐབས་བོད་ལ་འགྲོ་ཟེར་བ་དང་་བོད་པ་དེ་ཚོ་ལབ་དྲི་ཁ་སོགས་་ཟེར་གྱི་རེད་་ང་ཕ་ཡུལ་དུ་ཡོད་སྐབས་གང་ཡང་ཧ་མི་གོ་ནའང་ཕྱིས་སུ་བསམ་དུས་ངོ་མ་ཡ་མཚན་སྐྱེས་སོང་། གཅིག་བྱས་ན་གཞས་མ་འདིས་ཀྱང་གནས་སྟངས་དེ་འདྲའི་ཐོག་ནས་སྣང་དོགས་མེད་པར་ཤན་སྟོབས་ཀྱིས་བརྗོད་པ་ཡིན་སྲིད་
ཉི་མ་ལྷ་ས། ཁ་བརྡ་ཚང་ན། བྱི་མོ་རིག་མ་མྱོང་ནི་ཏག་ཏག་ཡོན་ས་རེད་ཨ། ཡག་རྒྱུ་འདྲ་ཅང་མེད་ཀི་མོ། འདི་མོ་འདྲ། མདོ་སྟོད་སྨད་ཕྱོགས་ལ་གང་ས་གང་ན་གང་བསྡད་ཡོད་ཐལ།
ས་སྒོ་མཐོ་ས་ན། སྐད་མགོ་མཐོ་བས་རྒྱ་ལུ་རྒྱ་མོ་ཚོས་ཡུམ་ཅིག་རྟེན་གི་ན། དེ་བ་ཚང་ལ་དགོས་ན་དགོས།
བོད་པ་ཡིན་ཟེར་རྒྱུ་ན། རག་གི་རྟགས་མ་ཟིག་ལ་ཡང་རག་ནི་མ་རེད། ད་བྱས་དུས། མོར་སྐད་ངག་ཡོད་པས་མ་ཚད་སྤྱང་གྲུང་འཛོམས་པོ་ཟིག་ཡང་ཡོད་པ་འདྲ། སྲལ་འི་སྲལ་འི།
ཡག་གི་ལ་ཟེར་མི་ཐུབ་གི། སྙན་གི་ལ་མ་བརྫོས་ས་མི་འགྱོ་འི། བཀྲ་ཤིས་བདེ་ལེགས་ཡོད། ཧ་ཧ།
གཞས་མ་གཡང་སྐྱིད་མ་བོད་པ་ཡིན་མིན་ཐེ་ཚོམ་ཟ་མཁན་ཚོས་མོ་རང་གི་གཞས་འདི་ལ་ལན་གཅིག་ཉན་དང་ཐེ་ཚོམ་སེལ་འགྲོ་ངེས་རེད། http://youtu.be/_7fHyG5geCs
བུ་མོ་འདིའི་འགྲན་སྡུར་མགོ་ནས་མཇུག་བར་དུ་ལྟས་པ་ཡིན། ཡིན་ན་ཡང་ཥོས་རང་ཉིད་བོད་པ་མིན་ཚཱུལ་མགོ་ནས་མཇུག་བར་དུ་ཨུ་ཚིགས་བརྒྱབ་སོང་། བཟི་དཔང་དགེ་རྒན་ཕྱེད་བོད་མི་ཡིན་པ་ཧན་ཧོན་གྱིས། ང་ཚོ་བོད་རིགས་མང་ཚོགས་ཀྱི་དམངས་ཁྲོད་དུ་གླུ་གཞས་ཞེས་ཡང་ཡང་བཤད་པ་མ་ཟད། ང་དང་ཁྱེད་རང་མི་རིགས་གཅིག་པ་ཡིན་པས་ཞེས་ཡང་ཡང་དུ་གོ་རྒྱུ་བཏང་ཡང་། མོས་རང་ཉིད་བོད་མི་མིན་ཚུལ་མཐའ་སྐྱེལ་སོང་། ད་དུང་མོས་ལེན་བཞིན་པ་དེ་བོད་སྐད་ཀྱི་མ་ཎི་སྒྲ་དབྱངས་སོགས་ཡིན་ཡང་ད་དུང་མོས་དེ་ནི་མོ་རང་གི་མི་རིགས་ཀྱི་དམངས་ཁྲོད་གླུ་དབྱངས་ཞེས་ཨུ་ཚིགས་བརྒྱབ་པ་མ་ཟད། ད་དུང་མདོ་འཛིན་པ་མཐོ་སྒང་ནས་ཡོང་བའི་བུ་མོ་ཞེས་བོས་ཀྱང་མོས་རང་ཉིད་བོད་མི་མིན་པ་ཡང་ཡང་དུ་བརྗོད་སོང་། དེ་ལས་ཀྱང་མོས་མཐའ་མའི་འགྲན་སྡུར་གཉིས་པའི་སྟེང་དུ། བཅིངས་འགྲོལ་དམག་མི་གླུ་དབྱངས་ཞིག་ཀྱང་བཏང་སོང་།
མོ་བོད་མི་ཡིན་པ་ང་ཚོས་ཤེས་ཀྱང་བོད་མི་མིན་པར་སྒྲུབ་མཁན་མོ་རང་ཉིད་རེད
http://youtu.be/_7fHyG5geCs
འདི་ཡི་ནང་ལ། མོ་བོད་པ་མིན་པ་མ་ཟད། ནང་པ་ཡང་ཡིན་བཟོ་མིན་འདུག མོའི་གཞས་ཚིག་བླ་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབ་སུ་མཆིའོ། དགེ་འདུན་སྐྱབས་སུ་མཆིའོ། ་་་་་་ དེ་ཚིག་རིས་ཟིན་ཐུབ་མ་སོང་་་ ཧཧཧཧ།
མོ་ཨ་ནི་ཆགས་ན། ཨ་ནི་ཀུན་བཟང་དབང་མོའི་ཟིན་ཐོ་གཏོར་ས་རེད་འདུག
མོ་བོད་པ་ཡིན་བཟོ་མི་འདུག་བོད་སྐད་བཤད་ཀྱི་འདུག ནང་པ་ཡིན་བཟོ་མི་འདུག་སྐྱབས་འགྲོ་འདོན་གྱི་འདུག་ཟེར་བ་ཡིན་ནམ་གཉེར་ཕྱག་པ་ལགས། ཧཧཧ
༥༦༽ ལུང་རྟོགས་ལགས།
མོས་བོད་པ་མིན་ལབ་སོང་། གང་ཡིན་ཟེར་ན་ཀོང་པོའམ། མོན་པ་ཡིན་ལབ་ཟེར་མཁན་ང་མ་རེད། ངས་དེ་ཚོ་ལ་གོ་རྒྱུ་བཏང་བ་ཡིན་ལགས།
སྤོ་བོ་ཀ་གནམ་རྒྱལ་པོའི་གདུང་ལས་ཕེབས་པའི་ལྷའི་སྲས་མོ་རུ་གྲགས་པའི་བུ་མོ་”གཡང་སྐྱིད་མ”།
རིག་པའི་རལ་གྲིས།
འོ། ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་མིང་སྲིང་ཡོངས་ལ། ང་ལ་དེ་རིང་བུ་རམ་ལས་མངར་ཞིང་། ཨ་མྲ་ལས་ཞིམ་པ། རྒྱུད་མང་ལས་སྙན་པའི་གཏམ་བཟང་ཞིག་ཞུ་རྒྱུ་ཡོད། དེ་ནི་སྐྱབས་རྗེ་བདུད་འཇོམ་འཇིག་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་སྐུ་ཡི་ཚ་མོ་བུ་མོ་ཚེ་རིང་”གཡང་སྐྱིད་”མའི་སྐོར་རེད།
༢༠༡༣ ལོར་རྒྱ་ནག་གི་ཆེས་དགའ་ཤོས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་འགྲན་རྩོད་ཀྱི་གླུ་གར་སྤྱི་སྟེགས་རྒྱ་ནག་ཧྲང་ཧེ་ལ་རྟེན་གཞི་བྱས་པའི་ཐོག་ནས། བུ་མོ་གཡང་སྐྱིད་མ་རང་གིས། གྲེ་བ་བདེ་མོའི་འགྱུར་ཁུག་ལས་དྲངས་ཤིང་། ཡན་ལག་དྲུག་བཅུའི་དབྱངས་དང་ལྡན་པར་བླངས་པའི་གླུ་དབྱངས་སྙན་མོ་དང། གུས་ཞབས་དང་ནང་དོན་གྱིས་ཕྱུག་པའི་གཏམ་གྱི་དྲི་ལན། ཧ་ཅང་གིས་མཛེས་སྡུག་ལྡན་པའི་བཞིན་རས། ཡིན་ལུགས་ཚུལ་མཐུན་གྱི་བབ་ཆགས་པའི་འཛུམ་མདངས། དཀའ་ངལ་ཆེ་ཕྲ་ཀུན་ཀྱང་ཁོག་ལ་ཤོང་ཐུབ་ཅིང་དགའ་སླ་སྡུག་འགྱོག་གང་ཡང་མེད་པའི་རྣམ་འགྱུར་བཟང་པོ། ཕྲ་ཞིང་རན་པའི་སྐུ་ལུས་ཀྱི་ལྡེམ་འཁྱུག་སོགས་ཕྱོགས་གང་གི་ཐོག་ནས་འཛམ་གླིང་འདིར། ང་ཚོ་མཐོ་སྒང་བོད་ཀྱི་མི་རིགས་ལ་གང་འདྲ་ཞིག་ཡོད་པ་དང་། ལྷག་པར་ང་ཚོའི་མ་སྲུ་མོ་སྨན་རྣམས་ལ་གང་འདྲ་ཞིག་ཡོད་པ་མངོན་གསལ་དོད་པོས་བསྟན་ཅིང་། སྐྱེ་བོ་བྱེ་བ་མང་པོའི་ཁ་ཞེ་གཉིས་མེད་དུ་ལུས་ངག་ཡིད་གསུམ་གྱིས་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་པ་འདི་ནི། ངོ་མ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཆེན་པོ་བྱེད་རྒྱུ་ཡོད་པའི་གོ་སྐབས་ཤིག་རེག་སོང་། གྲོགས་པོ་ཚོ་བསམ་གཞིག་ནན་པོ་ཞིག་གྱིས་ནས། འགྲན་རྩོད་འདིའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཡོངས་ལ་སྡོམ་ཞིག་རྒྱོབ་དང་། ཐོག་མར་ཡར་འགྲན་རྩོད་འདིར་ཞུགས་པའི་ཉིན་མོ་རུ། འཛམ་གླིང་རྒྱལ་སྤྱི་ལ་ཆེས་སྙན་གྲགས་ཆེ་ཤོས་ཀྱི། ཨ་རིའི་གྲགས་ཅན་གྱི་གཞས་གཏོང་མཁན་གྱི་སྒྱུ་རྩལ་བ། ཉིས་སྟོང་བཅུ་གཅིག་ལོར་ཡིན་པ་ཡོད། ཨ་རིས་ཀྱི་ཆེས་དགའ་ཤོས་ཀྱི་གླུ་གར་བའི་གཟིང་རྟགས་ཐོབ་པའི་གླུ་བ་ཨེ་ཌམ་ལགས་དང་། འཛམ་གླིང་རྒྱལ་སྤྱིའི་གླུ་མའི་རྒྱ་མོ་རུ་གྲགས་པའི་ཀོ་ཀོ་ལིས་དང་། རྒྱ་ནག་ནང་ཁུལ་གྱི་གླུ་མའི་རྒྱལ་མོ་ཧང་ཧང་སོགས་དཔང་པོ་ཟེར་ན་འདྲ། དཔྱད་གདེམས་པ་ལྔས། བུ་མོ་གཡང་སྐྱིད་མས་ཕ་མེས་ཀྱིས་བཞག་པའི་ཆས་གོས་སྐུ་ལུས་ལ་བསྒོས། རོལ་མོ་ཕྱག་དུ་ཁྲོལ་བ་དང་ལྷན། རྨོ་རྨོ་ལགས་ཀྱིས་བསླབས་གནང་བའི་བོད་ཀྱི་དམངས་གཞས་རྙིང་པ་དེ་པི་ཝང་ལས་ཀྱང་སྙན་ཙམ་ཞིག དེ་སྔོན་འགྲན་རྩོད་དེ་འདྲའི་ནང་བྱུང་མྱོང་མེད་པའི་ལུས་ཀྱི་སྟངས་སྟབས་དང་བཅས་བླངས་པ་མཐོང་བའི་ཚེ། ། མིག་གཉིས་གཡོ་འགུལ་མེད་པར་མོ་ལ་གཟིགས་ཤིང་། གྱང་ལ་རི་མོ་བྲིས་པ་ལྟར་གྱུར་བ་མ་ཟད། ཧ་ཅང་གི་བསྟོད་བསྔགས་ཆེན་པོར་གནང་བ་ནས་བཟུང་། ཟླ་བ་བཞིའི་རིང་འགྲན་རྩོད་པ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བརྒྱ་ཕྲག་ལས་བརྒལ་བ་ཡོངས་ལས་ཐེངས་གཅིག་ཙམ་མ་གཏོགས་ཤོར་མྱོང་མེད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ་ཡོད་པ་སུས་ཀྱང་མོའི་སྐད་ངག་སྙན་མོ་ཐོས་ཚེ་སྐད་རིགས་གང་འདྲའི་ཐོག་ལ་བླང་ཡོད་མེད་ལ་མ་ལྟོས་པར། སེམས་ནང་ལ་ཞི་བདེ་ཡི་ཚོར་བ་ཞིག་སྤྲད་ཀྱིན་་འདུག་ཟེར་ཁ་སྒོ་གཅིག་ལས་གྲགས་པའི་བདེན་པའི་གཏམ་བཞིན་གྱུར་ནས། ལྷ་མོ་ཞེས་པའི་མཚན་གྱི་ཅོད་པཎ་དེ་ཆེད་དུ་མ་འབད་བར་མོའི་སྤྱི་བོར་བབས།
མཐའ་མའི་འགྲན་རྩོད་ཉིས་སྟོང་བཅུ་གསུམ་གྱི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་ལྔའི་དགོངས་མོ་ལྟ་བུར་མཚོན་ནའང། ཁ་བའི་སྲས་མོ་གཡང་སྐྱིད་མ་རང་ཉིད་ཀྱིས་བརྩམས་གནང་མཛད་པའི་ཚིག་དང་དབྱངས་ཕུན་སུམ་ཚོགས་པ། དཔེར་ན། “སད་པར་གྱིས” ནམ་འགྱོགས་པོར་ལངས་རན། ལམ་ལ་ཆས། ལམ་ཐག་རིང་། མཛའ་བརྩེའི་མི། ཁྱོད་སྐྲག་སྣང་མ་བྱེད། མུན་པ་ནི་འོད་ཟེར་འཆར་ཀའི་སྔ་རོལ་ཙམ་རེད། འོད་སྣང་ཞེས་དང་། གུ་རུ་རིན་པོ་ཆེའི་གསོལ་འདེབས་དང་། གཞན་ཡང་མ་ཎི་པད་མེ་དང་། ཏ་རེ་ཏུ་རེ་སོགས་དང་། ལྷ་ས་ཞེས་པའི་སྙན་འཇིབས་ལྡན་པའི་གསར་བཞད་རྐྱང་རྐྱང་གིས་འགྲན་རྩོད་པ་ཡོངས་ལས་རྣམ་པར་རྒྱལ་བ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་སྤྱན་ལམ་དུ། ཕར་བལྟས་ཚུར་གསལ། ཟུར་བལྟས་ལེབ་མཐོང་དུ་གྱུར་ནའང་། མོ་རང་གི་དད་པ་དང་དམ་ཚིག་བརྟན་པོ་ལ་གཡོ་འགུལ་མེད་པའི་ཉེར་ལེན་གྱིས། གོ་སྒྲིགས་པའི་ངོས་ནས། བརྗོད་མི་ནུས་པའི་གསང་བའི་གཏམ་རྒྱུད་ཞིག་འཁྲབ་ནས་གཟིང་རྟགས་དེ། རྒྱ་རིགས་བུ་ཆུང་ཐེངས་གསུམ་བཞིར་ཤོར་མྱོང་བའི་ལོའུ་ཤང་ཤང་ལ་སྤྲད་ཅིང་གཡང་སྐྱིད་མ་ལ་ཨང་གཉིས་པའི་བྱ་དགའ་མ་གཏོགས་མ་རེག་པ་འདིས་ནི། བུ་མོ་གཡང་སྐྱིད་མས། གཞན་བཀའ་མ་ཆོག་ནས་བཏང་དགོས་ཐུག་པའི་དམར་པོའི་ཐིག་ལེ་དེ་གཏན་ནས་བསུབ་བཏང་བ་མ་ཟད། མོ་ཡི་རིགས་ཞེན་ཟབ་མོ་དང་། ཆོས་དད་ཆེ་བའི་ནོར་བུའི་རྒྱན་ཆ་གང་དང་གང་འདྲ་ཞིག་བཏགས་ཡོད་མེད་གསལ་བཤད་བྱས་ཡོད་རེད་ལ། མོའི་རྒྱན་ཆ་དང་མོ་ཡི་རིན་ཐང་དེ་བླ་ནས་བླ་རུ་མཐོ་བར་བྱས་ཡོད་པ་འདིས། བུ་མོ་རང་གི་མི་རབས་མི་བརྒྱུད་ལ་མཚོན་ན། གྱིག་ལས་བཟོས་པའི་མཐའ་མའི་གཟིངས་རྟགས་དེ་བུ་མོ་གཡང་སྐྱིད་མའི་ཕྱག་ལ་སོན་པ་ལས་ཀྱང་། གཟི་བརྗིད་དང་རིན་ཐང་ཆེ་བའི་དོན་གྱི་གཟིང་རྟགས། ཕ་མེས་ཀྱི་དགོངས་པ་རྫོགས་ནུས་ངེས། དེབ་ཐེར་ལ་འཁོད་ཆོག་པའི་ཕྱག་རྟགས་བཟང་པོ་དེ་མོའི་ཕྱག་ཙམ་དུ་མ་ཟད་སྙིང་དཀྱིལ་དུ་སོན་ཡོད་པ་དང་། ལོ་རྒྱུས་དེ་ནི་ཇི་སྲིད་བོད་ཀྱི་ལོ་རྒྱས་སྨྲ་བའི་ལྕེ་རྩེ་མ་སྟོང་བར་འཇིག་རྟེན་ཆེན་པོ་འདིར་གནས་པར་འགྱུར་བའི་ངོས་འཛིན་ཞུ་བཞིན་ཡོད། །
ཚེ་རིང་གཡང་སྐྱིད་ཟེར་བའི་གཞེས་མ་དེ།བོད་པ་དང་།བོད་མི།བོད་རིགསགང་ཡིན་གི་རྩོད་པ་བྱེད་མཁན་རྣམས་ལ།འདྲི་ཡ་ལ།བོད་ཟེར་བ་དེ་མི་རིགས་ཤིག་གི་མིང་རེད་དང།ཡུལ་ལུང་ཞིག་གི་མིང་རེད།དེ་མིན་ཡང།མི་རིགས་གཅིག་ཟེར་བ་དང་རིགས་རྒྱུད་གཅིག་ཟེར་བ་ལ་ཁྱད་པར་ཡོད་དམ།རིགས་དང་རུས་ཟེར་བ་ཡང་གང་འདྲ་རེད།ང་ཚོ་བོད་ལ་རུས་རྒྱུད་ཀྱི་དབྱེ་བ་འབྱེད་སྟངས་ཞིག་ཡོད་པ་ལས།ལོ་རྒྱུས་ཚོའི་ནང་དུ་མི་རིགས་ཀྱི་དབྱེ་བ་འབྱེད་སྟངས་ཞིག་ཨེ་ཡོད་མི་ཡོད།སྤྱིར་མི་རིགས་ཟེར་བ་དེ་ལ་ཐུན་མོང་གི་མཚན་ཉིད་ཅིག་མེད་པ་འདྲ།ངས་བསམ་ན་མོན་པ་ཟེར་བ་དང།གཙང་པ་ཟེར་བ།ཁམས་པ་ཟེར་བ་ནི་ལུང་ཚན་ཙམ་མིང་ཀྱི་རེད་འདོད།འོན་ཀྱང་གཞེས་མ་དེས་མོ་རང་མོན་རིགས་ཡིན་ཟེར་དོན་ནི།མོ་རང་གི་ངོས་སྦྱོར་ལག་ཁྱེར་གྱི་སྟེང་དུ་མོན་རིགས་ཞེས་བྲིས་ཡོད་པ་འདྲ་བསམ།
དེ་བདེན་པ་འདྲ་ཞིག་གསུང་སོང་།
དྲ་འབུ་དག་གིས་དགོས་མེད་ཀྱི་རྩོད་ཉོག་མང་པོ་ཞིག་རྒྱག་འདུག་དེ་ནི་ཕལ་ཆེར་ལས་མེད་ཀྱི་རང་གཤིས་ཤིག་ཡིན་པ་ཐེ་ཚོམ་མེད་གྲོགས་པོ་དག་མདོ་དབུས་གང་ཡིན་ལ་རྩོད་རྒྱག་དགོས་དོན་ཅི་འདུག་བོད་པ་གཙང་མ་ཞིག་ཡིན་པ་དོགས་གཞི་མེད་རྣམ་རྟོག་དང་ལོག་རྟོག་དཔག་ཚོད་སོགས་ཀྱིས་སླེད་པའི་དོགས་གཞི་དེ་དག་རེ་ཞིག་ངལ་གསོ་གནང་རོགས།