ཁྲོ་གཏུམ།
ནགས་ཚལ་གྱིས་དུས་བཞིར་འཕྱོར་ལྭ་མནབས་པ་མིག་ལ་བརྒྱུད་ཡོད
བྱིས་སྐད་ཡང་དེ་བཞིན་འགྱུར་ཁུག་ལ་སིམ་པ་རྣ་བས་རུམ
ཆུ་བོའི་རྒྱུན་ལ་ཤག་གླུ་གྱེར་སྲོལ་དེ་བཞིན་ཡག
སེམས་ཀྱི་འཕུར་ཕྱོགས་ཤིག་གིས་རོལ་མྱོང་གི་བར་མཚམས་བཅད་པའི་དུས་དེ་ཙ་ན
ལུས་ཀོག་རྐང་བས་དྲུད་པ་ཙམ་ལས་ཅང་མ་རྙེད་པ་ལྟ་བུ་འདི་ལས
བློ་གཤོགས་སུ་ཆག་གྲུམ་དུ་མ་ཤོར་བ་ཡུལ་གྲུ་འདིའི་ཁྱད་ཆོས་རེད་འདུག
རི་ངོས་ནས་ཐུར་དང
རི་ངོས་ནས་གྱེན་ལ
ངའི་བར་སྣང་གི་སེམས་པ་ག་ཚོད་འགྲོ་འོང་བྱས་མྱོང་བའི་གྲངས་ཚད་བརྗེད་རུང
ཁྱིམ་མཚེས་ནག་རིས་ཚོ་ལས་ང་རང་སྟབས་བདེ་བྱས་ཏེ་འགུལ་བ་མང་དྲག་ཡོད
དྲོ་འཁྱག་ལ་གདམ་ཀ་བྱེད་པའི་འགྲོ་སྟངས་འདི་ལས
སེམས་ཀྱི་རྟ་ཁར་སྲབ་མེད་པ་ལྟ་བུའི་གཡོ་སྐྱོམ་ཤིན་ཏུ་རྒོད་སོང
གཡས་དང་གཡོན
མདུན་དང་རྒྱབ
འདི་དག་ནས་ངའི་རྟེན་འབྱུང་གི་ཁེ་ཕན་སྔོག་དགོས་པའི་འདུན་པ་ལ
དབུགས་མ་རྒྱབ་པའི་སེམས་པ་མཆོངས་ལྡིང་བྱེད་ཁག་ན
ངས་དྲག་རྩལ་མ་འདྲ་བ་ག་ཚོད་ཅིག་ལ་ལས་དབང་བཅོལ་དགོས་སོང
དེ་བས རྒྱུན་དུ་ཧྥོའུ་ཕུ་བོ་བཞིན་དགོད་ནས་འདུག་རྒྱུ་བཟང
ཧཧཧ ཧཧཧ ཧཧཧ ཧཧཧ
2013/8/29ཉིན།