གངས་ཆབ་དག་མ།
ཞི་བདེ་རྒྱ་མཚོའི་གྲུ་ཟུར་ནས་གསར་དུ་བཞད་པའི་དྭངས་གཙང་ལྷད་མེད་ཀྱི་ཁ་བའི་མེ་ཏོག་རྐང་གཅིག་༼གཡང་སྐྱིད་མ༽།
འཛམ་གླིང་ཡོངས་ཁྱབ་ཀྱི་འཕེལ་ཕྱོགས་ལས་ཆབ་དཔལ་རིག་གསུམ་གྱི་གཟི་འོད་དུས་སུ་མངོན། དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་ཟབ་མོས་གླུ་གར་རོལ་རྩེད་ཀྱི་རྣམ་འགྱུར་གཏན་དུ་བསྐྲུན། དེ་བས་ན། ནང་དུ་དགའ་སྡུག་གི་ཚོར་བ་ཇི་ལྟར་ཟབ་ཀྱང་ཕྱི་ནས་འཛུམ་མདངས་རི་མོ་ཡལ་དཀའ་བའི་བོད་ཁ་བ་ཅན་པ་དག་ནི། གླུ་གར་གྱི་རྒྱ་མཚོ་དང་སྒྱུ་རྩལ་གྱི་དོ་ར་ཡིན་ལ། བོད་མི་རེའི་ཁ་ན་གླུ་རེ་ཞེས་ཤོད་སྲོལ་ཡོད་པ་བཞིན། རི་བོ་གངས་ཅན་གྱི་ཉེ་འདབས་ན་འཚོ་བཞིན་པའི་མི་རིགས་འདིའི་ཡབ་མེས་ཚོས་ཀྱང་། རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་བག་ཆགས་ངེས་ཅན་ལྡན་ཞིང་། འགྲོ་བ་མིའི་རིགས་ཀྱི་རང་གཤིས་ལ་ལྷན་སྐྱེས་སུ་གྲུབ་པའི་དགའ་སྐྱོ་ཡིད་ཀྱི་འགྱུ་བག་གསལ་བར་མཚོན་ནུས་པའི་ཁྱད་པར་zཅན་གྱི་ལུས་ངག་གི་རྣམ་འགྱུར་རེ་རེ་ཡང་། འཛམ་གླིང་སྒྱུ་རྩལ་གྱི་བང་མཛོད་ཁྲོད་དུ་རིན་བྲལ་ནོར་བུའི་ཆུན་པོ་ཤ་སྟག་ཡིན་མོད།
དེ་ལྟར་ནའང། ཤར་ཕྱོགས་ཀྱི་ཉི་འོད་དམར་པོས་གངས་དཀར་རི་བོ་ཆབ་ལ་བསྒྱུར་ཞིང་། བསྐལ་བའི་རླུང་ནག་འཚུབ་མས་ཕ་མཁར་དམར་པོའི་དར་ལྕོག་བསྒྱེལ་ནས། ལས་དབང་གི་འབབ་རྒྱུན་རིང་མོ་ནས་རྨ་ཟླ་འབྲི་གསུམ་གྱི་སྨྲེང་སྐད་ཤོར་དུས་འདིར། འོད་སྟོང་འབར་བའི་ཐུན་མིན་རིག་གཞུང་གི་ཆ་ཤས་རེ་རེ་བཞིན། གཡུལ་སར་ལྷུང་བའི་ནོར་རྫས་བཞིན་བདག་མེད་ཡན་བོར་དང་། བདག་ཡོད་དབང་མེད་ཀྱི་ཚུལ་དུ་ཉམས་པ་ནས་རྒུད། རྒུད་པ་ནས་རྩ་མེད་ཀྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་པའི་དུས་རབས་འདིར། སྐར་ཚོགས་རིམ་གྱིས་ཡལ་བའི་མཁའ་མཐའ་ནས། སླར་ཡང་བཀྲག་མདངས་འཚེར་བའི་སྐར་ཆེན་རེ་གསར་དུ་མངོན་པ་བཞིན། གངས་ཆབ་ཀྱིས་གསོས་ཤིང་རྩ་ཐང་གི་དཀྱིལ་ནས་ལང་ཚོའི་མེ་ཏོག་གསར་དུ་བཞད་པའི་ཤེས་འཇོན་ལྡན་པའི་བོད་ཕྲུག་གཞོན་ནུ་རེ་རེས། དུས་རབས་ཀྱི་གར་སྟབས་དང་འགྲོགས་ནས། རང་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་གི་ལེགས་སྐྱེས་རེ་རེ། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཁྲོད་དུ་དྭངས་གཙང་ལྷད་མེད་ཀྱི་ཁ་བའི་མེ་ཏོག་རེ་རེའི་ཚུལ་འབུལ་བཞིན་པའི་ཁྱོད་ཚོའི་རྣམ་འགྱུར་གྱིས་བཞག་པའི་བག་ཆགས་ནི། ནམ་ཡང་བརྗེད་ཐབས་བྲལ་ཞིང་དགའ་སྐྱོའི་ཚོར་བ་གཉིས་ཆར་དུས་གཅིག་འདྲེན་པའི་གདུང་ལྡན་ཡིད་ཀྱི་བདུད་རྩི་ཁོ་ན་ཡིན།
བརྗོད་དོན་ཅན་གྱི་ཁ་བའི་སྲས་མོ་ཚེ་རིང་གཡང་སྐྱིད་དམ་གཡང་སྐྱིད་མ་ཞེས་གྲགས་པའི་བོད་ཀྱི་གླུ་མ་འདི་ལ་མཚོན་ན། རིགས་བཟང་ལྷ་དཀར་ཆོས་ལྡན་གྱི་ཁྱིམ་ཚང་དུ་ལང་ཚོའི་མྱུ་གུ་སྨིན། གཞན་ཕན་བྱམས་དང་བརྩེ་བས་ཐུགས་རྒྱུད་འཇམ་ཞིང་དུལ། དམ་པ་ལྷ་ཆོས་ཀྱི་བག་ཆགས་ཟབ་ཅིང་བརྟན་པ་འདིས་ཆོས་ལྡན་བོད་པའི་བུ་མོའི་ངང་ཚུལ་གསལ་ལ། གཞུང་དྲང་ཁྲེལ་ལྡན་དང་བཞིན་བཟང་བློ་བརྟན་སོགས་ཡ་རབས་གཞོན་ནུ་མའི་རང་གཤིས་ལྷན་སྐྱེས་སུ་གྲུབ།
༢༠༡༣ལོ་འདིར་རྒྱ་ནག་གྲོང་ཁྱེར་ཧྲང་ཧེ་རུ་གོ་སྒྲིག་བྱས་པའི་འཛམ་གླིང་གང་ས་ནས་སྐྱེ་བོ་དུང་ཕྱུར་མང་པོས་དགའ་མོས་ཞུ་ཡུལ། རྒྱ་ནག་གི་ཆེས་དགའ་ཤོས་ (Chines Idol) ཞེས་འབོད་པའི་སྒྱུ་རྩལ་གྱི་དོ་ར་འདི་རུ་བུ་མོ་གཡང་སྐྱིད་མ་མཉམ་ཞུགས་གནང་། རྒྱ་ནག་རྒྱལ་ཡོངས་ནས་གྲགས་ཅན་གླུ་བ་གླུ་མ་བརྒྱ་ཕྲག་བརྒལ་བ་ཚོ་དང་མཉམ་དུ། ཉིན་གྲངས་བརྒྱའི་ཡུན་ལ་འགྲན་བསྡུར་ཐེངས་མང་ལས་རིམ་གྱི་ཁྲོད་ནས་རྒྱལ་ཁ་མཐོ་ཤོས་ཁོ་ན་ཐོབ་བརྟེན། རྒྱ་ཆེན་ལྟད་མོ་བས་ཁོ་མོར་༼ལྷ་མོ༽ཞེས་པའི་མཚན་སྙན་མེ་ཏོག་དཀར་པོའི་ཕྲེང་བ་ལྷན་དུ་ཕུལ།
ཁོ་མོས་བཏང་བའི་གླུ་དབྱངས་ནི། ཆོས་ལྡན་ཁ་བ་གངས་ཅན་པའི་ཐུན་མིན་གྱི་རིག་གཞུང་བསམ་པ་ལྷུན་འགྲུབ། མ་ཎི་པད་དབྱངས། དབྱངས་ཅན་མ་སོགས་ཆོས་དབྱངས་འདྲ་མིན་སོགས་ཡིན། ཁོ་མོའི་སྙན་འཇེབས་ཀྱི་གླུ་སྐད་དང་། མཛེས་སྡུག་ལྡན་པའི་བཞིན་རས། ཞི་ཞིང་དུལ་བའི་གཤིས་རྒྱུད། དྭངས་གཙང་ལྷད་མེད་ཀྱི་རྣམ་འགྱུར་བཅས་ཀྱིས་འཛམ་གླིང་ཕྱོགས་མཐར་འཁོད་པའི་རྒྱ་ཆེ་གཟིགས་མོ་བ་ཡོངས་ཀྱི་ཡིད་ཀྱི་དབང་པོ་གཅིག་ཆར་དུ་འཕྲོགས། ཁོང་ཚོས་མགྲིན་གཅིག་ཏུ། ཁོ་མོས་བཏང་བའི་གླུ་དབྱངས་ལ་བརྗོད་མི་ཤེས་པའི་ཡིད་བདེ་སྦྱིན་པའི་ཁྱད་ནུས་དམིགས་བསལ་ཞིག་འདུག་ཅེས་སྨྲས། དོན་དངོས་ཐོག་ཕྱོགས་མཐར་འཁོད་པའི་གཟིགས་མོ་བ་ཡོངས་དང་། འཛམ་གླིང་ཕྱོགས་མཐར་ནས་ཆེད་ཕེབས་གནང་བའི་གྲགས་ཅན་གླུ་ཡི་སྒྱུ་རྩལ་ཕུལ་བྱུང་བ་རྣམས་ཀྱི་སེམས་གཏིང་ནས། ཐེངས་འདིའི་གླུ་གར་འགྲན་བསྡུར་ཁྲོད་ནས་སྲས་མོ་གཡང་སྐྱིད་མ། ཨང་དང་པོའི་ཕུལ་བྱུང་གླུ་མ་གཅིག་པུ་དེ་ཡིན་པ་ངོས་འཛིན་བྱས་ཡོད་པ་ཙམ་དུ་མ་ཟད་ཆེས་མཐའ་འཇུག་གི་འགྲན་རྩོད་སྐབས་སུ་ཡང་འོས་འདེམས་ཀྱི་ལམ་ནས་བརྒྱ་ཆ་མཐོ་ཤོས་ཨང་དང་པོ་མོ་ལ་ཕུལ་ཟིན་པ་སྐྱེ་བོ་བྱེ་བ་མང་པོའི་མིག་གཉིས་ཀྱིས་མངོན་སུམ་དུ་མཐོང་།
དེ་ལྟར་ནའང་༢༠༡༣ ཟླ ༠༨ ཚེས ༢༥ ཉིན་མོ་འདིར་བརྗོད་མི་ནུས་པའི་གསང་བའི་རྒྱབ་ལྗོངས་ཀྱི་གནོན་ཤུགས་དང་། སྟོབས་འབྱོར་གྱིས་དྲང་བདེན་ཕམ་པར་གཏོང་བའི་སྐྱོ་གར་གྱི་ལེའུ་དམར་པོའི་ཟློས་གར་ཁྲོད། སྐབས་འདིའི་དཔྱད་འདེམས་པ་ (Judge) བཞི་ཡི་དབང་ཤུགས་ཁོ་ནས་རྩེད་འགྲན་བྱ་དགའ་ཨང་གཉིས་པ་དེ་ཁོ་མོ་དང་། ཨང་དང་པོ་དེ་རྒྱ་རིགས་ཕོ་གཞོན་ལིའུ་ཤང་ཤང་ལ་སྤྲད་འདུག
སྐབས་འདིའི་གསང་བའི་གཏམ་རྒྱུད་སྐྱུགས་བྲོ་ཞིག་ལ། མཐའ་མའི་འགྲན་བསྡུར་མ་བྱས་པའི་ཉིན་འགའི་སྔོན་ནས་ཨང་དང་པོའི་བྱ་དགའ་དེ་རྒྱ་རིགས་ལིའུ་ཤང་ཤང་ལ་ཐོབ་རྒྱུ་ཡིན་པ་ཉེ་འཁོར་མི་མང་ཚོས་ཤེས་རྟོགས་བྱུང་འདུག མ་ཟད་ཁོ་པ་ནི་སྒྱུ་རྩལ་འགྲན་སྟེགས་འདིར་ཞུགས་རིང་ཐེངས་འགའ་ཕམ་མྱོང་མཁན་ཞིག་ཀྱང་རེད།
སྲས་མོ་དབྱངས་སྐྱིད་མ། གང་ལྟར་གཟུ་བོར་བཞུགས་པའི་རྒྱ་ཆེན་གཟིགས་མོ་བའི་ཚོགས་དང་ལྷན་དུ། ང་ཚོས་ཁྱེད་ལ་ཕུལ་བྱུང་གངས་ལྗོངས་གླུ་མའི་མཚན་སྙན་དེ་སེམས་གཏིང་ནས་འབུལ། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལུས་ངག་གི་རྣམ་འགྱུར་དང་ཆ་ལུགས། ཆོས་ཀྱི་བྱིན་རླབས་འཐུལ་བའི་བསྟོད་དབྱངས་དང་ཤིས་ཚིག དྭངས་གཙང་རང་གཤིས་དང་མ་བཅོས་སྤྱོད་བཟང་བཅས་ཀྱིས་རང་རིགས་ལ་ཕུལ་བའི་བྱ་གཞག་འདི་ནི་ང་ཚོའི་ལོ་རྒྱུས་ཀྱི་རྡོ་རིང་ལ་གཏན་དུ་འགོད། ད་དུང་ཁྱེད་ཀྱིས་བློ་སྤོབས་དང་མཁྱེན་དཔྱོད་ཡངས་མོས། “གྲངས་ཉུང་མི་རིགས་ཀྱི་རིག་གནས་དེ་འཛམ་གླིང་སྤྱིའི་རིག་གནས་རེད།” དང་། “ངས་གླུ་ལེན་པ་ནི་གཞན་ལ་ཕན་འདག་ཕྱིར་ཡིན་” ཞེས་དྲིས་ལན་འདེབས་གནང་བའི་སྡོམ་ཚིག་འདི། ཁྱེད་ཀྱིས་རང་རིགས་ལ་བཅངས་བའི་ལྷག་བསམ་དང་། ཁྱེད་ཀྱི་ཐུགས་གཤིས་སུ་ཀུན་སྙོམས་འགན་ཁུར་གྱི་གཟུགས་བརྙན་ཆེས་གསོན་ཉམས་དོད་ཤོས་དེ་ཡིན་པས་སུས་ཀྱང་གསུབ་ཐབས་བྲལ་བར་དུས་ནམ་ཡང་གནས་པར་ངེས།། །།
༢༠༡༣ ༨ ༢༨ ཉིན་ཀླུ་རྒྱལ་སྟག་རྩེ་འམ་གངས་ཆབ་དག་མ་ནས།
དཔེ་མེད་ཡག་པོ་ཞིག་བྲིས་བཞག
གངས་ཆབ་ལགས། གངས་ཆུ་གཙང་མ་ལྷད་སྤུ་ཙམ་མ་འདྲེས་པ་ཚར་དུ་དངར་བའི་ཡོན་ཆབ་གཤམས་པའི་ངོག་ཏུ། དབྱངས་ཅན་མགྲིན་པར་འཐིམས་པའི་”གཡང་སྐྱིད་”མའི་སྣང་བརྙན་ཁྲ་ལམ་མེར་བསྟན་འདུག་པས་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན།
རིག་པའི་རལ་གྲི་ནས་ཡིད་རངས་ཞུས་འདུག་ཀྱང་ངས་ནི་ཡི་རང་ལས་ཡིད་རངས་ཞུ་ཐུབ་མ་སོང་།
་་་་ ད་དུང་ཁྱེད་ཀྱིས་བློ་སྤོབས་དང་མཁྱེན་དཔྱོད་ཡངས་མོས། “གྲངས་ཉུང་མི་རིགས་ཀྱི་རིག་གནས་དེ་འཛམ་གླིང་སྤྱིའི་རིག་གནས་རེད།” དང་། “ངས་གླུ་ལེན་པ་ནི་གཞན་ལ་ཕན་འདག་ཕྱིར་ཡིན་” ཞེས་དྲིས་ལན་འདེབས་གནང་བའི་སྡོམ་ཚིག་འདི། ཁྱེད་ཀྱིས་རང་རིགས་ལ་བཅངས་བའི་ལྷག་བསམ་དང་། ཁྱེད་ཀྱི་ཐུགས་གཤིས་སུ་ཀུན་སྙོམས་འགན་ཁུར་གྱི་གཟུགས་བརྙན་ཆེས་གསོན་ཉམས་དོད་ཤོས་དེ་ཡིན་པས་སུས་ཀྱང་གསུབ་ཐབས་བྲལ་བར་དུས་ནམ་ཡང་གནས་པར་ངེས།། །། ་་་་་
༢༠༡༣ ༨ ༢༨ ཉིན་ཀླུ་རྒྱལ་སྟག་རྩེ་འམ་གངས་ཆབ་དག་མ་ནས།
མི་གསོན་པོས་བཀོད་པ་ནས་མཐོང་སོང་། ད་དེ་འདྲ་རེད། བོད་ཀྱི་གནས་བབ་ངོས་ནས་བཤད་ན་ངུ་འབོད་ཀྱི་དུས་རབས་རེད། འདི་འདྲའི་རིགས་ལ་རྒྱ་ནག་གི་དྲང་མོ་མ་བྱས་པ་ནི་ཀྲོང་གོ་ལྐུགས་རྟགས་རེད་བསམ།
དེང་དུས་བོད་ཀྱི་གཞས་མ་གྲགས་ཅན་གཡང་སྐྱིད་མ་ལགས་ཀྱི་ཡབ་ཀྱི་མཚན་ལ་རྟ་ཆུང་རེད། ཟེར། ཡུམ་ནི་བོད་པའི་སྨན་པ་ཅིག་རེད་ཟེར། ཀོང་པོ་དང་ལྷ་སའི་སློབ་གྲྭར་ཕྱིན་ནས། མཐར་པེ་ཅིང་མཐོ་སློབ་ཏུ་སློབ་མཐོན་ཟིན་པ་རེད་ཟེར་འདུག་གོ། །།
བཀྲ་ཤིས་བདེ་ལེགས་དང་དགའ་བསུ་སྙིང་ནས་ཞུ།
རྒྱ་ཡིག་མཁྱེན་མཁས་རྣམ་པ་ཚོས་རྩམ་ཡིག་འདི་གཟིགས་ནས་བོད་ཡིད་ཐོག་ལ་ཕབས་རོགས་ཞུ་ཞུ།།
央吉玛的亚军,中国梦的遗憾
已有 1119 次阅读 2013-8-26 15:08 | 个人分类:时世评 论 | 系统分类:人文社科 | 关键词:央吉玛 李祥祥 中国梦 中国梦之声 西藏 世俗文化
央吉玛的亚军,中国梦的遗憾 (草稿,请勿引用)
王键
昨晚,由上海东方卫视主办的“中国梦之 声”大赛进行了最后的决赛,产生了包括冠亚军在 内最终前三名。李祥祥有些意外地成功登顶,央 吉玛屈居亚军,艾菲则获得第三名。
从昨天比赛的进程来看,央吉玛没能最终夺 冠,非常令人感到遗憾。在最后一轮,尽管央吉 玛在场内四百人观察团的投票结果中领先,但起 决定作用的四大导师投票,居然无一例外地出现 了投向李祥祥的一边倒状况。这在整个中国梦之 声的比赛进程中,似乎还是第一次。
如果只是看对歌曲的演绎能力,看在场上的 表现,我认为央吉玛应该没什么争议地成为冠 军。当然,这并不是说李祥祥唱的不好,比赛进 行到最后,其实前六名的实力都非常接近,也各 有特色,基本上是在一个水平线上。李祥祥对歌 曲的演绎,演唱的技巧,动人的嗓音,也是非常 出色的。但有一点李祥祥确实是远比不上央吉 玛,那就是后者的个性化特色。央吉玛的演唱, 属于偏向另类的带民族特色的小众唱法,确实给 人耳目一新的“神话”感觉。
相比之下,其他各位歌手,当然也包括李祥 祥,走的大都是偏于纯通俗的流行路线,虽然他 们在演绎歌曲内容等各个方面,也不乏特色和功 力,但总体上比较下来,似乎都缺乏央吉玛那种 强烈的原创性。
央吉玛唱的最后一支歌曲,是她的原创作 品,名字就叫《央吉玛》。单从这一点看来,央 吉玛似乎已经预期到她能进入前两名,对最后的 对决早就有所准备,把这支以自己名字来命名的 原创歌曲,成功地留到了最后时刻。遗憾的是, 尽管她的演绎和表达是很成功的,但最后未能成 为冠军。
网上似乎也有关于“中国梦之声”比赛内定的 传闻。我的感觉是,非要说事先内定了结果,倒 也不一定是真的。毕竟,比赛过程的偶然性还是 很大的,不能把所有意外结果都归结为内定。从 四位导师的投票来看,一边倒地投向李祥祥,也 不能说完全没有道理。
同李祥祥相比,央吉玛确实也具有一些劣 势。然而,这个劣势,主要并不是表现在歌唱方 面。李祥祥是安徽人,正统的汉族,又在一个单 亲家庭中由贫穷的父亲含辛茹苦地抚养长大。 从“中国梦之声”主办方的“造星”角度而言,打造 出这样一个冠军形象,相对于拥有西藏少数民族 背景,且与中国东部世俗文化存在较大张力的央 吉玛而言,确实像是个更加“政治正确”的选项。 而且从外形来看,号称“翻版罗志祥”的李祥祥活 泼帅气,既年轻又出彩。如果只是从打造一位中 国流行偶像的角度来看,李祥祥可能也是比赛最 后阶段中所有选手里最合适的人选。
央吉玛是学音乐的科班出身,但从造星的角 度看,央吉玛同内地甚至港台公司之间的深度合 作,却可能会存在一些问题。尽管央吉玛的外形 也是清纯动人,歌也唱得更好,但她举止言谈太 偏于保守,不具备李祥祥等人那种活泼气质,缺 乏善于挑逗观众营造气氛的外露型煽情能力。在 整个中国梦之声比赛的进程中,我们更多地可以 看到,央吉玛总是试图用音乐来说话,而不太喜 欢很直接地用像艾菲那种撩人的舞蹈,或者李祥 祥那种音型合一的表达方式,来带动广大歌迷的 情绪,营造出现场的热烈气氛。我个人认为,这 不能算是缺陷,而是一种风格的差异。在比赛进 程中,关于央吉玛的图文介绍,多次可以看到一 个脸黑黑人瘦瘦的西藏小女孩照片,那种极度单 纯的感觉,似乎是内地较为匮乏的。显然,对于 央吉玛而言,尽管她长期在北京读书学习,已经 部分“汉化”,但在舞台表达、人情世故甚至日常 说话等诸多方面,她可能还是面临了某些文化上 的屏障。但无论如何,对于中国东部地区的世俗 文化而言,以及那些更现实的商业唱片公司和造 星集团,这一切终究会转化成为利润计算的成 本。
如果最后一轮巅峰对决的赛制,不是昨晚所 安排的那种,而是由场外观众投票决定,我相信 央吉玛很有可能已经成为这次中国梦之声的冠 军。单从唱歌的实力来比较,央吉玛还是有一定 的优势的。她的风格也确实让大家有耳目一新、 余音绕梁的感觉,“女神”的称号,绝对是名不虚 传。但无奈的是赛方偏偏就要设计出昨晚的赛 制,这里面到底是不是有问题?有人说有黑幕, 但我们只是从外面看,也看不清楚里面到底是怎 么回事,也无法断定就有黑幕。
不过,从另一个角度看,“中国梦之声”大赛 没能把央吉玛这样一位稀世天才歌手捧成冠军, 反倒并不简单是央吉玛的遗憾,而会成为“中国梦 之声”的遗憾。在世界音乐史上,鲜有一名歌手因 为拿了一次比赛冠军就能成就一代天王天后的先 例,反倒是某项比赛会因为歌手日后的惊人成 就,而会受到世人的更多关注。作为一名歌手, 央吉玛的天才之路才刚刚破茧而出,正在冉冉上 升,她根本没有必要纠结于这一次比赛是否应该 夺冠的细枝末节问题。
而且,“中国梦之声”这场名称别致的大赛, 终究未能把一名具备西藏背景的天才歌手,打造 成最后的冠军形象,在一定意义上也许倒反映 出“中国梦”可能仍然在包容力方面有所欠缺。当 中国国内众多依附于官方团体的各色御用文人和 精英人物,终日不停地抨击美帝国主义的霸权极 其殖民文化,抨击在美式市场机制的不断熏陶 下,中国人日渐集体性地丧失了文化自主能力、 自我思考力和判断力之时,我们在“中国梦之 声”这场集体狂欢的最后高潮中,也没能看到体现 这种所谓的文化自主性的代表精英,能够对中国 的世俗文化做出一点更深刻的反思。如果一种文 化,在批评充斥文化优越感的殖民者不断在无形 中对自己展开的规训和惩罚时,却无视自己对弱 势文化群体进行的更加无情的规训和惩罚,那 么,这显然也就不只是“中国梦之声”的遗憾,而 更像是“中国梦”的遗憾。 ་བོད་ཡིག་ཐོག་ལ་ཕབས་རོགས་ཞུ།