བཀུར་འོས་ཁ་བརྡ་གཟིགས་མཁན་རྣམས་ལ་ཞུ་རྒྱུར། ད་ལྟ་ཁ་བརྡའི་གནས་ཚང་གསར་པ་ཞིག་ལ་སྤོར་བཞིན་ཡོད་ཅིང་། དེ་ལ་བརྟེན་ནས་ ཕྱི་ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ་ཉིན། ཆུ་ཚོད་བཅུ་གཉིས་ཙམ་གྱི་རིང་ཁ་བརྡ་དྲ་རྒྱ་སྒོ་རྒྱག་རྒྱུ་ཡིན། དེ་དོན་ཐུགས་འཇགས་ཡོང་བ་འཚལ།
ཁ་བརྡའི་འཛིན་སྐྱོང་གིས་ཕུལ།
དེའི་རིང་ཁ་བརྡའི་ནང་གི་རྩོམ་ཡིག་ཚོ་བོར་བརླག་ཏུ་མི་འགྲོ་བ་ཞིག་མཁྱེན།
ཁ་བརྡ་དྲ་ཚང་གི་ཁ་ལས་རླུང་རྟ་རྟ་རྒྱུག་རྒྱུག་ཡིན་ན་དགའ་བ་ལ།
ཐུགས་རྗེ་ཆེ་གསལ་བརྡ་བཏང་བ་ཁ་བརྡ་ཚང།
ལགས་སོ། ལས་ལམ་འགྲོ་བའི་སྨོན་ལམ་ཞུ།
ལགས་སོ། གསལ་བསྒྲགས་གནང་བ་ཐུགས་རྗེ་ཆེ།
ལགས་སོ་ རྗེས་སུ་སྒོ་ཕྱེ་མིན་དང་། ག་དུས་སྒོ་ཕྱེ་མིན་སོགས་གསལ་བསྒྲགས་གནང་རོག ། ཐུགས་རྗེས་གཟིགས།
རེད། སྔར་ཡོད་དྲ་ཐོག་ཏུ་གང་བཀོད་ཡོད་པ་དེ་དག་བོར་བརླག་ཏུ་མི་འགྲོ་བ་ཞིག་གནང་རོགས།
མཆན་དང་བཅས་པ་ཚང་མ་བོར་བརླག་མི་འགྲོ་བ་གནང་རོགས། མི་མང་པོ་ཞིག་གིས་རང་གི་རྣམ་དཔྱོད་བཏོན་ནས་སྤེལ་བ་ཤ་སྟག་ཡིན་པས་བོར་བརླག་ཏུ་བཏང་ན་ཧ་ཅང་ཕངས་པོ་ཡིན་པ་ནན་ཏན་གྱི་དྲན་སྐུལ་ཞུ་གི་ཡོད།
སྔར་ལས་ལྷག་པའི་ཡར་རྒྱས་དང་སྟབས་བདེ་སོགས་ལ་ཐུགས་འཇགས་མཁྱེན
་གནས་ཚང་གསར་པ་ཞིག་ལ་སྤོར་བཞིན་ཡོད །་་་་་་་ཟེར་་
ཕྱི་ཟླ་ ༩ ཚེས་ ༤ རེས་གཟའ་ལྷག་པ་ཉིན།
ཆུ་ཚོད་བཅུ་གཉིས་ཙམ་གྱི་རིང་ཁ་བརྡ་དྲ་རྒྱ་སྒོ་རྒྱག་རྒྱུ་ཡིན།
ཟེར།
སེམས་བཟང་ཚོས་གསུངས་པ་ལྟར་མོས་མཐུན་ཡོད།
ཡི་གེ་བ་གང་ཞིག་གིས་ནམ་ཞར་དུ་ཅི་ཞིག་བྲིས་ཡོད་པ་དང་། ཅི་ཞིག་གི་ཆེད་དུ་འདིར་སླེབས་པ་དང་། བཞད་གད་མཁན། རྒྱ་སྐྱེད་པ་དང་། དོགས་སློང་མཁན། ཁྱབ་སྤེལ་མཁན། རིགས་ཞེན་པ། ལམ་སྟོན་པ། རང་སྒྲོག་པ་བཅས་ཀྱི་བསམ་པ་བསྐོང་ཆེད་དང་། མདོར་ན་དཀའ་སྡུག་དང་སྡིག་ཡུས་བརྗོད་པ་སོགས་བོད་ཀྱི་ཡི་གེ་ལ་རེ་བཅོལ་བ་ཤ་རྟགས་ཡིན་ཞིང་བོད་ཀྱི་ཡི་གེའི་འགན་ལེན་པ་ཡང་ཡིན་ཕྱིར། གོམ་གང་མདུན་སྤོས་ཀྱིས་འཚོལ་གཤེར་སྟབས་བདེ་ཐད་ཡར་རྒྱས་ཀྱི་རྣམ་པ་ཅུང་མངོན་པ་དེ་མི་ཉམས་གོང་འཕེལ་གྱིས་སྨོན་པ་ཙམ་དང་བཅས།
ཤ་རྟགས་ནི་ཤ་སྟག་ལ་འཆོས་རོགས།
ཁ་བརྡ་སྐྱབས་བཅོལ་བར་གནས་ཚང་གཞན་ཞིག་ཐོབ་པར་རྟེན་འབྲེལ་གྱི་འཚམས་འདྲི་ཞུའོ།
ཁ་བརྡ་སང་གི་སྐད་ཡིག་དར་སྤེལ་ལ་འགྲོ་དོན་གོང་འཕེལ་དང་། རང་དབང་གི་གླེང་སྟེགས་དེ་བདེ་འཚམས་དང་ཕུན་སུམ་ཇེ་ཚོགས་སུ་སྨོན།
ཁ་བ་ཅན་གྱི་དོན་སླད་དུ། །
ཁ་བརྡ་ཁ་ལས་དགེ་གྱུར་ཅིག །
ཁ་ལས་རླུང་རྟ་དར་གྱུར་ཅིག །
ཁ་གཡང་ཕྱོགས་བཞིར་ཁྱབ་གྱུར་ཅིག །
དགུ་ཚེས་བཞི་ཉིན་ཁ་བརྡ་གནས་གཞན་དུ་སྤོ་ཞུགས་བྱེད་བཞིན་ཡོད་ཚེ་དེ་ནི་ཁ་བརྡའི་གནས་ཚད་གོམ་གང་མདུན་སྤོས་དང་མཐོ་གང་གོང་མཐོར་གཏོང་སླད་དུ་ཡིན་པ་ནི་སྨྲོས་ཅི་ལ་དགོས། འོན་ཀྱང་དྲ་གྲོགས་རྣམ་པས་སེམས་འཚབ་ལངས་དགོས་དོན་ནི་ཡོད་མ་རེད་སྙམ།
ཁ་བརྡ་ཚང་གི་ཁ་མགོ་བདེ་བསྡད་ན།
ངའི་ཁར་བདག་འཛིན་མེད་པའི་སྐྱིད་ཟིག་ཡོད།
ཁ་བརྡ་ཚང་གིས་ཁ་སྒོ་བརྒྱབས་བཞག་ན།
ང་ལ་ཁ་སྡིག་མི་འབྱུང་དགེ་ཟིག་ཡོད།
ལེགས་སོ།བསྐྱར་དུ་མཇལ་བའི་རེ་བ་ཤིན་ཏུ་ཆེ།
ཁ་བརྡའི་གནས་ཚང་གསར་བར་བཀྲིས་བདེ་ལེགས་།
མཁས་བའི་མཁས་རྟགས་སྟོན་ས་ཞིག་།
བླུན་པོའི་གླེན་རྟགས་སྟོན་ས་ཞིག་།
བོད་པའི་སེམས་གཏམ་བཤད་ས་ཞིག་།
སྤྱང་པོའི་ཆབ་སྲིད་ཁྲབ་ས་ཞིག་།
མདོར་ན་ཁ་བརྡ་ཀུན་ལ་མཁོ་ནི་རེད་།
ཁ་བརྡའི་ཁ་ལས་རླུང་རྟ་ཡར་འགྲོ་བར་སྨོན་།
བཀྲིས་བདེ་ལེགས་ཞུ།
སྒོ་རྒྱག་རྒྱུའི་དུས་ཚོད་དེ་རྒྱ་གར་གྱི་ཆུ་ཚོད་འདི་ནས་འདི་བར་ཡིན་ཟེར་ཡ་ཞིག་གསལ་བསྒྲགས་གནང་ཐུབ་ན་ཤིན་ཏུ་ལེགས་སྙམ།
བྱ་བར་ལམ་ལྷོང་དང་ཡར་རྒྱས་གོང་འཕེལ་གྱི་སྨོན་འདུན་བཅས།
ཡག་པོ་འདུག་དཱ།