འོས་སྦྱོར་བ། དཀོན་མཆོག་ཚེ་རིང་། རྩོམ་པ་པོ། དགུ་རོང་སྤུན་གྲོལ།
དྲ་གནས་འདི་ནས་www.rdrol.net དྲངས།
ངེད་དྲ་བ་ནི་ཧ་ལམ་མི་ལོ་གཅིག་ལྷག་ལ་མི་མངོན་པའི་དབྱིངས་སུ་ཐིམ་ནས་བསྡད་བཞག་པ་ཡིན། དེའི་དམིགས་པ་ནི། རང་རྩོམ་གྱིས་མ་འཁྱོངས་པའི་སྡུག་དང་གཞན་དག་གི་གནོན་ཤུགས་བཅས་ཀྱི་རྐྱེན་གྱིས་དྲ་ངོས་འདི་རང་གྲོལ་དྲ་བར་བསྒྱུར་བརྩིས་ཀྱིས་དེ་ལྟར་ལས་ཀ་བྱས་པ་ཡིན། ཡིན་ཀྱང་། རང་གྲོལ་དྲ་བའི་རྒྱུ་ཆ་ཡོངས་འཛོམས་མ་བྱུང་སྟབས། ད་དུང་དུས་ཡུན་ག་ཙམ་འགོར་མིན་གསལ་བོར་ཤོད་དཀའ། དེེར་བརྟེན། ད་རེས་སྙན་ཞུ་ལུང་བ་གང་བརྒྱབ་ནས་འཕྲལ་སེལ་ཙམ་ལ་དྲ་སྒོ་སླར་ཕྱེས་ཡོད། ཡིན་ཀྱང་། རང་གྲོལ་དྲ་བའི་རྒྱུ་ཆ་ཡོངས་སུ་ཚགས་ན་དྲ་ངོས་འདི་ངོ་བོར་གཞན་ལ་བསྒྱུར་རྒྱུ་ཡིན་ལགས།
དྲ་བའི་སྐྱི་སྤགས་དང་རྣམ་པ་ཐད་ནས་མཚོན་སྐེག་འདྲ་མིན་ཞུགས་མེད། གང་ལ་ཞེ་ན། ཁོ་བོར་དེར་མི་དགའ་བས་སོ།། གང་ལྟར། དེང་སྐབས་དྲ་བའི་སྐྱི་སྤགས་མཛེས་མིན་དང་རྣམ་པ་ལེགས་མིན་ནི་དྲ་བདག་གི་དངུལ་ཤུགས་ལ་ཐུག་ཡོད་ལ། དྲ་བའི་སྤུས་ཀ་བཟང་མིན་ཡང་དྲ་བདག་གི་བསམ་བློར་ཐུག་ཡོད་པ་རེད། དེར་བརྟེན། ཁོ་བོ་ནི་ཕྱི་མའི་ལེགས་བྱང་ལ་དགའ་བོ་ཡོད་པ་ཞིག་ཡིན། གང་ལ་ཞེ་ན། གཅིག་ནས། ཁོ་བོ་ནི་ཡེ་ཤུ་པ་དག་གི་ཁྲུས་དབང་བསྐུར་མེད་ལ། རྒྱ་བླ་དག་གི་བྱིན་རླབས་ཀྱང་སྩལ་མྱོང་མེད་པས། རང་གི་དཔེ་དེབ་ཀྱི་ཡོང་འབབ་ཙག་ཙིག་གི་འཁོར་རྒྱུག་མ་གཏོགས་དངུལ་འབེལ་པོ་རང་ནི་བདག་ལ་མེད་པ་ཡིན། དེར་བརྟེན། དྲ་ཚིགས་འདི་ལ་རྒྱས་སྤྲོས་ཀྱི་འཕྱོར་ལྭ་བསྐོན་པའི་འཇོན་ནུས་མེད་སོང་བ་ཡིན། གཉིས་ནས། ཐེབས་རྩ་ཁང་དང་འབྱོར་བདག་ཅན་ལ་སོ་དཀར་བསྟན་ནས་སློང་མོ་པའི་ཚུགས་ཀ་བཏོལ་འདོད་མ་བྱུང་བ་ཡིན་ལ། རིག་གནས་དང་མི་རིགས་ཁ་ལ་འཁྱེར་ནས་སྔོན་ཐོན་པའི་བརྟུལ་ཞུགས་ཀྱང་ལེན་མ་འདོད་པ་ཡིན། གསུམ་ནས། དཔལ་ལྡན་ཆོས་གྲགས་ཀྱི་དྲང་གཤིས་ཀྱིས་ཁོ་བོ་རྨང་ནས་བསྒུལ་མྱོང་ཡོད་ལ་ཝོའུ་སོ་ལགས་ཀྱི་སྒེར་གཤིས་ཀྱིས་ཁོ་བོའི་མིག་ནས་མཆི་མ་ཟག་ཏུ་བཅུག་མྱོང་བས། མི་ཚེ་འདིར་རྒྱས་སྤྲོས་ཀྱི་ལྡོག་ཕྱོགས་ནས་ལངས་ཏེ་ལེགས་བྱང་ལ་ཤི་འཐམ་རོ་འཐམ་བྱེད་དགོས་བྱུང་།
སྤྱིར་བོད་ཀྱི་དྲ་བའི་རིག་གནས་ཉོག་ཡིན་པའི་སྒང་ལ་ངེད་ཅག་མི་བུ་གཉིས་དྲ་ཐོག་ནས་བྱོལ་བའི་རིང་ལ་ལྷག་ཏུ་ཉོག་ཟས་ཐབས་སྡུག་ཏུ་གྱུར་པས། གང་མང་གིས་སྐྱོ་སྡུག་འདོན་གྱིན་འདུག་གཱ དེ་ལོས་ཡིན་ཏེ། ཁྱེད་ཅག་གི་རྩོམ་གྱི་ཚུགས་ཀར་ལྟོས་དང་གསལ་བོ་མ་ཡིན་ནམ། ལྷག་ཏུ་ངེད་ཅག་དྲ་ཐོག་ལས་བྱོལ་རྗེས་ངེད་ཅག་གི་དཔེ་འཕྲིན་ཡིན་ཚད་བོད་ཀྱི་དྲ་བ་གང་མང་ཞིག་གིས་མ་གོ་མ་མཐོང་བའི་ཚུལ་བསྟན་ནས་འགོག་ཅི་ཐུབ་ཀྱིས་སྒེར་གཅོད་དང་ཉེ་བར་བཅར་ཀྱིན་ཡོད་པ་སུས་མི་ཤེས།
འོ་ན། ད་རེབ་ཁྱེད་ཅག་དྲ་ཐོག་ཏུ་འོངས་ནས་ཅི་བྱེད་རྒྱུ་ཡིན་ནམ་ཟེར་ན། ངེད་ཅག་གིས་ནང་གི་སྒེར་གཅོད་དང་ནང་གི་སྣོག་ལས། ནང་གི་བཙན་གཡེམ། ནང་གི་ཤེས་རྨོངས་བཅས་ལ་དགག་རྒྱག་དང་སུན་འབྱིན་བྱེད་ཀྱི་ཡིན། གང་ལ་ཞེ་ན། འུ་ཅག་གི་འཇིགས་ཉེན་ནི་ནང་ན་ཡོད་པ་དང་འུ་ཅག་གི་སྲོག་གཅོད་ཀྱི་གཤེད་མའང་ནང་ན་ཡོད་པས་ཡིན། དེ་སུ་ཡིན་ནམ་ཞེ་ན། རང་དབང་དང་དམངས་གཙོ་བཅས་ཀྱི་དགྲ་བོར་གྱུར་པའི་སྤྲུལ་སྐུ་ལམ་ལུགས་དང་དེས་བསྐྱེད་པའི་དགོན་བདག་ལམ་ལུགས་དང་། དེས་བསྐྱེད་པའི་བསམ་བློ་རུལ་སུངས་དེ་ཡིན་པའོ།། འོ། ཁྱེད་རང་ནོར་ཐལ། སྒེར་གཅོད་ལམ་ལུགས་དེ་མ་ཡིན་ནམ་ཟེར་ན། ཏག་ཏག་ནོར་བ་ནི་ཁྱེད་རང་སྟེ། སྒེར་གཅོད་ལམ་ལུགས་དང་དགོན་བདག་ལམ་ལུགས་གཉིས་ཀ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་རྣམ་གྲངས་རིགས་ཤིག་ཡིན། སྔ་མ་ནི་ད་ལྟར་སྟག་ཏུ་གྱུར་ཡོད་ཀྱང་སྟག་ནི་ལོ་ན་བགྲོས་དུས་རང་ཤུགས་ཀྱིས་འཆི་འགྲོ་བ་ཡིན། ཕྱི་མ་དེ་ལྟ་མ་ཡིན་པས་སོ།། དཔེར་ན། ནཱན་སོན་མན་ཏི་ལཱ་ལགས་ཀྱི་བརྩོན་ཤུགས་ཀྱིས་ལྷོ་ཨ་ཧྥི་རི་ཀར་དམངས་གཙོ་བསྐྲུན་ཀྱང་། ཡུལ་དེའི་ཆོས་དཔོན་ལམ་ལུགས་ཀྱིས་སྔར་བཞིན་ཉོག་དཀྲུག་པའི་ལོ་རྒྱུས་ལ་འུ་ཅག་རྒྱུས་ཡོད་པ་ཡིན་ནམ།
ང་ནི་ཁྱེད་ཀྱིས་ཉོག་ཟོས་ན་མི་འདོད་མཁན་ཅིག་ཡིན། གུང་ཁྲན་ཀྱིས་ཆོས་སྲིད་ཟུང་འབྲེལ་ལ་ཅི་ཡང་མི་སྨྲ་བར་བོད་ཀྱིས་ཆོས་སྲིད་ཉོག་ཏུ་གཏོང་འདོད་མེད་པས་སོ། དྲིན་ཅན་པོ་རིགས་གཅིག་པའི་དབང་ལས་བྱུང་བའི་རེ་བ་གཅིག་ཡོད། ཁྱེད་ཀྱིས་ཨ་མར་བཙན་གཡེམ་བྱེད་མཁན་གྱིས་ངེས་པར་དུ་ཁྱེད་ལ་སློབ་བགྱིད་གཅིག་ཡོད་པ་ནི་ཁྱེད་ཀྱི་ཨ་ཕ་ཀླ་ཀློའི་ཡིན་པའི་ཚོར་སྣང་བསྐྱེད་པའི་ཕྱིར་ནམ་ཞར་དུ་རྫུན་བཤད་བགྱིད་རེད། དེའི་ཕྱིར་ཁྱེད་ཀྱི་མིག་ཤེལ་ལ་བརྟགས་ཅིང་དཔྱད་པ་འཆི་བདག་མ་སླེབས་པར་དུ་གནང་རོགས་ཨེ་གོ་ཐ། སྒོར་མོའི་ཆེད་དུ་དྲ་བ་འཛུགས་པ་ཡང་ལྐུགས་ལས་ཅིག་མ་རེད་ལགས།
ཚོང་ལས་གསལ་སྒྲོག་དོན་དུ་གཉེར་མེད་ན། དྲ་བ་ནི་ཁྲ་ཁྲ་རིག་རིག་ཞིག་ཡིན་རྩ་བ་ནས་ཡིན་མི་དགོས། དེ་གལ་ཆེན་མིན་པས་མ་ཚད། དེ་ལ་དགེ་མཚན་མང་པོ་ཡོད། དྲ་དཔེ་དང་དྲ་ངོ་རྣམས་མགྱོགས་པོར་འཆར་བ་དང་། བློ་གཡེང་ས་མེད། སིང་སིང་ཉུང་བ། གྲལ་དག་པ། བཅོས་སླ་བ། བཟོ་བདེ་བ། དྲ་རིན་ཉུང་བ། དེ་འདྲའི་དགོས་མཚན་བདེན།
དེ་མིན། ཆེན་པོ་ལ་ངོ་སོ་མི་བྱེད་པ་ནི་རང་གཤིས་བརྟན་པོ་ཞིག་དུ་བརྩི་དགོས་ན་ཡང་། རང་ལ་ཆེས་ཉེར་འདོད་ཡོད་པའི་དྲ་བ་ལ་ཡོད་ཚད་ལུས་གཏོང་བྱེད་མི་ཐུབ་པ་འདི་ཡང་། ཡག་རྟགས་ཞིག་མ་ཡིན་ནོ།
ཆེན་པོའི་རྒྱུ་དང་ཁྱེད་ཁའི་ཀླད་པ་གཉིས་གཉེན་དུ་སྡེབ་ཐུབ་ན་བོད་གངས་ཅན་ལ་དགོས་བའི་ཕན་འབྲས་མར་ལོ་མ་ཞིག་རག་རྒྱུ་ཡིན་པ་མ་བརྗེད་ཨ། གཅིག་གིས་གཅིག་སྐྱོབས་ནས་མདུད་དུ་མཆོང་ཐུབ་ན། མེད་མུག་དོན་ནས་འདུག་མི་དགོས་བ་དེ་ཡང་ཤེས་གལ་ཆེན་ཞིག་ཡིན་པ་རེད།
གཞན་ཅིག་བཤད་འདོད་པ་ནི། གང་ལ་ཞེ་ཟེར་བའི་ཡིག་དོན་གི་གོ་ཐོབ་ནོར་ཡོད་པ་རེད། ཞུས་ཟེར་བ་འདི་རེད།