བློ་བཟང་ལུང་རྟོགས།
(གཤམ་གྱི་ས་ཁྲ་གཉིས་གནད་འགག་ཆེན་པོ་ཡིན་པས་རྩོམ་ཡིག་མ་ཀློག་གོང་ས་ཁྲ་ཁག་གཉིས་ལ་ཡག་པོ་གཟིགས་ན་རྩོམ་ཡིག་གི་ནང་དོན་གསལ་རྟོགས་ཡོང་བར་ཕན་པ་ཆེ)
འགྲན་ཡ་ཅན་གྱི་རྒྱལ་ཁབ་ཁག་གིས་དུས་རབས་མང་པོར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ས་ཆའི་བདག་བཟུང་ཐོག་རྩོད་གླེང་བྱས་ཡོད། འོན་ཀྱང་། ཉེ་ཆར་མངའ་ཁུལ་འདིའི་ནང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་འཇོག་སྲིད་པའི་ཁ་གཏད་ཀྱི་ཚ་རླབས་འཕྱུར་བཞིན་དེ་ནི་བློ་འཚབ་སྐྱེ་གཞིར་གྱུར་ཡོད།
ག་རེའི་སྐོར་རྩོད་ཀྱི་ཡོད་དམ།
དེ་ནི་རྒྱ་མཚོའི་མངའ་ཁུལ་དང་ཕེ་ར་སེལ་སུ། སུ་ཕིར་ཌི་ལེས་ Paracels and the Spratlys ཀྱི་ས་ཁུལ་དང་བདག་དབང་རྩོད་ཀྱི་ཡོད། རྒྱལ་ཁབ་ཁ་ཤས་ཀྱིས་མཚོ་རྒྱུད་ཡོངས་རྫོགས་སམ་ཆ་ཤས་ཀྱི་ཐོབ་དབང་སོ་སོར་ཡོད་ཚུལ་བརྗོད་ཀྱི་ཡོད། དེ་དང་མཉམ་དུ་མཚོ་གླིང་ཆུང་ཆུང་མང་པོ་དང་། མི་མེད་ལུང་སྟོང་ངམ་གཞིས་ཆགས་མ་མྱོང་བའི་འབུར་ཐོན་བྲག་རི་དང་། བྱུ་རུའི་མཚོ་གླིང་སྣ་ཚོགས། བྱེ་ཕུང། མཚོ་ངོག་བྲག་རི་སོགས་ཡིན། Scarborough Shoal
སོ་སོའི་ཐོབ་དབང་ག་རེ་འདོན་གྱི་ཡོད་དམ།
རྒྱ་ནག་གིས་མངའ་ཁུལ་དེའི་དུམ་བུ་ཆེ་ཤོས་ཀྱི་བདག་དབང་སོ་སོར་ཡོད་པར་བརྗོད། དེ་ནས་རྒྱ་ནག་གི་ལྷོ་ཕྱོགས་སུ་ལེ་དབར་བརྒྱ་ཕྲག་ཁ་ཤས་དང་ཁོ་ཚོའི་ལྷོ་ཕྱོགས་ཀྱི་ཞིང་ཆེན་ཧེ་ནན་ནས་ཤར་ཕྱོགས་སུ་ཁྱབ་པའི་(ས་ཁྲའི་ཐོག་ཚེག་ཐིག་དགུ་ཅན་)་མཚོ་རྒྱུད་ཚང་མ་ཁོ་ཚོའི་ཡིན་པ་ཟེར། པེ་ཅིང་ཕྱོགས་ནས་ས་ཁུལ་དེའི་བདག་དབང་ཁོ་ཚོར་ཡོད་པ་ལོ་ངོ་༢༠༠༠་ཀྱི་ལོ་རྒྱུས་ཡོད་འཁོད་ཡོད་ལ། ད་ེནི་ཕེ་ར་སེལ་སུ། སུ་ཕིར་ཌི་ལེས་ Paracels and the Spratlys་ཀྱི་མཚོ་བརྒྱུད་ཚང་མ་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཟེར།
ཕྱི་ལོ་༡༩༤༧་ལོར་རྒྱ་ནག་གིས་ས་ཁྲ་ཞིག་བཟོས་པ་དེའི་ནང་སོ་སོའི་རྩོད་གླེང་གསལ་བོར་འཁོད་ཡོད། དེའི་ནང་མཚོ་རྒྱུད་དེ་གཉིས་ཀྱི་ས་ཁུལ་ཡོངས་རྫོགས་ཁོ་ཚོའི་རྒྱལ་ཁོངས་སུ་བཞག་ཡོད། རྩོད་གླེང་དེ་ལ་ཐེ་ཝན་ནས་ཀྱང་ངོས་ལེན་བྱས་ཡོད། གང་ཡིན་ཟེར་ན། ཁོ་ཚོས་རང་ཉིད་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཡིན་པར་འདོད་པས་ས་ཁུལ་རྩོད་གླེང་གི་ངོས་འཛིན་གཅིག་པ་ཡིན།
ཝེ་ཊི་ནམ་གྱིས་རྒྱ་ནག་གི་ལོ་རྒྱུས་ཀྱི་རྩོད་གླེང་ལ་དགག་པ་ཤུགས་ཆེན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༤༠་ཡར་སྔོན་ལ་རྒྱ་ནག་གིས་མཚོ་རྒྱུད་མངའ་ཁུལ་དེར་བདག་དབང་ཡོད་པའི་རྩོད་གླེང་རྒྱབ་མ་མྱོང་ཟེར། ཝེ་ཊི་ནམ་གྱིས་མཚོ་རྒྱུད་ས་ཁོངས་ཡོངས་རྫོགས་ཀྱི་བདག་དབང་ཁོང་ཚོར་ཡོད་ཟེར། ཁོང་ཚོས་དུས་རབས་༡༧་ནསབཟུང་མཚོ་རྒྱུད་མངའ་ཁུལ་ལ་དབང་སྒྱུར་བྱས་པ་མ་ཟད་ལོ་རྒྱུས་ཡིག་ཆ་ཁག་གིས་བདེན་དབང་བྱེད་ཐུབ་ཟེར།
གཞན་རྩོད་གླེང་བྱེད་མཁན་ཆེ་ཤོས་ཤིག་ནི་ཧྥེ་ལེབ་ཕིན་ཡིན་པ་དང་སུ་ཕིར་ཌི་ལེས་མཚོ་རྒྱུད་Spratly Islands་ནི་ཁོ་ཚོའི་ཡིན་པའི་གཞི་བཅོལ་ས་གཙོ་བོ་ནི་ས་བབས་ཆགས་སྟངས་ཡིན་པར་རྩོད་གླེང་བྱེད། རྒྱ་ནག་དང་ཧྥེ་ལེབ་ཕིན་རྒྱལ་ཁབ་གཉིས་ཀས་ Scarborough Shoal (known as Huangyan Island in China)མངའ་ཁུལ་དེ་སོ་སོས་བདག་དབང་ཡོད་ཟེར། མངལ་ཁུལ་དེ་ནི་ ཧྥེ་ལེབ་ཕིན་ནས་མ་ལེ་༡༠༠(སྤྱི་ལེ་༡༦༠་)ལྷག་དང་རྒྱ་ནག་ནས་མ་ལེ་༥༠༠(སྤྱི་ལེ་༨༠༠)་ཙམ་གྱི་ནང་ཡོད། (༢༠༡༣།༩།༤་ཉིན་གསར་འགྱུར་ཁག་གི་ནང་ཐོན་ལ་ལྟར་རྒྱ་ནག་གིས་ Scarborough Shoal་ཀྱི་མཚོ་གླིང་ཞིག་གི་ཐོག་འཛུགས་སྐྲུན་གྱི་རྨང་གཞི་འདིང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག)
མ་ལེ་ཞི་ཡ་དང་སྦེ་རོའུ་ནེའ་གཉིས་ཀྱིས་ཀྱང་ལྷོ་ཕྱོགས་རྒྱ་ནག་རྒྱ་མཚོ་མངའ་ཁུལ་ནང་བདག་དབང་ཡོད་པར་རྩོད་གླེང་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི། UNCLOS་མངའ་ཁུལ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཡིག་གཞི་བཟུང་དཔལ་འབྱོར་གཉེར་མི་ཆོག་པའི་ས་གནས་འཁེལ་གྱི་ཡོད་པས་ཡིན་ཟེར།
སྦེ་རོའུ་ནེའ་རྒྱལ་ཁབ་ཀྱིས་རྙོག་དྲ་ཅན་གྱི་མཚོ་གླིང་ཁག་གི་ཐོག་བདག་དབང་ཡོད་པའི་འགྲན་རྩོད་བྱེད་ཀྱི་མེད་ཀྱང་། མ་ལེ་ཞི་ཡ་ནས་ Spratlys་མཚོ་རྒྱུད་ཀྱི་མཚོ་གླིང་ཆུང་ཆུང་ཁ་ཤས་ཐོག་བདག་དབང་ཡོད་པར་རྩོད་གླེང་བྱེད་ཀྱི་ཡོད།
རྒྱལ་ཁབ་མང་པོས་དོ་སྣང་བྱེད་དགོས་དོན།
ཕེ་ར་སེལ་སུ། སུ་ཕིར་ཌི་ལེས་ Paracels and the Spratlys་མངའ་ཁུལ་འདི་གཞི་རྒྱ་ཆེ་བའི་རང་བྱུང་ཐོན་ཁུངས་ཡོད་པར་འདོད། མངའ་ཁུལ་འདིར་ཞིབ་ཕྲའི་འཚོལ་ཞིབ་བྱེད་མཁན་བྱུང་མྱོང་མེད། དེ་བས་རོབ་རྩིས་ནི་གཏེར་ཁའི་ཡོངས་སུ་ཕྱུག་པའི་ཉེ་འཁོར་གྱི་ས་ཁུལ་ཁག་ལ་གཞི་བཅོལ་ནས་ཚོད་དཔག་བྱས་པ་རང་ཡིན། རྒྱ་ནག་གཞུང་འབྲེལ་མི་སྣས་མངའ་ཁུལ་དེ་ནི་ཐོན་ཁུངས་ཀྱིས་ཕྱུག་པའི་རེ་བ་ཆེན་པོ་བཅིངས་ཡོད། ཨ་མེ་རི་ཀའི་ནུས་པའི་གནས་ཚུལ་འཛིན་སྐྱོང་ལྷན་ཁང་གི་ལུང་འདྲེན་ལྟར་ན། རྒྱ་ནག་གི་ཚོད་རྩིས་ཞིག་གི་ནང་ས་ཁུལ་དེའི་སྣུམ་མཛོད་གྱི་ནང་ལྕགས་ཟོམ་མམ་སྦ་རེལ་ཐེར་འབུམ་༢༡༣་ཡོད་ཟེར་བརྗོད་ཀྱི་ཡོད་པ་ནི། ཨ་མེ་རི་ཀས་ཁུངས་སྐྱེལ་བྱས་ཟིན་པ་ལས་ལྡབ་བཅུ་ལས་མང་པ་ཡིན། ཨ་མེ་རི་ཀའི་ཚན་རིག་པ་ཚོའི་ཚོད་རྩིས་ནི་མངའ་ཁུལ་དེར་རྡོ་སྣུམ་ལྕགས་ཟོམ་ཐེར་འབུམ་༢༨་ཙམ་ཡིན།་(སྦ་རེལ་གཅིག་ལ་ལེ་ཌིར་༡༥༩་ཙམ་ཡིན)
ཨ་རི་ནུས་པའི་འཛིན་སྐྱོང་ལྷན་ཁང་ཞིབ་འཇུག་ལྟར་ན་ས་ཁུལ་དེའི་ནང་གི་རྒྱུ་ནོར་དངོས་ནི་རང་བྱུང་སོལ་རླངས་གྱི་གཏེར་མཛོད་དེ་ཡིན། ཚོད་རྩིས་ལྟར་ན་ས་ཁུལ་དེ་རུ་རང་བྱུང་སོལ་རླངས་གཞི་རྒྱ་ཆེན་པོ་ཞིག་(900 trillion cubic ft )(25 trillion cubic m)་ཡོད་པ་དེ་ཁུངས་སྐྱེལ་བྱས་ཟིན་པ་ནི་ཁ་ཌེར་ Qatar. ས་ཁུལ་གྱི་གཏེར་མཛོད་དང་གཅིག་མཚུངས་ཡིན་པར་འདོད།
རྩོད་གླེང་དེའི་མཇུག་འབྲས།
ཉེ་བའི་ལོ་རྒྱུས་ཁྲོད་ཀྱི་ཝེ་ཊི་ནམ་དང་རྒྱ་ནག་བར་དུ་ཚབས་ཆེའི་འཁྲུག་ཟིང་བྱུང་མྱོང་ཡོད། དེ་ནི་ཕྱི་ལོ་༡༩༧༤་ལོར་རྒྱ་ནག་གིས་ Paracels་ཕ་རེ་སིེས་ས་ཁུལ་ཝེ་ནམ་ལག་ནས་བཙན་བཟུང་བྱས་པ་དང་སྐབས་དེར་ཝེ་ནམ་གྱི་དམག་མི་༧༠་ལྷག་རྐྱེན་ལམ་དུ་བཏང་བ་རེད། ཕྱི་ལོ་༡༩༨༨་ལོར་ཕྱོགས་གཉིས་བར་སུ་ཕིར་ཌི་ལེས་Spratlys་ཁུལ་དུ་གདོང་ཐུག་བྱུང་ནས་ཡང་བསྐྱར་ཝེ་ཊི་ནམ་ལ་གྱོང་ཕོག་ཏེ་གྲུ་བ་༦༠་ཡི་ཚེ་སྲོག་ཤོར་པ་རེད། ཧྥེ་ལེབ་ཕིན་ལ་མཚོན་ན་ཡང་རྒྱ་ནག་དང་། ཝེ་ནམ། མ་ལེ་ཞི་ཡ་བཅས་ལ་དམག་འཁྲུག་ཆུང་ཆུང་མང་པོ་ཤོར་ཡོད་པ་རེད།
ཉེ་ཆར་ཛ་དྲག་གི་བློ་འཚབ་དེ་ནི་རྒྱ་ནག་གི་དཔུང་ཤུགས་ངོམས་པ་དང་མཉམ་དུ་སླེབས་ཡོད། པེ་ཅིང་གི་དཔོན་རིགས་ཚོས་འགྲན་ཡའི་རྒྱལ་ཁབ་ཚོར་ས་ཁུལ་དེའི་ནང་གཏེར་ཁ་འཚོལ་ཞིབ་མཚམས་འཇོག་དགོས་སྐོར་སོགས་ཚིག་སྦྱོར་མཁྲེགས་པོའི་བསྒྲགས་གཏམ་གང་མང་ཞིག་སྤེལ་ཡོད།
ཧྥེ་ལེབ་ཕིན་གྱིས་རྒྱ་ནག་ལ་ Spratlys.ས་ཁུལ་དུ་དམག་དཔུང་རྒྱ་བསྐྱེད་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད། ཕྱི་ལོ་༢༠༡༢་ལོའི་ལོ་སྟོད་དུ་Scarborough Shoal ས་ཁུལ་ཧམ་བཟུང་བྱེད་ཀྱི་ཡོད་ར་སྙེད་ནས་ཕྱོགས་གཉིས་དབར་མཚོ་ཐོག་རྩོད་རྙོག་ཤོར་བ་རེད། ཧྥེ་ལེབ་ཕིན་དང་རྒྱ་ནག་གི་མཚོ་གྲུ་ཁག་ས་ཁུལ་དེ་ནས་བདུན་ཕྲག་ཁ་ཤས་རིང་མ་ལོག་པར་བསྡད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཧམ་བཤད་དང་དང་ངོ་རྒོལ་བྱས་པ་རེད།
ཕྱི་ལོ་༢༠༡༢་ལོའི་ཟླ་༦་པའི་ནས་རྒྱ་ནག་གིས་གཞུང་འབྲེལ་ངོས་ནས་སེན་ཤ་གྲོང་ཁྱེར་གསར་བཟོ་དང་ལས་ཁུངས་དབུས་མ་ཞིག་ Paracels་ས་ཁུལ་དུ་བཙུགས་ནས་རྒྱ་ནག་གི་ས་ཁོངས་ Paracels and the Spratlys་སོགས་ཚུད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ལ་འཛིན་སྐྱོང་བྱས་པ་རེད། རྒྱ་ནག་གི་འགུལ་སྐྱོད་དེ་ལ་ཝེ་ཊི་ནམ་དང་ཧྥེ་ལེབ་ཕིན་གཉིས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད།
ཕྱི་ལོ་༢༠༡༢་ལོའི་ཟླ་༡༡་ནས་བཟུང་རྒྱ་གཞུང་གིས་ཧེ་ནན་ས་མཚམས་ཉེན་རྟོག་པར་མངའ་ཁུལ་དེར་འགྲོ་བསྐྱོད་བྱེད་པའི་ཕྱི་རྒྱལ་གྱི་གྲུ་གཟིངས་བཀག་འགོག་དང་ཞིབ་བཤེར་། སྒྲིག་འགལ་ཁག་ལ་ལྟ་རྟོག་བྱེད་ཆོག་པའི་དབང་ཆ་སྤྲད།
ཡོངས་གྲགས་མེད་པའི་གནས་ཚུལ་ཞིག་ལ་ཕྱི་ལོ་༢༠༡༢་ལོའི་ལོ་སྨད་དུ་རྒྱ་ནག་གིས་བསམ་བཞིན་དུ་ཝེ་ཊི་ནམ་ཀྱི་གཏེར་ཁ་འཚོལ་ཞིབ་ཀྱི་ལས་འགུལ་གཉིས་ལ་གཏོར་རྒོལ་བཏང་བར་བརྟེན་ཝེ་ནམ་་མི་མང་གྱིས་གྲོང་ཁྱེར་ཆེ་ཁག་ཧེ་ནེ་ཡོ་ད་ཧོ་ཅིས་མིན་ཀྱི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ཁྲོམ་སྐོར་ཤུགས་ཆེན་བྱུང་པ་རེད། ཝེ་ཊི་ནམ་ཕྱོགས་ནས་ཉ་འཛིན་གྲུ་གཟིངས་མཉམ་དུ་སྐོར་གཡེང་བྱེད་མཁན་གཏོང་གི་ཡིན་བརྗོད་འདུག ཝེ་ཊི་ནམ་གྱི་དམག་དཔུང་གིས་མཚོ་རྒྱུད་ཁག་དུ་མདེའུ་དངོས་མ་བེད་སྤྱོད་ཀྱི་དམག་སྦྱོང་ཞིག་བྱས་པར་རྒྱ་གཞུང་ནས་བྱ་སྤྱོད་དེ་ནི་ཚབས་ཆེའི་འཁྲུག་རྐྱེན་སློང་གཞི་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་པ་རེད།
ཕྱི་ལོ་༢༠༡༢་ལོའི་ཟླ་དང་པོར་MANILA མུ་ནེ་ལ་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོ་དེའི་བདག་དབང་ཁོང་ཚོར་ཡོད་པར་རྩོད་གླེང་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མཐུན་དང་ཁྲིམས་སྲོལ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་བྱས་ཡོད། མུ་ནེ་ལ་ནས་ཁོང་ཚོས་ཆབ་སྲིད་དང་ཕྱི་འབྲེལ་ཁོར་ཡུག་ཡོངས་རྫོགས་བེད་སྤྱད་དེ་རྒྱ་ནག་དང་རྩོག་རྙོག་ཞི་ཐུབ་བྱས་ཀྱང་ད་ནི་ཐབས་ཟད་སོང་བརྗོད་འདུག རྒྱ་གཞུང་གི་མུ་མཐུད་ནས་རྩོད་རྙོག་དེ་རིགས་ཐད་ཀར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།
རྩོད་པ་འདི་སེལ་ཐབས་བྱེད་མཁན་ཡོད་དམ།
འདས་པའི་ལོ་ཤས་རིང་རྒྱ་ནག་གིས་ཕྱི་རོལ་དུ་མངོན་གསལ་མེད་པའི་ཐོག་ནས་རྒྱལ་ཁབ་ཁག་གི་འགོ་ཁྲིད་རེ་རེའི་མཉམ་དུ་གྲོས་མོལ་བྱས་ཡོད། འོན་ཀྱང་། རྒྱལ་ཁབ་གཞན་པ་ཁ་ཤས་ཀྱིས་རྒྱལ་སྤྱིས་བར་འདུམ་ཡོང་བའི་ཐོག་ཤུགས་རྒྱག་གི་ཡོད་པ་རེད།
ཕྱི་ལོ་༢༠༡༠་ལོའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རེས་མཆོག་རྩོད་གླེང་དེའི་ནང་ཞུགས་ནས་(ཕྱོགས་ཚང་མས་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་པའི་བགྲོ་གླེང་དང་འབོད་སྐུལ་)བྱས་པར་རྒྱ་གཞུང་ནང་མོས་མཐུན་བྱས་མེད་པ་མ་ཟད། རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ལྕམ་ཁོང་གིས་རྒྱ་ནག་ལ་ཐད་ཀར་སྐྱོན་བརྗོད་བྱེད་ཀྱི་འདུག་ཟེར་ནས་ངོས་ལེན་བྱས་མེད།
ཕྱི་ལོ་༡༩༨༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མཐུན་ནི་དཀའ་ངལ་སེལ་བའི་རྨང་གཞི་ལྟ་བུ་ཆགས་དགོས་པ་ཡིན་ན་ཡང་།ལག་བསྟར་དངོས་སུ་འདེབས་པར་གྲོས་ཆོད་དེས་རྩོད་རྙོག་སྣོལ་མ་ཞིག་སྤྲོད་པ་མ་གཏོགས་རྒྱ་ནག་དང་ཝེ་ཊི་ལམ་གཉིས་ཀའི་ལོ་རྒྱུས་རྩོད་གླེང་འགོག་ཐུབ་ཀྱི་མེད།
ཧྥེ་ལེབ་ཕིན་གྱིས་རྒྱ་གཞུང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཞིབ་ཁང་དུ་བསྐྱལ་ཐུབ་པ་ཡིན་ན་ཡང་། གྲོས་མཐུན་གྱི་ཐ་སྙད་དག་ལ་རྒྱ་ནག་ཕྱོགས་ནས་ཁས་ལེན་བྱེད་པའི་ངེས་པ་མེད།
ཧྥེ་ལེབ་ཕིན་དང་ཝེ་ཊི་ནམ་གཉིས་ཀས་རྒྱ་ནག་གཞུང་དང་མཉམ་དུ་ས་ཁུལ་དེའི་སྒྲིག་ཁྲིམས་སྐོར་ལ་ཐུན་མོང་གི་གྲོས་མཐུན་ནམ་ཆིངས་ཡིག་ཁག་བཞག་ཡོད་ཀྱང། གྲོས་མཐུན་དེ་དག་ལ་ནུས་པའམ་གནད་དོན་ཁག་ལ་ཁྱད་པར་བཟོ་ཐུབ་མེད།
མངའ་ཁུལ་གྱི་མཐུན་ཚོགས་ Asean་(ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ཚོགས་པ། ཚོགས་མི་རྒྱལ་ཁབ་ནི། Brunei Darussala,Cambodia, Indonesia, Lao PDR, Malaysia, Myanmar, Philippines, Singapore, Thailand, Viet Nam) གིས་རྒྱ་ནག་དང་མཉམ་དུ་ཕྱི་ལོ་༢༠༠༢་ལོར་སྒྲིག་གཞི་གཏན་འབེབས་བྱས་ཡོད། རྒྱ་ནག་དང་ཐེ་ཝན་མ་གཏོགས་རྒྱལ་ཁབ་གཞན་རྣམས་ཚོགས་མི་ཡིན་ལ་ཚང་མ་རྩོད་རྙོག་དེའི་ནང་ཚུད་ཡོད།
གྲོས་མཐུན་དེའི་ནང་རྒྱལ་ཁབ་རྣམས་ཀྱིས་མོས་མཐུན་བྱུང་ཡོད་པ་ནི། ས་ཁུལ་དང་ཁྱབ་ཁོངས་ཀྱི་རྩོད་རྙོག་གང་ཡིན་ཀྱང་ཞི་བའི་སྒོ་ནས་སེལ་དགོས་པ་དང་།འཇིགས་སྐུལ་ལམ་དམག་ཤུགས་བེད་སྤྱོད་མེད་པར་ཕན་ཚུན་་གྲོགས་པོའི་འདུ་ཤེས་ཀྱིས་གོ་བསྡུར་དང་གྲོས་མོལ་ཡོང་ཐུབ་བྱེད་རྒྱུ་དེ་ཡིན།
འོན་ཀྱང་། ཉེ་ཆར་གྱི་དོན་རྐྱེན་ཁག་གིས་གསལ་བཤད་བྱས་ཡོད་པ་ནི། ཉུང་མཐར་རྒྱ་ནག་དང་ཝེ་ཊི་ནམ་གཉིས་ཀར་གྲོས་མཐུན་ལ་བརྩི་སྲུང་བྱེད་པའི་ལྷག་བསམ་མེད་དང་། ལྷག་པར་དུ་ད་ལྟ་ Asean་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྩོད་རྙོག་དེ་དག་སེལ་བར་ཐབས་ལམ་གསར་བ་ཞིག་དགོས་པའི་བགྲོ་གླེང་བྱེད་བཞིན་པ་དེ་ནི་མི་མཐུན་པའི་བཀག་རྡོ་ཆེན་པོ་ཞིག་ཡིན།
གནས་ཚུལ་འབྱུང་ཁུངས་BBC་ཡིན་སོགས་གསར་ལམ་ཆེ་ཁག་ཡིན།
བཀའ་དྲིན་ཆེ་ཨ་་་་་གླེང་བརྗོད་ཡག་པོ་འདུག གསར་འགྱུར་གྱི་ཡོང་ཁུངས་སོགས་བཀོད་ན་སྲང་ལམ་གྱི་ཅ་ཅོ་མིན་པའི་ཉམས་འོང་ཚོད་འདུག