ཀླུ་སྨྱོན།
ས་ཡོམ་ཆེན་པོས་སྐྱེ་རྒུ་གྲོང་བརྡལ་བསྣུབས།།
གོད་ཆག་ཆེན་པོས་ཚེ་སྲོག་ཁྱུར་མིད་བཏང་།།
འཇིགས་སྐྲག་ཆེན་པོས་སེམས་ལ་རྨ་ཁ་བཟོས།།
སྐྱོ་གདུང་ཆེན་པོས་ཉིན་འདིར་རྗེས་དྲན་ཞུ།།
བརྩེ་བ་མཚོ་ལས་ཟབ་པའི་གཉེན་ཉེ་བྲལ།།
དཀའ་བ་རི་ལྟར་སྤྱད་པའི་ཁྱིམ་གཞིས་བརླགས།།
སྡུག་བསྔལ་རླུང་བཞིན་འཚུབ་པའི་ཉིན་མོ་འདི།།
སྐྱེ་རྒུའི་མ་ཡིན་གངས་ཅན་བོད་ཀྱི་ཡིན།།