བཀུར་འོས་ཁ་བརྡ་གཟིགས་མཁན་ཡོངས་ལ་ཞུ་རྒྱུར།
དེ་རིང་ཁ་བརྡའི་གནས་ཚང་གསར་པ་ལ་གནས་སྤོར་བྱས་གྲུབ་མོད། སྔར་གྱི་ང་ཚོར་གོམས་ལོབས་སུ་སོང་བའི་རྣམ་པ་སྐོར་ཞིག་ད་དུང་ཆད་འདུག་པ་དེ་བཞིན་སླར་ཡང་བཟོ་བཞིན་ཡོད་ན། ཉིན་ཤས་རིང་འདི་དག་ལ་བཟོད་སྒོམ་གནང་རོགས་ཞུ། དཔེར་ན་རྩོམ་པ་པོའི་མིང་ཨིན་ཡིག་ཏུ་སླེབས་པ་དང་། རྩོམ་འདིའི་འཕྲོ་ཀློགས་སོགས་ཀྱང་ཨིན་ཡིག་ལ་སླེབས་པ་དེ་དག་རེད། འདི་དག་བཟོ་བཞིན་ཡོད། དེ་དག་དགོངས་འཇགས་ཡོང་བ་ཞུ། གུས་བཅས། ཁ་བརྡའི་འཛིན་སྐྱོང་གིས་ཕུལ།
ཁ་བརྡའི་ལས་འཛིན་བོད་ལ་བཀའ་དྲིན་མི་ཆུང་། ཀློག་པ་པོའི་གཡོན་གཡག་གི་པར་རིས་འགྲམ་གྱིས་གྲོགས་པོ་སྐོར་ཅིག་ཅན་དེ་བོད་ཡིག་ཏུ་ཡོད་ན་སེམས་ཐག་ཉེ་བ་འདྲ་ཅིག་ཡིན། སྟོན་ཟླ་ར་བའམ་ཁྲིམས་སྨད་མཐུས་ན་རབ་དང་མ་མཐརའང་ཨང་གཟུགས་བོད་ཀྱི་ལུགས་སོ་ན་ཞོག་ཅིག་དང་ཉམས་འོང་།
ཁ་བརྡ་ཚང་ལགས། མཆན་ག་རེ་ཡིན་ན་འགོད་རོགས། སྐུ་ངོ་ཚོའི་རྐུབ་མ་ལྡག་རོགས། དྲང་བོ་དང་ཕྱི་གསལ་ནང་གསལ་བྱེད་རོགས།
ཁ་བརྡ་དྲ་བའི་འཛིན་སྐྱོང་ལས་བྱེད་པ་རྣམས་ནས་བོད་ཀྱི་རིག་གཞུང་ཆེད་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པར་བསྔགས་བརྗོད་བླ་མེད་ཞུ།
བསམ་འཆར་ཞིག་ལ། ལོ་གཅིག་གི་རིང་དྲ་རྒྱར་བཀོད་པའི་རྩོམ་ཡིག་ཁག་ནས་ལེགས་གྲས་ཀྱི་རིགས་རེ་འགའ་འདེམས་སྒྲུག་གིས་ལོ་ངོ་གཅིག་རྫོགས་མཚམས་སུ་དམིགས་བསལ་ལེ་ཚན་ལྟ་བུ་བཟོས་ཏེ་བསྐྱར་འགོད་བྱེད་པ་བྱུང་ན། དུས་རྒྱུན་དྲ་ཐོག་ཏུ་འགོད་བཞིན་པའི་རྩོམ་ཡིག་གི་སྤུས་ཀར་འཕེལ་རྒྱས་ཡོང་བ་དང་། རྩོམ་ཡིག་གང་མང་འབྱུང་བའི་སྐུལ་མར་ཡང་འགྱུར་སྲིད་པས། དེ་དོན་དགོངས་འཇགས་ཞུ།
ཁ་བརྡའི་འཛིན་སྐྱོང་ལྷན་རྒྱས་ལ། བཀྲ་ཤིས་བདེ་ལེགས་ཞུའོ།།
ཁ་བརྡའི་དྲ་རྒྱ་ཡར་རྒྱས་ཡོང་བར་སྨོན།
གཡས་གཡོན་གྱི་རྣ་རྒྱན་དེ་ཚོ་ཡང་འཆར་གི་མི་འདུག། ཐོངས་ཟེར་བའི་སྒྱོག་ཐོ་དེ་ཡང་རིག་གི་མི་འདུག། ཆ་ཚང་བ་དེ་མ་ཚང་བ་འདྲ་ཞིག་གི་རྣམ་པ་འདུག། ཡར་རྒྱས་ལ་རེམ། རེམ་རེམ།
བཀུར་འོས་ཁ་བརྡའི་དྲ་བདག་ལགས་ནས་སྐྱར་དུ་ཁ་བརྡར་བཅོས་བསྒྱུར་བཏང་བར་ཐུགས་རྗེ་ཆེ།
ནམ་རྒྱུན་ཁ་བརྡའི་དྲ་བར་མཆན་འདོག་དུས་མཆན་བྲིས་རྗེས་མཆན་ཡར་གཏོང་ངམ་སྤྲོད་ཅེས་པ་ཞིག་ཡོད་དྲན། ད་ལྟ་གསར་པར་་་མཆན་བྲིས་ནས་ཡར་གཏོང་ངམ་ཐོང་ཟེར་བའི་ས་དམིགས་དེ་་་་སྟོང་པ་ཞིག་ལས་དེར་ཡི་གེ་མི་འདུག མཆན་བྲིས་རྗེས་གང་འདྲ་བྱས་ནས་ཡར་གཏོང་དགོས་མིན་གྱི་ཡི་གེ་གསལ་མི་འདུག་པར་དེ་ལ་དགོངས་པ་ཞིག་བཞེས་གནང་རོགས། དེ་མིན་གསར་ཞུགས་པ་འགའ་ཞིག་མགོ་འཐོམ་ས་རེད།
ཁ་བརྡའི་གདོང་པ་མཛེས་སོ་འདོན་པར་དགའ་བསུ་ཡོད། ཐུགས་རྗེ་ཆེ།
ཁ་བརྡའི་ལས་འཛིན་བོད་ལ་བཀའ་དྲིན་མི་ཆུང་། ཀློག་པ་པོའི་གཡོན་གཡག་གི་པར་རིས་འགྲམ་གྱིས་གྲོགས་པོ་སྐོར་ཅིག་ཅན་དེ་བོད་ཡིག་ཏུ་ཡོད་ན་སེམས་ཐག་ཉེ་བ་འདྲ་ཅིག་ཡིན། སྟོན་ཟླ་ར་བའམ་ཁྲིམས་སྨད་མཐུས་ན་རབ་དང་མ་མཐརའང་ཨང་གཟུགས་བོད་ཀྱི་ལུགས་སོ་ན་ཞོག་ཅིག་དང་ཉམས་འོང་།
དཔེར་སྟེང་ཆགས་བཞག་ན།
སྟོན་ཟླ་ཐ་ཆུང་གི་ཚེས་བདུན་ལ་་་་སྟག་སྒྲ་ཁོང་ལོད་ཀྱིས་་་དུས་བབ་ཀྱི་ཐབས་ཇུས་་་་སྐོར་ལ་མཆན་བུ་བཏབས་པ་ལྟ་བུས་ནི་
དྲ་འབུ་རུས་རྐང་ཅན་དག་གི་རྩ་རྒྱུས་དཀྲུགས་ནུས་སྙམ།